TTDL-ZABTER-03-GA-020

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-020
Wylie title TTDL-ZABTER-03-GA-020.pdf
Location bdud 'joms gling pa zab gter
Volume 3, Text 20, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིག་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་བསྒྲལ་ལས་གནམ་ལྕགས་རྡོ་རྗེའི་ཐོ་ལུམ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༣༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ སྙིང་པོའི་སྒྲུབ་ལ་གཞོལ་བའི་ཚེ༔ དགྲ་འདྲེའི་གནོད་པ་རྒོལ་བྱུང་ན༔ མངོན་སྤྱོད་ལས་ཀྱི་བསྒྲལ་ལས་བརྩོན༔ དེ་ལ་གྲུ་གསུམ་ལྕགས་ཁང་དུ༔ ལིངྒ་གཟུགས་མིང་རུས་ཚང་བྲི༔ རང་ཉིད་ཡི་དམ་ལྷའི་ང་རྒྱལ༔ འབྲལ་མེད་ཏིང་འཛིན་རང་སྲུང་གནད༔ དེ་ནས་བྲུབ་ཁུང་བསྐྱེད་པ་ནི༔ རྩ་སྔགས་ཀྱི་མཐར༔ མདུན་དུ་ཨེ་ལས་གནམ་ལྕགས་ལས་གྲུབ་པའི་བྲུབ་ཁུང་དམར་ནག་འཇིགས་སུ་རུང་བའི་ནང་དུ་ནྲྀ་ལས་དགྲ༔ ཏྲི་ལས་བདུད་བགེགས་རྒྱལ་བསེན་གནོད་བྱེད་འདུས་པའི་ངོ་བོ་ཤ་སྔོ་བ་ཧམ་པ་སྐྱ་ལ་རིད་པ་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ མིག་ནས་ཁྲག་འབབ་ཅིང་ཁ་ནས་མྱ་ངན་གྱི་འོ་དོད་ཙི་རི་རི་འབོད་པ༔ བྱང་སེམས་དཀར་དམར་ཐུར་དུ་འབབ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་པ༔ ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་གྱུར༔ ཨོཾ་ཧ་ལ་པཉྩ་རྦད་ནན་ཡ་ཕཊ༔ ཤར་དུ་ཤལ་མ་ལིའི་སྡོང་པོ༔ ལྷོ་རུ་ཐལ་ཚན་གྱི་ཆུ་བོ་རབ་མེད༔ ནུབ་ཏུ་རོ་མྱག་ཕྱི་སའི་འདམ༔ བྱང་དུ་སྤུ་གྲིས་གཏམས་པའི་ཐང་སོགས་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་མཐའ་ནས་བསྐོར་ཏེ་གང་དུའང་བྲོས་ཤིང་ཐར་པའི་གོ་སྐབས་མེད་པར་གྱུར༔ ཅེས་བསྐྱེད་ལ་འགུགས་གཞུག་ནན་དུ་བྱའོ༔ དེ་ནས་འགུགས་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དྲག་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ རྣམ་ཤེས་བླ་སྲོག་གཟུགས་ལ་མྱུར་དུ་ཁུག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨཾ་ཀུ་ཤ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿདེ་ནས་འཆིང་བར་བྱེད་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དྲག་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡཿནྲྀ་ཏྲིཿཆིངས་ཆིངས་རྦད་ནན༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ནག་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་ཀུན༔ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཐུམ་རི་ལི་ལི་ཧུར་ཐུམ་རྦད་སོད༔ དེ་ནས་ལྷ་དང་དབྱེ་བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ནག་པོ་དང་༔ རིགས་བཞི་སྒོ་སྐྱོང་བཀའ་སྡོད་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ མགོན་སྐྱོབ་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས་སྭཱ་ཧཱ༔ དེ་ནས་གཏུན་དུ་བརྡུང་བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ནག་པོ་དང་༔ རིགས་བཞི་སྒོ་སྐྱོང་བཀའ་སྡོད་དང་བཅས་རྣམས༔ མ་གཡེལ་དམ་ཚིག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ རྡོ་རྗེ་ཐོ་བས་གཏུན་དུ་ཕྱེ་མར་ཐུལ༔ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རློགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དེ་ནས་མཚོན་ཆའི་ཚོགས་རྣམས་གདབ་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ ཁྲོ་གཏུམ་རྔམས་པའི་སྐུར་སྟོན་པ༔ རྟ་མགྲིན་ནག་པོའི་དུས་ལ་བབ༔ བདེ་དང་སྟོང་པའི་རྒྱས་འདེབས་མ༔ ཁྲོས་མ་ནག་མོའི་དུས་ལ་བབ༔ ཞེ་སྡང་འཇོམས་མཛད་ཞི་བའི་སྐུ༔ རྡོ་རྗེ་ཁྲོ་ཆེན་དུས་ལ་བབ༔ ང་རྒྱལ་འཇོམས་མཛད་རྒྱས་པའི་སྐུ༔ རཏྣ་ཁྲོ་རྒྱལ་དུས་ལ་བབ༔ འདོད་ཆགས་འཇོམས་མཛད་དབང་གི་སྐུ༔ པདྨ་ཁྲོ་རྒྱལ་དུས་ལ་བབ༔ ཕྲག་དོག་འཇོམས་མཛད་ཁྲོ་གཏུམ་རོལ༔ ཀརྨ་ཁྲོ་རྒྱལ་དུས་ལ་བབ༔ སྙིང་རྗེ་ཁམས་གསུམ་འགུགས་མཛད་མ༔ ལྕགས་ཀྱུ་དཀར་མོའི་དུས་ལ་བབ༔ བྱམས་པས་ལོག་རྟོག་འཆིང་བྱེད་མ༔ ཞགས་པ་སེར་མོའི་དུས་ལ་བབ༔ དགའ་བས་ཉོན་མོངས་དབྱིངས་སུ་སྡོམ༔ ལྕགས་སྒྲོག་དམར་མོའི་དུས་ལ་བབ༔ བཏང་སྙོམས་འཁོར་བ་དབྱིངས་སྒྲོལ་མ༔ དྲིལ་བུ་ལྗང་མོའི་དུས་ལ་བབ༔ སྡང་བའི་དགྲ་བགེགས་སྡིག་ཅན་ལ༔ རྡོ་རྗེ་མཚོན་གྱི་ཆར་ཆེན་ཕོབས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན༔ དེ་ནས་ཐུན་རྫས་སྣ་ཚོགས་གདབ་པ་ནི༔ ཧཱུྃ༔ རྟ་མགྲིན་ཡང་ཁྲོས་ནག་པོ་དང་༔ རིགས་བཞི་ཁྲག་འཐུང་ཁྲོས་མ་ལྔ༔ སྒོ་མ་བཞི་དང་བཀའ་སྡོད་སྡེ༔ ཕོ་ཉ་ལས་མཁན་དྲེགས་པའི་ཚོགས༔ ཀུན་ཀྱང་ཐུགས་དམ་དུས་ལ་བབ༔ ཁྱེད་ཅག་དམ་ཚིག་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ སྣ་ཚོགས་མཚོན་ཐུན་ནད་མུག་ཐོབས༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན༔ དེ་ནས་དུམ་བུར་གཏུབ་པ་ནི༔ ཧཱུྃ༔ ང་ནི་བཛྲ་ཧེ་རུ་ཀ༔ ང་ནི་ཁྲོ་གཏུམ་རོལ་པའི་དཔལ༔ ང་ནི་ཡང་ཁྲོས་ནག་པོའི་སྐུ༔ སྲས་དང་སྤྲུལ་པ་དཔག་ཡས་འགྱེད༔ བཀའ་སྡོད་ལས་མཁན་གློག་ལྟར་འཁྱུགས༔ གཡས་པའི་ཕྱག་ན་གྲི་གུག་དང་༔ གཡོན་གྱི་ཕྱག་ན་ཕུར་པ་ཐོགས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཀུན༔ རང་དབང་མེད་པར་དབང་དུ་བསྡུས༔ གྲི་གུག་འབར་བས་དུམ་བུར་གཏུབས༔ གནམ་ལྕགས་ཕུར་པས་ཕྱེ་མར་བརླག༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་སྤོར༔ འཁྲུལ་པ་མེད་པ་རྒྱས་ཐོབ་ཅིག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ཡ་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཡང་ཁྲོས་ནག་པོ་ཞལ་ཕྱེས་ཤིག༔ རིགས་བཞི་ཁྲག་འཐུང་ཞལ་ཕྱེས་ཤིག༔ ཧེ་རུ་ཀ་དཔལ་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་དུག་གསུམ་གདོན༔ བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ཚོགས༔ ལྷག་མ་མེད་པར་ཞལ་དུ་བསྟབ༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ས་མ་ཡ་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ ས་མ་ཡ༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ ལས་ཀ་འདི་ལ་བརྩོན་ནས་སུ༔ ཞིང་བཅུའི་རཱུ་ཏྲ་ནག་པོ་ཐུལ༔ དམ་ཚིག་ངོ་ལྐོག་མེད་པར་སྲུངས༔ ཕྲིན་ལས་གང་བརྩམ་དེས་འགྲུབ་བྱེད༔ དམ་ཚིག་ངོ་ལྐོག་བྱེད་ནས་སུ༔ ལྷ་ལ་མཐུ་མེད་ཟེར་ནས་སྨད༔ ཡི་ཆད་སྡུག་ཡུས་འདོན་པའི་མི༔ དེ་དག་ཟབ་དོན་སྐལ་བ་ཆད༔ ལྔ་བརྒྱའི་དུས་སུ་དེ་འདྲ་མང་༔ ཚུལ་ལྡན་ལས་ཅན་རྣལ་འབྱོར་གྱིས༔ ཡང་ཁྲོས་སྒྲུབ་པ་མཐར་ཕྱིན་ནས༔ དྲག་པོ་མངོན་སྤྱོད་ལས་ཀུན་འགྲུབ༔ མཐུ་རྩལ་ཐོག་ལས་ཆེ་བ་དང་༔ གྲགས་པས་ས་སྟེང་ཁྱབ་འགྱུར་རོ༔ བཀའ་འདི་གཟའ་བདུད་རྒྱལ་པོས་སྲུངས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བཏོན་ཏེ་མི་ལོ་བཅུ་གསུམ་དུ་བཀའ་རྒྱས་བཏབ་སྟེ༔ མཐར་རང་སློབ་ཚེས་བཅུའི་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།