TTDL-ZABTER-09-TA-023

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-023
Wylie title TTDL-ZABTER-09-TA-023.pdf
Location bdud 'joms gling pa zab gter
Volume 9, Text 23, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༡༨༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནོར་བདག་ཨ་པར་དཀར་པོའི་གསོལ་མཆོད་འདོད་རྒུའི་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༨༡འབྱོར་ཚོགས་གཏོར་མ་སྐྱེམས་སོགས་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་བྱས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ ཧཱུྃ༔ གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ བཀའ་དང་དམ་ཚིག་དཔང་བཙུགས་ཏེ༔ གནོད་སྦྱིན་ཨ་པ་ར་ཙིཏྟ༔ འབོད་དོ་སྒྲུབ་མཆོད་གནས་འདི་རུ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རྟེན་རྫས་བླ་རྟེན་འདི་ལ་བཞུགས༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ ཇི་བཞིན་གནོད་སྦྱིན་རྒྱལ་པོ་ཁྱོད༔ དགོས་འདོད་འབྱུང་བའི་གནས་སུ་བརྟེན༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དཀར་གསུམ་མངར་གསུམ་ཆང་སྐྱེམས་དང་ཿཤ་ཁྲག་འབྲུ་སྣ་སྨན་སྣ་དང་༔ གོས་དར་ལྷབ་ལྷུབ་སྟག་གཟིག་ལྤགས༔ རིན་ཆེན་སྣ་ཚོགས་གོ་མཚོན་རིགས༔ གཟུགས་འགྲོས་དཀོར་ནོར་ལོངས་སྤྱོད་སོགས༔ ཚོགས་དང་གཏོར་མ་འདོད་རྒུའི་གཏེར༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ ཟག་མེད་བདེ་བ་སྐྱེད་བྱེད་པའི༔ མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས༔ ནོར་བདག་ཨ་པར་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྣམ་སྲས་ཛམ་ལྷ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ནོར་བདག་ལྷ་མོ་མཆེད་འཁོར་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འགྲུབ་པའི་ལྟས་མཚན་མྱུར་དུ་སྟོན༔ ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ ཅེས་བརྗོད༔ ཟས་སྣ་མང་འབྱོར་བསགས་པའི་གཏོར་མ་ལ༔ སྦྱངས་སྤེལ་འདོད་རྒུའི་དཔལ་དུ་བསྒྱུར་བ་ཡིས༔ ཉིན་བཞིན་བསྐང་གསོལ་བརྒྱ་ཕྲག་ཚར་དུ་བསྐྱལ༔ དེ་ཡིས་རིང་པོར་མི་ཐོགས་འགྲུབ་འགྱུར་རོ༔ བཀའ་སྲུང་དྲེགས་པ་གནོད་སྦྱིན་བཙན་རྒྱལ་དང་༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལ་ཡིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མཐར་རྟེན་འབྲེལ་དུས་ལ་བབས་པས་ཆོས་ཀྱི་བདག་པོ་གདོང་དཔོན་ལྷུན་གྲུབ་རྡོ་རྗེ་དང་དགེ་ལེགས་དཔལ་བཟང་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་རྣམས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་གྲགས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།