TTDL-ZABTER-12-NA-026

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-12-NA-026
Wylie title TTDL-ZABTER-12-NA-026.pdf
Location bdud 'joms gling pa zab gter
Volume 12, Text 26, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༡༡༥མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་སྲོག་རྩ་དམར་ལེན་བཞུགས༔ ཧཱུྃ་ཛཿདམ་ཅན་རྡོ་རྗེ་ལེགས་པ་ཆེ༔ ཡུམ་དང་མཆེད་འཁོར་བཅས་པ་རྣམས༔ སྔོན་གྱི་བཀའ་དང་དམ་ཚིག་གིས༔ འབོད་བསྟེན་མཆོད་དང་ལས་བཅོལ་གྱིས༔ འདིར་གཤེགས་རྒྱན་གྱི་མཆོད་པ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ བཛྲ་ས་དྷུ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ དེ་ཡིས་རྡོར་ལེགས་བྲན་ཁོལ་ནས༔ ཕྲིན་ལས་སྒྲུབ་པའི་ལས་མཁན་གྱུར༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས།།འོད་གསལ་ཆོས་སྐུའི་ཀློང་ལས་བཏོན།།དགེའོ།།ལེགས་སོ།།།།