DJYD-KABUM-08-NYA-014

From Dudjom Wiki
Revision as of 06:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-08-NYA-014
(1ན)ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡེ།   (བདུད་འདུལ་ཕུར་པའི་སྨད་ལས་སྐབས་སུ།   སྲུང་འཁོར་གྱི་དམིགས་པ་ནི།) སྲུང་འཁོར་གྱི་མེ་རིའི་ནང་དུ་མཚོན་ཆ་ལྔའི་གུར་ཁང་།   དེའི་ནང་དུ་མཚམས་གཅོད་ཀྱི་ཁྲོ་བོ་འབར་བའི་གུར་ཁང་།   དེའི་ནང་དུ་ཐབས་ཤེས་དབྱངས་གསལ་ཉི་ཟླའི་གུར་ཁང་རྣམས་ཀྱིས་རིམ་པར་དཀྲིགས་ཏེ་བར་ཆད་གང་གིས་ཀྱང་མི་ཕྱེད་པའི་དབུས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་བའི་གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་ཐིག་ལེར་བླ་མ་སློབ་དཔོན་ཁོག་པར་རང་གཞན་བསྲུང་བྱ་མཐའ་དག་ཚུད་པར་གྱུར།   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔   མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷཱུྃ༔   (ཞེས་བཟླ།   དམ་ཅན་ཉེ་བསྙེན་ནི།) རང་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་འབར་བའི་འོད་ཟེར་བསམ་གྱིས་མ་ཁྱབ་པ་འཕྲོས་པ་འཁོར་གྱི་དམ་ཅན་རྣམས་ལ་ཕོག   །སྔོན་གྱི་ཐ་ཚིག་གནད་ནས་བསྐུལ་ཏེ་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་འདུག་པ་ལ།   སླར་ཡང་སྔགས་ཀྱི་འོད་ཟེར་རྩུབ་ཅིང་གདུང་བས་རང་དབང་མེད་པར་དྲག་ཏུ་བསྐུལ་ཏེ་ཤ་ཁྱི་ཚོམ་ནས་བཀྱེ་བའམ་བྱ་གཅན་ཤ་ལ་རུབ་པ་ལྟར་ལས་བྱེད་པར་གྱུར།   ཨོཾ་བཛྲ་ཀཱི་ལི་(1བ) ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་(སོགས་བཟླ།   ངན་སྔགས་ཉེ་བསྙེན་ནི།) རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ།   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ན་བཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔   ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས།   སྟོང་གསུམ་ཐམས་ཅད་གང་།   དངོས་སྣང་སྐུ།   སྒྲ་གྲགས་གསུང་།   རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་དཀྱིལ་འཁོར་གསུམ་སོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐངས།   སྲུང་མ་དམ་ཅན་ཐམས་ཅད་ཀྱི་སྲོག་གཅུད་ལ་ཕབ་ནས་སྒྲོལ་བའི་ལས་ལ་བཙུད།   རྣལ་འབྱོར་པ་ཐམས་ཅད་ཀྱི་གཡར་དམ་སོར་སྩལ།   སེམས་ཅན་ཐམས་ཅད་ཀྱི་དོན་བྱས།   བླ་ན་མེད་པའི་གནས་སུ་བསྒྲལ།   གཟས་བོའི་གནས་སུ་འཕྲོས་པས་གང་ལ་བྱ་བ་དེ་དག་བཀུག་ནས་ལིངྒ་ལ་བསྟིམས་པས་དངོས་སུ་གྱུར་ནས་འཁུ་མི་ནུས་པར་འབྲུབ་ཁུང་དུ་གསལ།   འོད་ཟེར་སླར་འདུས་ནས་བདག་དང་ཕུར་བུ་རྣམས་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་མེད་དུ་གྱུར།   འཕྲོས་པའི་ཁྲོ་བོ་ཕུར་བུའི་གཟུགས་ཅན་རྣམས་བསྒྲལ་བྱའི་ཞིང་རྣམས་ལ་བཏབ་པས་སྤྱི་(2ན)གཙུག་ནས་རྐང་མཐིལ་དུ་ཕྱུང་ལུས་བསྒྲལ།   ལྕེ་སྟེང་ནས་ལྐོག་མར་ཕྱུང་ངག་བསྒྲལ།   སྙིང་གར་ཐོག་ལྟ་བུར་ལྷུང་བས་སྲོག་རྩ་ཐལ་བར་བྱས་སེམས་ཀྱི་བག་ཆགས་བསྒྲལ།   མདོར་ན་ཕུར་བུའི་ཆར་རྒྱུན་མ་ཆད་པར་ལྷུང་བས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕྱེ་མར་བརླག་པར་གྱུར།   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ་(སོགས་བཟླ།   ཐུགས་དམ་བསྐུལ་བའི་གོང་དུ།) བླ་མ་རིག་འཛིན་འཁོར་གསུམ་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་དིར་གྱིས་མངོན་སྤྱོད་དྲག་པོའི་ལས་ལ་ཆས་སུ་གྱུར།   