DJYD-KABUM-07-JA-006

From Dudjom Wiki
Revision as of 12:01, 9 July 2024 by Mort (talk | contribs)

DJYD-KABUM-07-JA-006
Wylie title DJYD-KABUM-07-JA-006.pdf
Location bdud 'joms rin po che bka' 'bum
Volume 7, Text 6, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön སྟག་ཤམ་ནུས་ལྡན་རྡོ་རྗེ་ (stag sham nus ldan rdo rje)
Genre
Cycle མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་ (mkha' 'gro sprul sku'i snying thig)
Parent Cycle ཟབ་མོ་གསང་བ་ཡོངས་འདུས་ (zab mo gsang ba yongs 'dus)
[edit]
(1ན)གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །མ་འགགས་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བདེ་ཆེན་ཝཱ་ར་ཧི་དངོས་མཚོ་རྒྱལ་མ། །དབང་ཆེན་དཔའ་བོ་ཨརྱ་ས་ལེ་རྩ་ལ། ཟབ་གཏེར་མངའ་བདག་སྟག་ཤམ་ནུས་ལྡན་རྗེ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །མཚུངས་མེད་རྒྱལ་ཚབ་ནམ་མཁའི་རྡོ་རྗེའི་ཞབས། །གྲུབ་པའི་དབང་ཕྱུག་པདྨ་རྣམ་པར་རྒྱལ། །རིག་པ་འཛིན་པ་རྟ་མཆོག་ཆོས་ཀྱི་གྲགས། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །འགྲོ་བའི་མགོན་པོ་བསོད་ནམས་རྣམ་པར་རྒྱལ། །སྙན་བརྒྱུད་མཛོད་འཛིན་མགོན་པོ་རྡོ་རྗེ་རྩལ། །འཛམ་གླིང་ཤིང་རྟ་པདྨ་གར་གྱི་དབང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །མཁས་ཤིང་གྲུབ་བརྙེས་བསྟན་པའི་རྒྱལ་མཚན་རྗེ། །རྡོ་རྗེ་འཛིན་པ་འགྱུར་མེད་ངེས་དོན་དབང་། །སྨིན་གྲོལ་མཛོད་འཆང་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་མཆོག་སྩོལ་ཡི་དམ་(1བ)དཀྱིལ་འཁོར་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །སྣང་ཞེན་རྡོ་རྗེ་བཙུན་མོའི་ཕྱག་རྒྱར་སད། །རྩ་རླུང་ཐིག་ལེ་ངྷུ་ཏིའི་བྷ་གར་ཐིམ། །རིག་སྟོང་མཁའ་འགྲོའི་རང་ཞལ་མཇལ་ནས་ཀྱང་། །བརྗོད་དུ་མེད་པའི་མཁའ་ལ་སྤྱོད་པར་ཤོག །(ཅེས་པའང་ཚོགས་མཆོད་ལས་བྱང་ཁྲིགས་བསྡེབས་དང་འབྲེལ་བར་འཇུག་བདེའི་བརྒྱུད་འདེབས་མདོར་བསྡུས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།)