DJYD-KABUM-20-WA-027
DJYD-KABUM-20-WA-027
(241ན)ཨོཾ་སྭསྟི། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་སོགས་གུ་རུའི་ཐུགས་ཟིན་གྱི་གཟུངས་མ་ཌཱ་ཀི་སྡེ་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་བཟང་ཆོས་ཉིད་བདེ་སྐྱོང་དབང་མོའམ་བདེ་ཆེན་བདེ་བའི་རྡོ་རྗེ་རྩལ་གྱིས་ཐུགས་གསང་མི་ཟད་རྒྱན་འཁོར་ལས་ཕྱུངས་པའི་ཟབ་གཏེར་གསང་བ་སྐོར་གཉིས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཇི་ལྟར་ཐོབ་པའི་ཚུལ་ལ། གསང་མཛོད་རྣམ་པ་གཉིས་ཀྱི་རྩ་བ་གསུམ་སོ་སོའི་དབང་བསྐུར་བཞུགས་སོ་ཅོག་རང་རང་གི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་ཆོས་སྔོན་དུ་འགྲོ་བས་དངོས་གཞི་དབང་བཞི་ཡོངས་རྫོགས་རྗེས་འབྲེལ་དང་བཅས་པ་གཏེར་གཞུང་མཚམས་སྦྱོར་གྱིས་བརྒྱན་ཏེ་ཕྱག་བཞེས་བཞིན་ཚང་བར་ནོས་ནས། ལུང་གི་རིམ་པ་ཆོས་ཚན་དཀར་ཆག་བཞིན་འགོད་པ་ལ། ཐོག་མར་ཆོས་ཉིད་མཁའ་འགྲོའི་གསང་མཛོད་ཀྱི་ཁ་བྱང་ཀ་ལ་པིངྐའི་སྒྲ་ཚིག་མཁའ་འགྲོའི་ཞལ་ཆེམས་ཡང་བྱང་གབ་ཐིག་སྙིང་པོ། ཌཱ་ཀིའི་གསང་ཚིག་ཨུ་པ་དེ་ཤ ། རང་གཏེར་ཕག་མོའི་སྒྲུབ་ཐབས་འབྲི་སྐབས་ཤོག་ཚད་ཉམས་སྣང་ཤར་བ། ཨོ་རྒྱན་(241བ)རྣམ་ཐར་དྲི་མེད་པདྨ་དཀར་པོ། ཟབ་ལམ་བླ་མའི་རྣལ་འབྱོར་སྐལ་ལྡན་ལམ་གྲོལ། རིག་འཛིན་འདུས་པའི་སྐོར་ལ། གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། རིག་འཛིན་བྱིན་འབེབས་བྱིན་རླབས་ཆར་འབེབས་བདུད་རྩིའི་ཐིག་ལེ། རིག་འཛིན་འདུས་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། ཛཔྲ་བསྐུལ་གསོལ་འདེབས་དངོས་གྲུབ་བུམ་བཟང་། དོན་བསྐང་དངོས་གྲུབ་སྙེ་མ། བརྒྱུད་འདེབས་བྱིན་རླབས་དཔལ་ཕྲེང་། ནང་སྒྲུབ་རིན་ཆེན་དབང་གི་རྒྱལ་པོ། ཚོགས་མཆོད་རིག་འཛིན་དགྱེས་སྐོང་དངོས་གྲུབ་མྱུར་ཐོག གུ་རུའི་གསང་སྒྲུབ་རྡོ་རྗེའི་རྒྱ་ཅན་ཤིན་ཏུ་ཟབ་པ་མཁའ་འགྲོའི་ཐུགས་བཅུད། ཉེར་སྤྱོད་ཀྱི་མཆོད་བསྟོད། བདུད་རྩིའི་སྒྲུབ་ཐབས་མདོར་བསྡུས་སྙིང་པོ་དཔའ་བོ་གཅིག་སྒྲུབ། རིག་འཛིན་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་། ཚེ་སྒྲུབ་བསྡུས་པ་ཡང་གསང་སྙིང་པོ། སྨིན་བྱེད་དབང་གི་སྟ་གོན་སྨིན་གྲོལ་ལམ་བཟང་། ཟབ་གཏེར་དབང་གི་ལྷན་ཐབས་དབང་བཞིའི་ཆུ་རྒྱུན། དབང་ཆོག་ཡེ་ཤེས་དྲྭ་བ་བྱིན་རླབས་ཆར་འབེབས། དོན་དབང་འབྲེལ་ཚད་རང་གྲོལ་གབ་པ་མངོན་ཕྱུངས། ལྷ་དབང་དོན་བསྡུས་ཌཱ་ཀིས་མངོན་སུམ་དུ་གསུངས་པ་ཤིན་ཏུ་ཟབ་པའི་(242ན)མཐར་ཐུག །རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་མཆོག་སྟེར་རྡོ་རྗེའི་རྒྱ་ཅན་མཁའ་འགྲོའི་ཐུགས་བཅུད་ཤིན་ཏུ་ཟབ་པ། རྩ་གསུམ་ཚོགས་མཆོད་དངོས་གྲུབ་མཆོག་བརྙེས། དྲིལ་སྒྲུབ་མཆོད་བསྟོད་བཅས། ཐུགས་ཆེན་སྐོར་ལ། འགྲོ་འདུལ་འཕགས་པའི་གསོལ་འདེབས་བྱིན་རླབས་དཔལ་སྟེར། བསྐྱེད་རྫོགས་ལས་རིམ་རྣལ་འབྱོར་འཇུག་པའི་གོ་ཆ་དངོས་གྲུབ་འབྱུང་གནས། འགྲོ་འདུལ་འཕགས་པའི་རྩ་སྒྲུབ་བྱང་ཆུབ་ལམ་བཟང་དངོས་གྲུབ་སྙེ་མ། ཆོ་ག་ཀུན་གྱི་ཆ་ལག་ལས་རིམ་བདུན་པ། བསྐང་བཤགས་ཟབ་མོ། མེ་མཆོད་ལས་བཞི་ལྷུན་གྲུབ། འཕགས་པའི་ཞལ་སྒྲུབ་དངོས་གྲུབ་སྙེ་མ། ཞལ་སྒྲུབ་རྒྱུན་ཁྱེར། རྩ་དབང་ཡེ་ཤེས་སྣང་འབྱེད། དབང་གི་ཆ་ལག་གབ་ཐིག་བཅས། རྟ་མགྲིན་སྐོར་ལ། དབང་ཆེན་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ནོར་བུ། དབང་ཆེན་ཟབ་གནད་སྔོན་འགྲོའི་འཇུག་ཆོག །པདྨ་དབང་གི་སྒྲུབ་ཐབས་ཁམས་གསུམ་རྣམ་རྒྱལ་འདོད་རྒུའི་གཏེར་མཛོད་རཏྣའི་རྒྱ་ཅན། དོན་བསྐང་ཡིད་བཞིན་སྤྲིན་ཕུང་། དབང་ཆེན་རྩ་སྒྲུབ་ཡེ་ཤེས་རབ་འབར། སྒྲུབ་ཐབས་རྒྱུན་ཁྱེར་ཟབ་མོ། བསྐུལ་བ་རྡོ་རྗེའི་ཐོག་མདའ། དྲག་སྒྲུབ་ཕ་རོལ་དཔུང་(242བ)འཇོམས། ཆ་ལག་དྲག་པོའི་ལས་ཀྱི་སྦྱོར་བ། པདྨ་དྲག་པོའི་གཏོར་ཟློག་བསྡུས་པ། ཡི་དམ་དབང་ཆེན་ཡབ་ཡུམ་གྱི་རྩ་དབང་བྱིན་རླབས་གཏེར་མཛོད་བཅས། སྒྲོལ་མའི་སྐོར་ལ། རྗེ་བཙུན་འཕགས་མའི་གསོལ་འདེབས་བྱིན་རླབས་དཔལ་སྟེར། རྗེ་བཙུན་འཕགས་མའི་སྒྲུབ་ཐབས་བྱིན་རླབས་དཔལ་སྟེར། འཕགས་མའི་རྗེས་གནང་བཅས། ཕག་མོའི་སྐོར་ལ། མཁའ་འགྲོའི་གསོལ་འདེབས་ཟབ་མོ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྡོ་རྗེའི་རྒྱ་ཅན། བསྐང་བ་བྱིན་རླབས་དབྱིག་ཐོབ་མོས་པའི་དོ་ཤལ། བསྐང་བ་བསྡུས་པ་ཚངས་པ་སྒྲ་དབྱངས། ནང་སྒྲུབ་ཟབ་མོ་རྒྱུན་ཁྱེར་གསང་བའི་རྒྱ་ཅན། ཚོགས་མཆོད་ཡེ་ཤེས་སྤྲིན་ཕུང་སྤྲོས་མེད་རྒྱུན་ཁྱེར། གསང་སྒྲུབ་པདྨའི་རྒྱ་ཅན་ཡང་ཟབ་སྙིང་པོ། ཚོགས་མཆོད་ཆ་ལག་རྒྱུན་ཁྱེར། ཡང་གསང་མཁའ་འགྲོའི་རྩ་སྒྲུབ་བསྡུས་པ་འོད་གསལ་སྙིང་པོ། ཉེར་མཁོ་རྗེས་ཀྱི་རིམ་པ་བསྡུ་ལྡང་བསྔོ་སྨོན། མཁའ་འགྲོའི་གསང་སྒྲུབ་རྒྱུན་ཁྱེར་ཟབ་པའི་སྙིང་པོ། གསང་བ་ཡེ་ཤེས་ཀྱི་གསོལ་འདེབས་དབང་གི་ཆུ་བོ། སྙན་རྒྱུད་ཡང་གསང་མཁའ་འགྲོའི་སྲོག་སྒྲུབ་གསང་བའི་རྒྱ་ཅན། ཕག་མོའི་(243ན)ལས་ཚོགས་ཁམས་གསུམ་དབང་སྡུད་ཡིད་བཞིན་ནོར་བུ། སྲིད་འཕེལ་འཁོར་ལོ་འདོད་འབྱུང་དབང་རྒྱལ། དམར་བཤལ་འགོག་སྔགས་སོགས་ཉེར་མཁོ་སྔགས་འབུམ། ཕག་མོའི་བླ་རྡོ་སྲོག་གི་འཁོར་ལོ་ཟབ་རྒྱ་ཅན། མེ་མཆོད་དངོས་གྲུབ་ཆུ་གཏེར། ཕག་མོའི་ཆ་ལག་མྱུར་མཛད་དབང་མོའི་སྒྲུབ་ཐབས་རཏྣའི་རྒྱ་ཅན། རྗེ་བཙུན་མའི་བསྟོད་པ་བསྡུས་པ་དངོས་གྲུབ་ནོར་སྟེར། དབྱིངས་ཡུམ་རྣལ་འབྱོར་དབང་མོའི་འབྱུང་ལུང་འཁྲུལ་ཞིག་གི་གདམས་པ། སྨིན་བྱེད་གསང་བའི་དབང་བཞིན་ཐུན་མིན་ངེས་དོན་མཁའ་འགྲོའི་ཐིགས་བཅུད་བདུད་རྩིའི་སྤྲིན་ཕུང་། རྡོ་རྗེ་ཕག་མོའི་ཟབ་རྒྱུད། ཕག་མོའི་རྫོགས་རིམ་གསང་བ་ཐུགས་ཀྱི་རྒྱ་ཅན་ཤིན་ཏུ་ཟབ་པ་མཁའ་སྤྱོད་བགྲོད་པའི་མྱུར་ལམ་དོན་གྱི་སྙིང་པོ་ཟབ་པའི་མཐར་ཐུག་འོད་གསལ་མངོན་གྱུར། ཡང་གསང་བླ་མེད་སྔགས་ཀྱི་ལམ་མཆོག་ཕྱག་རྒྱ་གཉིས་ལྡན་མཁའ་འགྲོའི་ཐུགས་བཅུད་སྦས་པ་མངོན་བསྟན་ཟབ་ལམ་སྙིང་པོ། སྦྱོར་སྒྲོལ་དགོངས་པའི་ཟབ་གནད། རྫོགས་ཆེན་མཐའ་གྲོལ་ཀློང་ཡངས་ཀྱི་དགོངས་པ་འོད་གསལ་སྒྲོན་མེ། མྱུར་ལམ་ཐོད་རྒལ་གྱི་(243བ)གདམས་པ་འཇའ་ལུས་མངོན་གྲུབ། འོད་གསལ་དོན་གྱི་སྙིང་པོ་ནམ་མཁའ་ཀློང་ཡངས། ཐོད་རྒལ་འཇའ་ལུས་མངོན་གྲུབ་ཀྱི་པྲ་ཁྲིད་སངས་རྒྱས་མཉམ་སྦྱོར་འོད་གསལ་སྙིང་པོ་བཅས། མཚོ་རྒྱལ་སྐོར་ལ། ཡེ་ཤེས་མཁའ་འགྲོའི་གསོལ་འདེབས་རྨོངས་པ་ཀུན་སེལ་ཤེས་རབ་གསལ་བྱེད། བརྒྱུད་པའི་གསོལ་འདེབས་བསྡུས་པ། མཁའ་འགྲོ་སྒྲུབ་པའི་ཆ་ལག་སྔོན་འགྲོའི་ལས་རིམ་དངོས་གྲུབ་སྒོ་འབྱེད། མཁའ་འགྲོའི་བླ་རྡོ་སྲོག་གི་འཁོར་ལོ་དངོས་གྲུབ་བུམ་བཟང་། ཌཱ་ཀི་མཚོ་རྒྱལ་གྱི་བླ་རྡོ་གསང་བའི་རྒྱ་ཅན་དངོས་གྲུབ་གཏེར་བུམ། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དངོས་གྲུབ་དཔལ་སྟེར། གསང་སྒྲུབ་རྒྱུན་ཁྱེར་སྙིང་པོ། ཚོགས་མཆོད་ཀུན་བཟང་དགྱེས་སྐོང་དངོས་གྲུབ་ཆར་འབེབས། མེ་མཆོད་གསང་བའི་རྒྱ་ཅན། ཚོགས་བསྐང་སུན་ཟློག །སྒྲུབ་ཐབས་བྱིན་རླབས་མྱུར་ཐོབ་ཤིན་ཏུ་གསང་བའི་རྒྱ་ཅན། ཌཱ་ཀིའི་ཚོགས་མཆོད་རྒྱུན་ཁྱེར། སྒྲུབ་ཐབས་ཡང་བཅུད་སྙིང་པོ་དཔའ་བོ་དགྱེས་པའི་མགུལ་རྒྱན། བདེ་ཆེན་མཚོ་རྒྱལ་གྱི་གསང་དབང་སྐལ་ལྡན་རྗེས་འཛིན་འདོད་འཇོའི་བུམ་བཟང་། གསང་མཛོད་ཀྱི་ཆ་ལག་གནད་ཀྱི་ཡིག་ཆུང་། རྩ་གསུམ་སྦྱིར་གཅེས་(244ན)པའི་སྐོར་ལ། ཆོ་ག་སྤྱིའི་མཚམས་སྦྱོར་བསྡུས་པ་དངོས་གྲུབ་བུམ་བཟང་། རྩ་གསུམ་སྤྱིའི་དཀར་གཏོར་འདོད་རྒུ་ཀུན་འབྱུང་། སྤྱིར་གཅེས་སྔོན་འགྲོའི་འཇུག་སྒོ། མཆོད་རྫས་བྱིན་རླབས། མཚམས་ལྷ་བསྐྱེད་པ། གནམ་ཕུད་བདུད་རྩི་ཀུན་ཁྱབ། ས་ཆོག་དང་ལས་གང་བྱེད་ཀྱི་སྔོན་འགྲོ། རྣམ་རྒྱལ་བུམ་པ་དང་ལས་བུམ་སྒྲུབ་ཐབས། བདག་དབང་ཡེ་ཤེས་སྒོ་འབྱེད། སྔོན་འགྲོ་སྤྱི་གཅེས་གབ་པ་མངོན་ཕྱུངས། ཟབ་ཆོས་སྤྱི་ལ་གཅེས་པའི་བསྙེན་སྒྲུབ་ཡན་ལག་བཞིའི་དམིགས་རིམ་དངོས་གྲུབ་སྙེ་མ། རྩ་གསུམ་སྤྱིའི་དབང་བཞི་རྒྱལ་ཐབས་སྤྱི་བླུགས་མཛེས་པའི་དོ་ཤལ་དོན་དབང་འབྲེལ་ཚད་དོན་ལྡན་མཁའ་འགྲོའི་ཐུགས་བཅུད། རྩ་གསུམ་སྤྱིའི་མེ་མཆོད་ལས་བཞི་ལྷུན་གྲུབ་རིན་ཆེན་བང་མཛོད། ལས་བཞིའི་ཐིག་ཡིག་ཨ་དརྴ། དངོས་གྲུབ་ལེན་ཆོག་འདོད་རྒུའི་ཆར་འབེབས་བཅས། བི་མ་མི་ཏྲའི་ཞལ་གཟིགས་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཟབ་རྒྱ་ཅན། འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་ཤེས་རབ་ཉི་མ། འཇམ་དབྱངས་སྒྲུབ་ཐབས་ཨ་ཏིའི་ལུགས་སྤྲོས་མེད་རྒྱུན་ཁྱེར། (244བ)འཇམ་དཔལ་མངོན་རྟོགས་བསྡུས་པ། འཇམ་དཔལ་རྩ་སྒྲུབ་བསྡུས་པ་ཤེས་རབ་བློ་འཕེལ། རྒྱུན་ཁྱེར་ཚོགས་མཆོད་བསྡུས་པ། གཏོར་འབུལ་དངོས་གྲུབ་བུམ་བཟང་། རིགས་གཅིག་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡེ་ཤེས་ལམ་བཟང་། གུ་རུའི་སྒྲུབ་པ་བྱིན་རླབས་བུམ་བཟང་། གྲོ་ལོད་སྒྲུབ་ཐབས་བྱིན་རླབས་མཆོག་སྟེར། ཡི་དམ་རྡོ་རྗེ་གཞོན་ནུའི་གསང་སྒྲུབ། རྣལ་འབྱོར་ལམ་ཁྱེར་ཀུ་སུ་ལུའི་ཚོགས་བསགས། དབང་སྡུད་ཟིལ་གནོན་ཟབ་མོ། རྣལ་འབྱོར་ལམ་ཁྱེར་ཀུ་སུ་ལུའི་ཚོགས་བསགས་ཀྱི་ཕཊ་དོན་ལམ་བཟང་འཇུག་ངོགས། མྱུར་ལམ་འཕོ་བའི་གདམས་པ་བདེ་ཆེན་ལམ་བཟང་། འཕོ་བའི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ཡེ་ཤེས་ལམ་བཟང་། བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་བདུད་རྩིའི་ཐིག་པ་སྨིན་གྲོལ་ལམ་བཟང་། ཨེ་མ་ཧོ༔ རང་བྱུང་རིག་པ་སོགས་ནས། སྐྱེ་དང་ཚེ་རབས་བར་གསོལ་འདེབས་དང་ཚོགས་བསྡུས་བཅས་ཚན་པ་བརྒྱད། བླ་མ་རྒྱང་འབོད་བྱིན་རླབས་བཅུད་བུམ། ཡེ་ཤེས་ཌཱ་ཀིའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། མྱུར་ལམ་ཐོད་རྒལ་གྱི་ཟིན་བྲིས་དོན་གསལ་སྙིང་གི་མེ་ལོང་། ལྷུན་གྲུབ་རང་མལ་དུ་(245ན)གནས་པའི་དོན་ཚན་པ་གཉིས། སྟག་ལུང་མཁན་པད་དཔལ་གྱིས་དྲིས་ལན། སྨྲ་བསམ་བརྗོད་མེད་སོགས། ཨ་ཧོཿ གྲུབ་པའི་དབང་ཕྱུག་སོགས། ཤིན་ཏུ་རབ་བརྩེའི་སོགས། ཨེ་མ་གསང་སྔགས་གྲུབ་པ་སོགས། དུས་གསུམ་སངས་རྒྱས་སོགས། ཡིད་བཞིན་ནོར་བུ་སོགས། ཟག་བཅས་ཉེ་ལེན་སོགས། བརྡ་དང་བརྡ་ལན་སོགས། དུས་འཛིན་ལྕགས་ཁྱི་ལོའི་སོགས། བརྡ་དོན་འབྲེལ་བ་རྡོ་རྗེའི་གད་མོ་ནས། གསང་གྲོགས་ཀྱི་མཚན་ཉིད་བཤད་པའི་བར་ལེ་ཚན་བདུན། ཨེ་མ་སྐལ་ལྡན་རིག་འཛིན་སོགས་སྤྲོས་མེད་དོན་གྱི་དབང་བསྐུར་ངོ་སྤྲོད། ཀ་དག་རིག་པ་སོགས་ངོ་སྤྲོད། རྣལ་འབྱོར་ཉམས་ཀྱི་མཚར་གླུ། ཤེས་རབ་དབང་མོས་བདེ་བའི་རྡོ་རྗེ་ལ་སྨྲས་པ། ཧེ་ཧེ། བར་ཆད་སོགས་ཞལ་གདམས། དུས་གསུམ་རྒྱལ་བ་སོགས་བླ་མའི་རྟོགས་བརྗོད་གདུང་དབྱངས་གསོལ་འདེབས་རྒྱལ་ཀུན་འདུས་ཞལ་སོགས་དུས་ངན་སྤྱོད་པ་ལ་ཁྲེལ་ནས་རྩ་གསུམ་རྒྱུད་བསྐུལ་སྨོན་ཚིག །ཡེ་ཤེས་ཌཱ་ཀིའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། བར་དོའི་མཐོང་སྣང་ངེས་འབྱུང་གསལ་སྒྲོན། ཀྱེ་ཧོ་སྤང་ལྗོངས་སོགས་ཞལ་གདམས་ཚན་པ་གཉིས། ཐོད་རྒལ་འཇའ་ལུས་མངོན་གྲུབ་སྐབས་ཀྱི་(245བ)མཁའ་འགྲོའི་ཞལ་ཤེས་ཚུལ་ཁྲིམས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ། ཟངས་མདོག་དཔལ་རིའི་སྨོན་ལམ་བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ། སེང་ཆེན་ནོར་བུ་དགྲ་འདུལ་གྱི་གསོལ་འདེབས་བྱིན་རླབས་འོད་དཀར། མཁའ་སྤྱོད་ཞིང་བགྲོད་སྨོན་ལམ་བྱང་ཆུབ་ལམ་བཟང་། སྨོན་ལམ་དཔག་བསམ་རྒྱས་པ་ཡིད་བཞིན་དཔལ་སྟེར། རྫོགས་ཆེན་གསང་ལམ་སྨོན་ལམ་ཀུན་བཟང་ཐུགས་ཐིག །དྲེག་པ་རྣམ་གསུམ་གྱི་གསོལ་བསྐུལ་བསྡུས་པ་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་། བཀའ་སྲུང་སྲོག་གི་སྤུ་གྲིའི་རྩ་སྒྲུབ་ཕྲིན་ལས་མྱུར་མགྱོགས་སོགས་གསོལ་བསྡུས་ཚན་པ་ཉི་ཤུ། གཏེར་སྲུང་ལྷ་རབས་གཉན་པོ་གཡུལ་རྒྱལ་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ། ཀླུ་བསང་འདོད་རྒུའི་དཔལ་སྟེར། རིག་འཛིན་འདུས་པའི་ཚོགས་མཆོད་ཀྱི་འདོན་འགྲིགས། ཕྱག་རྒྱའི་ཟིན་བྲིས་བཅས།
