DJYD-KABUM-09-TA-012

From Dudjom Wiki
Revision as of 06:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-09-TA-012

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས། འགྲོ་འདུལ་ ཐུགས་རྗེ་ཆེན་པོའི་ཟིན་ལས་ཁྲིགས་སུག་བསྡེབས་པ་ གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །

(1བ)འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་མཚན་དྲི་མེད་ཟླ་བའི་འཛུམ་ཟེར་གྱིས། །སྡུག་བསྔལ་ཚ་གདུང་བསལ་དང་ལྷན་ཅིག་ཏུ། །གཏན་བདེ་ཐརཔའི་ཀུནྡ་བཞད་མམཛད་པ། །འཕགས་མཆོག་ཐུགས་རྗེའི་གཏེར་དེས་འགྲོ་འདི་སྐྱོངས། །གང་ལ་བརྟེན་ནས་མཆོག་དངོས་སྒྲུབ་པའི་ཐབས། །བླ་མེད་ཟབ་གཏེར་ལས་བྱོན་ཡིད་བཞིན་ནོར། །དགོངས་དོན་ཇི་བཞིན་གསལ་བྱེད་འཇུག་བདེའི་ཁྲིགས། །ལེགས་བསྡེབས་ཕྲིན་ལས་ལམ་བཟང་དབྱེ་བར་བྱ། །(2ན)(འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་ཡོ་བྱད་ཀྱི་གཤོམ་དང་ཆོ་གའི་སྔོན་འགྲོ་གཉིས་ལས། དང་པོ་ནི། སྒྲུབ་ཆེན་དབང་བསྐུར་གཤིན་པོ་རྗེས་འཛིན་སོགས་ཀྱི་ཚེ་སོ་སོའི་སྐབས་ཐོབ་བཞིན་ཤེས་པར་བྱ་ལ། སྤྱི་ཙམ་དུ་ཡིདམཐུན་གྱི་གནས་ཁང་མཛེས་པར་བརྒྱན་ཅིང་དམ་ཚིག་གི་རྟེན་བཀྲམ་བའི་མདུན་སྟེགས་སུ་དཀྱིལ་འཁོར་ལྷའི་མཆོད་གཏོར་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་སྨན་རཀ་དང་། མདུན་དུ་ཆུ་གཉིས་ཉེར་སྤྱོད་ བཀོད་མཛེས་སུ་བསྟར། གཞན་ཡང་སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། རོལ་མོའི་ཁྱད་པར་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པརབཤམ་མོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ། བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་དང་། །བགེགས་བསྐྲད་མཚམས་(2བ)བཅད་ཉེས་ལྟུང་བཤགས། །བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ། བྱིན་འབེབས་མཆོད་རྫས་བྱིན་རླབས་སོ། །ཞེས་ པ་ལྟར་བཅུ་གཅིག་ལས། དང་པོ་བརྒྱུད་འདེབས་ནི། ཐོག་མར་ཚིག་བདུན་གསོལ་འདེབས་དང་། རྗེ་གཏེར་ཆེན་བླ་མའི་རྣམ་ཐར་གསོལ་འདེབས་བཅས་སྔོན་དུ་འགྲོ་བས།) ཨེ་མ་ཧོཿ རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནསཿ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེ་མཆོག་པདྨ་ཀ་ར་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ཡེ་ཤེས་སྒྱུ་མར་རོལ་བའི་ཀློང་ཡངས་ནས༔ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་གསུམ་དད་པའི་སྒོ་ནས༔ སྒོ་གསུམ་རྡོ་རྗེ་གསུམ་དུ༴ གསང་ཆེན་ཟབ་རྒྱའི་ཀློང་མཛོད་ཡངས་པ་ནས༔ གྲུབ་པའི་རིག་འཛིན་ཁྱེའུ་ཆུང་ལོ་ཙཱ་ལ༔ རྣམ་གསུམ་དད་པའི་སྒོ་ནས༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴ ཆོས་ཉིད་ནམ་(3ན)མཁའ་མཛོད་ཀྱི་དབྱིངས་ཀློང་ནས༔ ཁྱབ་བདག་འཁོར་ལོའི་དབང་ཕྱུག་བླ་མ་ལ༔ རྣམ་གསུམ་དད་པའི་སྒོ་ནས༴ སྒོ་གསུམ་རྡོ་རྗེ་གསུམ༴ ལྷོ་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ༴ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལཿ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབསཿ སྒོ་གསུམ་རྡོ་རྗེ་གསུམ་དུཿ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནསཿ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས༴ སྒོ་གསུམ་རྡོ་རྗེ་གསུམ༴ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པ་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས༔ སྒོ་གསུམ་རྡོ་རྗེ་གསུམ་དུ༴ གང་ལ་གང་འདུལ་ཆུ་ཟླའི་(3བ)རྣམ་རོལ་གྱི༔ སྤྲུལ་པའིསྐུ་མཆོག་ཐུབ་པ་དྲུག་པོ་ལ༔ བཟོད་མེད་གདུང་ཤུགས༴ སྒོ་གསུམ་རྡོ་རྗེ༴ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་དཀྱིལ་འཁོར་ནས༔ བཅོམ་ལྡན་རྟ་མགྲིན་རིགས་བཞི་ཡབ་ཡུམ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་པའི་རྟེན་འབྲེལ་མཐུས༔ རང་དོན་ཆོས་སྐུ་མངོན་དུ་འགྱུར་བ་དང་༔ གཞན་དོན་གཟུགས་སྐུས་འཁོར་བ་དོང་སྤྲུགས་ནས༔ འགྲོ་ཀུན་འཕགས་པའི་གོ་འཕང་ཐོབ་པར་ཤོག༔ (གཉིས་པ་སྐྱབས་སུ་འགྲོ་བ་ནི།) བླ་མ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་(ས་མཱ་ཛཿས་མཁའ་ཁྱབ་ཏུ་ས་དཔར་མོས་ལ།) ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམཿ ཡི་དམ་མཁའ་འགྲོ་དམ་ཅན་ཚོགས༔ ཡོངས་འདུས་བདག་ཉིད་སྤྱན་རས་གཟིགསཿ འཁོར་དང་བཅས་ལ་སྐྱབས་སུ་མཆི༔ (ཞེས་ལན་གསུམ། གསུམ་པ་སེམས་བསྐྱེད་ནི།) ཧོཿ བདག་(4ན)གིས་མཁའ་མཉམ་སེམས་ཅན་ཀུནཿ རྣམ་གྲོལ་ས་ལ་འགོད་པའི་ཕྱིརཿ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིཿ གསང་གསུམ་རྡོ་རྗེའི་གྲོང་འཇུག་བྱཿ (ཞེས་ལན་གསུམ་དང་།) སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །(ཅེས་ཚད་མེད་བཞི་བསྒོམ། བཞི་པ་ཚོགས་བསགས་ནི།) སྲས་བཅས་རྒྱལ་བ་འཁོར་བཅས་ལ། གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པ་ཀུན་གྱི་ཡང་དག་མཆོད། །ཚེ་རབས་ཐོག་མེད་ནས་བྱས་པའི། །སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས། །སེམས་ཅན་ཀུན་ལ་ཕན་མཛད་པའི། དགེ་བ་ཀུན་ལ་ཡི་རང་ངོ་། །སངས་རྒྱས་མྱ་ངན་འདའ་བཞེད་གང་། །བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ། གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། བསོད་ནམས་གང་ཞིག་བགྱིས་པ་རྣམས། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །(ཞེས་ལན་གསུམ་མཐར།) ཛཿཧཱུྃ་བཾ་ཧོཿ ས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་(བསམ། ལྔ་པ་བགེགས་བསྐྲད་པ་ནི།) རང་ཉིད་སྐད་ཅིག་གིས་རྟ་མཆོག་(4བ)ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། (ཅེས་གཉུག་མའི་ལྟར་ལྡང་ལ། བགེགས་གཏོར།) རྃ་ཡྃ་ཁྃ་(གིས་བསྲེག་གཏོར་བཀྲུས།) སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ (ཞེས་མཁའ་ལྡིང་གི་རྒྱས་བརླབས།)སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ(ས་མགྲོན་བཀུག)། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། (ཞེས་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་བསྔོས་ལ།) ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ ལོག་པར་འདྲེན་པའི་གདོན་དང་བགེགས༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་སོང་༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་རོལ་བའི་སྒྱུ་འཕྲུལ་ལསཿ མཚོན་ཆ་སྣ་ཚོགས་རབ་འབར་བས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨ་ན་ཡ་ཧོཿ བྷ་ག་ཝ་ན་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ (ཅེས་གུ་གུལ་ཡུངས་ཐུན་ཚམ་རྔམས་དྲག་པོས་བསྐྲད་ལ་(5ན))བགེགས་གཏོར་དོར། དྲུག་པ་མཚམས་བཅད་པ་ནི། ཧཱུྃ༔ ཡེ་ཤེས་རོལ་བའི་ཆོ་འཕྲུལ་གྱི༔ ལོག་འདྲེན་འདུལ་བའི་མཚོན་ཆ་ཐུནཿ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ མི་ཤིགས་རྡོ་རྗེའི་རྒྱས་བཏབ་ནས༔ སྲ་མཁྲེགས་གཞོམ་གཞིག་མེད་པར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ (བདུན་པ་བཤགས་པ་ནི།)ཧོཿ དཔང་གྱུར་དཀོན་མཆོག་གསུམ་པོ་དགོངས༔ བདག་གི་ཚེ་རབས་ཐོག་མེད་ནས༔ སྒྲིབ་གཉིས་བག་ཆགས་དབང་གྱུར་པས༔ འཁྲུལ་དང་ཉམས་ཆག་ཉེས་ལྟུང་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ རྣམ་དག་མཆོག་གི་དངོས་གྲུབ་སྩོལ༔ (ཅེས་དང་ཡིག་བརྒྱ་བརྗོད། བརྒྱད་པ་བརྡ་སྒོ་དབྱེ་བ་ནི།)ཧཱུྃ༔ འཁོར་འདས་དག་མཉམ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ༔ རང་བྱུང་ཡེ་ཤེས་འཆར་སྒོ་ཕྱེས༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ (དགུ་པ་བརྡ་ཕྱག་འཚལ་བ་ནི།)ཧཱུྃ༔ ཀ་དག་བརྡལ་ཁྱབ་ཆེན་པོའི་མཁའ༔ གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔ སྐུ་དང་ཡེ་ཤེས་རོལ་བའི་མཛོད༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ (5བ)ན་མོ་ན་མོ་ཧོ༔ (བཅུ་པ་བྱིན་དབབ་པ་ནི། ཁྱད་པར་གྱི་སྤོས་རོལ་གདུང་དབྱངས་དང་བཅས་ཏེ།) ཧཱུྃ་ཧྲཱི༔ འཁོར་འདས་དག་མཉམ་གཞལ་ཡས་ནས༔ ཆོས་སྐུ་རྒྱལ་བ་འོད་དཔག་མེད༔ སྒྱུ་འཕྲུལ་རིགས་ལྔ་གངས་ཆེན་མཚོ༔ གང་འདུལ་ཐུགས་རྗེའི་གཏེར་ཆེན་པོ༔ བྱང་སེམས་འཕགས་པའི་ཚོགས་དང་བཅས༔ མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་བསྐུར་སྩོལ༔ མཆོག་ཐུན་དངོས་གྲུབ་བྱིན་ཕོབ་ཅིག༔ ན་མོ་ཨཱརྱ་ལོ་ཀི་ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨཱ༔ (བཅུ་གཅིག་པ་མཆོད་རྫས་བྱིན་བརླབ་ནི།)ཧཱུྃ་ཧྲཱི༔ སྟོང་ཆེན་ཡུམ་གྱི་མཁའ་ཀློང་དུ༔ རང་བྱུང་ཡེ་ཤེས་རོལ་པའི་རྩལ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ གང་ལ་གང་འདོད་མཆོད་པའི་སྤྲིན༔ མ་བཙལ་རང་བྱུང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ༔ པཱདྱཾ༔ པུཥྤེ༔ ངྷུ་པེ༔ ཨཱ་ལོ་ཀ༔ གནྡྷེ༔ ནཻ་ཝི་དྱ༔ ཤཔྟ་ཨཱཿཧཱུྃ༔ རཱུ་པ༔ ཤཔྟ༔ གནྡྷེ༔ ར་ས༔ སྤརྴེ་ཨཱཿཧཱུྃ༔ (ཞེས་དང་།)མ་ཧཱ་སརྦ་(6ན)པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བོ་ངྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་སྭཱ་ཧཱ༔ (ལན་གསུམ་རེ་བརྗོད། དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་བྱིན་རླབས་སྤྱན་འདྲེན་དང་། །བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་ཛཔྲ། ཞེས་པ་ལྟར་བརྒྱད་ལས། དང་པོ་ལྷ་བསྐྱེད་པ་ནི། ཐོག་མར་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ་ལ། ཆོས་ཐམས་ཅད་དམིགས་མེད་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་ལ་བློ་བཞག་སྟེ།) ཧཱུྃ༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་ཞིག༔ ཀ་དག་ཆེན་པོ་མངོན་དུ་བྱ༔ ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉ་ཧཾཿ (དེ་ལྟར་མ་རྟོགས་པའི་འགྲོ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་ཞིང་།) ཨཱཿ སྟོང་ཆེན་དབྱིངས་ཀྱི་རང་རྩལ་ལས༔ ཁྱབ་བྱེད་ཡེ་ཤེས་ཆེན་པོར་ཤར༔ འཁོར་འདས་དག་མཉམ་བྱང་ཆུབ་སེམསཿ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་༔ དྷརྨ་དྷཱ་ཏུ་ཛྙཱ་ན་ག་ག་ན་ཨ༔ (སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རང་བཞིན་རང་སེམས་ཧྲཱིཿདཀར་པོར་ལམ་གྱིས་གསལ་ཏེ།) ཧཱུྃ༔ དབྱིངས་ལས་ཐུགས་རྗེ་རོལ་པའི་རྩལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ དུས་(6བ)གསུམ་བདེ་གཤེགས་ཀུན་གྱི་སྲོག༔ རིག་པ་རྒྱུ་ཡི་ཡི་གེར་ཤར༔ ཧྲཱིཿཙིཏྟ་བཛྲ་ས་མ་ཏི་ཨ༔ (དེ་ནས་སྣོད་བཅུད་ཐ་མལ་གྱི་ཞེན་སྣང་སྦྱོང་ཕྱིར་རྟེན་དང་བརྟེན་བའི་འཁོར་ལོ་བསྐྱེད་པ་ནི།) ཧྲཱིཿལས་འབྱུང་ཆེན་ལྔ་ཡི་ས་བོན་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་ནག་རོལ་པའི་མཁར༔ ཡྃ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་ལྗང་༔ བྃ་ལས་དྭངས་གསལ་རྙོག་བྲལ་རྒྱ་མཚོ་འཁྱིལ༔ སུྃ་ལས་དབང་ཆེན་གསེར་གྱིས་གཞིར་བརྡལ༔ རྃ་ལས་ཡེ་ཤེས་འོད་ཕུང་མེ་ལྟར་འབར༔ ཡེ་ཤེས་ལྔ་ཡི་ངོ་བོ་ལྷུན་གྱིས་གྲུབ༔ དེ་སྟེང་འབྱུང་ཆེན་ལྔ་ཡི་དྭངས་མ་ལས༔ འོད་ལྔའི་ས་གཞི་རྒྱ་ཆེ་ཁྱོན་ཡངས་པ༔ འཇམ་མཉེན་ཁོད་སྙོམས་སྨན་གྱི་སྤང་རི་ལ༔ དྲི་ཞིམ་སྣ་ཚོགས་ངད་པ་རབ་ཏུ་འཐུལ༔ སྣ་ཚོགས་རྒྱས་པས་ཡོངས་སུ་ཁེངས༔ ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་བུ་དང་༔ དག་བྱེད་ཆུ་མིག་དཔག་བསམ་ལྗོན་པའི་ཤིང༔ ནོར་བུའི་གྲམ་པ་གསེར་གྱི་བྱེ་མ་དང་༔ གཡུ་ཡི་ནེའུ་སེང་སྤྲུལ་པའི་བྱ་རིགས་དང༔ ཅང་ཤེས་རི་དྭགས་མཛེས་པས་རྩེ་འཇོ་རོལ༔ དེ་དབུས་བྷཱུྃ་ཡིག་འོད་དང་བཅས་པ་བབ༔ ཡོངས་གྱུར་ཡེ་ཤེས་ལྔ་ཡི་རང་མདངས་ལས༔ རིན་ཆེན་སྣ་ལྔ་ལས་གྲུབ་གཞལ་(7ན)ཡས་ཁང༔ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་རྫོགས༔ རྟ་བབ་བང་རིམ་མུ་ཁྱུད་ཁོར་ཡུག་དང༔ བུམ་པ་བྲེ་དང་ཆོས་གདུགས་ཏོག་མཛེས༔ དྲྭ་བ་དྲྭ་ཕྱེད་འཕྱང་ཞིང་དྲིལ་གཡེར་བརྒྱན༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔ རྒྱུ་ཡི་ངོ་བོ་ཧྲཱིཿཡིག་དཀར་པོ་བབ༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ ལྷ་དང་ཞིང་ཁམས་མ་ལུས་བསྡུས་ཏེ་ཐིམ༔ མར་འཕྲོས་ཁམས་གསུམ་འཁོར་བ་ཆོས་སྐུར་བསྒྲལ༔ ཚུར་འདུས་སྣོད་བཅུད་དཔལ་ཡོན་བསྡུས་ཏེ་བསྟིམ༔ ཡོངས་གྱུར་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་བཞི་མཚན་དཔེ་རྫོགས༔ གཞོན་ཚུལ་ཞི་འཛུམ་འོད་དང་འོད་ཟེར་འབར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ འོག་མ་གཉིས་ན་ཤེལ་ཕྲེང་པད་དཀར་བསྣམས༔ དབུ་སྐྲ་ཐོར་ཚུགས་ཟུར་ཕུད་རཏྣས་བརྒྱན༔ མགུལ་རྒྱན་ཕྲེང་བ་དོ་ཤལ་གདུ་བུ་དང་༔ དར་གྱི་ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ དར་ཤམ་སྐུ་རེག་རིན་ཆེན་དྲྭ་བ་འཕྱང་༔ གསེར་གྱི་སྙན་ཆ་ཉི་ཟླའི་ཝང་མིག་མཛེས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་(7བ)བཞུགས༔ གསང་བའི་ཡུམ་མཆོག་མཁའ་སྤྱོད་དབང་མོས་འཁྱུད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ གཅེར་བུ་པདྨའི་ཕྲེང་བས་དོ་ཤལ་དང་༔ ཀུ་མུ་ཏ་ཡི་ཐོད་གདེངས་རབ་ཏུ་མཛེས༔ ལྗང་སྔོན་རལ་པའི་ཟར་བུ་སྐུ་རྒྱབ་གྲོལ༔ རིགས་ཀྱི་བདག་པོ་སྣང་མཐའ་ཡབ་ཡུམ་ཤར༔ དམར་གསལ་ལོངས་སྐུ་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཤར་དུ་མི་བསྐྱོད་ས་གནོན་མཉམ་གཞག་ཅན༔ ཆུ་ཁམས་དབང་ཕྱུག་མཱ་ཀི་དཀར་མོས་འཁྲིལ༔ ལྷོ་རུ་རིན་འབྱུང་མཆོག་སྦྱིན་མཉམ་གཞག་ཅན༔ ས་ཁམས་དབང་ཕྱུག་སངས་རྒྱས་སྤྱན་མར་སྦྱོར༔ ནུབ་ཏུ་རྣམ་སྣང་བྱང་ཆུབ་ཕྱག་རྒྱ་ཅན༔ ནམ་མཁའ་རྣམ་དག་དབྱིངས་ཕྱུག་སྔོན་མོས་འཁྲིལ༔ བྱང་དུ་དོན་གྲུབ་སྐྱབས་སྦྱིན་མཉམ་གཞག་ཅན༔ རླུང་ཁམས་དབང་ཕྱུག་དམ་ཚིག་སྒྲོལ་མས་འཁྱུད༔ སྐུ་བཞིའི་བདག་ཉིད་དེ་བཞིན་གཤེགས་པ་བཞི༔ སྔོ་སེར་དཀར་དང་ལྗང་གུའི་ཁ་དོག་མཛེས༔ མཚན་དཔེ་དང་ལྡན་ལོངས་སྐུའི་ཆས་རྒྱན་རྫོགས༔ ཡུམ་རྣམས་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཀུན་ཀྱང་པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་འོད་ཕུང་འབར༔ (8ན)འོད་ཟེར་རྩེ་ལ་རྣམ་འདྲེན་སྤྲུལ་པའི་སྐུ༔ སྟེང་དུ་བརྒྱ་བྱིན་དཀར་པོ་བི་ཝཾ་ཅན༔ ཤར་ལྷོར་ཐག་བཟང་ལྗང་གུ་གོ་མཚོན་ཐོགས༔ ལྷོ་ནུབ་ཤཱཀ་ཐུབ་སེར་པོ་ལྷུང་བཟེད་བསྣམས༔ ནུབ་བྱང་སེང་གེ་རབ་བརྟན་པོ་ཏི་ལྗང་༔ བྱང་ཤར་ཁ་འབར་དམར་པོ་སྒྲོམ་བུ་བསྣམས༔ འོག་ཏུ་ཆོས་རྒྱལ་མཐིང་ནག་མེ་ཆུ་འཛིན༔ ཀུན་ཀྱང་བཞེངས་སྟབས་སྤྲུལ་སྐུའི་ཆ་ལུགས་ཅན༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ གཞན་ཡང་འཕགས་པའི་སྐུ་ཡི་བཀོད་པ་ལ༔ མཚོ་ལ་གཟའ་སྐར་གཟུགས་བརྙན་བཀྲ་བ་ལྟར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཤར༔ ཤར་སྒོར་རྟ་མགྲིན་འགུགས་བྱེད་འཁྲིལ་སྦྱོར་རོལ༔ ལྷོ་སྒོར་རྟ་མགྲིན་འཆིང་བྱེད་འཁྲིལ་སྦྱོར་རོལ༔ ནུབ་སྒོར་རྟ་མགྲིན་རྨོངས་བྱེད་འཁྲིལ་སྦྱོར་རོལ༔ བྱང་སྒོར་རྟ་མགྲིན་མྱོས་བྱེད་འཁྲིལ་སྦྱོར་རོལ༔ དཀར་སེར་དམར་ལྗང་ལས་བཞིའི་ཕྱག་རྒྱ་ཅན༔ གཞལ་ཡས་གྲུ་ཆད་བར་ཁྱམས་ཁོར་ཡུག་ཏུ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགསཿ མ་འདྲེས་ཡོངས་རྫོགས་ཏིལ་གོང་ཕྱུར་བཞིན་བསྒོམ༔ (གཉིས་པ་བྱིན་བརླབ་ཅིང་དབང་བསྐུར་བ་(8བ)ནི།) དེ་ལྟར་གསལ་བའི་སྒྱུ་འཕྲུལ་དཀྱིལ་འཁོར་ལྷའི༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ཡིག་འབྲུ་འོད་དང་བཅས༔ རྡོ་རྗེ་གསུམ་གྱི་ངོ་བོ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ (ཞེས་རྒྱས་གདབ།) ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ( ཞེས་དབང་བསྐུར། གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི།) རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་(བསམ་ལ། སྦྱར་སྤོས་བཏུལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་བཅས་ཏེ།) ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ ལྷོ་ཕྱོགས་རི་བོ་ཏ་ལའི་གནས་མཆོག་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ བདེ་ཆེན་དག་བ་མཁའ་སྤྱོད་ཞིང་ཁམས་ནས༔ ཡུམ་ཆེན་མཁའ་སྤྱོད་དབང་མོ་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་ནས༔ བདེ་གཤེགས་རིགས་ལྔ་གངས་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ དབྱིངས་ཀྱི་ཡུམ་ཆེན་རིགས་ལྔ་གཤེགས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་ནས༔ རྣམ་འདྲེན་སྤྲུལ་སྐུ་(9ན)ཐུབ་དྲུག་གཤེགས༴ རབ་འབྱམས་ཕྲིན་ལས་འགྲུབ་པའི་དཀྱིལ་འཁོར་ནས༔ དབང་ཆེན་རིགས་བཞི་འཁོར་བཅས་གཤེགས༴ གཞན་ཡང་སྐུ་གསུམ་ཞིང་ཁམས་མཐའ་ཡས་ནས༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས༴ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ (བཞི་པ་བཞུགས་སུ་གསོལ་བ་ནི།) ཧྲཱིཿ རང་སྣང་དོན་གྱི་འོག་མིན་མཁར༔ ལྷུན་གྲུབ་རོལ་བའི་དཀྱིལ་འཁོར་འདིརཿ དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོདཿ བཛྲ་ས་མ་ཡ་ཏིཥྛ་ལྷན༔ (ཞེས་དམ་ཡེ་དབྱེར་མེད་དུ་བཞུགས་པར་བསམ། ལྔ་བ་ཕྱག་འཚལ་བ་ནི།) ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ སྐུ་དང་ཡེ་ཤེས་རོལ་པའི་རྩལ༔ སྒྱུ་འཕྲུལ་འཁོར་ལོའི་བཀོད་པ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ (དྲུག་པ་མཆོད་པ་ལ། ཕྱི། ནང་། གསང་བ། དེ་ཁོ་ན་དང་བཞི་ལས། དང་པོ་ནི། ཉེར་སྤྱོད་འབུལ་བ་ལ།) ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་(9བ)ན། །མཆོད་ཡོན་སྤྲིན་ཕུང་ནམ་མཁའ་མཐའ་ཀླས་པ། །དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། (དེ་བཞིན་དུ།)ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། (ཞེས་སྦྱར་བ་དང་།) པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ་གནྡྷེ། ནཻ་ཝིདྱ། ཤཔྟ་(རྣམས་བཅུག་པས་མཆོད། རིན་ཆེན་བདུན་འབུལ་བ་ནི།) ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། རྩི་བས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པ་དབུལ་བར་བགྱི། །ཨོཾ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱ༔ ཧཱུྃ། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་མེད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པ་དབུལ་བར་བགྱི། །ཨོཾ་མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །ལྤགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་རྒུའི་རག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པ་དབུལ་བར་བགྱི། ཨོ་སྟི་རཏྣ་བཛྲ་པཱུ་ཛི་ཏི་ཨཱཿཧཱུྃ། །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །(10ན)གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པ། །བློན་པོ་རིན་ཆེན་དམ་པ་དབུལ་བར་བགྱི། །ཨོཾ་པུ་རུ་ཥ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། གླང་པོ་རིན་ཆེན་དམ་པ་དབུལ་བར་བགྱི། ཨོཾ་ཧ་སྟི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་པའི། །རྟ་མཆོག་རིན་ཆེན་དམ་པ་དབུལ་བར་བགྱི། ཨོཾ་ཨ་ཤྭ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་ པ་ཡི། །དམག་དཔོན་རིན་ཆེན་དམ་པ་དབུལ་བར་བགྱི། ཨོཾ་ཁངྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ (འདོད་ཡོན་ལྔ་འབུལ་བ་ནི།) ཕྱོགས་དུས་ཀུན་ན་ཁ་དོག་དབྱིབས་ལེགས་པའི། །ཡིད་འོང་རྒྱན་ཕྲེང་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་ བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿ (10བ)ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་ཤཔྟ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡ་ སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་སྤརྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། (རྫས་བརྒྱད་འབུལ་བ་ནི།) ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་ཀུན་དངོས་སྤྱན་རས་(11ན)གཟིགས་དབང་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། (རིག་མ་བཅུ་དྲུག་འབུལ་བ་ནི།) ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང་། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་ཝཱི་ནི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཱཾ། ཨོཾ་ཨཱཿབཛྲ་མྲྀ་དཾ་གེ་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་ར་ཛེ་ཨཱཿ མཆོག་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། ཨོཾ་ཨཱཿབཛྲ་ལཱ་སྱ་ཧཱུྃ། ཨོཾ་ཨཱཿབཛྲ་ཧཱ་སྱ་ཏྲཱཾ། ཨོཾ་ཨཱཿབཛྲ་གཱིརྟི་ཧྲཱིཿ ཨོཾ་ཨཱཿབཛྲ་ནཱིརྟི་ཨཱཿ ཁྱད་པར་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷུ་པེ་ཏྲཱཾ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཨཱཿབཛྲ་གནྡྷེ་ཨཱཿ ལྷན་སྐྱེས་དགའ་བ་(11བ)ཉམས་བཞིའི་རྣམ་འགྱུར་ཅན། །གཟུགས་རེག་མ་དང་ཆོས་དབྱིངས་རྡོ་རྗེ་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་ར་ས་ཏྲཱཾ། ཨོཾ་ཨཱཿ་བཛྲ་སྤརྴེ་ཧྲཱི༔ ཨོཾ་ཨཱཿབཛྲ་དྷརྨ་དྷ་ཏུ་ཨཱ༔ (ན་བཟའ་འབུལ་བ་ནི།)སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་པྲ་ཏཱིཙྪ་སྭཱ་ཧཱ། (ཞེས་འབུལ། བསྡུ་ན་མཆོད་སྤྲིན་ཐུན་མོང་དུ་འབུལ་བ་ནི།) ཧཱུྃ་ཧྲཱིཿ མི་མཇེད་འཇིག་རྟེན་གཞལ་ཡས་ན༔ ཉེར་སྤྱོད་འདོད་ཡོན་མཆོད་སྤྲིན་ཚོགས༔ སྣང་བ་ཆེན་པོ་འུབ་ཆུབ་རོལ༔ སྒྱུ་འཕྲུལ་རོལ་པའི་ལྷ་ལ་འབུལ༔ དགྱེས་པར་དགོངས་ཤིང་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་(ནས།) ཤཔྟ་སརྦ་པཱུ་ཛ་ཧོཿ (གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་སྨན་མཆོད་ནི།) ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་ཆེ༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་(12ན)རཾ་ཁཱ་ཧིཿ (ཞེས་དང་།) ཁྱབ་བདག་ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས། །ལོངས་སྤྱོད་ཡོངས་རྫོགས་འཕགས་མཆོག་ཐུགས་རྗེའི་གཏེར། །སྤྲུལ་པའི་སྐུར་སྟོན་པདྨ་ཐོད་ཕྲེང་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཁའ་འགྲོ་མཚོ་རྒྱལ་འབྲོག་བན་ལོ་ཙཱ་བ། །ཟབ་གཏེར་སྒོ་འབྱེད་རིག་འཛིན་བདུད་འཇོམས་གླིང་། །རྩ་བརྒྱུད་ཀུན་འདུས་དྲིན་ཆེན་བླ་མ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྤྱན་རས་གཟིགས་དབང་མཁའ་སྤྱོད་དབང་མོ་ཡུམ། །རིགས་ལྔའི་རྒྱལ་བ་བཅོམ་ལྡན་ཐུབ་པ་དྲུག །སྒོ་སྐྱོང་རྟ་མགྲིན་རྣམ་བཞི་ཡབ་ཡུམ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་མཆོད་འོས་རྒྱ་མཚོ་དང་། །སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། (ཞེས་མཐེབ་སྲིན་ཉི་ཟླའི་གྭའུས་བཅུས་ཏེ་ཕུལ་ལ།) ཨོཾ་ཨཱཿཧཱུྃ་(གིས་དངོས་གྲུབ་བླང་། གཉིས་པ་གཏོར་མའི་མཆོད་པ་ནི།) ཧྲཱིཿ སྣང་སྲིད་བཅུད་དུ་དྲིལ་བ་ཡི༔ (12བ)འདོད་འཇོའི་དམར་གྱི་གཏོར་ཆེན་པོ༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ལ་འབུལཿ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་ང་ལིཾ་པཱུ་ཛ་ཁ་ཧི༔ (གསུམ་པ་རཀྟའི་མཆོད་པ་ནི།) ཧྲཱིཿ འཁོར་བ་ཁྲག་ཏུ་བསྐྱིལ་བ་ཡི༔ དམར་ཆེན་རཀྟའི་རྒྱ་མཚོ་འདི༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་རཀྟ་པྲ་ཛ་ཁཱ་ཧི༔ (གསུམ་པ་གསང་མཆོད་ལ་གཉིས་ལས། དང་པོ་སྦྱོར་མཆོད་ནི།) ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་སྦྱོར་བ་བདེ་བའི་བཅུད༔ སྒྱུ་འཕྲུལ་རོལ་པའི་ལྷ་ལ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ (གཉིས་པ་སྒྲོལ་མཆོད་ནི།) ཧྲཱི༔ ཁྱབ་བརྡལ་སྟོང་ཆེན་ཡུམ་གྱི་མཁར༔ གཟུང་དང་འཛིན་པའི་རུ་ཏྲ་བསྡུས༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་བསྒྲལ༔ མཉམ་པ་ཉིད་ཀྱི་དབྱིངས་སུ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ རུ་ཏྲ་ཧ་ལ་པཉྩ་ཁཱ་ཧི༔ (བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།) སྣང་སྲིད་ཆོས་ཀུན་གདོད་མ་ནས། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྲུབ། །མཆོད་བྱ་མཆོད་བྱེད་གཉིས་སུ་མེད། འཁོར་གསུམ་དམིགས་མེད་ཆེན་པོར་བཞེས། །དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཨཏྨ་ཀོཉ་ཧཾ། (13ན) (ཞེས་མཆོད། བདུན་པ་བསྟོད་པ་ནི།) ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་འགྱེད༔ བདེ་གཤེགས་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཡེ་སངས་རྒྱས༔ འགྲོ་བའི་དཔལ་དུ་གཟུགས་ཀྱི་སྐུར་སྟོན་ཅིང་༔ ཐབས་དང་ཐུགས་རྗེས་འགྲོ་ཁམས་དབྱིངས་སུ་སྡུད༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ འཁོར་འདས་སྟོང་ཆེན་མཁའ་རུ་མཉམ་རོལ་ཞིང་༔ བདེ་གཤེགས་རྒྱལ་བརྒྱ་མཚོ་བསྐྱེད་པའི་ཡུམ༔ དག་པ་མཁའ་སྤྱོད་དབྱིངས་ཀྱི་སྤྱི་རྗེ་མོ༔ མཁའ་སྤྱོད་མཁའ་འགྲོའི་དབང་མོ་ཁྱོད་ལ་བསྟོད༔ སྐུ་དང་ཡེ་ཤེས་མཉམ་སྦྱོར་རོལ་པའི་མདངས༔ རྟེན་དང་བརྟེན་པའི་འཁོར་ལོར་ཡོངས་ཤར་བ༔ དྲན་དང་ཡིད་ལ་བྱེད་པའི་གདུལ་བྱ་རྣམས༔ རྣམ་གྲོལ་དབུགས་ཆེན་འབྱེད་པའི་ནུས་སྟོབས་ལྡན༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྐུ་ལ་བསྟོད༔ འཕགས་པའི་ཐུགས་རྗེའི་གདངས་ལས་སྤྲུལ་པའི་སྐུ༔ བདེ་གཤེགས་ཐུབ་ཆེན་དྲུག་ལ་ཕྱག་འཚལ་བསྟོད༔ ཚད་མེད་རྣམ་བཞིས་འགྲོ་བ་གནས་ནས་འདྲེན༔ སྒོ་སྐྱོང་ཡབ་(13བ)ཡུམ་རྣམས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་རང་སྣང་ཡེ་ཤེས་དཀྱིལ་འཁོར་དུ༔ སྒྱུ་འཕྲུལ་རོལ་པའི་དབྱིངས་ལས་རང་ཤར་བའི༔ བདེ་གཤེགས་ཡབ་ཡུམ་སྲས་དང་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ (ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ལ་གསུམ་ལས། དང་པོ་བསྙེན་པ་ནི།) ཧྲཱི༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་ཐབས་ཤེས་དབྱེར་མེད་པའི༔ ངོ་བོ་ཉི་ཟླའི་གྭའུའི་ནང་༔ པདྨ་དབང་དྲུག་ལྟེ་བ་རུ༔ ཧྲཱི༔ ཡིག་དཀར་པོའི་མཐའ་བསྐོར་དུ༔ འདབ་མ་དྲུག་ལ་ཡི་གེ་དྲུག༔ འཇའ་དང་འོད་ཀྱི་དྲྭ་བས་འབྲེལ༔ རང་སྒྲས་སྣང་སྲིད་ཡོངས་སུ་འགེང་༔ འོད་ཀྱི་རང་གདངས་མཆེད་པ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་སུ་བསྡུས༔ རྡོ་རྗེ་གསུམ་གྱི་ངོ་བོར་རོལ༔ (ཞེས་བཟླས་དམིགས་གསལ་བཏབ་ལ། ཛཔྲ་བསྐུལ་ནི།) ཧཱུྃ༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ བཞེངས་པ་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སྐུ་ཡིས་སྣ་ཚོགས་གར་བསྒྱུར་ལ༔ གསུང་གིས་སྔགས་ཛཔྲ་དབྱངས་སྒྲོགས༔ ཐུགས་ཀྱི་(14ན)འཁོར་བ་དབྱིངས་སུ་སྒྲོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ མ་དག་འཁོར་བའི་གནས་ཡུལ་ཀུན༔ དག་པའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་དཀྱིལ་འཁོར་བཅས་པ་ཀུན༔ གཞལ་ཡས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་པའི་རྟེན་དང་དམ་རྫས་ཀུན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ཅིང་༔ དོན་གཉིས་མཐའ་རུ་ཕྱིན་པར་མཛོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ འཁོར་བ་དོང་སྤྲུགས་ནུས་བྱིན་ཕོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ (ཞེས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་ཏིང་འཛིན་རྩེ་གཅིག་པས་བཟླ། གཉིས་པ་སྒྲུབ་པ་ནི།)ཧྲཱིཿ རང་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་སྔགས་ཕྲེང་ལ་ཐིམ་པས༔ གཟི་བྱིན་ནུས་སྟོབས་རབ་འབར་ཞིང་༔ ཕྱི་སྣོད་འཇིག་རྟེན་བདེ་ཆེན་ཞིང་༔ ནང་བཅུད་འཕགས་མཆོག་ཐུགས་རྗེའི་ལྷ༔ སྒྲ་གྲགས་སྔགས་ཀྱི་རོལ་པར་འཕོས༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་སྒྲའུར་ཆེམ་(14བ)སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ (ཞེས་བཟླ། གསུམ་པ་ལས་སྦྱོར་ལ་གསུམ་ལས། དང་པོ་ལས་བཞིའི་དམིགས་བཟླས་ལ། ཞི་བ་ནི།) རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རྒྱལ་བ་སྲས་དང་བཅས་པ་ཡི༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ དཀར་གསལ་འོད་ཀྱི་རྣམ་པར་བསྡུས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས༔ སྒྲིབ་གཉིས་བག་ཆགས་ཞི་བར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ (རྒྱས་པ་ནི།)རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ འཁོར་འདས་གཉིས་ཀྱི་ཚེ་བསོད་ནམས༔ བཅུད་དང་དྭངས་མ་ཐམས་ཅད་ཀུན༔ སེར་གསལ་འོད་ཀྱི་རྣམ་པར་བསྡུས༔ རང་གི་ཐུགས་ཀའི་སྔགས་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ (དབང་ནི་) རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ དམར་གསལ་འོད་ཀྱི་རྣམ་པར་བསྡུས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས༔ ཁམས་གསུམ་མ་ལུས་དབང་འདུས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ (དྲག་པོ་ནི།)རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཉོན་མོངས་(15ན)བརྒྱད་ཁྲིའི་འཁྲུལ་འཁོར་ལས༔ བྱུང་བའི་དགྲ་བགེགས་ལོག་འདྲེན་ཀུན༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྒྲལ༔ མཉམ་པ་ཉིད་དུ་སངས་རྒྱས་གྱུར༔ ཨོཾ་མ་ཎི་པདྷེ་ཧཱུྃ་ཧྲཱི༔ (གཉིས་པ་རིགས་དྲུག་གནས་སྦྱོང་གི་ལས་སྦྱོར་ནི།) ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མི་བསྐྱོད་ཡབ་ཡུམ་དང་༔ དམྱལ་བའི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པ༔ དམྱལ་བའི་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ མངོན་པར་དགའ་བའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་སྣང་མཐའ་ཡབ་ཡུམ་དང་༔ ཡི་དྭགས་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ཡི་དྭགས་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ བདེ་ཆེན་དག་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་རྣམ་སྣང་ཡབ་ཡུམ་དང་༔ བྱོལ་སོང་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་(15བ)འོད་འཕྲོས་པས༔ བྱོལ་སོང་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ སྟུག་པོ་བཀོད་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་དོན་གྲུབ་ཡབ་ཡུམ་དང་༔ ལྷ་མིན་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་མིན་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ལས་རབ་རྫོགས་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་རིན་འབྱུང་ཡབ་ཡུམ་དང་༔ ལྷ་ཡི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་ཡི་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ དཔལ་དང་ལྡན་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྷེ་ཧཱུྃ་ཧྲཱི༔ ཧྲཱིཿ རང་གཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་སྒྱུ་འཕྲུལ་ལྷ་ཚོགས་དང་༔ མི་ཡི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ མི་ཡི་གནས་ཡུལ་སེམས་ཅན་ཀུན༔ (16ན)རྨི་ལམ་དབྱིངས་སུ་སད་པ་ལྟར༔ འོག་མིན་དག་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདེང་ཆེན་ཐོབ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ (གསུམ་པ་མཆོག་གི་ལས་སྦྱོར་ནི།) ཧྲཱིཿ འཁོར་འདས་དག་མཉམ་ཆེན་པོའི་མཁར༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔ རྩལ་སྣང་འཁོར་གྱི་རོལ་པར་ཤར༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ (ཞེས་བཟླའོ། །ཐུན་གྱི་མཐར་མཆོད་བསྟོད་འབུལ་བ་ནི།) ཨོཾ། དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ ། ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཆོད། །ཨོཾ་བཛྲ་ཨརྒྷཾ་(ནས།) ཤཔྟ། རཱུ་པ་(སོགས།) སྤརྴེ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཏ་ན་ག་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོཿ(ས་མཆོད་ཅིང་།) ཧྲཱིཿ དམིགས་མེད་སྤྲོས་བྲལ་ཆོས་དབྱིངས་ལས། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུར་ཤར། །འགྲོ་བ་ཀུན་འདུལ་སྤྱན་རས་གཟིགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །(ཅེས་བསྟོད། དེ་དག་ནི་དངོས་གཞིའི་ལས་རིམ་མོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་གཏོར་འབུལ་བརྟན་སྐྱོང་བྲོ། །དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ། །བསྔོ་སྨོན་དང་ནི་ཤིས་བརྗོད་དོ། །ཞེས་པ་ལྟར་བརྒྱད་ལས། དང་པོ་ཚོགས་མཆོད་བྱ་བ་ནི། མཱཾ་ས་དང་(16བ)མ་དཱ་ན་གཙོ་བོར་གྱུར་བའི་དམ་ཚིག་གི་ཡོ་བྱད་རྣམས་ལེགས་པར་བཤམས། ཆུ་ཆང་ནང་མཆོད་ཀྱིས་བྲན་ལ།) ཧཱུྃ་ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱོང་བའི་ཡི་གེ་ནི༔ རྃ་འཕྲོས་དངོས་འཛིན་བག་ཆགས་སྲེག༔ ཡྃ་འཕྲོས་གཟུང་འཛིན་འཁྲུལ་པ་་གཏོར༔ ཁྃ་འཕྲོས་མི་གཙང་འབག་རྩོག་སྦྱངས༔ སྐུ་གསུམ་ཡེ་ཤེས་རོལ་པའི་རྩལ༔ འབྲུ་གསུམ་ནུས་པའི་སྟོབས་ཤུགས་ཀྱིས༔ ཟག་མེད་བདེ་ཆེན་བཅུད་དུ་འཁྱིལ༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ རབ་འབྱམས་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ (ལན་གསུམ་གྱིས་བྱིན་བརླབས་ལ། ཚོགས་ཞིང་སྤྱན་འདྲེན་པ་ནི།)

 ཧཱུྃ་ཧྲཱིཿ   རང་སྣང་དོན་གྱི་འོག་མིན་མཁའ༔   ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔   སྣང་བ་མཐའ་ཡས་སྟོན་འཁོར་བཅས༔   ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔   ལྷོ་ཕྱོགས་རི་བོ་པོ་ཏ་ལ༔   ས་སྤྱོད་དང་ནི་མཁའ་སྤྱོད་ཀྱི༔   ཞིང་ཁམས་ཅིར་ཡང་སྣང་བར་ངོམས༔   དབང་བསྒྱུར་འཇིག་རྟེན་དབང་ཕྱུག་ཆེ༔   འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔   ཡུམ་ཆེན་མཁའ་སྤྱོད་དབང་མོ་ཆེ༔   དཔག་ཡས་སྤྲུལ་པའི་སངས་རྒྱས་དང་༔   བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས༔   ཚོགས་ལ་སྤྱན་འདྲེན་གཤེགས་སུ་(17ན)གསོལ༔   ལྷུན་གྲུབ་རོལ་པའི་ཀློང་ཆེན་ནས༔   རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔   སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ༔   ཚོགས་ལ་སྤྱན་འདྲེན་གཤེགས༴   གཞན་ཡང་གནས་གསུམ་དབང་མཛད་པའི༔   རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔   བཀའ་སྲུང་ཆོས་སྐྱོང་དམ་ཅན་ཚོགས༔    ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔   བཛྲ་ས་མ་ཡ་ཛཿཛཿ   (ཞེས་སྤྱན་དྲངས་ནས།   ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།)  ཧོཿ    འཕགས་མཆོག་ཐུགས་རྗེ་ཆེན་པོ་དང༔    རྩ་གསུམ་དམ་ཅན་རྒྱ་མཚོ་ལ༔   ཛ་གད་སྐྱེམས་དང་རོ་བརྒྱའི་ཟས༔   ཞལ་ཟས་ཚོགས་ཀྱི་མཉེས་མཆོད་འབུལ༔   ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔   སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔   (བར་བ་བཤགས་པ་ནི།)  ཧཱུྃ༔    བདག་གི་ཚེ་རབས་ཐོག་མེད་ནས༔    སྒོ་གསུམ་མ་རིག་དབང་གྱུར་བས༔    ལས་ཉོན་སྡིག་དང་དམ་ཉམས་ཀུན༔   ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔   (ཞེས་དང་།   ཡི་གེ་བརྒྱ་པ་བཟླ།   ཐམ་བསྒྲལ་བསྟབ་ནི།   ལིངྒ་ལོགས་སུ་བཅས་པའམ་མེད་ན་ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ནས།)   བདག་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར་(པར་བསམ་ལ།)   ན་མོ།   དཀོན་(17བ)མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུ་ཅིག   །ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ    ཛཿཧཱུྃ་བཾ་ཧོཿ   (ཞེས་དགུག་བསྟིམ་བྱས་ཏེ།   ཕུར་བུས་གདབ་ཅིང་།)   ཧཱུྃ༔   ཐུགས་རྗེ་ཆེན་པའི་སྟོབས་དང་ཤུགས༔   ཡེ་ཤེས་རྡོ་རྗེས་སྒྲིབ་གཉིས་བཅོམ༔   བདག་ལྟའི་རཱུ་ཏྲ་འཁོར་བའི་བླ༔   བདག་མེད་མཉམ་ཉིད་ཆེན་པོར་བསྒྲལ༔   མ་ཏྲཾ་རཱུ་ཏྲ་པྲ་བེ་ཤ་ཡ་ཕཊ༔    (ཅེས་བསྒྲལ་བའི་སྙིགས་མ་འདོད་ཡོན་གྱི་ཕུང་བོར་སྤེལ་ནས།)   ཧཱུྃ༔    མཉམ་པ་ཉིད་ཀྱི་ཞལ་ཕྱེས་ཤིག༔   གཉིས་སྣང་གཟུང་འཛིན་རཱུ་ཏྲ་དང་༔   རེ་དོགས་མཚན་མར་འཛིན་པའི་འདྲེ༔   ཡུལ་མེད་ཟང་ཐལ་ཆེན་པོར་རོལ༔   དུ་ཏྲི་རུ་དྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔    (ཞེས་བསྟབས་པས་དགྱེས་པར་མོས།   ཚོགས་ལ་རོལ་པ་ནི།   ལས་ཀྱི་རྡོ་རྗེས་དམ་རྫས་རྣམས་བཏེགས་ལ།)   ཧོཿ    ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ།   །(ཞེས་དྲངས།   ལེན་པ་པོས།)  ཨ་ལ་ལ་ཧོཿ   (ཞེས་བླངས་ལ།   བཟའ་བའི་དམ་ཚིག་ནང་གི་སྲེགས་བླུག་ཏུ་ལོངས་སྤྱོད་ནས།)   ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ།   །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས།   །བདག་གཞན་འགྲོ་བ་མ་ལུས་པ།   །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག   །(ཅེས་སྨོན་ལམ་དང་།   ལྷག་མ་གཏོང་བ་ནི།   ལྷག་མ་(18ན)བསྡུས་པའི་སྟེང་དུ་དཀྱིལ་འཁོར་གྱི་ལྷག་མའང་བསྣན་ཏེ་ཛ་གད་ཀྱི་ཁ་ཕྲུ་བཏབ་ལ།)   ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ(ས།)   ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་(བསམ།)   