DJYD-KABUM-22-ZA-013

From Dudjom Wiki
Revision as of 08:23, 24 July 2024 by Mort (talk | contribs)

DJYD-KABUM-22-ZA-013
Wylie title DJYD-KABUM-22-ZA-013.pdf
Location bdud 'joms rin po che bka' 'bum
Volume 22, Text 13, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: . Kalimpong: Dupjung Lama, 1979-1985.
Side notes Recto: zin bris  
More details More details
Genre Notes - zin bris
[edit]
༄༅། །སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་གཏོང་ལུགས་ཀྱི་ལག་ལེན་ཟིན་བྲིས་བཞུགས་སོ། །


(1བ)སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་གཏོང་ལུགས་ཀྱི་ལག་ལེན་ཟིན་བྲིས་པ། གང་དུ་བྱ་བའི་སྟེགས་བུ་གྲུ་བཞི་ཁེབས་ལྡན་གྱི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀའ་མ་དོང་སྤྲུགས་ཁྲོམ་དཀྲུག་བཞིན་བྲིས་པ་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་ལྷ་གྲངས་བཀོད། གང་ལྟར་ཡང་དེ་སྟེང་མཉྫིའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་གཟུངས་རྡོར་ཅན། སྤྲོ་ན་ཕྱོགས་བཞིར་བུམ་པ་སོ་སོའི་བཅུད་ལྡན་མགུལ་ཆིངས་རིགས་ཀྱི་ཁ་དོག་ཅན། མཐའ་སྐོར་དུ་ཐུན་མོང་རིག་པའི་དབང་ལྔའི་ཆས་དང་། རིགས་ལྔའི་ཕྱག་མཚན། གསང་ཐོད་ཆོས་སྨན་མངར་གསུམ་ཆང་སྦྱར་གྱིས་བཀང་བའི་ཁ་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པ། མེ་(2ན)(ལོང་སིནྡྷུ་ར་བྱུག་པར་ཆོས་འབྱུང་མཱུྃ་གྱིས་མཚན་པ། ཤེལ་རྡོ། ཞི་ཁྲོ་ཡོངས་རྫོགས་ཀྱི་སྐུ་ཙཀ ཐུབ་དྲུག་ཕྱག་མཚན། དབང་གཏོར་གདན་བང་རིམ་བཞི་བརྩེགས་སྟེང་ཟླུམ་གཏོར་དམར་པོ་པད་འདབ་ཅན། རྒྱན་གཡས་གཡོན་དུ་ཉི་ཟླ་རེ་དང་རྩེ་མོར་རྡོ་རྗེ་ཕྱེད་པ་ཉི་ཟླ་མེ་རི་ཐོད་གཟུགས་བྱས་པ་ལྷ་གྲངས་སམ་བཅུ་ཚར་སོགས་གང་འབྱོར། མཐར་ཉེར་སྤྱོད་ཀྱིས་བསྐོར། འཛོམ་ན་རྒྱན་བཀོད་རྒྱལ་འཕན་བཅས་མཛེས་པ་བསྟར། དེའི་རྒྱབ་ཕྱོགས་ཀྱི་སྟེགས་བུ་མཐོ་བར་བླ་གཏོར་དམར་ཟླུམ་པད་སྦུབས་རིལ་བུ་ཅན། གཡས་སུ་ཞི་བ་སྤྱི་གཏོར་དཀར་པོ་དབྱིབས་དེ་དང་འདྲ་བ་ལ་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར་བ། གཡོན་(2བ)དུ་ཁྲོ་བོའི་དཔལ་གཏོར་དམར་པོ་ལ་མཐེབ་ཀྱུ་ང་བརྒྱད་ཀྱིས་བསྐོར་བ། གཡས་གཡོན་སྨན་རཀ་བཅས་དང་། མདུན་དུ་དམ་ཅན་སྡེ་བདུན་གཏོར་སྤུངས། ཆད་བརྟན། དབང་མོའི་འབུལ་གཏོར་དམར་གཏོར་དཔུང་རང་རྒྱབ་ཀྱི་ལོག་གཡས་གཡོན་དུ་མཐེབ་ཀྱུ་བཅུ་བཞི་རེ་བརྩེགས་པ། ཉེར་སྤྱོད་ཞི་དྲག །སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད་སོགས་དང་། སློབ་དཔོན་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། འབྲུ་བཟེད། ཡུངས་ཐུན། དུང་ཆོས་བཅས། གཞན་ཡང་རོལ་མོའི་བྱེ་བྲག་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ཆོ་ག་དངོས་ལ་ཐོག་མར།)ཧཱུཾ༔ ཨོ་རྒྱན་ཡུལ་གྱི་(སོགས་ཚིག་བདུན་གསོལ་འདེབས་ལན་གསུམ་དང་། འཁྲུངས་རབས་གསོལ་འདེབས་མཐར།) ཨོཾ་ཨཱཿཧཱུཾ། ཐོག་མའི་མགོན་པོ་(སོགས་གཞུང་གི་བརྒྱུད་འདེབས་བཅས་ལྷུག་འདོན།) བདག་ཉིད་སྐད་ཅིག་གིས་(སོགས།) འཛིན་པའི་སྐུར་གྱུར། (རྩེ་གཅིག་རྒྱ་མདུན་གྱི་དུང་ཆོས་ལ་གཏོད་ཚུལ་བྱས་ལ།) ཨོཾ་མ་ཧཱ་ཀྲོ་ངྷི་(སོགས་ལན་ཉེར་གཅིག་མཐར།)ཁྲོ་མོ༴ ཕྲ་རབ་ཏུ་གྱུར། ཨོཾ་མ་ཧཱ་ཀྲོ་ངྷི་(སོགས་ལན་གཉིས་ལ་སློབ་དཔོན་གྱིས་འཐོར་གཡབ་ཀྱིས་བླངས་པའི་བསང་ཆུ་བདག་དང་། གནས་ཁང་ཡོ་བྱད་རྣམས་ལ་འཐོར་ཞིང་། ལས་རྡོར་གྱིས་ཐོར་གཡབ་ཞུས་ཏེ།) རཾ་ཡཾ་ཁཾ་(ལ་གཏོར་མ་དཀར་དམར་གཉིས་ཀར་བསང་ཆུ་འཐོར།)སྟོང་པའི་ངང་ལས༴ ཚོགས་པར་གྱུར། (3ན)ཨོཾ་ཨཱཿཧཱུྃ་(ལ་མཁའ་ལྡིང་རྒྱ། རྡོ་དྲིལ་བླངས་ཏེ།) སྠ་ན་པ་ཏི་ཀྵེ་ཊ་པཱ་ལཉྩ་(སོགས་ལ་པད་སྐོར་གཅིག་ནས་མཛོད་རྒྱ་པད་སྦུབས་སེ་གོལ་བཅས་ལན་གསུམ། ལས་རྡོར་གྱིས་གཏོར་མ་བཏེགས།) གང་དག་འདིར་གནས་(སོགས་ཡོ་སྤྱི་བཞི་དྲིལ།)ཚིམས་བྱོས་ལ༔ འདི་རུ་(སོགས་ལྷུག་ནས།) བྷུ་མི་པ་ཏི་(སོགས་རོལ་འོག་དཀར་བགེགས་ཕྱིར་འབུལ། རྡོ་དྲིལ་སར་བཞག །)བླ་མ་རིག་འཛིན་(སོགས།) ས་མཱ་ཛཿ(ར་བསྡུ་རྒྱ། ཐལ་སྦྱར་བཅས།) ནམ་མཁའི་མཐར་ཐུག་(སོགས་ལྷུག་འདོན།) ཚོགས་ཞིང་རྣམས༴ གྱུར། བཛྲ་མ་ཧཱ་ཤྲཱི༴ བདག་ཉིད་(སོགས།) བརླག་པར་གྱུར། རྡོ་དྲིལ་བླངས་ཏེ། ཧཱུྃ༔ ང་ནི་ལྷ་ཡི་(སོགས་ཡོ་སྤྱི་བཞི་དྲིལ།)ཨུ་ཙཊྚ་ཡ་ཕཊ༔ (རོལ།) ཧཱུྃ༔ རང་ཉིད་ལྷ་ཡི་(སོགས་ཡོ་སྤྱི།)དཔག་མེད་ཀྱིས༔ རབ་ཏུ་(སོགས་ལྷུག་ནས།)མཚོན་ཆ་ལྔའི༴ མི་ཤིགས་པར་གྱུར། (རྡོ་དྲིལ་སར་བཞག །)ཧཱུྃ༔ བསམ་བརྗོད་བྲལ་བའི་(སོགས་ལྷུག །)དུ་མར་གྱུར༔ (འདི་སྐབས་ལས་རྡོར་གྱིས་སྨན་རཀ་དང་ནང་མཆོད་ཀྱི་ཁེབས་བསལ།)ཨོཾ་ཨཱཿཧཱུྃ་སརྦ་པཉྩ་(སོགས་སྨན་རཀ་གཏོར་སྔགས་ལན་གསུམ།)ཨོཾ་བཛྲ་པུཥྤེ་(སོགས་ལ་པད་སྐོར་སེ་གོལ་མེད་པའི་རང་རྒྱ།) ཤཔྡ(ར་རོལ། ཌཱརྐ༣) བདེ་སྟོང་ཡེ་ཤེས་ཀྱི༴ གང་བར་གྱུར། (དྲིལ་པང་གིས།)འདི་ལྟར་སྣང་བའི་(སོགས།) རྣམ་པར་གྱུར། ཧཱུྃ༔ རྟོག་བྲལ་སྒོམ་མེད་(སོགས་ཁྲུས་གདངས།) རྒྱུ་ཡི་(3བ)ཨ་ཡིག་ལས་(སོགས།) གསལ་བར་གྱུར། ཨ་ལས་(སོགས་ཁྲུས་གདངས།) དཀྱིལ་འཁོར་གྱི་(སོགས།) གསལ་བར་གྱུར། ཧཱུྃ༔ བདག་ཉིད་(སོགས་ཡོ་སྤྱི་བཞི་དྲིལ་ལམ་ལྷུག་འདོན་གྱིས། ཚིག་མཇུག་ལྷུག་ནས།)དེ་ལྟར་ཡོངས་སུ་(སོགས།)ངོ་བོར་གྱུར། ཨོཾ་མ་ཧཱ་ཤུ་ནྱ་ཏ་(སོགས་ལ་རིགས་ལྔའི་ཕྱག་རྒྱ་སྤྱི་བོའི་གནས་ལྔར་འཇོག །)ཞེས་རིགས་ལྔ༴ མངོན་དུ་གྱུར། རང་གི་སྙིང་གའི༴ ས་མཱ་ཛཿ(ར་བསྡུ་རྒྱ་ནས་རྡོར་གསར་བཅས།) ཧཱུྃ༔ དཔེ་མེད་བསམ་བརྗོད་(སོགས་ཡོ་སྤྱི་བཞི་དྲིལ།) གནས་འདིར་སྤྱོན༔ རྣལ་འབྱོར་(སོགས་ལྷུག་གིས་དྲིལ་གསིལ་བཅས་རྡོ་རྗེ་ནང་འདྲེན་ནས་རོལ། ཌཱརྐ༣) ཧཱུྃ༔ སྒྱུ་མ་གཟུགས་བརྙན་(སོགས་ཡོ་སྤྱི་བཞི་དྲིལ།) ཛཿཧཱུྃ་བྃ་ཧོཿ(ར་རང་རྒྱ།) དམ་ཚིག་གི༴ བཞུགས་པར་གྱུར། (ཅེས་རྡོ་དྲིལ་སར་བཞག །)གཙོ་བོའི་ཐུགསཀ་ནས༴ འཇུག་པར་གྱུར། (ཐལ་སྦྱར་བཅས།) ཧཱུྃ༔ ཡིད་ཆོས་གནས་དག་(སོགས་ལྷུག །)པྲ་ཏཱིཙྪ་ཧོཿ (ཞེས་བསྐུལ་མཚམས།) སྲིད་པར་གཏོགས་པའི་(སོགས་ཡོ་སྤྱི་ཐལ་སྦྱར།)ཨོཾ་ཨཱཿབཛྲ་པུཀྵེ་(སོགས་ལ་པད་སྐོར་རང་རྒྱ་སེ་གོལ་དང་།) ཤཔྡ(ར་རོལ། ཌཱརྐ༣) ཧཱུྃ༔ བླ་མ་ཀུན་བཟང་(སོགས་ཡོ་སྤྱི་ཐལ་སྦྱར།) བཛྲ་རཱུ་པ་(སོགས་ལ་པད་སྐོར་རང་རྒྱ་སེ་གོལ་དང་།) ཤཔྡ(ར་རོལ་བཞི་བརྡེག །རྡོ་དྲིལ་བཅས།) ཧཱུྃ༔ སྣང་བ་ཡབ་ལ་(སོགས་ཡོ་སྤྱི་བཞི་དྲིལ། སྨན་མཆོད་སྐབས་སློབ་དཔོན་གྱིས་ནང་མཆོད་དང་ལས་རྡོར་གྱིས་སྨན་སྣོད་བཏེགས་ལ་སྦྲེང་། བརྒྱུད་མཆོད་ལྷུག །རཀྟའི་མཆོད་པ་ནས་ཡོ་སྤྱི་བཞི་དྲིལ།) བ་ལིཾ་ཏ་ཁ་རཾ་ཁཱ་ཧིཿ (ཞེས་(4ན)དྲིལ་གསིལ་གྱིས་བཅད། སྤྱི་ཕྱག་དྲིལ་སྟབས་ཀྱིས།)ཧཱུྃ༔ སྐུ་ནི་མི་འགྱུར་(སོགས་སྤྱི་གདངས་དང་། ཤློ་ཀ་རེར་རིགས་ལྔའི་སྤྱི་ཕྱག་རེ་འགྲོ་བའི་དྲིལ་སྟབས།)དམ་ཅན་རྒྱ་མཚོའི་(སོགས་ཚིག་མཇུག་ལྷུག་ནས་རྡོར་དྲིལ་སར་བཞག །)བྷྲཱུཾ་བི་ཤྭ༴ དམ་ཚིག་གི༴ སད་པར་གྱུར། བོ་ངྷི་ཙིཏྟ(འི་བཟླས་པ་སོང་རྗེས། ༡༠༠༠) ཕཊ་ཛཿ བདག་ཉིད་དཀྱིལ་འཁོར་གྱི༴ བཞུགས་པར་གྱུར་(སོགས་ལ་ལས་རྡོར་གྱིས་མེ་ཏོག་འཐོར་བ་སྔོན་དུ་འགྲོ་བས་པད་སྐོར་གྱིས་གཟུངས་ཐག་བླངས་ཏེ་སློབ་དཔོན་ལ་ཕུལ་བ་དེས་ཀྱང་དེ་བཞིན་བླངས་ནས་གཡོན་པའི་མཐེབ་སྲིན་སྦྱར་བས་སྙིང་གར་བཟུང་བཞིན་ཞི་ཁྲོའི་སྤྱི་སྔགས་བཟླས་མཐར། ༡༠༠ ལས་རྡོར་གྱིས་དུང་ཞལ་གྱི་དྲི་ཆུ་རྣམ་བུམ་དུ་བླུགས་ལ།) ཨོཾ་ཨཱཿཧཱུཾ་ལྷ་ཐམས་ཅད༴ གཅིག་ཏུ་གྱུར། ཁྲུས་བུམ་གྱིཟ བུམ་པ་གང་བར་གྱུར། (ཡིག་བརྒྱ་དང་༢༡ ཁྲུས་བདུན་གྱི་རིགས་པ་༧བཟླས་མཐར་ལས་རྡོར་གྱིས་སྔར་བཞིན་གཟུངས་ཐག་ཞུས།) ཡི་གེའི་འཁོར་ལོ༴ ནུས་ལྡན་དུ་གྱུར། དཀྱིལ་འཁོར་གྱི༴ བསྒྲལ་བར་གྱུར། (ཞི་ཁྲོའི་སྤྱི་སྔགས་ཡིག་བརྒྱ་ལས་སྔགས་སྦྲེལ་བ་༧བཟླས་ལ་བྲབ་རྫས་བསྐོར་མཐར།)དངོས་སུ་འབྱོར་དང་(སོགས་ལྷུག་གིས།) ཨོཾ་བཛྲ་ཨརྒྷཾ་(ལ་པད་སྐོར་རང་རྒྱ།) ཤཔྡ(ར་རོལ། ཌཱརྐ༣) བརྗོད་མེད་ཤེས་རབ་(སོགས་ལྷུག །)ཕྱག་འཚལ་བསྟོད། (དྲིལ་གསིལ་) ། ཡེ་ནས་གཉིས་མེད་(སོགས་(4བ)སྦྲེལ་ཏེ།)བཟོད་པར་གསོལ། །(སྔགས་རེ་བཞིན་མེ་ཏོག་འཐོར་ཞིང་དྲིལ་གསིལ་དང་བཅས་)ཨོཾ་བཛྲ་ས་མ་(སོགས་ནས་ཡིག་བརྒྱའི་མཐར།) ཨོཾ། རྡོ་རྗེ་ཡེ་ཤེས་(སོགས་གཞན་ལ་དབང་བསྐུར་སྐབས་ལས་སྔགས་གསོའི་སྐབས་མི་དགོས།)སྣང་གྲགས་རིག་གསུམ་(སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་གུང་ལ་༽)ཨོཾ། ཡེ་ཤེས་སྐུ་མཆོག་(སོགས་ལྷུག་འདོན།) བཟོད་པར་གསོལ། །(མཎྜལ་སྐབས་ལས་རྡོར་གྱིས་ཚོམ་བུ་འགོད། ཐལ་སྦྱར་བཅས།) ཀྱེ་མ་བླ་མ་(སོགས་ལན་གསུམ་ལྷུག །)དུས་གསུམ་སངས་རྒྱས༴ སྩལ་དུ་གསོལ། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་(སོགས་ལྷུག་འདོན་ལན་གསུམ།)བླ་མ་ཀུན་བཟང་(སོགས་སྡོམ་བཟུང་རྣམས་ལ་ཁྲུས་གདངས་སམ་ལྷུག །རྡོ་དྲིལ་ལེན།) ཧཱུྃ༔ འདི་ནི་དམ་ཚིག་(སོགས་ལྷུག་གིས་རྡོ་རྗེ་མགོར་བཞག །སློབ་དཔོན་ནས་ནང་མཆོད་བདུད་རྩི་ལྕེ་ལ་བཞག་ཅིང་།) ཧཱུཾ༔ དམ་ཚིག་བདུད་རྩི༴ (རྡོ་རྗེ་སྙིང་གར་བཟུང་སྟེ།) ཧཱུྃ༔ འདི་ནི་ཡེ་ཤེས་སེམས༴ གཉིས་ལྡན་ཐོབ༔ བི་ཤྭ་བཛྲ་རོལ(རྐ༣)(འདི་ནས་དྲིལ་པང་གིས།) སློབ་བུས་ཚེ་རབས༴ གསལ་བར་གྱུར། (བསྐུལ་མཚམས།) སློབ་དཔོན་གྱི་ཐུགས་ཀ༴ སྥ་ར་ཎ་ཕཊ༔ སློབ་དཔོན་གྱི༴ བཅུར་གྱུར། ཨོཾ་སུ་ར་ཏ་(ལ་ཐལ་མོ་སྦྱར།) བཛྲ་ཨཉྫ་ལིར་(སོར་མོ་བསྣོལ།)བཛྲ་བྷནྡྷ་(ལ་སོར་མོ་བསྡམ།)(5ན)ན་མོ་དཀོན་མཆོག་གསུམ༴ པྲ་བེ་ཤ་ཡ་ཕཊ་(ལ་ཐལ་མོ་སྤྲུགས།) སློབ་དཔོན་གྱི་ཐུགས་ཀ༴ ཨོཾ་ད་ཧ་ད་ཧ་(སོགས་ལ་སློབ་དཔོན་གྱིས་བྱེ་ཡུངས་བྲབ།) ཀྱེ་མ་ཀྱི་ཧུད་(སོགས་ལྷུག །)མི་སྦེད་དོ། །བུ་འདིར་ཤོག་ཅིག་(སོགས་ལྷུག །)སྦྱིན་པར་བྱ། །(ཁྲུས་བུམ་བཏེགས་ལ།) འདི་ནི་བཟོད་པའི་རང་བཞིན་(སོགས་སྤྱི་གདངས་སློབ་དཔོན་ནས་ཁྲུས་བུམ་གྱིས་མེ་ལོང་དུ་བཀྲུ་མཐར་ཕྱེད་རོལ།)རིགས་ཀྱི་བུ༴ སྭཱ་ཧཱ། (རྡོ་དྲིལ་བཅས་རྣམ་བུམ་བཏེགས་ལ།) ཧཱུྃ༔ ཀུན་བཟང་ཡབ་ཡུམ་(སོགས་སྤྱི་གདངས་བཞི་དྲིལ།) བྲལ་བར་ཤོག༔ ཧཱུྃ༔ ཚ་གྲང་སྐྱོབ་བྱེད༴ བྲལ་བར་ཤོག༔ དུ་ད་ཧ་སོགས་(ལ་སློབ་དཔོན་ནས་རྣམ་བུམ་དང་ཕྱག་མཚན་གྱིས་དབང་བསྐུར་ཚུལ་མཛད།) སྐལ་ལྡན་ཁྱོད་ལ༴ འབྱུང་བར་གྱུར་ཅིག (དྲིལ་པང་དེས་རིགས་འགྲེ་བའི་ཡི་དྭགས། དུད་འགྲོ། ལྷ་མིན། ལྷ། མི་བཅས་སོང་ནས་ལས་རྡོར་གྱིས་ཚོགས་པར་དབང་རྫས་བཀྱེ།)རང་རང་རྣམས་ཀྱི་ལུས༴ དག་པར་གྱུར། (ཐལ་སྦྱར་བཅས།)བླ་མ་མཉམ་མེད་(སོགས་ལྷུག་འདོན།)དངོས་གྲུབ་ཐོབ༔ (རྡོ་དྲིལ་བཅས། རྣམ་བུམ་བཏེགས་ལ།) ཧཱུྃ༔ ཀུན་བཟང་ཡབ་ཡུམ་(སོགས་སྤྱི་གདངས་བཞི་དྲིལ།)འགྲུབ་པར་ཤོག༔ (ཞི་ཁྲོའི་སྤྱི་སྔགས་ལ་དྲིལ་གསིལ་དང་སློབ་དཔོན་གྱིས་རྣམ་བུམ་ནས་འཐོར།)སྤྱི་གཙུག་པད་ཟླའི་(སོགས་ལྷུག་གིས་ཡིག་བརྒྱ་བཟླས།)(5བ) ཨོཾ། ཐུགས་རྗེ་ཆེན་པོ་(སོགས་ལྷུག །)དྲང་དུ་གསོལ༔ བླ་མ་རྡོ་རྗེ་སེམས་དཔའ༴ ཐིམ་པར་གྱུར། (རྡོ་དྲིལ་བཅས་རྣམ་བུམ་བཏེགས།)ཧཱུྃ༔ ཀུན་བཟང་ཡབ་ཡུམ་(སོགས་སྤྱི་གདངས་བཞི་དྲིལ་རྣམ་བུམ་འཐོར། ལས་རྡོར་གྱིས་རྣམ་བུམ་བཀྱེ།) ཨོཾ། དང་པོར་བདག་དང་(སོགས་ལྷུག །)སྩལ་དུ་གསོལ། །(རྡོ་དྲིལ་བཅས།) ཨོཾ། ཡིད་ཀྱི་རྣམ་ཤེས་(སོགས་སྤྱི་གདངས་བཞི་དྲིལ།) དངོས་གྲུབ་སྩོལ་(རོལ། དེ་ནས་ཚོགས་གྲོལ། ༼བར་ཆད་༽ ལས་རྡོར་གྱིས་ཕྱག་བཅས་ཚོགས་ཞུས།) རང་ཉིད་གཙོ་བོའི་ཐུགས་ཀ༴ ཐོན་པར་གྱུར། ཧཱུྃ༔ ཉོན་ཅིག་(སོགས་ལྷུག །)ཡ་ཕཊ༔ (རོལ།)ཨོཾ་བཛྲ༴ རང་ཉིད་རྡོ་རྗེ་སེམས་དཔའི༴ (ལས་རྡོར་གྱིས་ཚོགས་རྫས་ལ་ཆང་ཆུ་ནང་གསུམ་བྲན་ཅིང་།) ཧཱུཾ༔ བདག་ཉིད་རྡོར་སེམས་(སོགས་ལྷུག །རྡོར་དྲིལ་བླངས་ཏེ།) ཧཱུྃ༔ མ་བཅོས་ཆོས་དབྱིངས་སྤྱི་གདངས་(བཞི་དྲིལ་མཐར་རོལ། ཌཱརྐ༣)ཨོཾ་ཨཱ་བཛྲ་པུཥྤེ་(སོགས་ལ་པད་སྐོར་རང་རྒྱ་སེ་གོལ།)ཤཔྡར་རོལ། (ཌཱརྐ༣) ཧཱུྃ༔ བླ་མ་ཀུན་བཟང་སོགས་སྤྱི་(གདངས་བཞི་དྲིལ་མཐར་རོལ།)ཧཱུྃ༔ བདག་ཅག་འཁོར་བའི་(སོགས་སྤྱི་གདངས། ཡིག་བརྒྱར་དྲིལ་གསིལ། ལས་རྡོར་གྱིས་ཚོགས་ཐ་མ་སློབ་དཔོན་(6ན)མདུན་དུ་འགོད།)ཨོཾ་བཛྲ་མ་ཧཱ༴ བདག་ཉིད༴ ཧཱུྃ་(མཛད་རྒྱ་བཅས།)ན་མོ། དཀོན་མཆོག༴ ཨངྐུ་ཤ་ཛཿ(ར་འགུགས་རྒྱ་དང་)ཛཿཧཱུྃ་བཾ་ཧོཿ(ར་རང་རྒྱ།) ཧཱུྃ༔ ཆོས་སྐུ་ཞི་བའི་(སོགས་ཡོ་སྤྱི་བཞི་དྲིལ་ནས་རོལ་འོག་སློབ་དཔོན་གྱིས་བསྒྲལ་ཚུལ་མཐར་ལས་རྡོར་གྱིས་ནང་མཆོད་བྲན་ཏེ་ཕུལ་ལ།)ཧཱུྃ༔ བླ་མ་ཀུན་བཟང་(སོགས་ཡོ་སྤྱི་བཞི་དྲིལ་མཐར་རོལ། རྡོ་དྲིལ་སར་བཞག །)ཨོཾ་བཛྲ་(སོགས།) ས་གཞི་སྤོས་ཆུས་(ལྷུག །)ཨོཾ་(སོགས་ལ་མིག་དར་བཅིང་ཚུལ།) ཨ་(སོགས་ལ་མེ་ཏོག་ཐོགས། ཐལ་སྦྱར་བཅས།) ཨེ་མ་མགོན་པོ་(སོགས་ཁྲུས་གདངས་བཅས་ལན་གསུམ།) སློབ་མ་སེངྒེས༴ བརླབ་པར་གྱུར། ཨོཾ་ཨཱཿཧཱུྃ་བོ་ངྷི་(སོགས་ལ་རོལ། ཌཱརྐ༣ འདི་སྐབས་ལས་རྡོར་གྱིས་འབབ་རྫས་ལྡེམ་སྤོས་སུ་བསྲེག་ཅིང་ཚོགས་པར་བསྐོར།) ཏིཥྛ་བཛྲ་(ལ་སྤྱི་བོར་རྒྱ་གྲམ། ཛཿ)ཧཱུྃ་བྃ་ཧོཿ(ར་རང་རྒྱ།)པྲ་བེ་ཤ་ཡར་(ཁུ་ཚུར་བསྣོལ་འགྲོལ།) བདག་ཅག་རིག་པའི་(སོགས་ལྷུག་གིས་མེ་ཏོག་དོར།)ཧཱུྃ་བཛྲ་(ལ་མེ་ཏོག་སླར་བཅིང་།)ཇི་ལྟར་མིག་མཁན་(སོགས་ལྷུག་གིས་མིག་དར་བསལ།) ཀྱེ་མ་སྐལ་ལྡན་(སོགས་ལྷུག་གིས་མཐོང་བ་བསྟན།) ཨོཾ། བདག་ལུས་གཞལ་ཡས་སོགས་ལྷུག་འདོན། དངོས་གྲུབ་སྩོལ། །(རྡོ་དྲིལ་བཅས།) ཧཱུྃ༔ བསྐང་ངོ་གཏོར་མས་(སོགས་དོང་སྤྲུགས་རྩ་གདངས་བཞི་དྲིལ་མཐར་རོལ།)ཀྱེ་ཧོཿ བླ་མ་རྡོ་རྗེ་འཛིན་པ་(སོགས་ཁྲུས་གདངས།)གདན་གསུམ་ཚང་བའི༴ སྩལ་(6བ)བར་གྱུར། (རྣམ་བུམ་བཏེགས་ལ།) སྐུ་གསུམ་དམ་ཚིག་(སོགས་ལྷ་དབང་རྟ།)མི་བསྐྱོད་པའི་རང་༴ བརྒྱན་པར་གྱུར། (བསྐུལ་མཚམས།) དེ་ལྟར་ན༴ ཡིན་ནོ། །སངས་རྒྱས་ཀུན་གྱི་(སོགས་དབུ་རྒྱན་བཅིང་།) རིན་འབྱུང་གི༴ སངས་རྒྱས་ཀུན་གྱི་(སོགས་རྡོ་རྗེ་གསོར།) སྣང་བ་མཐའ་ཡས༴ ཐབས་དང་ཤེས་རབ་(སོགས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།)དོན་ཡོད་གྲུབ་པའི༴ རྡོ་རྗེ་མིང་གི་(སོགས་རྡོ་དྲིལ་ལྷན་དུ་སྤྱི་བོ་བཟུང་ཞིང་དཀྲོལ།) རྣམ་པར་སྣང་མཛད༴ ཧཱུྃ། བུམ་པ་འདི་ནི་(སོགས་རྣམ་བུམ་བཏེགས་ཤིང་ཚོགས་པར་འགྱེད། འདི་རྣམས་ལ་ལྷ་དབང་རྟ།) འོ། རིགས་ཀྱི་བུ་ཁྱོད་ལ༴ གྱུར་ཅིག །ཞི་ཁྲོ་རབ་འབྱམས༴ ཡིན་ནོ། །ཧཱུྃ༔ རྡོ་རྗེ་འཁོར་ལོ་(སོགས་སྤྱི་གདངས།) འབྱོར་པ་ཡིན་ནོ། །ཀྱེ་ཧོཿ བླ་མ་རྡོ་རྗེ་(སོགས་ཁྲུས་གདངས།) རང་ཉིད་སེངྒེས༴ ཧཱུྃ༔ སྐལ་ལྡན་རིགས་ཀྱི་(སོགས་ལྷ་དབང་ཡོངས་རྫོགས་ལ་སྤྱི་གདངས་སམ་ལྷུག །བསྡུ་ན་ཕྱི་ཕན་པའི་དབང་གི་རྗེས་གསོལ་གདབ་དང་།)གདན་གསུམ་ཚང་བའི་དབང་ལྷ་(སོགས།) སྩལ་བར་གྱུར། (གཙོ་བོའི་སྐུ་ཙཀ་དང་རྣམ་བུམ་གཏེགས་ལ།)མི་རྟོག་རྡོ་རྗེ་(སོགས། གང་ལྟར་ཡང་དབང་རྫས་འགྱེད།) འདི་ལྟར་སྣང་བའི༴ བྱས་པའོ། །ཨཱཿ ལུས་གནས་ཡི་གེ་(སོགས་ལྷུག །)ཧཱུྃ། (7ན)བསྐང་ངོ་རཀྟས་(སོགས་བསྐང་གདངས་བཞི་དྲིལ་མཐར་རོལ།)བླ་མ་ཞི་ཁྲོ༴ (གསང་ཐོད་བཏེགས་ཅིང་།)ཧཱུྃ༔ ཇི་ལྟར་སྔོན་གྱི་(སོགས་ལྷ་དབང་རྟ།) མ་ཧཱ་སུ་ཁར་(མྱང་། དྲིལ་གསིལ་མེད།)སློབ་དཔོན་(སོགས།) བྱས་པའོ། །ཧཱུྃ། ལུས་ཁམས་བདུད་རྩི་(སོགས་ལྷུག །)ཧཱུྃ། བསྐང་ངོ་བདུད་རྩིས་(སོགས་བསྐང་གདངས་བཞི་དྲིལ་མཐར་རོལ།)གཟུགས་དང་ལང་ཚོ༴ (སིནྡྷུ་རའི་དཀྱིལ་འཁོར་དང་དྲིལ་བུ་བཏེགས་ལ།)ལྷ་མོ་དགའ་བའི་(སོགས་ལྷ་དབང་རྟ།)པྲ་ཛྙཱ་ཛྙཱ་ན(ར་ལག་གཡས་རྡོ་རྗེ་དང་བཅས་སྲིན་ལག་གིས་སིནྡྷུ་རའི་ཐིག་ལེ་སྙིང་གར་འགོད།)སརྦ་ཏ་ཐཱ་ག་ཏ(ར་ལག་གཉིས་རྡོ་དྲིལ་བྱིངས་དྲིལ་པང་དང་སློབ་དཔོན་གྱིས་གཡས་རྡོ་རྗེ་བཅས་ཤེལ་རྡོ་བཏེགས་ལ།) འདི་ལྟར་ཆོས་རྣམས་(སོགས་ལྷ་དབང་རྟ། དྲིལ་གསིལ་མེད།)དེ་ལྟར་སྐལ་ལྡན༴ བྱས་པའོ། །དུས་གསུམ་བདེ་གཤེགས་(སོགས་ལྷུག །)ཧཱུྃ། བསྐང་ངོ་ཀལྤའི་(སོགས་བསྐང་གདངས་བཞི་དྲིལ་མཐར་རོལ།) གཏོར་མ་རྒྱལ་བ༴ (དབང་གཏོར་བཏེགས་ལ།)ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་(སོགས་ཡོ་སྤྱི།)(7བ)གཏོར་མའི་ལྷ་ཚོགས༴ (རྩེ་གཅིག་རྒྱ་བཅས།) ཨོཾ། རྣལ་འབྱོར་དབང་པོ་(སོགས་ལྷུག །)སྩལ་དུ་གསོལ། །གཙོ་བོས་ཇི་ལྟར་(སོགས་ཁྲུས་གདངས། འདི་སྐབས་ཚོགས་དྲངས། བསམ་ལྷུན་དང་མར་མེ་སྨོན་ལམ་བཅས་ཀྱིས་ཚོགས་གྲོལ་ལོ། །༼དགོང་ཚོགས་ལ། ༽) ཧེ་རུ་ཀ་དཔལ་(སོགས་སྤྱི་གདངས། ལས་རྡོར་ནས་ཕྱག་བཅས་གསོལ་གདབ་ཞུས།)ཧཱུཾ༔ ཆོས་དབྱིངས་སྐྱེ་མེད་(སོགས་ལས་རྡོར་གྱིས་མཁའ་ལྡིང་རྒྱས་དམེ་གཏོར་ནས་ཅུང་ཟད་བླངས་པ་ཕུད་གཏོར་ལ་བླུགས་མཐར་ཕུད་གཏོར་དམེ་གཏོར་ཁར་བླུགས། སློབ་དཔོན་གྱིས་བདུད་རྩི་ཁ་ཕྲུ་སྦྲེང་ཞིང་།)ཨོཾ་ཨཱཿཧཱུྃ་པཉྩ༴ ལྷག་མའི༴ གང་བར་གྱུར། བྷྱོཿ དཔལ་གྱི་བཀའ་ཉན་(སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ་འོག་ལྷག་གཏོར་ཕྱིར་རོལ་དུ་འབུལ། ཌཱརྐ༣ དེ་ནས་དམ་ཅན་སྡེ་བདུན་གྱི་གསོལ་བསྡུས་སམ་སྤྲོ་ན་དམ་ཅན་སྤྱི་གཏོར་གྱི་མཆོད་རློབ་འདས་གཏོར་ནས་བརྩམ་མཇུག་ཆོག་བཀྲ་ཤིས་བར་དྲིལ་ཆོག་གི་མཐར་དབྱུང་སྟེ།)ཧཱུྃ༔ བཀའ་དང་དམ་ཚིག་(སོགས་ལྷུག །)སྒྲུབ་པར་མཛོད༔ (རོལ།) ཨོཾ་ཨཱ༵་ཧཱུྃ་(ལ་ལས་རྡོར་གྱིས་ཆད་མདོ་དང་དབང་མོའི་གཏོར་མར་སྨན་རཀ་སྦྲན།)ཧཱུྃ༔ སྔོན་ཚེ་འདས་དུས་(སོགས་སྤྱི་གདངས་ལྷུག་གང་འོས།)སྡོང་གྲོགས་མཛོད་(རོལ་འོག་ཆད་མདོའི་གཏོར་མ་ཕྱིར་འབུལ་ཞིང་གཏོར་སྣོད་སྨན་ཕུད་ཀྱིས་བཤལ་བ་བརྟན་གཏོར་ལ་བྲན་ཅིང་།) ཨོཾ་ཨཱཿཧཱུྃ༔ ཧཱུྃ་བྷྱོཿ ཤར་གྱི་དབང་ཕྱུག་མ་བདུན་(སོགས།)སྒྲུབ་(8ན)པར་མཛོད་(རོལ་འོག་དབང་མོའི་གཏོར་མ་དང་བརྟན་གཏོར་ཕྱིར་འབུལ། གཏོར་གཞོང་སྦུབས་པར་རྡོ་རྗེས་རྒྱས་གདབ་ལ།)ཨེ་ནྲྀ་ཏྲི༴ ཧཱུྃ༔ ཕྱོགས་མེད་ཕྱོགས་དང་བྲལ་བའི༴ ཨོཾ་ཨཱཿཧཱུྃ་སྟྭམྦྷ་ཡ་ནན་(རོལ། ལས་རྡོར་གྱིས་མཆོད་ཁ་གསོལ་ལ།) རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་(སོགས་ལ་རྡོ་དྲིལ་བཅས་པད་སྐོར་གཅིག་སྔོན་འགྲོས་སོ་སོའི་རང་རྒྱ་དང་ཤཔྡར་རོལ། ཌཱརྐ༣) བརྗོད་མེད་ཤེས་རབ་(སོགས་དང་།)གང་ཡང་བདག་བློ་(སོགས་ལྷུག་མཐར་ཡིག་བརྒྱར་དྲིལ་གསིལ། དྲིལ་པང་གིས།)འདིར་ནི་གཟུགས་དང་(སོགས་ལྷུག །)སུ་པྲྀ་ཏིཥྛ(ར་མེ་ཏོག་འཐོར།) བདག་ཉིད་དམ་ཚིག༴ ཨ་ཨཿ (བསྐུལ་མཚམས།)ཧཱུྃ་ཧཱུྃ་ཧཱུྃབཛྲ༴ སྐུར་གྱུར། ན་མོ། འཁོར་གསུམ་ཡོངས་སུ་(སོགས་ལྷུག །)དཔལ་དུ་ཤོག །(བསྐུལ་མཚམས་ཀྱིས།) ཡེ་དྷརྨ༴ (རྡོ་དྲིལ་བཅས།) སྟོང་ཞིང་བདག་མེད་(སོགས་། ཡོ་སྤྱི་ཆིག་དྲིལ་མཐར་རོལ། ཌཱརྐ༣ དེ་ནས་སྨོན་ལམ་རྡོ་རྗེའི་རྒྱ་མདུད་དང་། ཞབས་བརྟན་སོགས་ཀྱི་མཐར།) དེ་ལྟར་འགྲུབ་པའང་(སོགས་ཀྱིས་གྲོལ་ལོ། །གོང་གི་ཡོ་ག་སྤྱི་གདངས་ཀྱིས་གཏོང་ཚུལ་འདི་དོང་སྤྲུགས་སོགས་སྨིན་ལུགས་དང་བསྟུན་པ་ཡིན་ལ། གཞན་དུ་ཡོ་སྤྱིའི་ཚབས་སུ་སྒར་གདངས་སམ་ཆུ་བོ་བཞི་རྟ་ཁོ་ན་བྱས་ཀྱང་ཤར་གླིང་ཞི་ཁྲོ་རང་གི་ལུགས་སྲོལ་དང་མཐུན་པར་འགྱུར་རོ།། །།)