DJYD-KABUM-08-NYA-011

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-08-NYA-011

(1ན)སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས་ནི། ཚེ་འོད་དཔག་མེད་འཕགས་མཆོག་ནམ་མཁའི་རྒྱལ། །པདྨ་འབྱུང་གནས་བདེ་ཆེན་མཚོ་རྒྱལ་མ། །འབྲོག་བན་ལོ་ཙཱ་བདུད་འདུལ་ནུས་ལྡན་རྗེར། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །རྡོ་རྗེ་མཐོང་གྲོལ་འཆི་མེད་རྡོ་རྗེའི་ཞབས། །ཕྲིན་ལས་ནོར་བུ་ཆོས་ཀྱི་རྒྱ་མཚོའི་སྡེ། །སྐལ་བཟང་རྡོ་རྗེ་བསྟན་འཛིན་འཕེལ་རྒྱས་ལ། །གསོལ་བ་འདེབས་སོ༴སངས་རྒྱས་རྡོ་རྗེ་རྩ་བའི་བླ་མ་རྗེ། །ལྷག་པའི་ལྷ་མཆོག་ཡིད་བཞིན་འཁོར་ལོ་འཆང་། །དཔའ་བོ་ཌཱ་ཀི་གཏེར་སྲུང་རྒྱ་མཚོ་ལ། །གསོལ་བ༴ ཚེ་ལམ་གྲུབ་པས་འཆི་བདག་བདུད་དཔུང་ཆོམ། །ཚེ་དབང་བདུད་རྩིས་རིང་འཚོའི་བཅུད་ལེན་བརྙེས། །ཚེ་སྲོག་མི་ཤིགས་རྡོ་རྗེར་རྒྱས་ཐེབས་ནས། །ཚེ་བདག་འཕགས་མའི་གོ་འཕང་མྱུར་འགྲུབ་ཤོག །ཅེས་པའང་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷི་རསྟུ།། །།སརྦ་མངྒ་ལཾ།། །།