TTDL-ZABTER-11-DA-040

From Dudjom Wiki
Revision as of 13:37, 31 July 2024 by Mort (talk | contribs)

TTDL-ZABTER-11-DA-040
Wylie title TTDL-ZABTER-11-DA-040.pdf
Location bdud 'joms gling pa zab gter
Volume 11, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Deity khros ma nag mo
[edit]
༄༅།།རྒྱལ་ཡུམ་ཁྲོས་མའི་སྒྲུབ་སྐོར་གྱི་དབྱངས་ཀྱི་དྲྭ་མིག་དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ་དབྱངས་བྱིན་རླབས་གནད་བསྐུལ་བཞུགས་སོ།། ༄༅།།ཆོས་དབྱིངས་དྭངས་མ་དབྱིངས་ཀྱི་མཁའ་ཀློང་ནས།།ལྷུན་གྲུབ་སྐུ་དང་ཡེ་ཤེས་བདག་ཉིད་དཔལ།།ཐུགས་རྗེས་གང་འདུལ་མཛད་པ་མཐའ་ཡས་སྟོན།།རིགས་ཀུན་ཡོངས་འདུས་པདྨ་ལས་འབྲེལ་རྩལ།།སྒོ་གསུམ་མི་ཕྱེད་དད་པས་རྟག་ཏུ་འདུད།།གང་གི་གསུང་གསང་མི་ཟད་རྒྱན་འཁོར་ནས།།སྐལ་བཟང་རྣ་བའི་བཅུད་ལེན་རྒྱས་མཛད་པའི།།དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ་དབྱངས་འདི།།བདག་བློའི་དབང་སྒོར་སོན་པ་འདི་རུ་འགོད།།ཆོས་བདག་དཔའ་བོ་མཁའ་འགྲོས་གནང་བ་སྩོལ།།དེ་ལ་འདིར་མ་གཅིག་ཁྲོས་མ་ནག་མོའི་སྒྲུབ་པ་ཡེ་ཤེས་ཉི་མ་སོགས་ཀྱི་དབྱངས་ལ།ཐོག་མར་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་ནི།ཕཊ༔ ཕཊ༔ ཕཊ༔ གྲྭ་རྟགས་ཡོད།གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན༔ གཞི་གདོད་མའི་མགོན་པོ་ཡབ་ཡུམ་ལ༔ བདག་རྣམ་གསུམ༴སོགས་དང་།ཕཊ༔ ཕཊ༔ ཕཊ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་ལ་གསོལ་བ་འདེབས༔ དཀོན་མཆོག་རིན་ཆེན་རྣམ་གསུམ་ལ་གསོལ་བ་འདེབས༔ རྩ་གསུམ༴སོགས།སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ནི།ཕཊ་ཕཊ་ཕཊ༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས༔ ཡེ་གཞི་དོན་གྱི་སངས་རྒྱས་བླ་མར་ཤར༔ ཧེ་རུ༴སོགས།སྐྱབས་སེམས་ལ།ཕཊ༔ གཞི་སྣང་ལྷུན་གྲུབ་རྫོགས་པ་ཆེར༔ འཁྲུལ་འཁོར་གཞིག་ཕྱིར་སྐྱབས་སུ་མཆི༔ རྣམ་པར༴སོགས།ཡན་ལག་བདུན་པ་ལ།མ་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ ཆོས་སྐུའི་ཀློང་ནས་མ་གཡོས་ཀྱང་༔ གདུལ་དཀའ༴སོགས།བྱིན་འབེབས་ལ།ཕཊ༔ ཀ་དག་སྤྲོས་བྲལ་ཆོས་སྐུའི་མཁར༔ ལྷུན་གྲུབ་རང་མདངས་ཡུམ་ཆེན་ལྔ༔ ཐུགས་རྗེ༴སོགས།མཆོད་རྫས་བྱིན་བརླབ་ལ།ཕཊ༔ སྣང་བ་མཐའ་བྲལ་དུར་ཁྲོད་དུ༔ སྲིད་པ་དངོས་འཛིན་རཱུ་དྲའི་བམ༔ བདག་མེད༴སོགས།ལྷ་བསྐྱེད་ལ།ཕཊ་ཕཊ་ཕཊ༔ ཡེ་གཞི་ཀ་དག་བུམ་སྐུའི་ཀློང་༔ ལྷུན་གྲུབ་འགགས་མེད་ཞིང་ཁམས་སུ༔ ཐུགས་རྗེའི༴སོགས།སྤྱན་འདྲེན་ལ།ཕཊ༔ སྐྱེ་འགགས་འགྱུར་མེད་གདོད་མའི་གཞི༔ གཉིས་མེད་དོན་གྱི་ཡུམ་ཆེན་ལྔ༔ སྒྱུ་འཕྲུལ༴སོགས།བཞུགས་གསོལ་དང་ཕྱག་འཚལ་གཉིས་དེས་འགྲེས།མཆོད་འབུལ་ལ།ཕཊ༔ སྣང་སྲིད་གཟུང་འཛིན་རཱུ་དྲ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་བསྒྲལ༔ ནམ་མཁའ༴སོགས།བསྟོད་པ་ལ།ཕཊ༔ མ་ཐིག་ལེ་ཉག་ཅིག་དགོངས་ཀློང་དུ༔ སྐྱོན་ཀུན་བྱང་སྟེ་ཡོན་ཏན་ཆུབ༔ མ་ཁྱབ་བརྡལ༴སོགས།འཛབ་དགོངས་ལ།ཧཱུྃ༔ རང་ཉིད་ཁྲོས་མའི་ཐུགས་ཀ་ར༔ ཕག་མོ་དམར་གསལ་གྲི་ཐོད་ཅན༔ དེ་ཡི་ཐུགས་ཀར་ཟླ་གདན་ལ༔ ཀུན་ཏུ་བཟང་མོ་དཀར་གསལ་མཛེས༔ མཉམ་བཞག༴སོགས།གསོལ་ཁ་རྣམས་ཆད་བརྟན་ལྟར་དང་།ཚོགས་འཁོར་ལ།ཕཊ༔ རང་རིག་ཡེ་ཤེས་ཁྲོས་མར་འཕོས༔ བདེ་ཆེན་ཚངས་པའི་སྒོ་ནས་སྤར༔ དཀྱིལ་འཁོར༴སོགས།སྤྱན་འདྲེན་ལ།ཕཊ༔ རང་སྣང་དོན་གྱི་འོག་མིན་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད༴སོགས།ཚོགས་མཆོད་ལ།ཕཊ༔ བཀའ་བརྒྱུད་བླ་མ་ཚོགས་ལ་རོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡི་དམ༴སོགས།བསྐང་བ་ལ།ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་འདོད་ཡོན་རང་བྱུང་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ རང་ལུས་ཚོགས་སུ་གཞིག་པ་གསང་བའི་ཚོགས༔ མི་ཟད༴སོགས།ཕཊ༔ གཞི་དབྱིངས་གྲྭ་ཟུར་མེད་པ་ཐིག་ལེའི་ཀློང་༔ ལྷུན་གྲུབ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ སྐུ་གསུམ༴སོགས།བཤགས་པ་ལ།དཔང་གྱུར་དཀོན་མཆོག་དགོངས་སུ་གསོལ༔ མ་དང་མཁའ་འགྲོ་དགོངས་སུ་གསོལ༔ ཞིང་སྐྱོང་ཌཱཀྐི་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་པས༔ སོ་ཐར༴སོགས།བསྒྲལ་བ་ལ།ཕཊ༔ ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིས༔ དུག་ལྔའི་རྒྱུད་འཁྲུལ་དགྲ་བགེགས་བསྒྲལ༔ སྐུ་གསུམ༴སོགས།དུག་གསུམ་འཁྲུལ་པའི༴སོགས།བསྟབ་པ་ལ།དུག་གསུམ་ཉོན་འཁྲུལ་དགྲ་བགེགས་རྣམས༔ སྐུ་གསུམ་མཁའ་འགྲོའི་ཞལ་དུ་བསྟབ༔ ལྷག་མ༴སོགས།གནམ་ཕུད་ལྷ་བསྐྱེད་རྟ་དང་དྲང་བ་བཤགས་པ་ལྟར་རོ།ལྷག་མ་ལ།ཕཊ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ ཞེ་སྡང་ལས་གྱུར་ལྷ་འདྲེ་སྡུས༔ རིན་ཆེན༴སོགས།བསྐུལ་བ་ལ།ཧཱུྃ༔ སྤྲོས་བྲལ་བདེ་བ་ཆེན་པོ་ནས༔ དབྱིངས་ཀྱི་བདག་ཉིད་སྤྱི་རྗེ་མོའི༔ སྒྱུ་འཕྲུལ༴སོགས།ཆད་བརྟན་ལ།ཕཊ༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན༴སོགས།བྲོ་མནན་ལ།ཕཊ༔ ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ རིགས་ལྔའི་མཁའ་འགྲོས་བྲོ་བརྡུང་ངོ་༔ དུག་ལྔའི༴སོགས།རྗེས་རིམ་རྣམས་བེམ་པོ་ཚོགས་རྟའོ།༈རྩ་སྒྲུབ་ཟླ་བའི་འོད་ཕྲེང་ལས།སྐྱབས་འགྲོ་ལ།ཕཊ༔ ཨཱཿངོ་བོ་ཀ་དག་ཀུན་བཟང་མོ༔ རང་བཞིན་འགགས་མེད་རྣལ་འབྱོར་མ༔ ཐུགས་རྗེ༴སོགས།སེམས་བསྐྱེད་ལ།ཕཊ༔ ཀྱཻ༔ སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ༔ ཉོན་མོངས་སེམས་ཅན་སྙིང་རེ་རྗེ༔ རྣམ་མཁྱེན༴སོགས།བྱིན་འབེབས་ལ།ཕཊ༔ སྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔ འགགས་མེད་ཡེ་ཤེས་རྣལ་འབྱོར་མ༔ ཀུན་ཁྱབ༴སོགས།མཆོད་བརླབ་ནས་བསྟོད་པའི་བར་ཁྲོས་འབྲིང་ལྟར་དང་།བཤགས་པ་ལ།ཧོཿསངས་རྒྱས་རྡོ་རྗེ་མཁའ་འགྲོ་དང་༔ རིན་ཆེན་པདྨ་མཁའ་འགྲོ་དང་༔ ལས་དང་༴སོགས།ཚོགས་བསྡུས་ལ།ཕཊ༔ བེམ་པོ་ཚོགས་དང་དབྱེར་མེད་བསྲེ༔ སྣང་སྲིད་ཐམས་ཅད་ཐམ་གྱིས་གང་༔ འདོད་དགུའི༴སོགས།ཚོགས་ཀྱི་ལས་རིམ་ནི་ཁྲོས་འབྲིང་ལྟར་དང་།བསྐང་བ་ལ།ཕཊ༔ ཞིང་གི་མཆོག་གྱུར་འོག་མིན་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ གནས་ཀྱི༴སོགས་དང་།ཧཱུྃ༔ སྟོང་གསུམ་བྷནྡྷ་འབར་བའི་སྣོད༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་གཏིབས༔ བཀོད་པ་རབ་འབྱམས༴སོགས།སྲི་འདུལ་ལ།ཕཊ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ སྣང་སྲིད༴སོགས།ཚེ་འདས་རྗེས་འཛིན་ལ།ཕཊ༔ ང་ནི་ཡེ་ཤེས་མཁའ་འགྲོ་མ༔ སྐུ་གསུམ་ལྷུན་གྲུབ་ཁྲོས་མའི་སྐུ༔ འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ ཕྱོགས་བཅུའི༴སོགས།འཕོ་ལུང་ལ།དྲིན་ཆེན་རྩ་བརྒྱུད་བླ་མ་མཁྱེན་ནོ༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་ལ༔ གསོལ་བ་འདེབས་སོ་ལམ་སྣ་དྲོངས༔ དྲིན་ཆེན༴སོགས།ལྷག་མ་ལ།ཕཊ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ ལྷག་གཏོར་ཤ་ལྔ་བདུད་རྩི་ལྔའི༔ རང་བཞིན་བདེ་སྟོང་བསྐྱེད་པའི་རྫས༔ ཁམས་གསུམ༴སོགས།དུར་གཅོད་ལ་བྲོ་བརྡུང་ནི།ཕཊ༔ ཡངས་ས་ཡི༔ ཁ་ས་ལར༔ མ་གྲལ་ནས༔ མནན་ར་འཁྲབ༔ ལྔ་སྡེ་མ༴སོགས།བྱ་འབོད་ལ།ཕཊ༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ ཨུ་ཙ༴སོགས།འཕོ་བ་ཡེ་ཤེས་སྒོ་འབྱེད་ལ།ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་བཀོད་པ་རྫོགས༔ ཆུ་སྐྱེས༴སོགས།དབང་སྡུད་ཟིལ་གནོན་ལ།ཕཊ༔ མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ གཏི་མུག༴སོགས།བྲོ་ར་ལ།ཕཊ༔ ཁྱབ་བདག་རྡོ་རྗེ་གདིང་ལྡན་དཔའ་བོ་ངས༔ རེ་དོགས་རོ་སྙོམས་ཆེན་པོའི་བརྟུལ་བཞུགས་ཀྱིས༔ རྩ་གསུམ༴སོགས།ཕུར་ཁྱེར་ལ།ཕཊ༔ ཤེལ་གིང་དཀར་མོ་འོད་འཕྲོ་མ༔ དུང་གི༴སོགས།བསྟབ་པ་ཆ་བཅུའི་བསྲུང་དམིགས་ལ།ཕཊ༔ ནད་པའི་བླ་ཚེ་བསོད་ནམས་བཅས༔ འོད་ཀྱི་ཐིག་ལེ་བྱ་སྒོང་ཙམ༔ ཡི་གེ༴སོགས།ནག་འགྱེད་སྒྲིབ་པ་ཀུན་སེལ་ལ།ཕཊ༔ སྟེང་ཕྱོགས་ཁྲུ་བདུན་འཕགས་པའི་ནམ་མཁའ་ལ༔ རང་ཉིད༴སོགས།ནག་འགྱེད་ལ།ཕཊ༔ རང་ལུས་ཚོ་སྣུམ་ཆེ་བརྗོད་དབུས་རྩ་ནས༔ རིག་པ་དྭངས་མའི་ཐིག་ལེ་ནམ་མཁར་སྦར༔ དབྱིངས་དང་༴སོགས།དཀར་འགྱེད་ལ།ཕཊ༔ ངར་འཛིན་བག་ཆགས་སྒྱུ་ལུས་ཕུང་པོ་ནས༔ དྭངས་མའི་ཤེས་རིག་གདོད་མའི་གཞི་རུ་འཕོས༔ ཆོས་ཉིད༴སོགས།ཁྲ་འགྱེད་ལ།ཕཊ༔ རང་ལུས་ལང་ཚོའི་དཔལ་ཡོན་ཕུན་ཚོགས་དབུས༔ ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ནས༔ རྣམ་པར་ཤེས་པ་ནམ་མཁར་མདའ་ལྟར་འཕངས༔ དབྱིངས་ལས་ཁྲོས་མ་མཐིང་ནག་གྲི་ཐོད་ཅན༔ ཕྱག་གཡས༴སོགས།དམར་འགྱེད་ལ།ཕཊ༔ འབྱུང་བ་སྙིགས་མར་ལས་ཀྱིས་འཐས་པ་ཡི༔ མི་གཙང་བག་ཆགས་སྒྱུ་མའི་གནས་ཁང་ནས༔ དྭངས་མའི༴སོགས།མ་ཡེ་ཤེས་དབྱིངས་ལས་གར་བསྒྱུར་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ ཁྱེད་སྤྲུལ་པ༴སོགས།དག་སྣང་དམར་འགྱེད་ལ།ཕཊ༔ ཀྱེ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ དབུས་སངས་རྒྱས༴སོགས།བསྔོ་བ་ལ།ཆོས་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཐོག་མེད་སྦྱིན་སོགས་དུས་གསུམ་བསོད་ནམས་རྒྱུ༔ ཟག་མེད༴སོགས།ཁྲོས་ཆེན་བཀྲ་ཤིས་ལ།མི་འགྱུར་གསང་བའི་ནམ་མཁའ་ལ༔ འོད་གསལ་ཆེན་པོའི་ཉི་མ་ཤར༔ བདེ་སྟོང་༴སོགས།དེ་ལྟར་མ་གཅིག་ཁྲོས་མའི་དབྱངས་རྟ་རྣམས༧སྐྱབས་རྗེ་རིན་པོ་ཆེའི་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་སྨོས་ན་རིག་འཛིན་པདྨ་འགྲོ་འདུལ་གསང་སྔགས་གླིང་པ་རྩལ་གྱི་གསུང་གིས་ལེགས་པར་འཁྲིད་པར་མཛད་ཅིང་རང་ཉིད་ནས་ཀྱང་བརྩོན་འགྲུས་དྲག་པོས་ནན་ཆེར་ཡུན་རིང་དུ་བསླབ་མཐར།སྐྱབས་རྗེ་ཉིད་ཀྱིས་འདི་ལྟར་གཞན་ལ་བསླབ་ཁྲིད་བྱས་ན་ཆོག་པར་ཡོད་ཅེས་བཀའ་ཡི་དབུགས་དབྱུང་ཐོབ་པ་ལ་བརྟེན་ནས་རྗེ་ཉིད་ཀྱི་གཟུངས་མའི་ཆ་ཙམ་འཛིན་པ་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་བདེ་བའི་རྡོ་རྗེའམ་ཀུན་བཟང་བདེ་སྐྱོང་དབང་མོས་བརྗེད་ཐོར་བཀོད་པ།དྲྭ་མིག་ཏུ་བྲི་བ་པོ་སྐྱབས་རྗེ་རིན་པོ་ཆེའི་བཀས་གནང་བ་ཐོབ་པ་ཟབ་གཏེར་གཉིས་ཀྱི་ཡི་གེ་པར་གུ་རུ་པདྨའི་ལུང་གིས་བསྔགས་པ་རང་གི་ཉེ་གནས་སྐྱེ་མཆོག་དམ་པ་དད་ལྡན་ཤཱཀྱའི་དགེ་བསྙེན་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེའོ།།