TTDL-ZABTER-15-BA-086

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-15-BA-086
Wylie title TTDL-ZABTER-15-BA-086.pdf
Location bdud 'joms gling pa zab gter
Volume 15, Text 86, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཧོ༔ བཀའ་སྲུང་དྲེགས་པ་ཕོ་མོ་ཐམས་ཅད་དང་༔ སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཏི་མ༔ མཐུ་རྩལ་ཐོགས་མེད་གཟའ་བདུད་རཱ་ཧུ་ལ༔ དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་རྩལ༔ འཁོར་བཅས་འདིར་གཤེགས་མཆོད་པ་དམ་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་ཉེས་ལྟུང་བཤགས༔ བཀའ་དམ་གཉན་པོ་དཔང་དུ་བཙུག་ནས་སུ༔ ཁྱེད་ཅག་རྣམས་ལ་འཕྲིན་ལས་བཅོལ་བ་ནི༔ བྱང་ཆུབ་བསྒྲུབ་ཅིང་སྐྱོན་མེད་ཆོས་ཚུགས་ལ༔ བར་དུ་གཅོད་བྱེད་བསླུ་བདུད་ལོག་འདྲེན་རིགས༔ ཕྱི་རྐྱེན་དགྲ་བགེགས་དམ་སྲི་ཕོ་མོ་དང་༔ ནང་རྐྱེན་ན་ཚ་མི་འདོད་ཐོག་འབེབ་དང་༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་རིགས༔ བདག་མེད་ཡུལ་མེད་ཞེན་མེད་དབྱིངས་སུ་བཟློག༔ མཐུན་རྐྱེན་ལེགས་ཚོགས་ཆུ་བོའི་རྒྱུན་བཞིན་སྩོལ༔ བདག་རྒྱུད་ཡང་དག་ཐེག་པ་ཆེན་པོ་དང་༔ འདྲེས་ཏེ་སྙིང་པོའི་སྒྲུབ་པ་ལྷུར་ལེན་ཅིང་༔ མཐར་ཐུག་གདོད་མའི་མགོན་པོའི་གོ་འཕངས་མཆོག༔ ཚེ་ལུས་འདི་རུ་རྣམ་གྲོལ་ས་ལ་སྐྱོལ༔ དེ་མ་ཐོབ་ཀྱི་ཚེ་དང་དུས་ཀུན་ཏུ༔ མངོན་མཐོའི་དཔལ་དང་ཡོན་ཏན་གྱིས་ཕྱུག་ཅིང་༔ ཕྲིན་ལས་རབ་འབྱམས་ཐོགས་མེད་ཡོངས་འགྲུབ་ཅིང་༔ བཀའ་དང་དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ ས་མ་ཡ༔ ཕྲིན་ལས་འདིས་འགྲུབ་བར་ཆད་སེལ༔ མི་འདའ་རྡོ་རྗེའི་ཐ་ཚིག་ཡིན༔ རྒྱ་རྒྱ་རྒྱཿགུ་ཧྱ༔ ཞེས་སློབ་བུ་པདྨ་བདེ་ཆེན་གྱི་ངོར་བདུད་འཇོམས་པས་བཀོད་པ་ཡོངས་སུ་དགེ་བར་གྱུར་ཅིག།ཛ་ཡནྟུ།།།།