DJYD-KABUM-18-TSHA-024

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-18-TSHA-024

(1ན)ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིངྷ། །པད་འབྱུང་མཚོ་རྒྱལ་མངའ་བདག་ཡབ་སྲས་སོགས། །བཀའ་གཏེར་བརྒྱུད་པའི་ཆུ་བོ་ཀུན་འདུས་མགོན། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །ཇི་སྙེད་བླ་མ་རྒྱ་མཚོ་འདུས་པའི་དངོས། །རབ་འབྱམས་ཡི་དམ་རྒྱ་མཚོ་སྤྲོ་བསྡུའི་བདག །མཁའ་འགྲོ་དམ་ཅན་རྒྱ་མཚོའི་སྤྱི་དཔལ་ཆེ། །རིགས་འདུས་རྡོ་རྗེ་སེམས་དཔརགསོལ་བ་འདེབས། །ཐ་མལ་སྣང་ཞེན་མ་དག་སྒོ་གསུམ་པོ། །ཡོངས་གྲུབ་རྡོ་རྗེ་གསུམ་དུ་དག་སྨིན་ནས། །མ་འགག་ཐུགས་རྗེ་ཀུན་ཁྱབ་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཁམས་དོང་སྤྲུགས་དཔལ་ཐོབ་ཤོག (ཅེས་པའང་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)