TTDL-ZABTER-07-JA-014

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-014
Wylie title TTDL-ZABTER-07-JA-014.pdf
Location bdud 'joms gling pa zab gter
Volume 7, Text 14, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༤༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མ་ལས༔ འཛབ་དམིགས་འོད་གསལ་སྙིང་པོ་བཞུགས་སོ༔ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༢༤༡བདག་འདྲ་རྗེ་བཙུན་པདྨ་འགྲོ་འདུལ་ངས༔ མ་འོངས་ལས་ཅན་སྐལ་བར་གསལ་མཛོད་གདམས༔ འདི་ཉིད་ཉམས་སུ་ལེན་པའི་རིམ་པ་ནི༔ བདག་བདུན་ལྷར་གསལ་ནོར་བ་ཐམས་ཅད་སྤངས༔ དེ་ནས་ཡུལ་ཞེན་འཁྲི་བ་ཀུན་བཅད་དེ༔ སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་དང་༔ སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་དུ༔ ལམ་ཁྱེར་བྱ་ཞིང་ཐུགས་རྗེའི་ཐབས་མང་གིས༔ འགྲོ་རྣམས་རྣམ་མཁྱེན་སངས་རྒྱས་ལམ་འགོད་གྱིས༔ བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་དཔའ་བོའི་གདིང་༔ རྒྱལ་བའི་སྲས་ཀྱི་མཛད་སྤྱོད་བླ་ན་མེད༔ དེ་མིན་དེའི་ཚུལ་རྗེས་སུ་འཛིན་པས་ཀྱང་༔ ཕ་ཡི་རྒྱལ་ཁྲིམས་བུ་ཡིས་སྐྱོང་བའི་དཔེས༔ མཚོན་པའི་འགྲོ་རྣམས་སྙིང་རྗེའི་སེམས་ཀྱིས་ནི༔ སྡུག་བསྔལ་གསུམ་གྱིས་བཅིངས་པ་གྲོལ་པའི་ཕྱིར༔ མ་སེམས་བུ་བཙོན་ཚུད་ལ་སྙིང་རྗེའི་སེམས༔ ཐར་བར་འདོད་ཕྱིར་ཐབས་ལ་སེམས་པ་ལྟར༔ མ་འམ་བུ་རྣམས་ངན་སོང་འོབས་སུ་མནར༔ རང་ལ་རྒོལ་བ་སྤུ་ཙམ་མི་བཟོད་ན༔ བཟོད་མེད་སྡུག་བསྔལ་ཆུ་བོས་གཞུང་བཞིན་དུ༔ བར་མཚམས་མེད་པར་མནར་བ་འདི་རྣམས་ཀུན༔ ཐར་ཐབས་ཕྱིར་ན་བདག་ཀྱང་དེའི་ཚབ་འཇུག༔ དེ་ལྟར་སྙིང་ནས་དྲན་པ་དཔའ་བོའི་གདིང་༔ ལུས་ཀྱི་གྲུར་ཞོན་དཀའ་བ་དང་དུ་ལེན༔ ལུས་འདིའི་རིང་ལ་འགྲོ་རྣམས་བསྒྲལ་བའི་གྲུ༔ སྲིད་མཚོ་ཁ་ཡངས་གཏིང་ཟབ་འདི་ཉིད་ནི༔ ད་ལྟ་ཉིད་དུ་འདོར་རམ་སྐམ་སར་འདོན༔ སྙིང་སྟོབས་ཆེ་ཞིང་བསམ་རྒྱ་མཐའ་ཡས་ཀྱིས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཇུག་པར་བྱ༔ ཧཱུྃ་ཧྲཱིཿསྒོ་གསུམ་གནས་དག་ཡེ་ཤེས་མཁའ་འགྲོར་འཕོས༔ རྣམ་པར་སྨིན་པའི་གསང་བ་ཡེ་ཤེས་མ༔ དམར་གསལ་གྲི་ཐོད་འཛིན་པའི་ཐུགས་ཀློང་དུ༔ ཉི་མ་ཟླ་བའི་གའུ་ཁ་སྦྱོར་ནང་༔ དྭངས་མ་ལྔ་ལྡན་གསལ་འཚར་ཐིག་ལེའི་ཀློང་༔ ཐུགས་སྲོག་ཧྲཱིཿཡིག་དམར་གསལ་འོད་འབར་གྱིས༔ མཐའ་མར་སྔགས་ཀྱི་ཕྲེང་བས་འཁོར་བ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ མཁྱེན་བརྩེ་ནུས་པའི་ཐུགས་རྗེ་བྱིན་རླབས་དང་༔ དབང་དང་དངོས་གྲུབ་འོད་ཟེར་ཚུར་འདུས་ཏེ༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀར་བསྟིམས༔ གཟི་བྱིན་རབ་འབར་ནུས་པ་རྩལ་ལྡན་གྱིས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་དབང་ཐོབ་ཅིང་༔ སྐུ་གསུམ་ཡེ་ཤེས་མཉམ་སྦྱོར་བདེ་ཆེན་ཀློང་༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཨ་ཡརྫྙཱ་ན་སིདྡྷི་ཧཱུྃ༔ དེ་ནས་གཙོ་འཁོར་བསྒྲིལ་ལ་བསྙེན་པ་ནི༔ ཧཱུྃ་ཧྲཱིཿགཞི་དབྱིངས་རང་ངོར་སངས་པ་ཆོས་སྐུར་འཕོས༔ དབྱིངས་ལས་མ་གཡེལ་གཟུགས་ཀྱི་སྐུར་བཞེངས་པ༔ ལོངས་སྤྱོད་རྫོགས་སྐུ་གསང་བ་ཡེ་ཤེས་མའི༔ རོལ་པའི་གར་གྱི་རྩལ་སྣང་སྒྱུ་མའི་འཕྲུལ༔ སོ་སོའི་ཐུགས་ཀར་རང་རང་སྲོག་ཡིག་ལ༔ སྔགས་ཀྱི་ཕྲེང་བས་འཁོར་བའི་འོད་ཟེར་གྱིས༔ རིགས་ཀུན་རྒྱལ་བ་རྒྱ་མཚོ་མ་ལུས་པ༔ ཡེ་ཤེས་མཁའ་འགྲོའི་རྣམ་པར་སྤྱན་དྲངས་ནས༔ མཚོ་ལ་ཆར་བཞིན་བདག་འདུན་གཉིས་ལ་བསྟིམས༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་མཁའ་འགྲོའི་སྐུ༔ སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ངང་༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན་ཧྲཱིཿམ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿམཐར་ཡང་འཛབ་སྔགས་དངོས་གྲུབ་རྒྱ་མཚོ་ནི༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧྲཱིཿཨོཾ་བཛྲ་ས་མནྟ་བྷ་དྲ་ཨོཾ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་རཏྣ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་པདྨ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཨངྐུ་ཤ་ཛཿཨོཾ་རརླ་པ་ཤ་ཧཱུྃ༔ ཨོཾ་པདྨ་སྥོ་ཊ་བཾ༔ ཨོཾ་ཀརྨ་གྷནྜེ་ཧོ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿདེ་ནས་ལས་སྦྱོར་འཛབ་དམིགས་ནི༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱིཿགཟུང་འཛིན་གཉིས་མེད་གཞི་དབྱིངས་ཉིད༔ ཁྱབ་གདལ་ཡེ་ཤེས་མཁའ་འགྲོའི་ཀློང་༔ ཡུལ་མེད་ཡུལ་ལ་འོད་ཟེར་འཕྲོས༔ མ་རིག་གཉིས་འཛིན་འཁྲུལ་པ་བཤིག༔ རྣམ་རྟོག་ཡེ་ཤེས་དབྱིངས་སུ་བསྒྲལ༔ ཆོས་དབྱིངས་མཁའ་ལ་ཆོས་ཉིད་སྤྲིན༔ ཡེ་ཤེས་རང་མདངས་ལུ་གུ་རྒྱུད༔ རྣམ་རྟོག་མཚན་མའི་མིང་ཡང་མེད༔ གཉིས་སྣང་འགོང་པོ་ཡེ་ཤེས་སུ༔ བསྒྲལ་ཏེ་རྡོ་རྗེ་དམ་ཚིག་རྒྱ༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ས་མ་ཡ་སརྦ་ཤ་ཏྲུཾ་རཱུ་ཏྲ་མ་ར་ཡ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་སྐུ་མ་བཅོས་སྐྱེ་མེད་ཀློང་༔ ཡེ་ནས་ཡེ་རིག་ཡེ་ཤེས་ལྷ༔ རྟག་ཆད་འཛིན་ཞེན་ཨ་འཐས་མིན༔ མཉམ་ཤར་མཉམ་རྫོགས་རྫོགས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཚུལ་བཞིན་ཉམས་ལེན་པའི༔ རྣལ་འབྱོར་ཕོ་མོ་འདིས་གྲོལ་གྱུར༔ ཕ་ཅིག་རྡོ་རྗེ་གཤོག་རྒོད་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་པ་བདུད་འཇོམས་རྡོ་རྗེའི་གཏེར་མའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཞལ་གྲོ།ཤུ་བྷཾ།།།།