TTDL-ZABTER-05-CA-016

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-05-CA-016
Wylie title TTDL-ZABTER-05-CA-016.pdf
Location bdud 'joms gling pa zab gter
Volume 5, Text 16, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༡༩༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་རྡོ་རྗེ་ཕུར་པའི༔ གདབ་ལས་རེག་ཕུང་སྤུ་གྲི་འབར་བ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ༠༠༠༠༠༠བརྡ་ཡིག༡༩༧བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ གདབ་ལས་རེག་ཕུང་སྤུ་གྲི་འབར་བ་བསྟན༔ བསྐལ་པ་མར་གཤམ་དུས་ཀྱི་སྙིགས་མ་ལ༔ ལག་ཏུ་ལོངས་ཤིག་ང་ཡི་རྗེས་འཇུག་རྣམས༔ དང་པོ་བཅའ་གཞིའི་རིམ་པ་འདི་ལྟ་སྟེ༔ ཁྲག་རྐོང་སྣོད་དུ་ཟངས་ཕྱེ་ལྕགས་ཕྱེ་དང་༔ རྡོ་ཕྱེ་ཉུང་ནག་ཀེ་མཚེ་ཤངས་མཚེ་དང་༔ འབྲུ་ནག་ཟུར་གསུམ་སོ་སོར་བླུག་བྱས་ནས༔ ལྷ་དང་སྲུང་མར་སྐྱེམས་ཕུད་ཕུལ་ནས་བསྐུལ༔ རང་ཉིད་ཡི་དམ་ཁྲོ་བོའི་ང་རྒྱལ་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ན༔ རབ་འཇིགས་མཚོན་ཐུན་སྣ་ཚོགས་རླུང་ལྟར་འཚུབས༔ ཁྲོ་ཆུ་མེ་ཁྱུང་སྡིག་པ་སྐར་ལྟར་འཁྲིགས༔ ཧཱུྃ་དང་ཕཊ་སྒྲ་འབྲུག་སྟོང་སྒྲ་ལྟར་སྒྲོགས༔ མ་རུངས་རཱུ་དྲའི་ཀླད་པ་འགེམ་ཞིང་གཞོམ༔ ཞིང་དེར་བགེགས་དང་ལོག་འདྲེན་མིང་ཡང་མེད༔ དེ་ན་འོག་མིན་ལྷུན་གྲུབ་ཕོ་བྲང་ཞེས༔ ཡེ་ཤེས་ལྔ་ལྡན་མཚན་རྫོགས་དཀྱིལ་འཁོར་ནས༔ འཁོར་འདས་ཁྱབ་བདག་རྡོ་རྗེ་ཕུར་བའི་ལྷ༔ བསྐུལ་ལོ་དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ མི་སྲུན་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ རྫས་ལ་ངར་བླུད་པ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཉོན་མོངས་རྟོག་ཚོགས་འཇོམས༔ སྤྲུལ་པའི་ཁྲོ་ཚོགས་མཚོན་གྱི་རྣམ་པར་བཞེངས༔ དགྲ་བགེགས་སྙིང་ལ་ཐུན་གྱི་ཆར་ཆེན་ཕོབ༔ འབྱུང་ལྔའི་ནུས་བཅུད་མ་ལུས་ཐུན་དུ་བསྡུས༔ དགྲ་ལ་རང་གཤེད་དབབ་པའི་མཚོན་ཆར་བསྔགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷེ་ཝ་ཌཱཀི་ནཱི་ས་མ་ཡ་ཀ་ལ་རཱུ་པ་མཱ་ར་ཡ་རྦད་ནན་སྭཱ་ཧཱ༔ དེ་ནས་ཟངས་ཕྱེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཛཿཕུར་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ དགྲ་བགེགས་སྡིག་ཅན་ལོག་འདྲེན་རཱུ་པ་ལ༔ ཟངས་ཕྱེའི་དབལ་དུག་མཚོན་ཆའི་ཆར་ཆེན་ཕོབ༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད་ནན༔ ལྕགས་ཕྱེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཛཿཕུར་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ དགྲ་བགེགས་སྡིག་ཅན་ལོག་འདྲེན་རཱུ་པ་ལ༔ ལྕགས་ཕྱེའི་དཔལ་དུག་མཚོན་ཆའི་ཆར་ཆེན་ཕོབ༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད་ནན༔ རྡོ་ཕྱེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཛཿཕུར་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ དགྲ་བགེགས་སྡིག་ཅན་ལོག་འདྲེན་རཱུ་པ་ལ༔ རྡོ་ཕྱེའི་དཔལ་དུ་མཚོན་ཆའི་ཆར་ཆེན་ཕོབ༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད་ནན༔ ཉུང་ཐུན་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཛཿཕུར་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ དགྲ་བགེགས་སྡིག་ཅན་ལོག་འདྲེན་རཱུ་པ་ལ༔ ཉུང་ཐུན་དབལ་དུག་མཚོན་ཆའི་ཆར་ཆེན་ཕོབ༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད་ནན༔ ཀེ་མཚེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན༴ཛཿཕུར་སྲུང་དམ་ཅན༴དགྲ་བགེགས་སྡིག་ཅན༴ཀེ་མཚོའི་དཔལ་དུག་མཚོན་ཆའི༴མིང་ཙམ་མེད༴སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས༴ཤངས་མཚེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ༴ཛཿཕུར་སྲུང་དམ་ཅན་རྒྱ་མཚོ༴དགྲ་བགེགས་སྡིག་ཅན་ལོག་འདྲེན༴ཤངས་མཚེའི་དབལ་དུག༴མིང་ཙམ་མེད་པར༴སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས༴འབྲུ་ནག་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ༴ཛཿཕུར་སྲུང་དམ་ཅན་རྒྱ་མཚོ༴དགྲ་བགེགས་སྡིག་ཅན་ལོག་འདྲེན༔ འབྲུ་ནག་དུག་དབལ་མཚོན་ཆར་ཕོབ་ལ༔ མིང་ཙམ་མེད་པར༴སྤུ་གྲིའི་ཤམ་བུར༔ དགྲ་གདོན་བགེགས་ཚོགས༴དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ༴ཛཿཕུར་སྲུང་དམ་ཅན་རྒྱ་མཚོ༴དགྲ་བགེགས་སྡིག་ཅན་ལོག་འདྲེན༴རྡོ་རྗེ་ཕུར་དབལ་དུག་མཚོན་ཆར་ཕོབ་ལ༔ མིང་ཙམ་མེད་པར་ཐལ་བའི༴ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ཉོན་མོངས་བག་ཆགས་འཁྲུལ་འཁོར་ཤིག་ཤིག་རཾ་རཾ་ཐུཾ་རི་ལི་ལི་རྦད་ནན༔ ཧ་ལ་ཧ་ལ་ཕོབ་ཛ་ཕོབ་ཛཿས་མ་ཡ༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ དབུ་འཕང་དམའ་ཞིང་དགྲ་བོ་ཡན་ཤོར་ནས༔ མཐུ་གཏད་བུ་ལོན་བཞིན་དུ་བསྙག་པ་ཡི༔ མ་ཉེས་ཕོད་བཙུག་དགྲ་བོ་བྱུང་བའི་ཚེ༔ མ་རྨོངས་ལས་ཀ་འདི་ལ་བརྩོན་པར་མཛོད༔ སྲུང་མའི་དམག་བསྐུལ་མཚོན་མཆོག་ཐུན་ལ་གྱིས༔ དམག་དང་ཆོམ་རྐུན་ལས་ཀས་དམ་ཚིག་འདའ༔ སྔགས་པའི་ལས་ཀ་མཐུ་དང་རྫས་སྔགས་མཆོག༔ དགྲ་འདུལ་དཔུང་ཚོགས་སྔོན་ལ་ཚགས་སུ་ཚུད༔ དུས་ལ་བབས་ཚེ་མཐུ་ཚོལ་དཀའ་ལས་ཡོད༔ འདི་བཞིན་ཉམས་སུ་ལེན་པའི་སྐལ་ལྡན་ལ༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་ཐོབ༔ བཀའ་འདི་གཟའ་བདུད་དུག་སྡོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་དམ་ཚིག་གཉན་གྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གར་དབང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱས་བཏབ་སྟེ་མཐར་འབྲོས་ཕུག་བཀྲ་ཤིས་དགའ་འཁྱིལ་མཁའ་འགྲོའི་འདུ་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།