ཨེ་ཨཱ་རལླེ་ཧྲིཾ་ཧྲིཾ་ཕེཾ་ཕེཾ།   (ཞེས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྱན་དྲངས་ནས།)  ཧཱུྃ༔   སྔོན་གྱི་བསྐལ་པ་དང་པོ་ལ༔   བདེ་གཤེགས་སྤྱི་དཔལ་ཆེན་པོ་ཡི༔   སྤྱན་སྔར་ཁས་བླངས་དམ་མནོས་པའི༔   བཀའ་དང་བསྟན་སྲུང་དྲེགས་པ་ཅན༔    མ་ལུས་འདིར་གཤེགས་ལྷག་ལ་རོལ༔   ཟབ་གསང་གཉན་པོའི་བསྟན་པ་དང་༔   བསྟན་འཛིན་སྐྱེས་བུའི་སྡེ་སྐྱོངས་ལ༔   དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔    བཀའ་དམ་གཉན་པོ་དཔང་བཙུག་གོ༔   མ་འདའ་བཛྲ་ས་མ་ཡ༔   སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧིཿ     ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔   (ཞེས་རོལ་མོ་དང་བཅས་པས་ཕྱི་རོལ་དུ་བསྐྱལ་ལོ།   །གཉིས་པ་གཏོར་མ་འབུལ་བ་ལ།   ཐོག་མར་ལྷ་ཚོགས་རྣམས་ཐུགས་དམ་བསྐུལ་བ་ནི།)  ཧཱུྃ་ཧྲཱི༔   བཞེངས་ཤིག་འཕགས་མཆོག་ཐུགས་རྗེའི་ལྷ༔   ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས་༔    གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔   སྤྲུལ་དང་ཡང་སྤྲུལ་དཔག་མེད་པ༔   འགྱེད་ཅིང་གདུལ་དཀའ་འདུལ་དུ་གསོལ༔   ཁྱོད་ཀྱི་བཀའ་སྡོད་སྤྲུལ་(18བ)པའི་འཁོར༔   ཡེ་ཤེས་འཇིག་རྟེན་ལྷ་སྲུང་མ༔   ཀུན་ཀྱང་ཐུགས་དམ་གནད་ནས་བསྐུལ༔   ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔   མ་འདའ་བཛྲ་ས་མ་ཡ༔   (ཞེས་བསྐུལ།   གཏོར་མར་སྨན་རཀ་སྦྲན་ཅིང་བྱིན་གྱིས་བརླབས་ལ།)    ཧཱུྃ་ཧྲཱིཿ    སྔོན་ཚེ་འོག་མིན་ཞིང་ཁམས་ནས༔   སྟོན་པ་ཀུན་ཏུ་བཟང་པོ་ཡིས༔   འཁོར་འདས་དག་མཉམ་རོལ་པའི་ཚེ༔   རིག་རྩལ་ཡེ་ཤེས་ཀློང་རྒྱས་བཏབ༔   རི་བོ་མ་ལ་ཡ་ཡི་རྩེར༔   དཔལ་ཆེན་རྡོ་རྗེ་འཆང་དབང་པོས༔   གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔   བཀའ་སྲུང་དྲེགས་པ་ཕོ་མོ་རྣམས༔   དབྱིངས་ལས་སྤྲུལ་ཞིང་དམ་རྒྱས་བསྡམས༔   བར་དུ་རྒྱ་བལ་བོད་ཡུལ་དུ༔   ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔   ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔   བཀའ་སྲུང་ཆོས་སྐྱོང་ལྷ་སྲིན་ཚོགས༔   དམ་ལ་བཏགས་ཤིང་བཀའ་གཉན་བསྒོས༔    བསྟན་པ་བསྲུང་བའི་གཉེར་ཁ་གཏད༔   བསྟན་དགྲ་བསྒྲལ་བའི་དབང་ཡང་བསྐུར༔   དམར་གྱི་གཏོར་མ་བརྔན་དུ་བཞག༔   ཐ་མ་དོན་གྱི་འོག་མིན་མཁར༔   ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔   འཁོར་འདས་འུབ་ཆུབ་རོལ་པའི་ཚེ༔   རང་རྩལ་སྲིད་པའི་ལྷ་སྲིན་སྡེ༔   ཆོས་ཉིད་ཆེན་པོར་རྒྱ་ཡིས་བཏབ༔   འདོད་ཡོན་རྣམ་(19ན)དག་བརྔན་དུ་བཞག༔   བསྟན་པ་བསྲུང་བའི་དམ་རྒྱས་བསྡམས༔   ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔   སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་གྱིས༔   ཡེ་ཤེས་རོལ་པའི་ལྷར་སྣང་བཀོད༔    མཆོག་གི་དངོས་གྲུབ་དོན་དུ་གཉེར༔   བཀའ་སྲུང་དྲེགས་པའི་སྡེ་ཚོགས་ལ༔   བདག་ལྟའི་རཱུ་ཏྲ་བསྒྲལ་བ་ཡི༔   ཤ་ཁྲག་དམར་གྱི་གཏོར་མ་བཤམས༔   འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔    ཡེ་ཤེས་པ་དང་འཇིག་རྟེན་གྱི༔   རོལ་རྩལ་བཀའ་སྲུང་ཆོས་སྐྱོང་དང་༔    སྡེ་བརྒྱད་ལྷ་འདྲེ་དྲེགས་བ་ཅན༔   མ་ལུས་འདིར་གཤེགས་གཏོར་མ་ལོངས༔   ནད་གདོན་བར་ཆད་ཞི་བ་དང་།   ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔   ཁམས་གསུམ་དབང་དུ་བསྡུད་པ་དང་༔   དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔    ཁྱད་པར་ཟབ་གསང་མཁའ་འགྲོ་ཡི༔   སྙིང་ཐིག་བསྟན་དང་བསྟན་འཛིན་སྐྱོངས༔   བསྟན་པའི་མངའ་ཐས་འཕེལ་རྒྱས་མཛོད༔   བསྟན་དགྲ་སྡེ་དང་བཅས་པ་རྣམས༔   རྗེས་ལྷག་མེད་པར་རྡུལ་དུ་རློག༔   བཀའ་དམ་གཉན་པོའི་ཁྲིམས་དེ་ཀ༔   མ་འདའ་བཛྲ་ས་མ་ཡ༔    (ཞེས་ཐ་ཚིག་བསྒྲགས་ཏེ་ཆད་ཐོའི་གཏོར་མ་དེ་ཉིད་ཟོར་དུ་བསྐུལ་བ་ནི།)   ཧཱུྃ༔    དཀོན་མཆོག་གསུམ་དང་རྩ་བ་གསུམ༔   བཀའ་སྲུང་དམ་ཅན་(19བ)དབྱིངས་ནས་བཞེངས༔   ཐོགས་མེད་མཐུ་དང་སྟོབས་ཤུགས་ཕྱུངས༔    བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔   བསམ་སྦྱོར་ངན་པས་རྒོལ་བ་ཡི༔   དགྲ་བགེགས་གནོད་བྱེད་ཐམས་ཅད་ཟློག༔   འཁོར་བ་མྱང་འདས་ཆེན་པོར་ཟློག༔   གཟུང་འཛིན་བདག་མེད་སྟོང་པར་ཟློག༔   སྡུག་བསྔལ་བདེ་བ་ཆེན་པོར་ཟློག༔   སྐྱེ་བ་ནམ་མཁའི་རྡོ་རྗེར་ཟློག༔   རྒ་བ་གཞོན་ནུ་བུམ་སྐུར་ཟློག༔   ན་བ་ཟག་མེད་བདེ་བར་ཟློག༔   འཆི་བ་འོད་གསལ་ཆོས་སྐུར་ཟློག༔   ཐམས་ཅད་དག་མཉམ་ངང་དུ་ཟློག༔   ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔   (ཅེས་ཟོར་དུ་འཕང་ངོ་།   །གསུམ་པ་བརྟན་མ་བསྐྱང་བ་ནི།   གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་གཏོར་མར་བྲན་ཅིང་།)   ཨོཾ་ཨཱཿཧཱུྃ་(གིས་བརླབས་ནས།)    ཧཱུྃ་བྷྱོ༔    དཔལ་གྱི་བཀའ་ཉན་མ་སྲིང་སྡེ༔   དབང་ཕྱུག་འབར་མ་གིང་ལང་ཀ༔   བརྟན་མ་ཡ་མ་སྐྱོང་མའི་ཚོགས༔   མ་ལུས་བཤལ་ཆུའི་གཏོར་མ་ལོངས༔    སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་གྱི༔   ཕྲིན་ལས་སྒྲུབས་ལ་རོག་དན་མཛོད༔   ཕྱི་ནང་གསང་བའི་བར་ཆད་ཟློག༔   དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔    མ་བྷྱོ་ཛ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔    (ཞེས་གཏོར་མ་གཙང་སར་བུལ།   བཞི་པ་རྟ་བྲོ་བརྡུང་བ་ནི།   གཏོར་གཞོང་ཁ་(20ན)སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ་རྡོ་རྗེའི་རྒྱས་བཏབ་ནས།)  ཧཱུྃ༔   སྟོང་ཆེན་དབྱིངས་ཀྱི་བྲུབ་ཁུང་དུ༔   མ་རིག་ལོག་འདྲེན་དམ་སྲི་བྲུབ༔   ཡེ་ཤེས་རོལ་པའི་རྟ་བྲོ་བརྡུང་༔   བདག་མེད་ཆོས་ཉིད་ངང་དུ་མནན༔   བྱང་ཆུབ་བར་དུ་མ་ལྡང་ཞིག༔   སྐུ་བཞི་ཡེ་ཤེས་ལྔ་ཡི་རྒྱ༔   དུ་ཏྲི་རུ་དྲ་མཱ་ར་ཡ་ནན༔   སྟྭཾ་བྷ་ཡ་ནན༔    (ཞེས་བྲོ་བརྡུང་ངོ་།   །ལྔ་པ་དངོས་གྲུབ་བླང་བ་ནི།)   ཧྲཱིཿ    མགོན་པོ་ཐུགས་རྗེའི་དབང་ཕྱུག་དགོངས༔   སྒྲུབ་པའི་རྣལ་འབྱོར་བདག་ཅག་གི༔   ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔   བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐིམས༔   རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔   དངོས་གྲུབ་སྩོལ་བའི་དུས་ལ་བབ༔    གསང་གསུམ་རྡོ་རྗེའི་ཀློང་མཛོད་ནས༔   དབང་དང་དངོས་གྲུབ་ཡེ་ཤེས་གཏེར༔   མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔    ད་ལྟ་ཉིད་དུ་ཐོབ་པར་སྩོལ༔   ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ    ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྔྷི་ཕ་ལ་ཧཱུྃ་ཨཱཿ   (ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་དངོས་གྲུབ་བླང་ངོ་།   །དྲུག་པ་དཀྱིལ་འཁོར་བསྡུ་བ་ནི།   གཏང་རག་གི་དོན་དུ།)  ཨོཾ།   དངོས་འབྱོར་ཡིད་ལས་བྱུང་བ་ཡི།   །(སོགས་ཀྱིས་མཆོད་ཅིང་།)ཧྲཱིཿ    དམིགས་མེད་སྤྲོས་བྲལ་ཆོས་དབྱིངས་ལས།   །(སོགས་ཀྱིས་བསྟོད།)   ཧོཿ    དཀྱིལ་འཁོར་ལྷ་ཚོགས་སྲུང་མར་བཅས༔   མ་ལུས་(20བ)བདག་ལ་དགོངས་སུ་གསོལ༔    བདག་ནི་འཁོར་ཚེ་ཐོག་མེད་ནས༔   ལས་དང་ཉོན་མོངས་དབང་གྱུར་པས༔   སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཀུན༔   མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔   དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔    (ཞེས་དང་ཡི་གེ་བརྒྱ་བ་བཟླས་པས་ནོངས་པ་བཤགས།   རྟེན་ཡོད་ན།)   འདིར་རྟེན་དང་ལྷན་ཅིག་ཏུ།   །(སོགས་ཀྱིས་ཡེ་ཤེས་པ་བརྟན་བཞུགས་བྱ།   རྟེན་མེད་པའམ་རྡུལ་ཚོན་དང་འབྲེལ་ཉིན་ཐ་མའི་ཚེ།)  ཨོཾ།   ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།   །(སོགས་ཀྱིས་ཡེ་ཤེས་པ་གཤེགས།   དམ་ཚིག་གི་དཀྱིལ་འཁོར།)   རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ།   གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ།   འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ་ཐིམ།   ཡུམ་ཡབ་ལ་ཐིམ།   ཡབ་ཐུགས་ཀའི་ཧྲཱིཿལ་ཐིམ།   དེ་གྱེན་རྫོགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག    །(སླར་ཡང་།)   ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ   (ཞེས་ཡི་གེ་བདུན་པའི་སྒྲས་ཐུན་མཚམས་ཀྱི་ལྷར་ལྡང་།   བདུན་པ་བསྔོ་སྨོན་ནི།)  ཧོཿ   བདག་གིས་འདི་དང་དུས་གསུམ་དུ༔   བསོད་ནམས་དགེ་རྩ་ཅི་བསགས་པ༔   འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ༔    རྣམ་གྲོལ་སྐུ་གསུམ་ཐོབ་པར་ཤོག༔   (ཅེས་དང་།   གཞན་ཡང་།)   བླ་མ་ཡི་(21ན)དམ་ལྷ་ཚོགས་དགོངས་སུ་གསོལ།   །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་།   །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས།   །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།   །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།   །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་།   །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན།   །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག    །   དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན།   །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ།   །དཀའ་བ་མེད་པར་རིག་འཛིན་གོ་འཕང་བསྒྲོད།   །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག   །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དག་བ་དེར།   །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས།   །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ།   །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག    །   དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས།   །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས།   །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་།   །སེམས་ཅན་རྣམས་ལ་ཕན་པ་མང་བྱེད་ཤོག   །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་།   །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ།   །མ་ལུས་སྐྱེ་རྒུའི་འགལ་རྐྱེན་(21བ)ཀུན་ཞི་ཞིང་།   །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག   །(ཅེས་དགེ་རྩ་བསྔོ་ཞིང་སྨོན་ལམ་ཁྱད་པར་ཅན་གདབ།   བརྒྱད་པ་ཤིས་བརྗོད་བྱ་བ་ནི།   མེ་ཏོག་ཆར་དུ་བསྙིལ་ལ།)   ཧཱུྃ༔   ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས༔   སྐྱེ་མེད་ཆོས་སྐུའི་བཀྲ་ཤིས་ཤོག༔   ལྷུན་གྲུབ་བདེ་ཆེན་རོལ་པའི་དཔལ༔    འགགས་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔    ཀུན་ཁྱབ་ཐུགས་རྗེའི་བདག་ཉིད་ཆེ༔    ཕྱོགས་མེད་སྤྲུལ་སྐུའི་བཀྲ་ཤིས་ཤོག༔   (ཅེས་དང་།   གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ།)   །   གངས་ཅན་ལྷ་སྐལ་འཕགས་མཆོག་བསྒྲུབ་པའི་ཐབས།   །ངོ་མཚར་ཟབ་གཏེར་རྒྱ་མཚོ་ལས་ཐོན་པ།   །གུ་རུའི་ཞལ་ལུང་དྲི་མེད་ཟླ་ཤེལ་དབང་།   །མ་ནོར་ཁྲིགས་བསྡེབས་ཀུན་གསལ་ལམ་དུ་དྲངས།   །འདི་ལས་བྱུང་བའི་བསོད་ནམས་འོད་དཀར་གྱིས།   །སྲིད་པའི་མུན་ནག་འཐུག་པོ་མཐར་བྱས་ཏེ།   །ཡང་དག་སྣང་བ་གསལ་དང་ལྷན་ཅིག་པར།   །ཕན་བདེའི་ཀུནྡ་རྟག་ཏུ་བཞད་གྱུར་ཅིག   །སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྩལ་ཆེན་རྫོགས།   །གཞན་ཕན་རྒྱལ་སྲས་སྤྱོད་པ་མཐའ་རུ་ཕྱིན།   །ཕྱོགས་མཐར་ཟབ་ཆོས་འདི་ཡི་ཕྲིན་ལས་ཀྱིས༔    །   འཁོར་བ་མ་སྟོངས་བར་དུ་དོན་བྱེད་ཤོག   །(22ན) (དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་འདི་ནི་གཏེར་གཞུང་རྩ་བའི་དགོངས་པར་གསང་བ་སྤྱི་ལ་འཇུག་པའི་ཆོ་གའི་ཡན་ལག་དག་གིས་མི་འགལ་བར་བརྒྱན་ཏེ།   གཏེར་ཆེན་རིག་འཛིན་བླ་མའི་མཚན་གྱི་བྱིན་རླབས་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉི་ཤུར་སོན་པ་ཆུ་མོ་ཕག་གི་ལོའི་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོར་འཕགས་པའི་བསྟི་གནས་ཆོས་འཁོར་དཔལ་གྱི་ལྷ་སའི་སྐྱེད་ཚལ་དུ་སྦྱར་བ་འདིས་ཀྱང་འགྲོ་ཀུན་འཕགས་མཆོག་མིག་མི་འཛུམ་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག།   སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།།   །།)