TTDL-ZABTER-08-NYA-005

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-08-NYA-005
Wylie title TTDL-ZABTER-08-NYA-005.pdf
Location bdud 'joms gling pa zab gter
Volume 8, Text 5, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཧཱུྃ་བྷྱོ༔ བརྡལ་ཁྱབ་དབྱིངས་ཀྱི་སྤྱི་དཔལ་མོ༔ སྔགས་སྲུང་ཨེ་ཀ་ཛ་ཊཱི་མ༔ ཁྱོད་ཀྱི་སྒྱུ་འཕྲུལ་རོལ་རྩལ་བཅས༔ འདིར་གཤེགས་ཕྱི་ནང་གསང་མཆོད་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ དོན་གཉིས་ལྷུན་གྲུབ་ས་ལ་སྐྱོལ༔ མ་བྷྱོ་ཛཿཧྲཱིཾ་ས་མ་ཡ༔ དེ་ལྟར་གྲངས་མང་བསྐྱར་བ་དང་༔ དམིགས་གསལ་གནད་དང་ལྡན་གྱུར་ན༔ སྔགས་སྲུང་ཆེན་མོ་བྲན་ཁོལ་ཞིང་༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའོ།།།།