DJYD-KABUM-18-TSHA-021
DJYD-KABUM-18-TSHA-021
(1ན)ཧོ། བླ་མ་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །ཆོས་སྤང་མནའ་ཟོས་འཕགས་པར་སྐུར་པ་བཏབ། །ལྕི་བ་བཞི་དང་ལོག་པ་བརྒྱད་ལ་སོགས། །རང་བཞིན་སྡིག་པ་ཅི་བགྱིས་མཐོལ་ལོ་བཤགས། །རིས་བདུན་གང་རུང་འདུལ་བའི་སྒོར་ཞུགས་ནས། །རྫུན་གྱིས་བླ་མ་བསླུས་སོགས་ནག་ཆོས་བཞི། །རྒྱལ་པོ་བློན་པོར་འབྱུང་ཉེ་ལྔ་ལྔ་དང་། །ཕལ་པར་འབྱུང་ཉེ་བརྒྱད་དང་སྨོན་འཇུག་གི ། སེམས་བསྐྱེད་བསླབ་བྱ་ཉམས་པ་མཐོལ་ལོ༴ ཁྱད་པར་གསང་བ་སྔགས་ཀྱི་སྒོར་ཞུགས་ནས། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །བརྙས་ཤིང་ཐུགས་དཀྲུག་ལོག་ལྟ་སྐུར་བཏབ་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉི་ཤུ་བདུན། །རྩ་ལྟུང་ཀུན་བྱང་ཚངས་པར་སྩོལ་ནས་ (1བ)ཀྱང་། །ཚེ་འདིར་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་(སོགས་ཡིག་བརྒྱ་བཟླའོ། །ཞེས་པའང་དད་ལྡན་མི་འགྱུར་སྒྲོལ་མས་བསྐུལ་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།)