DJYD-KABUM-18-TSHA-015

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-18-TSHA-015

(1ན)(ཆུ་གཏོར་བསྡུས་པ་ནི།)སྐད་ཅིག་རང་ཉིད་ཤཱཀ་ཐུབ་སྐུ་རུ་གསལ། །རིན་ཆེན་སྣོད་དུ་བཅུད་རྫས་བདུད་རྩིར་གྱུར། །(ཨོཾ་ཨཱཿཧཱུྃ།)བདག་གི་ལྷག་བསམ་འཕགས་པའི་སྦྱིན་སྟོབས་དང་། །ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་མཐུ་ཡིས། །རྒྱལ་བ་མཆོད་ཅིང་འགྲོ་ལ་ཕན་གདགས་པའི། །དོན་རྣམས་བསམ་པ་ཐོགས་མེད་འབྱུང་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་དང་། །རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་ཚིམས་ནས། །ཚོགས་རྫོགས་སྒྲིབ་དག་རྣམ་མཁྱེན་མྱུར་ཐོབ་ཤོག །(ཅེས་པའང་རྒྱ་སྟོན་གྱི་ངོར་ཛྙཱ་ནས་སོ།། །།)