ཧཱུྃ༔   གྲུ་གསུམ་མཐིང་ནག་(སོགས།   གསེར་སྐྱེམས་མགོར།) འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་གཏེར་དུ་གྱུར།   ཨོཾ་ཨཱ༔   ཧཱུྃ༔   (ལན་གསུམ།) ཀྱཻ༔   བདག་ནི་མ་ཉེས་(སོགས།   འགུགས་གཞུག་ཚོགས་ཐ་མའི་སྐབས་བཞིན་གྱི་རྗེས་སུ་ཕོ་ཉ་བཏང་བ་ནི།) ཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔   འགུགས་བྱེད་ཆེན་མོ་ལྕགས་ཀྱུ་དཀར་མོའི་ཚོགས༔   རིང་པར་རྒྱུག་ལ་དམ་ཉམས་དགྲ་བགེགས་རྣམས༔   ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ ཧཱུྃ༔   དཔལ་གྱི་བཀའ་སྡོད༴ འཆིང་བྱེད་ཆེན་མོ་ཞགས་པ་སེར་མོའི་ཚོགས༔   (2བ)རིང་པར་རྒྱུག་ལ༴ མགུལ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔   བྃ༔   དཔལ་གྱི་བཀའ༴ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་དམར་མོའི་ཚོགས༔   རིང་པར་རྒྱུག་ལ༴ ཡན་ལག་སྡོམས་ཤིག་བཛྲ་སྥོ་བཾ༔   ཧོཿ དཔལ་གྱི་བཀའ༴ མྱོས་བྱེད་ཆེན་མོ་དྲིལ་བུ་ལྗང་མོའི་ཚོགས༔   རིང་པར་རྒྱུག་ལ༴ མྱོས་སུ་ཆུག་ཅིག་བཛྲ་གནྜེ་ཧོཿ (དེ་ནས།) ཧཱུྃ་བྷྱོ༔   རྡོ་རྗེ་ཕུར་པའི་ལྷ་ཚོགས་སོགས་ལྷ་(དང་ཕྲལ་ཞིང་གཟུགས་ལ་དབབ་པ་སོགས་ལ་འཇུག   །ཕུར་གདན་གོང་དུ་ཕུར་བུ་བྱིན་གྱིས་རློབ་པ་ནི།) བདག་ཉིད་དཔལ་ཆེན་པོའི་ཕྱག་གཡས་ཀྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ཁྲག་འཐུང་ཡབ་ལྔར་གྱུར༔   གཡོན་གྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཁྲོ་མོ་ཡུམ་ལྔར་གྱུར༔   ཨོཾ་བཛྲ་ཀྲོདྷི་ས་མ་ཡ་སྟྭཾ༔   ཛཿཧཱུྃ་བཾ་ཧོཿ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་འབར་བར་གྱུར༔   དེ་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔   བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔   དེ་དག་གི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔   ཧཱུྃ་ཡོངས་སུ་གྱུར་པ་ལས་སྲས་(3ན)མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན༔   ཞལ་གཡས་དཀར་བ༔   གཡོན་དམར་བ༔   དབུས་མཐིང་ནག་ཏུ་འབར་བ༔   ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ༔   སྤྱན་དགུ་སྡང་མིག་ཏུ་བགྲད་པ༔   སྨ་ར་དང་སྨིན་མར་བསྐལ་པའི་མེ་ཞགས་འཕྲོ་བ༔   དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫིས་པ༔   ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་དགུ༔   བར་པ་ན་རྩེ་ལྔ༔   གཡོན་གྱི་དང་པོ་ན་མེ་དཔུང་༔   བར་པ་ན་ཁ་ཊྭྰྃ༔   ཐ་མ་གཉིས་ན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་འདེབས་པ༔   དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ༔   སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུ་སྐེད་པ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱག་པ་ཞིག་ཏུ་གྱུར༔   དེའི་རྒྱ་འདུད་གོང་མ་ལ་བླ་མ་རིག་འཛིན་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ༔   ཆངས་བཟུང་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ༔   རྒྱ་མདུད་འོག་མ་ལ་དཔལ་གྱི་བཀའ་སྡོད་ཕུར་སྲུང་རྒྱ་མཚོའི་ཚོགས་རྣམས་ཡོངས་སུ་རྫོགས་པ༔   རྩེ་མོ་ཟུར་གསུམ་མཚོན་ཐུན་སྣ་ཚོགས་ཀྱི་ཚྭ་ཚྭ་རླུང་ལྟར་འཚུབས་པ༔   