DJYD-KABUM-18-TSHA-018

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-18-TSHA-018

(1ན)(ཨ་པང་གཏེར་སྟོན་གྱི་ཚིག་བདུན་བླ་སྒྲུབ་ཀྱི་བརྒྱུད་འདེབས་བཞུགས། །)རིགས་ཀུན་ཁྱབ་བདག་མགོན་པོ་འོད་མི་འགྱུར། །རང་བྱུང་སྒྱུ་འཕྲུལ་པདྨ་གར་གྱི་དབང་། །གསང་སྔགས་སྟོན་མཆོག་མཚོ་སྐྱེས་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་དབང་བྱིན་དངོས་གྲུབ་སྩོལ། །ཤེས་རབ་ཌཱ་ཀིའི་གཙོ་མོ་མཁར་ཆེན་བཟའ། །གདམས་པའི་བཀའ་བབས་ལྷ་སྲས་མུ་ཏིག་བཙན། །ཟབ་གསང་རྒྱ་འགྲོལ་ཨོ་རྒྱན་ཕྲིན་ལས་གླིང་། །གསོལ་བ༴ བརྒྱུད་གསུམ་ཀུན་འདུས་ཆོས་བདག་རིག་པ་འཛིན། །སྣང་སྲིད་བླ་མ་རྩ་གསུམ་འཁོར་ལོའི་སྤྲིན། །མཁའ་འགྲོ་དམ་ཅན་གཏེར་སྲུང་ཚོགས་བཅས་ལ། །གསོལ་བ༴ ཟབ་ལམ་གཅིག་ཆོག་ཚིག་བདུན་རྡོ་རྗེའི་རྒྱུད། །བློ་གཏད་གཅིག་ཆོག་བརྩོན་པས་ཉམས་བླངས་མཐུས། །དངོས་གྲུབ་གཅིག་ཆོག་གུ་རུས་རྗེས་བཟུང་སྟེ། །དོན་གཉིས་འབད་མེད་ལྷུན་འགྲུབ་དཔལ་འབར་ཤོག །(ཅེས་པའང་ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །དགེའོ།། །།)