DJYD-KABUM-20-WA-030

From Dudjom Wiki
Revision as of 08:25, 23 July 2024 by Mort (talk | contribs)

DJYD-KABUM-20-WA-030
Wylie title DJYD-KABUM-20-WA-029.pdf
Location bdud 'joms rin po che bka' 'bum
Volume 20, Text 29, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: . Kalimpong: Dupjung Lama, 1979-1985.
Side notes Recto: thob yig  
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
(257ན)ཨོཾ་སྭསྟི། ཀུན་མཁྱེན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་ཞབས་སྐྱོང་བ་པོ་གླིང་གཏེར་པདྨ་བཞད་པ་རྩལ་གྱི་དགོངས་གཏེར་པདྨ་མཁའ་འགྲོའི་ཐུགས་ཐིག་གི་སྐོར་ཐོབ་པ་ལ། དབང་ཁྲིད་ལུང་གསུམ་གྱི། དང་པོ་རྩ་བའི་དབང་ཆེན་ཁྲིགས་བསྡེབས་པདྨ་རཱ་གའི་ཕྲེང་མཛེས་ལྟར་ཕྱི་ནང་གི་འཇུག་ཆོས་སྔོན་དུ་འགྲོ་བས་དངོས་གཞི་དབང་བཞི་ཡོངས་རྫོགས། ཐུན་མོང་ཚེའི་རྗེས་གནང་། བྱིན་རླབས་གཏོར་མའི་དབང་བསྐུར་བཅས་ཀྱིས་སྨིན་པར་མཛད་ནས། ཁྲིད་ལ། སྔོན་འགྲོའི་དམིགས་རིམ། ལས་བྱང་བསྙེན་དམིགས། ཚེ་སྒྲུབ་བསྙེན་དམིགས་བཅས་ཤར་ཁྲིད་དུ་ནོས། ལུང་ལ། སྔོན་འགྲོ་ཐར་པའི་མྱུར་ལམ། ཕྲིན་ལས་ཁྲིགས་བསྡེབས་འཆི་མེད་མཆོག་སྦྱིན། རིག་འཛིན་བརྒྱུད་པའི་གསོལ་འདེབས། བགེགས་བསྐྲད་མཚམས་གཅོད་ཟུར་བྱང་། མདུན་བསྐྱེད་ལོགས་སུ་བཀོད་པ། ཚེ་ཡུམ་ཙཎྜ་ལིའི་སྒྲུབ་སྐོར། གྷ་ན་ཙཀྲའི་ཆོ་ག །གྷ་ན་ཙཀྲའི་ལྷག་ཆོག །རྒྱུན་གྱི་རྣལ་འབྱོར། ཚོགས་བསྡུས་སྙིང་པོའི་བཅུད་དྲིལ། ཟློག་སྒྱུར་གནམ་ལྕགས་(257བ)འཁྲུལ་འཁོར། མཆོད་ཕྲེང་འབྲིང་པོ། བྲིས་སྐུ་མཐོང་བ་དོན་ལྡན། རྒྱན་མཆོག་བརྒྱ་ཕྲག །སྲོག་འཁོར་བྲི་ཡིག་ཨུ་པ་དེ་ཤ ། ཚེ་འཁོར་རྡོ་རྗེ་ཕ་ལམ། བདག་འཇུག་དངོས་གྲུབ་ཆུ་རྒྱུན། ཚེ་དབང་བདག་འཇུག །མཆོག་དབང་རྣམ་གསུམ་གྱི་བདག་འཇུག །དཀྱིལ་ཆོག་པདྨ་རཱ་གའི་དྲྭ་ཕྱེད། སྒྲུབ་ཁོག་པདྨ་རཱ་གའི་དྲྭ་བ། སྲེག་བླུག་ཡེ་ཤེས་མེ་ལྕེ། རྩ་དབང་སྟ་གོན། ཚེའི་དབང་བསྐུར་ཟབ་མོ། ཚེའི་དབང་བསྡུས་བདུད་རྩིའི་ཐིག་པ། གཏོར་དབང་དགོས་འདོད་ཀུན་འབྱུང་། ཚོགས་གླུ་བཟང་པོ་བརྒྱ་ལྡན། བཀའ་གཏེར་སྲུང་མའི་གསོལ་མཆོད། སྲུང་མའི་གསོལ་བསྡུས། སད་སྲུང་བའི་ལས་ཚོགས། བུདྡྷ་ཙཎྜའི་བྱབ་ཁྲུས་བཅོས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྣང་མཐའ། ཙཎྜ་ལི། པདྨ་སམྦྷ་ཝ། གཉིས་ཀས་པདྨ་འོད་གསལ་མདོ་སྔགས་གླིང་པ། གླིང་གཏེར་པདྨ་བཞད་པ་རྩལ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ།། །།