བསྒྲིལ་བ་ཙམ་གྱིས་སྲིད་(3བ)གསུམ་འདར་བར་བྱེད་པ༔   འཕྱར་བ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད་པ༔   བཏབ་པ་ཙམ་གྱིས་སྟོང་གསུམ་བརླག་ནུས་པ་གཅིག་ཏུ་གྱུར༔   ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔   ཕུར་བའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས༔   ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ༔   འོད་ཟེར་འདུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་པ་ལ་ཐིམ་པས་སྐུ་འགྱིང་བ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར༔   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཨ་བྷི་ཥིཉྩ་ཨཱ༔   ཕུར་པའི་མགྲིན་པའི་ཨཱ༔   ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས༔   ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་གསུང་མཉེས་པའི་མཆོད་པ་ཕུལ༔   འོད་ཟེར་ཚུར་འདུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཕུར་པ་ལ་ཐིམ་པས་གསུང་བསྒྲགས་པ་ཙམ་གྱིས་སྟོང་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར༔   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ྄ ཨ་བྷི་ཥིཉྩ་ཧཱུྃ༔   ཕུར་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས༔   ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔   འོད་(4ན)ཟེར་ཚུར་འདུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཕུར་པ་ལ་ཐིམ་པས་ཐུགས་གཡོས་པ་ཙམ་གྱིས་སྲིད་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར༔   ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔   (ཅེས་སྔགས་ཉེར་གཅིག་ཙམ་བཟླས་རྗེས།) ཧཱུྃ་བྷྱོ༔    དུས་གསུམ་རྒྱལ་བ་མ་ལུས་(སོགས་ནས།) ཐལ་བའི་རྡུལ་དུ་རློག༔   ཨོཾ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན༔   མོ་ཧཱ་གྷཱ་ཏ་ཡ་བྷ་ག་ཝན་ཧྲཱི༔   ཀྲི་ཤཱི་བི་ཀྲི་བཛྲ་ཧཱུྃ་ཀ་ར་ཧཱུྃ༔   བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ༔   ཧཱུྃ་བྃ་ཧོ༔   སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔   བཛྲ་ཧཱུྃ་ཀ་ར་ཧཱུྃ་ཕཊ༔   ཧཱུྃ་ཀ་ར་ཧཱུྃ་ཨ་ཕཊ༔   (ཅེས་བརྟེན་པ་དབྱིངས་སུ་བསྒྲལ་མཐར་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་ཕྱིར་ཐུན་རྫས་སྣ་ཚོགས་གདབ་ལ།) ཧཱུྃ་བྷྱོ༔   མི་འཇིགས་གནམ་ལྕགས་རྡོ་རྗེ་(སོགས་ལ་འཇུག   །ཉིན་རྗེས་མའི་ཟློག་གཞུང་གྲུབ་པ་དང་མཆོད་བསྟོད་བཟོད་གསོལ་མཐར།   རྩ་སྔགས་ཤམ་དུ་)ས་མ་ཡ་མ་ཏི་ཀྲ་མ་ཏི།   ཨོཾ་བཛྲ་ཏི་ཥྛ།   སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས།   སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་ཕྱག་བརྙན་སྒོམ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་(4བ)བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པ་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་གྱུར།   (ཅེས་སྤུ་གྲིའི་དྲག་སྔགས་མང་དུ་བཟླས་ལ་ཟོར་རྫས་བསྒྲུབ་བོ།   །ཞེས་མེད་དུ་མི་རུང་བའི་ཡན་ལག་ཁ་སྐོང་འགའ་ཞིག་འཕྲལ་མཁོའི་སྣེ་ལེནཙམ་དུ་གཏེར་ཁ་འོག་མ་བདུད་འཇོམས་ཕུར་པའི་གཞུང་སོགས་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པའོ།།   །།)