TTDL-ZABTER-05-CA-044

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-05-CA-044
Wylie title TTDL-ZABTER-05-CA-043.pdf
Location bdud 'joms gling pa zab gter
Volume 5, Text 43, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༣༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ ཕུར་སྲུང་དམ་ཅན་རྒྱ་མཚོའི་བསྐང་གསོལ་བསྡུས་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༤༣༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འབྱོར་ཚོགས་འདོད་ཡོན་གཏོར་སྐྱེམས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་སྤྲུལ་པའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ སྐྱེས་བུ་ཆེན་པོའི་དུས་ལ་བབ༔ ང་ནི་ཕུར་པའི་རིག་འཛིན་ཏེ༔ ཁྱེད་ཅག་ཕུར་སྲུང་དམ་ཚིག་ཅན༔ མ་གཡེལ་མ་འགྱངས་ད་ཚུལ་བྱོན༔ གཏན་གྱི་སྲུང་མར་མངའ་གསོལ་ལོ༔ མི་འབྲལ་བྱམས་དང་བརྩེ་བས་སྐྱོངས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ བརྟེན་རྫས་སྒྲུབ་རྫས་མཆོད་རྫས་དང་༔ བསྐང་རྫས་མཐུན་རྫས་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཁྱད་པར་དམར་གྱི་གཏོར་མ་དང་༔ ཟླ་རྒྱས་ཟླ་ཕྲུམ་དཀར་གྱི་སྐྱེམས༔ ཇ་ཆང་གསེར་དང་ཁྲག་གི་སྐྱེམས༔ ཟག་མེད་བདུད་རྩིར་བྱིན་གྱིས་བརླབས༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ མ་རིག་དབང་དུ་གྱུར་པ་ཡིས༔ ཁྱེད་ཀྱི་ཐུགས་དང་འགལ་བ་བཤགས༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ སྲིད་པའི་མ་མོ་མ་འཁྲུག་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསམ་དོན་སྒྲུབ་ལ་རེ་བ་སྐོངས༔ ཡོན་ཏན་གདུལ་བྱ་སྙན་གྲགས་དཔལ༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ མི་ཕྱུགས་ནད་རིམས་གོད་ཡམས་ཟློག༔ སད་སེར་བཙའ་ཐན་ལོ་ནད་དང་༔ དུས་འཁྲུགས་མཚོན་བསྐལ་མུ་གེ་ཟློག༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཐུལ༔ སྲིད་པའི་ལེགས་ཉེས་ཁྱེད་ཀྱི་དབང་༔ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོད༔ སྲུང་མ་བྲན་ཁོལ་མཐུ་དཔལ་ཆེ༔ ཕྱི་ནང་བར་ཆད་འདིས་གྲོལ་བྱེད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།