TTDL-ZABTER-07-JA-030

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-030
Wylie title TTDL-ZABTER-07-JA-030.pdf
Location bdud 'joms gling pa zab gter
Volume 7, Text 30, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༠༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་མའི༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ བྱིན་འབེབས་ཚངས་པའི་སྒྲ་སྙན་དབྱངས༔

འོད་གསལ་ཆོས་ཉིད་སྤྲིན་ཕུང་བཞུགས༔

༠༠༠༠བརྡ་ཡིག༤༠༨ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བྱིན་ཆེན་འབེབས་པ་ཚངས་པའི་སྒྲ་དབྱངས་ཉིད༔ འོད་གསལ་ཆོས་ཉིད་སྤྲིན་དཔུང་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྤོས་བསྲེགས་རོལ་མོ་སྣ་ཚོགས་དཀྲོལ་བྱས་ཏེ༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་གཞལ་ཡས་སུ༔ མོས་ཤིང་དང་བའི་ངང་ནས་འདི་སྐད་དོ༔ ཧཱུྃ་ཧྲཱིཿབྱིན་ཆེན་ངོ་མཚར་མཆོག་གི་གནས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་མེད་དོན་གྱི་དངོས་གྲུབ་བརྙེས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བདེ་བ་ཆེན་པོའི་གཞལ་ཡས་ནས༔ སྐྱེ་འཆི་མེད་པའི་དངོས་གྲུབ་བརྙེས༔ འོད་དཔག་མེད་མགོན་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ སྐུ་དང་ཡེ་ཤེས་དངོས༴རྡོ་རྗེ་སེམས་དཔས་བྱིན༴བྱིན་ཆེན་ངོ་མཚར༴རི་བོ་ཏ་ལའི་གནས་མཆོག་ནས༔ བྱམས་དང་སྙིང་རྗེའི་དངོས༴ཐུགས་རྗེ་ཆེན་པོས་བྱིན༴བྱིན་ཆེན་ངོ་མཚར༴ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ མཐུ་སྟོབས་རྨད་བྱུང་དངོས༴ཕྱག་ན་རྡོ་རྗེས་བྱིན༴བྱིན་ཆེན་ངོ་མཚར༴རྫོགས་པ་ཆེན་པོའི་གཞལ་ཡས་ནས༔ འཕོ་བ་ཆེན་པོའི་དངོས༴དགའ་རབ་རྡོ་རྗེས་བྱིན༴བྱིན་ཆེན་ངོ་མཚར༴འོད་གསལ་བདེ་ཆེན་གཞལ་ཡས་ནས༔ འཇའ་ལུས་ཆོས་སྐུའི་དངོས༴ཤྲཱི་སིངྷས་བྱིན༴བྱིན་ཆེན་ངོ་མཚར༴པདྨ་འོད་ཀྱི་གཞལ་ཡས་ནས༔ འཆི་མེད་འགྲོ་འདུལ་དངོས༴པདྨ་འབྱུང་གནས་བྱིན༴བྱིན་ཆེན་ངོ་མཚར༴བདེ་སྟོང་ཡེ་ཤེས་གཞལ་ཡས་ནས༔ མཆོག་དང་ཐུན་མོང་དངོས༴ཡེ་ཤེས་མཚོ་རྒྱལ་བྱིན༴བྱིན་ཆེན་ངོ་མཚར༴རྡོ་རྗེ་ཐེག་པའི་གཞལ་ཡས་ནས༔ གྲུབ་པ་མངོན་གྱུར་དངོས༴འབྲོག་བན་ལོ་ཙཱས་བྱིན༴༈བྱིན་ཆེན་ངོ་མཚར་༴ཟབ་མོའི་གཏེར་མཛོད་གཞལ་ཡས་ནས༔ འགྲོ་བ་འདུལ་བའི་དངོས༴བདུད་འཇོམས་རྡོ་རྗེས་བྱིན༴ཤློ་ཀ་འདི་མངྒའི་མིང་གིས་སོ།།བྱིན་ཆེན་ངོ་མཚར༴སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ གང་ལ་གང་འདུལ་དངོས་གྲུབ༴དྲིན་ཆེན་བླ་མས་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱིཿརང་ལུས་རྩ་ཁམས་དག་པའི་ཞིང༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་དང་༔ རྩ་གནས་དཔའ་བོ་མཁའ་འགྲོའི་ཚོགས༔ གནས་འདིར་དབང་དང་བྱིན་ཕོབ་ཅིག༔ མཐའ་བྲལ་བརྡལ་ཁྱབ་གཞལ་ཡས་ནས༔ གཞོམ་བྲལ་རྡོ་རྗེའི་སྐུར་སྟོན་པ༔ སྒྱུ་འཕྲུལ་འཁོར་ལོའི་དཀྱིལ་འཁོར་ངོམས༔ བཀའ་བརྒྱད་ལྷ་ཚོགས་བྱིན་ཕོབ་ཅིག༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ནས༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལྷ༔ གང་འདུལ་ཐབས་ཀྱི་རོལ་གར་བསྒྱུར༔ གནས་འདིར་དབང་དང་བྱིན་ཕོབ་ཅིག༔ ཧཱུྃ་ཧྲཱིཿམ་བཅོས་ཆོས་དབྱིངས་ཞིང་ཁམས་སུ༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ནས༔ ཆོས་སྐུའི་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ མཐིང་གསལ་འོད་ཕུང་ལམས་སེ་ལམ༔ རལ་པའི་ཐོར་ཅོག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟུར་ཕུད་ཏ་ལ་ལ༔ དར་སྣའི་ཅོད་པན་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ བྱིན་རླབས་ན་བུན་ཐུ་ལུ་ལུ༔ དངོས་གྲུབ་སྦྲང་ཆར་ཤ་ར་ར༔ མཁའ་འགྲོ་འབུམ་སྡེ་ཉི་ལི་ལི༔ སྙན་པའི་གླུ་ལེན་ཀྱུ་རུ་རུ༔ གར་གྱི་རོལ་རྩེད་ཤིགས་སེ་ཤིག༔ དད་གུས་གདུང་ཤུགས་དྲག་པོ་ཡིས༔ མ་དང་མཁའ་འགྲོ་འདིར་འབོད་དོ༔ དམ་ཚིག་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ མ་དོར་འགྲོ་བ་སྙིང་རྗེའི་གནས༔ ཐུགས་རྗེས་བརྩེ་བར་དགོངས་ནས་ཀྱང་༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ ཧཱུྃ་ཧྲཱིཿལྷུན་གྲུབ་བདེ་ཆེན་དག་པའི་ཞིང་༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་ནས༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ ལྗང་གསལ་འོད་ཕུང་ལམས་སེ་ལམ༔ རལ་པའི་སོགས༔ ཧཱུྃ་ཧྲཱིཿདཔལ་རི་པདྨ་འོད་ཀྱི་ཞིང་༔ མཁའ་སྤྱོད་དག་པའི་གཞལ་ཡས་ནས༔ བདེ་ཆེན་མཚོ་རྒྱལ་མནྡྷ་ར༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ དཀར་དམར་འོད་ཕུང་ལམས་སེ་ལམ༔ རལ་པའི་སོགས༔ ཧཱུྃ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་༔ གཏུམ་དྲག་རོལ་པའི་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་སེང་གེའི་གདོང་༔ རང་འདྲའི་འབུམ་ཕྲག་མཁའ་འགྲོར་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ མཐིང་གསལ་འོད་ཕུང་སོགས༔ ཧཱུྃ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་༔ རབ་འཇིགས་རྔམས་བརྗིད་དུར་ཁྲོད་ནས༔ རྡོ་རྗེའི་རིགས་ཀྱི་སེང་གདོང་མ༔ རང་འདྲའི་འབུམ་ཕྲག་མཁའ་འགྲོར་བཅས༔ གནས་འདིར་དབང་དང་བྱིན་ཆེན༴དཀར་གསལ་འོད་ཕུང་སོགས༔ ཧཱུྃ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་༔ གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ རིན་ཆེན་རིགས་ཀྱིི་སེང་གདོང་མ༔ རང་འདྲའི་འབུམ་ཕྲག་མཁའ་འགྲོར་བཅས༔ གནས་འདིར་དབང་དང་བྱིན་ཆེན༴སེར་གསལ་འོད་ཕུང་སོགས༔ ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་༔ པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པདྨ་རིགས་ཀྱི་སེང་གདོང་མ༔ རང་འདྲའི་འབུམ་ཕྲག་མཁའ་འགྲོ་འགྱེད༔ གནས་འདིར་དབང་དང་བྱིན༴དམར་གསལ་འོད་ཕུང་སོགས༔ ཧཱུྃ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་༔ ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ ལས་ཀྱི་རིགས་ཀྱི་སེང་གདོང་མ༔ རང་འདྲའི་འབུམ་ཕྲག་མཁའ་འགྲོ་འགྱེད༔ གནས་འདིར་དབང་དང་བྱིན༴ལྗང་གསལ་འོད་ཕུང་སོགས༔ ཧཱུྃ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ ཡོངས་གྲུབ་མཁའ་འགྲོ་གདོང་ཅན་བཞི༔ རང་འདྲ་བྱེ་བ་འབུམ་དང་བཅས༔ གནས་འདིར་དབང་དང་བྱིན༴འོད་ཕུང་སྣ་ཚོགས་ལམས་སེ་ལམ༔ རལ་པའི་སོགས༔ ཧཱུྃ༔ དམ་ཚིག་རྗེས་གཅོད་མཁའ་འགྲོ་དང་༔ ཉམས་པའི་ཤ་ཁྲག་ཟ་བ་མོ༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ སྒྱུ་མ་མཁན་དང་སྒྱུ་འཕྲུལ་བཞིན༔ སྣ་ཚོགས་བསྒྱུར་བའི་ཆོ་འཕྲུལ་ཅན༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ དེ་འཁོར་ཡང་འཁོར་སྤྲུལ་འཁོར་བཅས༔ གནས་འདིར་དབང་དང་བྱིན༴འོད་ཕུང་སྣ་ཚོགས་ལམས་སོགས༔ ཛཿཕྲིན་ལས་རྣམ་བཞི་ལྷུན་གྲུབ་པའི༔ སྒོ་བཞི་ལས་ཀྱི་དཀྱིལ་འཁོར་ན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་དབང་དང་བྱིན་ཆེན་ཕོབ༔ དཀར་སེར་དམར་ལྗང་ཁ་ཏོག་ཅན༔ གསལ་འཚེར་འོད་ཕུང་ལམས་སོགས༔ ཧོཿརང་བཞིན་རྣམ་པར་དག་པའི་དབྱིངས༔ བཀའ་དང་ཐ་ཚིག་གཞལ་ཡས་ནས༔ ལེགས་ཉེས་སྟངས་འཛིན་བསྟན་ལ་གདུངས༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མའི༔ བཀའ་ཉན་ལས་བྱེད་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཐམས་ཅད་དང་༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱིས༔ བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ རྣལ་འབྱོར་བུ་བཞིན་སྐྱོང་བ་དང་༔ རབ་འབྱམས་ཕྲིན་ལས་མངོན་གྱུར་པའི༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཱིདྱ་དྷེ་ཝ་ཌཱ་ཀི་ནཱི་སེདྷ་མུ་ཁ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒྲུབ་རྒྱུན་བཟུང་ལ་ཆོས་བརྒྱད་སྤོངས༔ འཁོར་བའི་ཆོས་ལ་ཟིན་དུས་མེད༔ ཚེ་དང་སྒྲུབ་པ་མཉམ་པར་གྱིས༔ ས་མ་ཡ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་མ་ནོར་ཡི་གེར་བྲིས༔ བཀའ་འདི་མ་མགོན་ཤན་པ་བཙན་གྱིས་སྲུངས༔ དམ་ཉམས་ལྟ་ལོག་ལག་ཏུ་ཤོར་ར་རེ༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་མ་ནུས་སྤྲང་ཟོབ་སྔགས་ནག་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་བཞི་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་དམ་པ་ཀློང་ཆེན་དང་ངག་དབང་ཕྲིན་ལས་གཉིས་ཀྱི་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་དབང་བྱིན་དངོས་གྲུབ་རྒྱ་ཆེན་འབྱུང་བའི་གནས་སུ་གྱུར་ཅིག།སརྦ་མངྒ་ལཾ།།།།