TTDL-ZABTER-13-PA-029

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-029
Wylie title TTDL-ZABTER-13-PA-029.pdf
Location bdud 'joms gling pa zab gter
Volume 13, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་དགེ་འདུན་དབང་སྡུད་འཁོར་ལོ་འདྲེན་བྱེད་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༠༣དགེ་འདུན་དབང་སྡུད་འཁོར་ལོ་ལ༔ མུ་ཁྱུད་རིམ་པ་བཞི་བསྐོར་ཏེ༔ མུ་ཁྱུད་དང་པོར༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨཾ་མ་ཧཱ་དཱེ་ཝ་ཛཿཧཱུྃ་མ་ཧཱ་དཱེ་ཝ་ཨེ༔ ཞེས་བྲིས༔ གཉིས་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཧཱུྃ༔ ཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ བཛྲ་ས་མ་ཡ་སུ་ཏྲི་མ་ཡ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་དགེ་བཙུན་སྔགས་བཙུན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་ས་མ་ཡ་མི་སྙིང་བསྒུལ་བསྒུལ་མི་བློ་བསྡུས་བསྡུས་མི་སེམས་དཀྲུགས་དཀྲུགས་བྲེང་བྲེང་དུང་དུང་དགེ་བཙུན་སྔགས་བཙུན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་བཞི་པ་ལ༔ འཁོར་ལོ་རྩིབས་བརྒྱད་ཀྱི་རྩེ་མོ་ལྕགས་ཀྱུའི་དབྱིབས་སུ་བྲིས་པའི་རྩིབས་རྩེ་རྣམས་ལ་མཿརེ་བྲིས༔ རྩིབས་ཤར་དུ༔ ནྲྀ་ཨ་ཀཪྴ་ཡ་ཛ་ཛཿཤར་ལྷོའི་མཚམས་སུ༔ མི་ཆེ་བཙུན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་རུ༔ མི་མཁས་བཙུན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ནུབ་མཚམས་སུ༔ མི་དགེ་བཙུན་དང་བན་བཙུན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཏུ༔ མི་སྔགས་སྐྱེས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་བྱང་མཚམས་སུ༔ མི་དབང་ལྡན་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ བྱང་དུ༔ མི་ཡ་རབས་དང་ནོར་ལྡན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་ཤར་མཚམས་སུ༔ མི་སྟོབས་ལྡན་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིསཿརྩིབས་མཆན་རྣམས་སུ༔ བཱ་སུ་པཱ་ཤཾ་ཀུ་རུ་ཧོཿརཏྣ་པཱ་ཤཾ་ཀུ་རུ་ཧོ༔ ཁ་དྷེ་པཱ་ཤཾ་ཀུ་རུ་ཧོ༔ ནྲྀ་ཨ་ཀཪྴ་ཡ་ཛཿཨ་ཨ་ཀཪྴ་ཡ་ཛ༔ སྐྱེས་པ་ཕོ་སརྦ་པཱ་ཤཾ་ཀུ་རུ་ཧོཿཟ་མ་མོ་སརྦ་པཱ་ཤཾ་ཀུ་རུ་ཧོ༔ དྲེགས་པ་སྡེ་བརྒྱད་གཞི་བདག་སརྦ་པཱ་ཤཾ་ཀུ་རུ་ཧོཿདེ་ཡི་ནང་རིམ་དུ༔ ཁམས་གསུམ་སྲིད་གསུམ་གྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུས་ཏེ་ལོངས་སྤྱོད་དུ་དབང་འབྱོར་བར་གྱུར་ཅིག༔ ཅེས་མཚལ་དང་ལི་ཁྲིས་བྲི་བར་བྱའོ༔ དང་པོ་སྒྲུབ་པའི་རྟེན་དུ་བཙུག་ནས་ཞག་བདུན་དུ་བསྒྲུབས་ཏེ་རབ་གནས་བྱའོ༔ དེ་ནས་བསྐོར་བར་བྱ་བ་ལག་ལེན་ནོ༔ འཁོར་ལོ་དྲི་བཟང་གི་ཆུས་བྱུག་གོ༔ འདི་ཡིས་ཐམས་ཅད་དབང་དུ་འགྱུར༔ བསམ་པའི་དོན་ཀུན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་རང་སློབ་དམ་པ་དགེ་འདུན་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།།།