DJYD-KABUM-20-WA-014

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-20-WA-014
(163ན)ཨོཾ་སྭ་སྟི།   རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་གསུངས་པའི་བཅུ་གཉིས་པ་ཆོས་རྗེ་གླིང་པ་འཛམ་གླིང་བདེ་བའི་རྡོ་རྗེ་གནམ་ལྕགས་འབར་བ་གསང་བ་ཡང་རྫོང་གི་འདབ་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་སྐོར་ཐོབ་པ་ལ།   སྨིན་དབང་རྒྱས་པ་ཨོ་རྒྱན་འགྲོ་འདུལ་གླིང་པའི་ལྗགས་བསྒྲིགས་བཞིན་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས་དྲག་པོ་བསྒྲལ་དབང་བཅས་ཐོབ།   ལུང་ལ།   རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་བཞི་པ།   རྩ་བའི་སྒྲུབ་ཐབས།   སྨིན་བྱེད་དབང་གི་ཆོ་ག    སྨད་ལས་དྲག་པོའི་གདབ་ཁ།   སྨད་ལ་དྲག་པོའི་གཏོར་ཟོར།   ལྷ་ནག་གྲི་གུག་འབར་བའི་རྒྱ་ཅན་གྱི་རྩ་ཐོ།   གྲི་གུག་འབར་བའི་རྒྱ་ཅན་གྱི་རྩ་བའི་སྒྲུབ་ཐབས།   ཕུར་པ་བྱིན་རློབ།   ཁྱད་པར་གྱི་གདབ་ཁ་དྲུག   །སྲུང་ཟློག་གི་དམིགས་པ།   པུ་རི་དཀར་ནག་གི་བཅའ་ལུགས།   སྡེ་བརྒྱད་ཀྱི་འཕྱོང་།   འགོང་པོ་ཨར་གཏད་ཀྱི་འཁོར་ལོ།   དགྲ་མནན་གྱི་འཁོར་ལོ།   ལྷ་དབང་ཐུན་མོང་མ་ཡིན་པ་ལས་སྦྱོར་གྱི་རྗེས་(163བ)གནང་།   མ༽  དྲག་སྔགས་ཀྱི་ཚེ་ལུང་ཁྲུས་ལུང་།   ཡོ་ག་གསུམ་དང་འབྲེལ་བའི་སྒོམ་ཁོག   །ཕུར་པ་ཚེ་བདག་ཚེ་སྒྲུབ།   མ༽དངོས་གྲུབ་ལེན་པའི་ཆོ་ག་བཅས་གཏེར་གཞུང་།   ཁ་སྐོང་ཆོག་ཁྲིགས་ལ།   བརྒྱུད་འདེབས།   སྒྲུབ་དཀྱིལ་གྱི་ཆོ་ག་ཁྲག་འཐུང་དཔའ་བོ་རྣམ་པར་རོལ་པའི་དགའ་སྟོན།   མ༽   གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད།   མ༽   རྒྱུན་བསྙེན་གྱི་ཟིན་བྲིས་བསྐྱེད་རྫོགས་སྙིང་པོ།   མ༽  ཕུར་པའི་བསྙེན་རྐྱང་བྱ་ཚུལ།   མ༽   བསྙེན་ཡིག་དམིགས་རིམ་ངག་འདོན།   བསྙེན་ཡིག་དངོས་གྲུབ་མཆོག་གི་ཉེ་ལམ།   མ༽  ལྷ་ནག་གྲི་གུག་རྒྱ་ཅན་གྱི་རྒྱུན་ཁྱེར་ཉམས་ལེན།   མ༽   སྲས་མཆོག་ཀཱི་ལ་ཡའི་སྒོས་སྒྲུབ་ཧ་ལ་ནག་པོ་གནོད་བྱེད་ཕོག་འགྱེལ།   ཞི་བའི་སྦྱིན་སྲེག་གི་ཆོ་ག་ཟླ་བའི་འོད་ཟེར།   སྨད་ལས་མན་ངག་གི་ཡི་གེ་གསལ་བར་བྱས་པ་ཁྱབ་འཇུག་མཚོན་འཁོར།   