DJYD-KABUM-20-WA-016

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-20-WA-016
(166ན)ཨོཾ་སྭསྟི།   འདིར་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་རིག་འཛིན་ཆོས་རྗེ་གླིང་པའི་ཡང་སྲིད་དེ་མ་ཐག་པ་དབང་དྲག་བདུད་འདུལ་རོལ་པ་རྩལ་ལམ།   གཞན་ཡང་ཀུན་བཟང་འོད་ཟེར་རམ།   ཡོངས་གྲགས་སུ་གར་དབང་འཆི་མེད་རྡོ་རྗེས་སྦས་ཡུལ་པདྨ་བཀོད་ཀྱི་ནང་ཚན་དམར་ནག་རཀྟའི་མཚོ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་སྐོར་ཐོབ་པ་ལ།   དབང་ཆོག་སྐལ་ལྡན་མྱུར་འདྲེན་གྱི་སྟེང་ནས་སྟ་གོན་དང་།   ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས།   དངོས་གཞི་དབང་བཞི་ཡོངས་སུ་རྫོགས་པ་མཐའ་རྟེན་བཅས་ཀྱིས་སྨིན་པར་བྱས་ནས།   ལུང་ལ།   གུ་རུའི་སྒྲུབ་ཐབས་འཆི་མེད་གསང་བ་ཐུགས་ཐིག་ལས་ལོ་རྒྱུས་ངེས་ཤེས་དགེ་བའི་ལྕགས་ཀྱུ།   ལམ་ཟབ་བླ་མའི་རྣལ་འབྱོར་རམ་གུ་རུ་རྩ་བའི་སྒྲུབ་ཐབས།   ནང་སྒྲུབ་དགོས་འདོད་ཀུན་འབྱུང་།   གསང་སྒྲུབ་དྲིལ་སྒྲུབ་ཆིག་དྲིལ་ལྷ་སྲས་མུ་ཁྲི་བཙན་པོའི་ཐུགས་དམ།   དབང་ཆོག་སྐལ་ལྡན་མྱུར་འདྲེན།   དོན་དབང་མདོར་བསྡུས།   རྫོགས་པ་(166བ)ཆེན་པོ་རང་བྱུང་འཁྲུལ་པ་སེམས་ཀྱི་རྒྱུད།   ཚེ་ཡི་རྫས་སྒྲུབ་ཟབ་མོ།   ཚེ་འགུགས་ཚེ་ཡི་ཕོ་ཉ་བསྐུལ་བ་ཚེ་ཡི་པྲ་བརྟགས་འཆི་ལྟས་འཆི་བསླུ་བཅས།   འཆི་མེད་ཚེ་ཡི་བཏགས་གྲོལ་གྱི་དབང་གི་ཆོ་ག་གུད་དུ་སྦས་པ་ལྷ་ལྕམ་མཁའ་འགྲོའི་སྙིང་བཅུད།   ཚེ་ཡི་བཏགས་གྲོལ་གྱི་རྒྱུད།   བཏགས་གྲོལ་གྱི་རྒྱབ་ཆིངས།   གུས་སྦས་ལྷ་ལྕམ་སྙིང་བཅུད་ཀྱི་རྫོགས་རིམ།   སྒྲོལ་སྒྲུབ་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ།   ལྷ་ལྕམ་སྙིང་བཅུད་ཀྱི་ལས་མཐའ་ཁམས་གསུམ་དབང་སྡུད།   ཁ་བྱང་ཡིད་བཞིན་སྙིང་མཛོད།   མ༽  སྤྱི་ལུང་གསལ་བའི་མེ་ལོང་།   དབང་གི་མ་བདུན་གྱི་མཆོད་བྱང་།   དམ་རྫས་མྱོང་གྲོལ་གྱི་དཀར་ཆག   །ཆོས་བདག་ལུང་བསྟན་གྱི་དབུ།   ལས་བཞིའི་སྦྱིན་སྲེག   །གཏོར་སྒྲུབ་ཡོན་ཏན་ཀུན་འབྱུང་།   བུམ་སྒྲུབ་འཛབ་སྐོང་མུ་ཏིག་ཕྲེང་བ།   མ༽   འཕོ་བ་དཔག་ཆེན་མདའ་འཕང་།   མ༽  དཀར་པོ་དྲུག་མདོས།   མ༽  སྔགས་སྲུང་ཤ་ཟ་ཁྲག་རལ་གྱི་སྲུང་ཟློག་བསད་པའི་ལས་མཐའ་ཆ་ཚང་དུ་བ་རླུང་ཞོན་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི།   གཏེར་སྟོན་གར་དབང་འཆི་མེད་རྡོ་རྗེ་ཡན་གཞུང་ལྟར་ལ།   (167ན)དེ་ནས་གཏེར་སློབ་ཀརྨ་མཚན་བཟང་།   བླ་མ་ཨོ་རྒྱན་ལྷུན་གྲུབ།   རིག་འཛིན་ནམ་མཁའ་ཚེ་དབང་།   དྲིན་ཅན་པདྨ་དབང་རྒྱལ།   དེས་བདག་ཡེ་ཤེས་རྡོ་རྗེ་ལའོ།   །བཏགས་གྲོལ་གྱི་དབང་གི་བརྒྱུད་པ་ནི།   ཀུན་བཟང་།   རིགས་ལྔ།   དགོངས་བརྒྱུད་སྣང་མཐའ།   ཙཎྜ་ལི།   རིགས་གསུམ་མགོན་པོ།   ཤཱཀ་ཐུབ།   དགའ་རབ།   ཤྲཱི་སེང་།   འཇམ་དཔལ་བཤེས་གཉེན།   པད་འབྱུང་།   རྒྱལ་སྲས་ལྷ་རྗེ།   གཏེར་ཆེན་གར་དབང་འཆི་མེད་རྡོ་རྗེ།   ཀརྨ་མཚན་བཟང་ནས་གོང་བཞིན་ནོ།   །༎(གོང་གི་མ་རྟགས་ཅན་རྣམས་ལུང་རྒྱུན་མེད།   མཆན།   )