DJYD-KABUM-22-ZA-040

From Dudjom Wiki
Revision as of 09:17, 24 July 2024 by Mort (talk | contribs)

DJYD-KABUM-22-ZA-040
Wylie title
Location bdud 'joms rin po che bka' 'bum
Volume 22, Text 40, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: . Kalimpong: Dupjung Lama, 1979-1985.
Side notes Recto: zin bris  
More details More details
Genre Notes - zin bris

[edit]
༄༅། །ཡང་གསང་བདུད་འདུལ་གྲོ་ལོད་ཀྱི་གཏོར་མའི་དཔེའུ་རིས་བཞུགས། །

(1བ)༈ གྲོ་ལོད་ཀྱི་རྩ་གཏོར་གདན་གྲུ་བཞི་དང་། རྩིབས་བརྒྱད་པད་འདབ་བརྒྱད་གྱེན་ལང་བརྩེགས་པའི་སྟེང་ཉི་ཟླའི་ཁར་དཔལ་གཏོར་བརྗིད་ལྡན་རྩ་བཅད་མ་སྟེ། དབང་སྒྲུབ་གང་ལའང་འདྲའོ། ། ཟློག་གཏོར་གྲུ་གསུམ་རྣོ་དབལ་སྲིན་ཞལ་ཅན་འཁོར་རང་འདྲ་བརྒྱད་དང་བཞིས་བསྐོར་བ། མཚེ་ཡུངས་རྩང་དམར་སོགས་ཀྱིས་བརྒྱན་ཅིང་རྩེར་སྲུང་ཟློག་སྐུ་རྟེན་བྱ་ཁྱུང་དར་གུར་དམར་པོས་དབུབ་པ། (2ན)༈ སྡེ་བརྒྱད་ཀྱི་ཟོར་གཏོར། ༈ ཟོར་ཀོང་རྣམས་རང་རང་གི་རྫས་ལྡན།

༈ དྲེགས་པ་སྡེ་བརྒྱད་ཀྱི་མ་མོ་ཆད་གཏོར་གྲུ་གསུམ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་ཅན་ནོ། །