DJYD-KABUM-18-TSHA-016
DJYD-KABUM-18-TSHA-016
(1ན)(སྨད་ལས་གཏོར་ཟློག་སྐབས་ཀྱི་ཟློག་བྱང་བསྡུས་པ་ནི།)ཧཱུྃ། འབར་བའི་དཀྱིལ་འཁོར་ཆེན་པོ་ནས། །ཁྲག་འཐུང་ཁྲོ་རྒྱལ་ལྷ་ཚོགས་རྣམས། །ཐུགས་རྗེ་ཐུགས་དམ་མ་གཡེལ་བར། །མངོན་སྤྱོད་ཕྲིན་ལས་དུས་ལ་བབ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི། །ནད་གདོན་བྱད་ཕུད་རྦོད་གཏོང་སོགས། །ཆག་ཆེ་ཉམ་ང་བར་ཆད་དཔུང་། །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། སྡང་བྱེད་དགྲ་བའི་སྟེང་དུ་ཟློག ། གནོད་བྱེད་བགེགས་ཀྱི་ཚོགས་ལ་སྒྱུར། །བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད། །ཅེས་པའང་ཛྙཱ་ནས་སོ།། །།