TTDL-ZABTER-13-PA-106

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-106
Wylie title TTDL-ZABTER-13-PA-106.pdf
Location bdud 'joms gling pa zab gter
Volume 13, Text 106, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་སྤྱི་ཡི་བསྐང་བསྡུས་བཞུགས་སོ༔ ན་མོ་གུ་རུ་ཝེ༔ འབྱོར་ཚོགས་འདོད་ཡོན་ཅི་རིགས་བཤམས༔ སྔགས་དང་ཏིང་ངེ་འཛིན་གྱིས་སྤེལ༔ ཨོཾ་ཨཱཿཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ ཕྱི་ནང་གསང་མཆོད་ཟད་མི་ཤེས༔ རང་བྱུང་མཆོད་པའི་མཆོག་ཆེན་པོས༔ མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་༔ དཔལ་མགོན་ཕྱག་བཞིའི་ཐུགས་དམ་བསྐང་༔ ཞིང་སྐྱོང་སེང་གདོང་ཐུགས་དམ་བསྐང་༔ དབང་ཕྱུག་ཆེན་པོའི༴གནོད་སྦྱིན་དམར་ནག༴སྲིད་པའི་མ་མོའི༴གཟའ་བདུད་ནག་པོའི༴གནོད་སྦྱིན་ཙིའུ་དམར༴དགྲ་བླ་བཅུ་གསུམ་ཐུགས་དམ་བསྐང་༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ༔ ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་༔ ཉེས་འགལ་ཉམས་ཆག་ཐམས་ཅད་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ མ་གཡེལ་མ་འགྱངས་མྱུར་མགྱོགས་ཀྱིས༔ སྟོབས་དང་ཤུགས་ཕྱུང་དགྲ་བགེགས་སྒྲོལ༔ དམ་ལ་མ་འདའ་ས་མ་ཡ༔ བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།།།