TTDL-ZABTER-12-NA-064

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-064
Wylie title TTDL-ZABTER-12-NA-064.pdf
Location bdud 'joms gling pa zab gter
Volume 12, Text 64, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༣༨༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ༠༠༠༠༠བརྡ་ཡིག༣༨༥ཤེས་པ་གཞན་དུ་མ་ཡེངས་པར༔ སྒོམ་སྒྲུབ་ལྷུར་ལེན་བྱ་བ་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ དེང་བཟུང་བྱང་ཆུབ་མ་ཐོབ་པར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་རྣམས་གཏན་བདེའི་སར་འགོད་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ལྷ་བསྐྱེད་ནི༔ ཧྲཱིཿཁམས་གསུམ་ཆོས་ཉིད་ཆེན་པོར་ཞིག༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེའི་དཔལ༔ དཀར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ཞལ་གཅིག་ཕྱག་བཞི་གཞོན་ཚུལ་མཛེས༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པདྨ་འདབ་རྒྱས་གདན་ལ་བཞུགས༔ དབུ་སྐྲ་ཐོར་གཙུག་མཛེས་པ་ལ༔ རིན་ཆེན་དབུ་རྒྱན་རྩེ་ཕྲན་དང་༔ སྙན་ཆ་གདུ་བུ་ཕྲེང་བ་གསུམ༔ དར་གྱི་ཅོད་པན་སྟོད་གཡོགས་དང་༔ སྨད་དཀྲིས་པང་ཁེབས་སྐེ་རགས་སོགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ འཇའ་འོད་ཐིག་ལེའི་ཀློང་དུ་གསལ༔ ཐུགས་ཀར་པདྨ་འདབ་དྲུག་གི༔ ལྟེ་བར་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར༔ འོད་དང་འོད་ཟེར་འཕྲོས་པ་ཡིས༔ འཁོར་འདས་དག་མཉམ་རོལ་པར་སྦྱོར༔ སྣང་བ་ཞིང་དང་སྲིད་པ་ལྷ༔ སྒྲ་གྲགས་སྔགས་དང་བརྟན་གཡོ་ཀུན༔ ཆོས་ཉིད་བདེ་བ་ཆེན་པོའི་ངང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿབསྟོད་པ་བྱ་བ་ལ༔ ཧྲཱིཿདུས་གསུམ་རྒྱལ་བའི་བརྩེ་ཆེན་ཐུགས་རྗེའི་གཏེར༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པ༔ དོན་ལ་ཆོས་སྐུ་སྤྲོས་པའི་མཐའ་བྲལ་དབྱིངས༔ མགོན་པོ་ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་ནམ་མཁའི་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བསྒྱུར་བ་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།