TTDL-ZABTER-03-GA-047

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-047
Wylie title TTDL-ZABTER-03-GA-047.pdf
Location bdud 'joms gling pa zab gter
Volume 3, Text 47, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༤༦བླ་མ་ཞི་ཁྲོའི་རྣལ་འབྱོར་གྱིས༔ ཉམས་ཆག་བསྐང་ཞིང་ཚོགས་རྫོགས་ཕྱིར༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ཕུལ༔ མཚན་མའི་རྫས་ལ་འབྱོར་ཚོགས་ཀྱི༔ ལོངས་སྤྱོད་ཅི་རིགས་བཤམས་བྱས་ཏེ༔ མཚན་མ་མེད་པའི་ཏིང་འཛིན་གྱིས༔ འདོད་ཡོན་ནམ་མཁའ་མཛོད་དུ་འཕྲུལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི༔ ཉམས་ཆག་བསྐང་ཞིང་ཚོགས་རྫོགས་ཕྱིར༔ དམིགས་ནས་ཆོ་ག་འདིར་འཇུག་གོ༔ ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་འཕྲོས་རཾ་ལས་མེ་བྱུང་སྟེ༔ ཚོགས་ཀྱི་དངོས་འཛིན་དྲི་མ་བསྲེགས༔ ཡཾ་འཕྲོས་ཡཾ་ལས་རླུང་བྱུང་ནས༔ གཟུང་དང་འཛིན་པའི་འཁྲུལ་པ་བཤིག༔ ཁཾ་འཕྲོས་ཁཾ་ལས་ཆུ་བྱུང་སྟེ༔ སེར་སྣ་འཇུར་གེགས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ ཚོགས་རྫས་དངོས་པོ་ཐམས་ཅད་ཀུན༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་དང་༔ སྭཱ་སེར་ཧཱ་ཡིག་ལྗང་གུར་གྱུར༔ འོད་ཞུ་ཡེ་ཤེས་ལྔའི་བདུད་རྩིས༔ སྐུ་གསུམ་རྒྱལ་བའི་ཞིང་ཀུན་ཁྱབ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ༔ དེ་ནས་སྤོས་བསྲེག་རོལ་མོ་སྣ་ཚོགས་འཁྲོལ་ལ་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་དཔལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་མ་མགོན་ལྕམ་དྲལ་ལ༔ ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབས་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་རྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿདྲུག་ལྡན་བརྒྱུད་པའི་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿབརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་ཞི་ཁྲོའི་སྤྱན་སྔ་རུ༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད༔ དེ་ནས་བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ༔ མ་རིག་ལས་ཉོན་གྱིས་བསྐྱེད་པའི༔ གཟུང་དང་འཛིན་པའི་རྣམ་རྟོག་བགེགས༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྒྲལ༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ བདག་འཛིན་རཱུ་དྲ་བསྒྲལ་བ་ཡི༔ གཟུགས་ཕུང་སྐྱེ་མཆེད་བཅས་པ་ཀུན༔ རྒྱལ་བ་ཞི་ཁྲོའི་ཞལ་དུ་བསྟབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རཱུ་དྲ་ཧ་ལ་པཉྩ་ཁཱ་ཧི༔ དེ་ནས་ལྷག་མ་ནི༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྐྱོང་ཚོགས༔ དབང་ཕྱུག་འབར་མ་གིང་ལངྐ༔ འདིར་གཤེགས་ཚོགས་ཀྱི་ལྷག་རོལ་ལ༔ རབ་འབྱམས་ཕྲིན་ལས་ཡོངས་སྒྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་ཐོ་བཏང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཚོགས༔ དབང་དུ་བསྡུས་ཤིང་བྲན་དུ་བཀོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་བར༔ བཀའ་བསྒོས་དམ་བཞག་གཉེར་དུ་གཏད༔ འདོད་ཡོན་གཏོར་མ་རྒྱན་དུ་བཞག༔ དེ་བཞིན་ཆད་དོན་གཏོར་མ་ལོངས༔ རབ་འབྱམས་ཕྲིན་ལས་ཡོངས་སྒྲུབ་མཛོད༔ དེ་འོག་བར་གྱི་དུས་ཚིགས་སུ༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྣང་ཞིང་སྲིད་པའི་ལྷ་མ་སྲིན༔ སྡེ་བརྒྱད་ལྷ་འདྲེ་དྲེགས་པ་ཅན༔ བསྡུས་ཤིང་དམ་བཏག་བྲན་དུ་བཀོལ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཞིང་༔ ཕྲིན་ལས་སྒྲུབ་པར་གཉེར་གཏད་དེ༔ ཕམ་ཕབ་གཏོར་མའི་བརྔན་བཞག་བཞིན༔ ཆད་དོན་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་ཕྱོགས་བརྒྱར་སྤེལ༔ བསྟན་འཛིན་སྐྱེས་བུའི་འདོད་དོན་བསྒྲུབ༔ བར་ཆད་སེལ་ལ་ཕྲིན་ལས་སྒྲུབས༔ དེ་འོག་རྒྱ་བལ་བོད་ཡུལ་དུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་གཉེར་གཏད་པའི༔ བཀའ་དམ་ལ་གནས་ཆོས་སྐྱོང་ཚོགས༔ དེ་འཁོར་ཡང་སྤྲུལ་བྲན་འབངས་སྡེ༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ ཟབ་གསང་བསྟན་པ་དར་རྒྱས་ཤིང་༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་༔ ཕྲིན་ལས་སྒྲུབ་ལ་གྲོགས་ལྡན་མཛོད༔ ཐ་མ་དོན་གྱི་འོག་མིན་དུ༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ༔ ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡིས༔ གསང་ཆེན་བསྟན་པའི་བཀའ་བབ་ཚེ༔ རང་རྩལ་སྒྱུ་འཕྲུལ་ཆོས་སྐྱོང་ཚོགས༔ དབང་བསྡུས་བྲན་བཀོལ་གཉེར་གཏད་བཞིན༔ ཆད་དོན་དམར་གྱི་གཏོར་མ་ལོངས༔ ཟབ་གསང་མཁའ་འགྲོའི་སྙིིང་ཐིག་གི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ཆོས་སྲིད་མངའ་ཐང་རྒྱས་པ་དང་༔ ཕྲིན་ལས་རབ་འབྱམས་ཡོངས་སྒྲུབ་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་བརྟན་མ་སྐྱོང་བ་ལ་བཤལ་ཆུའི་གཏོར་མ་ནི༔ ཧཱུྃ་བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཚོགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་དང་འབངས༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསྟན་དགྲ་མ་ལུས་ཆམ་ལ་ཕོབ༔ དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ མ་བྷྱོ་ཛ་ཧྲཱིཾ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་བྲོ་མནན་བྱ་བ་ལ༔ ཧཱུྃ༔ ཐར་ལམ་བར་ཆད་བགེགས་བྱེད་པས༔ ལོག་འདྲེན་འབྱུང་པོ་དམ་སྲི་ཀུན༔ རིམ་དགུ་ས་ཡི་འོག་ཏུ་མནན༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ ཉོན་མོངས་འཁྲུལ་པའི་དུག་ལྔ་བཅོམ༔ ཆོས་ཉིད་རོལ་པའི་དམ་རྒྱས་བསྡམས༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ་ཧྲཱིཿལྷུན་གྲུབ་སྒྱུ་འཕྲུལ་རོལ་པ་ཡི༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི༔ གསང་གསུམ་རྡོ་རྗེའི་དབང་དངོས་གྲུབ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ མ་རིག་ལས་ཉོན་གཟུང་འཛིན་གྱི༔ དབང་གྱུར་ཉེས་བྱས་ཉམས་ཆག་ཀུན༔ ཆོས་ཉིད་རོལ་པའི་ཀློང་དུ་བཤགས༔ དག་ཅིང་ཚངས་པར་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་ཐིམ༔ རང་ཉིད་ཐུགས་སྲོག་ཧཱུྃ་ལ་བསྡུ༔ ཧཱུྃ་ཡིག་ཐིག་ལེ་ན་དཱ་ལ༔ དེ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨ་ཨ་ཨཱཿདེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ རང་ཉིད་རིག་འཛིན་པདྨ་འབྱུང་༔ སྣང་སྲིད་དབང་སྡུད་སྐུར་གསལ་ལ༔ མི་ཤིགས་རྡོ་རྗེའི་གོ་ཆ་བགོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཤིས་བརྗོད་བྱ་བ་ནི༔ ཧཱུྃ༔ དག་མཉམ་གཞི་ཡི་བཀྲ་ཤིས་ཤོག༔ མ་བསྒོམ་ལམ་གྱི་བཀྲ་ཤིས་ཤོག༔ ཡེ་གྲོལ་འབྲས་བུའི་བཀྲ་ཤིས་ཤོག༔ སྣང་བ་ལྷ་དང་ཞིང་ཁམས་རྫོགས༔ སྒྲ་རུ་གྲགས་པ་སྔགས་སུ་དག༔ དྲན་རྟོག་ཆོས་ཉིད་རོལ་པའི་ཀློང་༔ མངོན་གྱུར་ཆེན་པོའི་བཀྲ་ཤིས་ཤོག༔ འདི་ལྟར་ཉམས་ལེན་སྐྱེས་བུ་ཀུན༔ བསྐྱེད་དང་རྫོགས་པའི་གདིང་ལྡན་ན༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ མཎྜལ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་གསུམ་བར་དུ་བཀའ་རྒྱས་བཏབ་མཐར་རྟེན་འབྲེལ་དུས་ལ་བབ་པ་ན་རྣལ་འབྱོར་པ་ཀུན་བཟང་ཆོས་གྲགས་དང་༔ རིག་འཛིན་བཟང་པོ་གཉིས་ཀྱིས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།