TTDL-ZABTER-01-KA-025

From Dudjom Wiki
Revision as of 09:42, 4 June 2024 by Jeremi (talk | contribs)

TTDL-ZABTER-01-KA-025
Wylie title TTDL-ZABTER-01-KA-025.pdf
Location bdud 'joms gling pa zab gter
Volume 1, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་བྱིན་འབེབས་དངོས་གྲུབ་བང་མཛོད་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡེ༔ ༠༠༠༠༠༢༣༣༔ སྒྲུབ་ལ་རྩེ་གཅིག་གཞོལ་བའི་དུས༔ དད་གུས་མོས་པའི་གདུང་ཤུགས་བསྐྱེད༔ རང་གི་སྙིང་གའི་འོད་ཟེར་གྱིས༔ དབྱིངས་ལས་དབྱིངས་བཞུགས་ཡེ་ཤེས་པ༔ དམ་ཚིག་ཐུགས་རྗེའི་རྒྱུད་བསྐུལ་ནས༔ གསང་གསུམ་རྡོ་རྗེའི་ངོ་བོ་ལ༔ ཕྱག་རྒྱ་དང་ནི་ཡིག་འབྲུ་དང་༔ འོད་ཕུང་འཇའ་ཐིག་རྣམ་པ་རུ༔ རང་དང་སྒྲུབ་པའི་དཀྱིལ་འཁོར་ལ༔ མཚོ་ལ་ཁ་ཆར་བབས་པ་ལྟར༔ གཉིས་སུ་མེད་པར་ཐིམ་པ་ཡིས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་པ་ཆེན་པོར་གྱུར་བསམ་སྟེ༔ ཧཱུྃ་ཧྲཱིཿཀ་དག་ཁྱབ་བརྡལ་སྤྲོས་པའི་མཐའ་དང་བྲལ༔ ཆོས་སྐུ་གདོད་མའི་མགོན་པོས་བྱིན་ཆེན་ཕོབ༔ ལྷུན་གྲུབ་འགགས་མེད་རོལ་པ་ཅིར་ཡང་སྣང་༔ ལོངས་སྐུ་རིགས་ལྔ་གངས་ཆེན་བྱིན་ཆེན་ཕོབ༔ སྣ་ཚོགས་གར་གྱིས་གདུལ་དཀའ་མ་ལུས་འདུལ༔ འགྲོ་འདུལ་སྤྲུལ་པའི་སྐུ་ཡིས་བྱིན་ཆེན་ཕོབ༔ མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྲིད་ལས་སྒྲོལ༔ མགོན་པོ་འོད་དཔག་མེད་པས་བྱིན་ཆེན་ཕོབ༔ མཁྱེན་བརྩེའི་ནུས་པའི་རྩལ་གྱིས་འགྲོ་བ་འདུལ༔ འགྲོ་འདུལ་རིགས་གསུམ་མགོན་པོས་བྱིན་ཆེན་ཕོབ༔ གདུལ་བྱའི་དཔལ་དུ་རང་སྣང་སྟོན་པར་ཤར༔ བརྒྱུད་གསུམ་རིག་འཛིན་བླ་མས་བྱིན་ཆེན་ཕོབ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་པད་འབྱུང་སྟོན་འཁོར་བྱིན་ཆེན་ཕོབ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་དང་༔ སྤྲུལ་པ་ཁྲག་འཐུང་རིགས་བཞིས་བྱིན་ཆེན་ཕོབ༔ སྒྲུབ་སྡེ་བརྒྱད་ཀྱི་གྲུབ་པ་མངོན་གྱུར་པའི༔ སྤྱི་དཔལ་རིག་འཛིན་བརྒྱད་ཀྱིས་བྱིན་ཆེན་ཕོབ༔ ཕྱོགས་བཅུའི་ཕྱོགས་སྐྱོང་ཕོ་མོ་ཟིལ་གནོན་པའི༔ ཡེ་ཤེས་ཁྲོ་བོ་བཅུ་ཡིས་བྱིན་ཆེན་ཕོབ༔ ཕྲིན་ལས་རྣམ་བཞིས་འགྲོ་ཀུན་གནས་ནས་འདྲེན༔ ཡེ་ཤེས་སྒོ་མ་བཞི་ཡིས་བྱིན་ཆེན་ཕོབ༔ འགལ་རྐྱེན་ཟློག་ཅིང་སྒྲུབ་མཆོག་བུ་བཞིན་སྐྱོངས༔ བཀའ་སྲུང་དྲེགས་པ་ཕོ་མོས་བྱིན་ཆེན་ཕོབ༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྲུང་མར་བཅས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ རྣལ་འབྱོར་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས༔ སྒྲུབ་རྫས་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་སྤོས་བསྲེག་རོལ་མོ་སྣ་ཚོགས་དཀྲོལ་ལ༔ གདུང་བའི་དབྱངས་ཀྱིས་དུས་བཞིར་འདི་ལ་ནན་དུ་བརྩོན་ཅིང་བསྐྱར་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡེ་ཤེས་ཉི་མ་མཐའ་རྒྱས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།