རབ་ཏུ་གནས་པར་བྱེད་པའི་ཆོ་ག་སྙིང་པོ་བསྡུས་པ།   སླར་ཡང་ཆོག་ཁྲིགས་གཟབ་དོན་སྣང་བྱེད་དངོས་གྲུབ་འདོད་འཇོ།   དབང་ཆོག་ཟིན་བྲིས་སྐལ་ལྡན་འདོད་འཇོའི་བུམ་བཟང་བཅས་གཏེར་ཆེན་ཉིད་ཀྱི་ལྗགས་བསྒྲིགས་མ།   སྒྲུབ་ཆེན་གྱི་ཆོག་ཁྲིགས་ཟབ་དོན་སྣང་བྱེད་(164ན)དངོས་གྲུབ་འདོད་འཇོ་དྷརྨའི་མཚན་གྱིས་མཛད་པ་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི།   གཏེར་ཆེན་འཇམ་གླིང་རྡོ་རྗེ་ཡན་བརྒྱུད་འདེབས་ལྟར་ལ།   དེ་ནས།   རྭ་སྟོན་སྟོབས་ལྡན་རྡོ་རྗེ།   རིག་འཛིན་ཐུགས་མཆོག་རྡོ་རྗེའམ་འཇིགས་མེད་དཔའ་བོ།   ཀུན་བཟང་བདེ་ཆེན་རྒྱལ་བ།   དཀོན་མཆོག་གར་དབང་རྒྱ་མཚོ།   ཨོ་རྒྱན་འགྲོ་འདུལ་གླིང་པ།   རྒྱལ་སྲས་ཀུན་བཟང་ཀློང་ཤར།   འདྲེན་མཆོག་ཨོ་རྒྱན་ལྷུན་གྲུབ།   རྒྱལ་ཚབ་ནམ་མཁའ་ཚེ་དབང་།   དྲི་ཅན་དམ་པ་པདྨ་དབང་རྒྱལ།   དེས་བདག་ཡེ་ཤེས་རྡོ་རྗེ་ལའོ།   །ཡང་ལུང་བརྒྱུད་ལ།   གཏེར་ཆེན་ནས།   སི་ཏུ་རིན་པོ་ཆེ།   རྒྱལ་དབང་བདུད་འདུལ་རྡོ་རྗེ།   གར་དབང་འཆི་མེད་རྡོ་རྗེ།   ཀརྨ་མཚན་བཟང་།   ཨོ་རྒྱན་ལྷུན་གྲུབ།   ནམ་མཁའ་ཚེ་དབང་ནས་གོང་བཞིན་ནོ།།   །།(གོང་གི་མ་རྟགས་ཅན་རྣམས་ལུང་རྒྱུན་མེད།   མཆན།   )

(165ན)གཏེར་ཆེན་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པ་རྡོ་རྗེ་རྒྱལ་པོ་རྩལ་གྱིས་དབུས་རི་བྱ་རོག་ནག་པོའི་སྤོ་ནས་ཡང་གཏེར་དུ་སྤྱན་དྲངས་པའི་གསང་བདག་དྲག་པོ་ཆེན་པོའི་སྐོར་ཐོབ་པ་ལ། དབང་ཆེན་རྩ་བས་སྨིན་པར་མཛད་ནས། ལུང་ལ། བརྒྱུད་འདེབས་བར་ཆད་ཀུན་སེལ། ཕྱི་སྒྲུབ་ལས་བྱང་ཕྲིན་ལས་ཀུན་འགྲུབ། ནང་སྒྲུབ་སྙིང་གི་དུམ་བུ། གསང་སྒྲུབ་ནཱ་ག་སྙིང་འབྱིན། རྫས་སྨན་སྒྲུབ་ཐབས། མཛེ་བཅོས་རྡོ་རྗེ་ཕ་ལམ། ཁྱབ་འཇུག་གི་མཆོད་བྱང་། ཡང་གཏེར་སྲུང་མའི་མཆོད་ཐབས་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། གསང་བའི་བདག་པོ། པདྨ་ཐོད་ཕྲེང་། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། སྒམ་པོ་པ་བཟང་པོ་རྡོ་རྗེ། འགྲོ་འདུལ་གླིང་པ་རྡོ་རྗེ་རྒྱལ་པོ། སྔགས་འཆང་པདྨ་དབང་དྲག །རྒྱལ་ཚབ་ནམ་མཁའ་ཚེ་དབང་། རྗེ་རིག་འཛིན་པདྨ་དབང་རྒྱལ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་ཏོ༎ ༎