DJYD-KABUM-20-WA-024
DJYD-KABUM-20-WA-024
(232ན)ཨོཾ་སྭསྟི། སྤྲུལ་པའི་གཏེར་སྟོན་ཆེན་པོ་སྐུ་གསུམ་གླིང་པའམ་རང་རིག་རྡོ་རྗེའི་ཟབ་མོ་དགོངས་གཏེར་ལས་བྱོན་པ་རྡོ་རྗེ་སེམས་དཔའ་གསང་སྒྲུབ་དོང་སྤྲུགས་ཀྱི་སྐོར་ཐོབ་པ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། སྨིན་བྱེད་དབང་ཆོག་སྐལ་ལྡན་འཇུག་ངོགས་ལྟར་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་བུམ་པ་བདུད་རྩི་རིག་ཙཀ་མན་ཤེལ་ལ་བརྟེན་ནས་དབང་བཞི་ཡོངས་རྫོགས། རྗེས་འབྲེལ་དུ་སྐུ་ཕྱག་རྒྱ། གསུང་བདུད་རྩི། ཐུགས་རྡོར་དྲིལ་ལ་བརྟེན་ནས་སྐུ་གསུང་ཐུགས་དབང་དང་། མཐའ་རྟེན་བཀྲ་ཤིས་པའི་རྫས་ཀྱིས་མདུན་བདར་ཅིང་ཤིས་པའི་དབྱངས་ཀྱིས་མངའ་གསོལ་བ་བཅས་ཚང་ལ་མ་འཁྲུལ་བར་ནོས། གཉིས་པ་ཁྲིད་ཀྱི་སྐོར་ཟབ་རྒྱས་སུ་བཞུགས་ཀྱང་སྐབས་འདིར་དཔེ་མ་འབྱོར་བས་སླད་ནས་ཞུ་རྒྱུའི་གསོལ་བ་འདེབས་པ་ལགས། གསུམ་པ་ལ། གཞུང་རྩ་བ་དང་། ཁ་སྐོང་ཆོག་ཁྲིགས་གཉིས་ལས། དང་པོ་ནི། རྡོ་རྗེ་སེམས་དཔའི་གསང་སྒྲུབ་ན་རཀ་དོང་སྤྲུགས། བྱིན་འབེབས་དབྱིངས་བསྐུལ་ནོར་བུའི་ཕྲེང་བ། གསོལ་(232བ)འདེབས་རྒྱུད་བསྐུལ་ཚངས་པའི་གླུ་དབྱངས། ཕྱག་འཚལ་སྒྲིབ་བྲལ་འཇའ་སྐུ་རང་གྲོལ། བཤགས་པ་ཉམས་ཆག་ཀུན་དག་ཀློང་ཆེན་རང་གྲོལ། བསྐང་བ་པདྨ་དྲྭ་བ་གཞིར་བཞེངས་མཆོད་སྤྲིན། བསྐང་བ་མན་ངག་གསང་ཐིག །སྔགས་སྲུང་ཨེ་ཀ་ཙ་ཏིའི་གསང་སྒྲུབ་བདེ་ཆེན་རང་གྲོལ་བཅས་སོ། །གཉིས་པ་ཁ་སྐོང་ལ། རྡོར་སེམས་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། བསང་ཆུ་སྒྲུབ་པ། སྔོན་གཏོར། ཛཔྲ་སྔགས། གཙོ་ཁྲུས་ཀྱི་བུམ་པ་སྒྲུབ་ཐབས། ཞི་ཁྲོ་དག་གྱུར་གྱི་བསྐང་བ། དབང་ཆོག་སྐལ་ལྡན་འཇུག་ངོགས། གནས་ལུང་གི་ཆོ་ག་ངན་སོང་དོང་སྤྲུགས་སྐུ་གསུམ་རང་གྲོལ། རིགས་དྲུག་གནས་སྦྱོང་བསྡུས་པ། སྦྱིན་སྲེག་གི་ཆོ་ག་སྡིག་སྒྲིབ་ཀུན་འཇོམས། ཆོ་ག་དོན་སྙིང་བསྡུས་པ་བཅས་ཆོས་བདག་རསྨི་བཛྲས་མཛད་པ་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། པདྨ་འབྱུང་གནས། ཡེ་ཤེས་མཚོ་(233ན)རྒྱལ། ཁྲི་སྲོང་ལྡེའུ་བཙན། བཻ་རོ་ཙ་ན། གཏེར་ཆེན་སྐུ་གསུམ་གླིང་པའམ་རང་རིག་རྡོ་རྗེ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའི། །ཁ་སྐོང་རྣམས་མཛད་པ་པོ་ནས། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་སོ།། །།