༈ །ཆོས་ཉིད་མཁའ་འགྲོའི་ཐུགས་ཐིག་གི་ཆོས་སྡེ་ལས། ཐོག་མར་ཕུར་པའི་སྐོར་ལ། ཕུར་སྒྲུབ་ཆ་ལག་གསོལ་འདེབས་བྱིན་རླབས་དཔལ་སྟེར། མཁའ་འགྲོའི་ཐུགས་ཐིག་ཕུར་སྒྲུབ་བདུད་ལས་རྣམ་རྒྱལ་མཚོ་རྒྱལ་ཐུགས་བཅུད། རྩ་སྒྲུབ་བར་ཆད་ཀུན་སེལ་དངོས་གྲུབ་བུམ་བཟང་། ཚེ་ཕུར་ཟུང་འབྲེལ་དུ་ལྡེ་ཁ་བསྒྱུར་བ་དང་། (246ན)རྒྱུན་ཁྱེར་ཚེ་ཕུར་འདོན་འགྲིགས་ཕབ་བྱང་བཅས། ཚོགས་མཆོད་རྒྱུན་ཁྱེར་ཚོགས་གཉིས་མཐར་ཕྱིན། རྗེས་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས། ཚོགས་མཆོད་ཡེ་ཤེས་སྤྲིན་ཕུང་། བསྐང་བ་ཤེལ་གྱི་མེ་ལོང་། ཚོགས་མཆོད་བསྡུས་པ་བསོད་ནམས་ཆུ་གཏེར། མེ་ཚོགས་གཏོང་བ་དངོས་གྲུབ་ལྕགས་ཀྱུ། དྲག་བསྐུལ་ཡེ་ཤེས་མེ་ཕྲེང་། དྲག་སྒྲུབ་ཟབ་མོ། དྲག་སྒྲུབ་ཀྱི་ཆ་ལག་སྔོན་འགྲོ། དྲག་བཟློག་སྤུ་གྲིའི་འཁོར་ལོ། གཏོར་ཟོར་གདབ་པ། རྩ་དབང་དངོས་གྲུབ་སྙེ་མ་བཅས། མཁའ་འགྲོའི་སྐོར་ལ། བརྒྱུད་པའི་གསོལ་འདེབས་བྱིན་རླབས་མཆོག་སྟེ། ཌཱ་ཀིའི་ཐུགས་ཀྱི་སྒྲུབ་པ་དངོས་གྲུབ་བུམ་བཟང་། སྐབས་སུ་མཆོད་པའི་ལས་རིམ། གབ་པ་བཞི་ལྡན། མཁའ་འགྲོའི་དོན་དབང་དངོས་གྲུབ་སྒོ་འབྱེད་བྱིན་རླབས་བཅུད་སྟེར། ཚེ་སྒྲུབ་ཡང་བཅུད་སྙིང་པོ། མེ་མཆོད་དངོས་གྲུབ་བང་མཛོད། མཁའ་འགྲོ་དགོངས་པ་འདུས་པའི་སྒྲུབ་ཐབས་རྒྱུན་ཁྱེར་ཡང་ཟབ་སྙིང་པོ། མཁའ་འགྲོ་གསང་བ་འདུས་པའི་དོན་དབང་སྐལ་ལྡན་རྗེས་འཛིན་ཟབ་རྒྱ་ཅན། ཡེ་ཤེས་མཁའ་འགྲོའི་ལོ་རྒྱུས་མེ་ཏོག་ཆུན་པོ་མཛེས་པའི་ཕྲེང་བ། མཁའ་འགྲོའི་(246བ)སྒྲུབ་ཐབས་བདེ་ཆེན་མཆོག་སྩོལ། ཌཱ་ཀིའི་ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་། སྙན་བརྒྱུད་མཁའ་འགྲོ་དགོངས་འདུས་ཆ་ལག་མཚོ་རྒྱལ་སྒྲུབ་ཐབས་རླུང་སེམས་དབང་སྡུད་བདེ་དྲོད་རང་འབར། ཚོགས་མཆོད་སྤྲོས་མེད་རྒྱུན་ཁྱེར་ཚོགས་གཉིས་མྱུར་རྫོགས། དངོས་གྲུབ་ལྷག་སྐྱོང་སྨོན་ལམ་བཅས། མེ་མཆོད་བསྡུས་པ་ཚོགས་གཉིས་མྱུར་རྫོགས། རྫོགས་ཆེན་གནད་ཀྱི་མེ་ལོང་། མཚོ་རྒྱལ་གསང་དབང་སྤྲོས་མེད་དོན་གྱི་སྙིང་པོ་ཤེས་རབ་རྩ་འབྱེད། འཕོ་བ་ཡེ་ཤེས་སྒོ་འབྱེད། ཕག་མོའི་ཡན་ལག་བདུན་པ། སྤྲུལ་སྐུ་དྲི་མེད་ཀྱི་བརྟན་བཞུགས་གསོལ་འདེབས། དུས་གསུམ་སངས་རྒྱས་སོགས། ཡང་ཀློང་ཆེན་རབ་འབྱམས་སོགས། དབང་མཛད་ལྷ་མོའི་རྒྱུན་བཟླས། གསང་དབང་ཤེས་རབ་རྩ་འབྱེད་ཀྱི་ངོ་སྤྲོད་གབ་པ་མངོན་ཕྱུངས་གསང་བའི་སྲོག་ཐིག་མཁའ་འགྲོའི་གསང་ཚིག །མཁའ་འགྲོའི་གསོལ་འདེབས་བྱིན་རླབས་དཔལ་ཕྲེང་། ཌཱ་ཀིའི་མཚོ་རྒྱལ་ཐུགས་སྒྲུབ་དངོས་གྲུབ་སྙེ་མ། རིག་འཛིན་མཁའ་འགྲོའི་སྤྱི་བསྐང་ཉམས་ཆག་རང་གྲོལ་དངོས་གྲུབ་ཆར་འབེབས། མཁའ་འགྲོའི་སྲོག་སྒྲུབ་ཡང་བཅུད་སྙིང་པོའི་བསྐྱེད་རིམ་ཟུར་གསལ་རྡོ་རྗེའི་རྒྱ་ཅན། དགོངས་འདུས་གནད་བྱང་བསྡུས་པ་གསལ་བའི་སྒོ་འབྱེད་གསེར་གྱི་ལྡེ་མིག་གསང་བའི་རྒྱ་ཅན། མཁའ་(247ན)འགྲོའི་སྲོག་སྒྲུབ་ཡང་བཅུད་སྙིང་པོ། རྒྱུན་ཁྱེར་ཚོགས་མཆོད་བསྡུས་པ། ཉམས་ལེན་གནད་ཀྱི་མན་ངག་ཌཱ་ཀིའི་ཐུགས་བཅུད། དཔལ་རིའི་སྨོན་ལམ་གསང་ལམ་མངོན་འབྱེད། ལྷ་མོའི་གསོལ་འདེབས་བྱིན་རླབས་དབྱིག་ཐོབ། ལྷ་མོའི་སྒྲུབ་ཐབས་དངོས་གྲུབ་མཆོག་སྩོལ་དབང་གི་ལྕགས་ཀྱུ་མེ་ཏོག་ཕྲེང་མཛེས། དབང་གི་ལྷ་མོའི་སྒྲུབ་ཐབས་བསྡུས་པ་དངོས་གྲུབ་སྙེ་མ། རྗེས་རིམ་མཆོད་བསྟོད། བཅོམ་ལྡན་རིག་བྱེད་ལྷ་མོའི་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས། སྐད་ཅིག་དྲན་རྫོགས་སོགས། མཁའ་འགྲོའི་མངོན་རྟོགས་བསྡུས་པ། བཅོམ་ལྡན་དབང་གི་ལྷ་མོའི་བླ་རྡོ་སྲོག་གི་འཁོར་ལོ་ཡང་གསང་མཁའ་འགྲོའི་ཐུགས་བཅུད་རིན་ཆེན་སྙིང་པོ། རིག་བྱེད་ལྷ་མོའི་གསང་སྒྲུབ་ཟབ་མོ། གསང་སྒྲུབ་སྣང་སྲིད་དབང་འདུས། དབང་གི་ལྷ་མོའི་མཆོད་བསྟོད། དབང་གི་ལྷ་མོའི་སྒྲུབ་ཐབས། དེའི་མཆོད་བསྟོད། འདོད་གསོལ། ཕྲིན་བཅོལ། དབང་གི་ལྷ་མོའི་ལས་ཚོགས་ཁམས་གསུམ་དབང་སྡུད་ཕྲིན་ལས་མྱུར་འགྲུབ། བཅོམ་ལྡན་དབང་གི་ལྷ་མོས་རྗེས་སུ་འཛིན་པའི་སྨོན་ལམ་ཕན་བདེའི་འབྱུང་གནས། འདོད་གསོལ་སྨོན་ལམ། རིག་བྱེད་ལྷ་མོའི་སྨིན་བྱེད་དབང་གི་འཇུག་ངོགས་དངོས་གྲུབ་སྙེ་མ། མ་རྒྱུད་གསང་བ་ཡེ་ཤེས་ཀྱི་གསང་སྒྲུབ་རྒྱུན་(247བ)ཁྱེར་ལམ་ཟབ་དངོས་གྲུབ་སྙིང་པོ། བསྟོད་བསྐུལ་བྱང་བུ། གསང་བ་ཡེ་ཤེས་ཀྱི་མངོན་རྟོགས། མཆོད་བསྟོད་ཟུར་བྱང་། དེའི་ཚོགས་མཆོད། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དབང་གི་རྒྱུད་སྨིན་བཅས། སྒྲུབ་ཐབས་གསོལ་འདེབས་སྨོན་ལམ་ཞལ་གདམས་སྣ་ཚོགས་ཀྱི་སྐོར་ལ། འཇམ་དཔལ་མངོན་རྟོགས་ཤེས་རབ་བློ་འཕེལ། རྗེས་རིམ་མཆོད་བསྟོད། ཚོགས་མཆོད། མེ་ཚོགས། དབྱངས་ཅན་ལྷ་མོའི་བསྒོམ་བཟླས་བསྡུས་པ། ཚེ་འཕེལ་ཡིད་བཞིན་འཁོར་ལོའི་མངོན་རྟོགས་བསྡུས་པ། ཐུན་མཐར་མཆོད་བསྟོད། འཆི་བ་བསླུ་བ་ཀུ་སུ་ལུའི་མན་ངག །རྗེ་བཙུན་སྒྲོལ་མའི་གསོལ་འདེབས་དཔག་བསམ་སྙེ་མ། འཕགས་མའི་གསོལ་འདེབས་འཇིགས་པ་ཀུན་སྐྱོབ། འཕགས་མའི་མངོན་རྟོགས་བསྡུས་པ་བྱིན་རླབས་ཆུ་གཏེར། ཡིད་བཞིན་འཁོར་ལོའི་རྩ་སྒྲུབ་རྡོ་རྗེའི་སྙིང་པོ། རྗེས་རིམ་མཆོད་བསྟོད། འཆི་བ་བསླུ་བའི་ཐབས་ཀུ་སུ་ལུའི་མན་ངག ཨོ་རྒྱན་ཚེ་དཔག་མེད་པའི་སྒྲུབ་ཐབས་ཚེ་བཅུད་བསྡུས་པ་འགྱུར་མེད་གཡུང་དྲུང་། ཚེ་སྒྲུབ་རྡོ་རྗེ་ཕ་ལམ། ཉི་ཟླ་ཁ་སྦྱོར་ཤིན་ཏུ་གསང་བའི་རྒྱ་ཅན། ཚེ་སྒྲུབ་བསྡུས་པ། ས་ར་ཧ་པའི་མངོན་རྟོགས་བྱིན་རླབས་སྤྲིན་ཕུང་། དེའི་མཆོད་བསྟོད། བླ་མ་མཁའ་འགྲོའི་སྒྲུབ་ཐབས་(248ན)བྱིན་རླབས་སྤྲིན་ཕུང་། དེའི་བསྙེན་དམིགས་དང་མཆོད་བསྟོད། བླ་མ་མཁའ་འགྲོའི་ཚོགས་མཆོད་སྤྲོས་མེད་རྒྱུན་ཁྱེར། ཕུང་པོ་མཆོད་སྦྱིན་ཚོགས་གཉིས་ཆུ་གཏེར། བདེ་བའི་རྡོ་རྗེའི་ཕྱག་རྒྱ་བསྡུས་པ་བྱིན་རླབས་དཔལ་སྟེར། དག་སྣང་ལས་རིག་འཛིན་བླ་མའི་གསོལ་འདེབས་བྱིན་རླབས་གཏེར་མཛོད། བླ་མའི་རྣལ་འབྱོར་ན་མོ་རྒྱལ་བ་ཀུན་ཡུམ་སོགས། སྐ་གསུམ་ཌཱ་ཀིའི་གསོལ་འདེབས་དངོས་གྲུབ་བང་མཛོད། ཡང་བླ་མའི་རྣལ་འབྱོར་རང་མདུན་གྱི་སོགས། བླ་མ་མཁའ་འགྲོའི་གསོལ་འདེབས། ཟབ་གཏེར་ཆོས་སྒོ་འབྱེད་པའི་གསོལ་འདེབས་ཐུགས་དམ་གནད་བསྐུལ། མཚོ་རྒྱལ་གསོལ་འདེབས། ནོར་ལྷའི་སྒྲུབ་ཐབས་དངོས་གྲུབ་བུམ་བཟང་། དམ་རྫས་དུག་བསྒྱུར་ཕྲིན་ལས་མྱུར་མགྱོགས་སྤུ་གྲིའི་འཁོར་ལོ་ཟབ་པའི་རྒྱ་ཅན། སྲུང་མའི་གསོལ་མཆོད་བསྡུས་པ། ཨེ་མ་ཧོཿ རྒྱལ་བའི་ཡུམ་མཆོག་སོགས་གསོལ་འདེབས། ལྷག་པའི་ལྷ་ལ་གསོལ་འདེབས་ཐུགས་རྒྱུད་གནད་བསྐུལ། གསོལ་འདེབས་བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ། ཨེ་མ་ཧོཿ རང་རིག་མ་བཅོས་སོགས། སྐུ་གསུམ་མཁའ་འགྲོའི་སོགས། གསོལ་འདེབས་ཐུགས་རྗེས་མྱུར་འཛིན་འོད་གསལ་རང་གྲོལ། (248བ)ཀྱེ་མ་ཐུགས་རྗེའི་སོགས། རང་སྣང་རྣམ་དག་སོགས། སྐྱེ་མེད་ཆོས་སྐུ་སོགས། ངོ་བོ་ཀ་དག་སོགས། སྐུ་གསུམ་མཁའ་འགྲོའི་སོགས། དབྱིངས་རིག་མི་འགྱུར་སོགས། རྣམ་དག་རྒྱལ་བའི་སོགས། སྐྱེ་མེད་དབྱིངས་ཡུམ་སོགས། བདེ་ཆེན་མགོན་པོ་སོགས། སངས་རྒྱས་ཐམས་ཅད་སོགས། སྐྱེ་བ་ཀུན་ཏུ་སོགས། སྐྱེ་མེད་ཆོས་སྐུའི་སོགས། ཀ་ནས་དག་པ་སོགས། ཡེ་སྟོང་སྤྲོས་དང་སོགས། སྐུ་གསུམ་མཁའ་འགྲོའི་སོགས། གཞི་དབྱིངས་འགྱུར་མེད་སོགས། རང་རིག་མ་བཅོས་སོགས། ཡང་རང་རིག་མ་བཅོས་སོགས། གཞི་དབྱིངས་རྣམ་དག་སོགས། རང་རིག་འགྱུར་མེད་སོགས། སྐུ་གསུམ་རིག་འདུས་སོགས། ཀ་དག་སྤྲོས་བྲལ་སོགས། ཆོས་དབྱིངས་འདུས་མ་སོགས། མི་མཐུན་ཕྱོགས་ཞི་སོགས། ཀུན་གཞི་སྤྲོས་བྲལ་སོགས། སངས་རྒྱས་ཀུན་འདུས་སོགས། རྒྱལ་བ་ཀུན་ཡུམ་སོགས། རྒྱལ་ཀུན་ཡེ་ཤེས་སོགས། དུས་གསུམ་རྒྱལ་བ་སོགས། རང་སྣང་དག་པ་སོགས། སྐུ་གསུམ་ཡོངས་དུས་སོགས། རྒྱལ་ཀུན་འདུས་ཞལ་སོགས། རྒྱལ་བ་ཀུན་ཡུམ་སོགས། རང་སྣང་དག་པ་སོགས། (249ན)ཡང་རང་སྣང་དག་པ་སོགས། བདེ་སྟོང་འདུ་འབྲལ་སོགས། རང་རིག་དོན་སྟོན་སོགས། རྩ་གསུམ་སྲུང་མའི་སོགས། ཀློང་ཆེན་རབ་འབྱམས་སོགས། སྐུ་གསུམ་རིགས་འདུས་སོགས། རབ་འབྱམས་རྒྱལ་ཀུན་སོགས། འོག་མིན་མཁའ་སྤྱོད་ཞིང་དུ་སྐྱེ་བའི་སྨོན་ལམ་དྲི་མེད་ནོར་བུ། གཡུ་ལོ་བཀོད་དུ་སྐྱེ་བའི་སྨོན་ལམ་ཕན་བདེའི་མྱུ་གུ། རྗེ་བཙུན་བཞད་པ་རྡོ་རྗེའི་གསོལ་འདེབས་ཐུགས་རྗེ་མྱུ་གུ། སྐྱེ་ཕྲེང་གསོལ་འདེབས་བསྡུས་པ་བྱིན་རླབས་སྤྲིན་ཕུང་། ཀུ་སུ་ལུ་ཉམས་བྱུང་གི་གནས་ཚུལ་མདོར་བསྡུས་རྡོ་རྗེའི་སྤུན་གྱིས་དྲིས་ལན་མོས་པའི་ལམ་བཟང་། དོན་དམ་བླ་མ་ངོ་སྤྲོད་དང་། གཏེར་སྟོན་གྱི་གཟུངས་མའི་རྣམ་དབྱེ། ཞལ་གདམས་བསླབ་བྱའི་རིམ་པ་ལ་ནང་གསེས་ལེ་ཚན་ཉེར་གསུམ། བསྐལ་པ་ཤིང་བྱ་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་དགུའི་སོགས་གསང་བའི་རྣམ་ཐར་གྱིས་ཐོག་དྲངས། དུས་འཛིན་མེ་སྟག་ཅེས་པའི་བར་ཚན་དགུ། ལས་ལྡན་བུ་སློབ་རྣམས་ལ་སྤྲིངས་པའི་ཞལ་གདམས་སྙིང་པོའི་དོན་བསྡུས་གསལ་བའི་མེ་ལོང་། མྱུར་ལམ་ཨ་ནུ་ཡོ་གའི་དམིགས་རིམ་བསྡུས་པ། བསྐྱེད་རྫོགས་(249བ) གཏུམ་མོའི་གེགས་སེལ་འོད་གསལ་སྤྱི་དོན་བསྡུས་པ། དུས་གསུམ་མཁྱེན་པའི་རྒྱལ་སྲས་སོགས་ཐབས་གྲོགས་དཔའ་བོར་ཕུལ་བའི་སྙིང་གཏམ་ཚན་པ་གཉིས། ཞལ་གདམས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་མཐོང་བ་དོན་ལྡན་སྣ་ཚོགས་རང་གྲོལ་ལ་ནང་གསེས་ཚན་པ་སོ་དྲུག །ཀློང་ཆེན་རབ་འབྱམས་སོགས་ཞལ་གདམས་ཚན་པ་བཞི། ཀྱེ་མ་རྒྱལ་ཀུན་འདུས་ཞལ་སོགས་བླ་མའི་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས། དུས་གསུམ་རྒྱལ་ཀུན་འདུས་ཞལ་སོགས་ཐབས་གྲོགས་བླ་མ་དྲན་པའི་གདུང་དབྱངས་དང་ཞལ་གདམས་བཅས་ཚན་པ་བཅུ་དྲུག །ཕ་རྡོ་རྗེ་འཆང་དབང་སོགས་ཞལ་གདམས་ཚན་པ་བཅུ་བདུན། དུས་གསུམ་རྒྱལ་བའི་སྤྱི་གཟུགས་སོགས་ཞལ་གདམས་ཚན་པ་བརྒྱད། དབང་གི་རྣམ་བཤད། མཆོག་སྤྲུལ་དོན་གྲུབ་རྡོ་རྗེ་ལ་ཞུ་ཡིག་ཏུ་ཕུལ་བ་བླུན་གཏམ་རིག་པའི་འདྲ་འབག །གདོད་ནས་རྣམ་དག་སོགས་ཞལ་གདམས་དང་། ཐུན་དུང་རྣམ་གྲངས། སྤྲིངས་ཡིག་སོགས་ཚན་པ་དྲུག །སེམས་མེད་སྤྲང་མོའི་རྨོངས་གླུ་དང་རང་ལ་རང་གིས་གྲོས་འདེབས་ཞལ་གདམས་སོགས་ཚན་པ་བཅུ་བཞི། རྨི་ལམ་རང་གྲོལ་གྱི་གདམས་པ་གསལ་(250ན)བའི་སྒྲོན་མེ། རྨི་ཁྲིད་ཀྱི་ས་བཅད། དབྱིངས་མི་འགྱུར་ནམ་མཁའི་སོགས་དུས་བཟང་མཆོད་པའི་སྐབས་ཀྱི་ཚོགས་གླུ་སོགས་ཉམས་སྣང་ལུང་བསྟན་སྣ་ཚོགས་དང་རྟ་མགྲིན་མངོན་རྟོགས་བཅས་ཚན་པ་བཅུ་གཅིག །རྩ་གསུམ་གཏོར་མའི་དཔེའུ་རིས་དངོས་གྲུབ་འབྱུང་གནས་སྐལ་ལྡན་གསར་པའི་མེ་ལོང་། ལས་བཞིའི་སྦྱིན་སྲེག་གི་དཀྱིལ་འཁོར་དཔེ་རིས། ཕུར་སྒྲུབ་ཀྱི་འདོན་འགྲིགས་ཐེག་ཆེན་ལམ་འཇུག །སྐུ་ཕྲེང་གསོལ་འདེབས་བྱིན་རླབས་དབྱིག་ཐོབ། སྐྱེ་ཕྲེང་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ། རྩ་གསུམ་ལྷ་ཚོགས་ཀྱི་དབང་སྒྲུབ་སྐབས་ཀྱི་གསལ་བྱེད་ཟིན་བྲིས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་མཚམས་ལུགས་ལས་འགྲིགས་བསྡུས་པ། ཟབ་གཏེར་དབང་གི་འདོན་འགྲིགས་གསལ་བའི་མེ་ལོང་སྐལ་བཟང་འཇུག་ངོགས། ཕག་མོའི་ནང་སྒྲུབ་དང་འབྲེལ་བར་སྦྱིན་སྲེག་གི་སྤྲོས་མེད་རྣལ་འབྱོར་ཟིན་བྲིས། རིག་འདུས། རྟ་མགྲིན། ཕུར་པ་སོགས་ཀྱི་ཟིན་བྲིས་མདོར་བསྡུས་བཅས་དང་། དབུས་མོ་བདེ་བའི་རྡོ་རྗེའི་རྣམ་པར་ཐར་པ་ངེས་འབྱུང་འདྲེན་པའི་ཕོ་ཉ་སྐལ་ལྡན་དད་པའི་མཆོད་སྡོང་ཞེས་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་བཅས་སོ། །དེ་ལྟར་ཐོབ་པའི་(250བ)བརྒྱུད་པ་ནི། མན་ངག་རྫོགས་ཆེན་ལྟར་ན། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སེདྷ། པཎ་ཆེན་བི་མལ། སློབ་དཔོན་པད་འབྱུང་། བྱེ་བྲག་བླ་སྒྲུབ་རིག་འཛིན་འདུས་པ་དང་ཐུགས་ཆེན་ལྟར་ན། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སློབ་དཔོན་པདྨ་ཐོད་ཕྲེང་རྩལ། རྟ་མགྲིན་ལྟར་ན། དབང་ཆེན་ཧྱ་གྲཱི་ཝ། སློབ་དཔོན་ཀླུ་སྒྲུབ་ཨོ་རྒྱན་ཆེན་པོ། ཕུར་པ་ལྟར་ན། ཀུན་བཟང་། བཛྲ་ཀུ་མཱ་ར། ལས་ཀྱི་དབང་མོ། པྲ་བྷ་ཧ་སྟི། སློབ་དཔོན་ཆེན་པོ། མཁའ་འགྲོ་དགོངས་འདུས་ལྟར་ན། ཀུན་ཏུ་བཟང་མོ། རྡོ་རྗེ་ཕག་མོ། རྗེ་བཙུན་སྒྲོལ་མ། དབང་གི་ལྷ་མོ། ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ། དེ་ནས། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། སློབ་དཔོན་ནམ་མཁའི་སྙིང་པོ། ཤེལ་དཀར་རྡོ་རྗེ་མཚོ། ཀུན་དགའ་སུ་ཁ་སིདྡྷི། གསང་འཛིན་ཌཱ་ཀིའི་དབང་ཕྱུག་ཀུན་བཟང་ཆོས་ཉིད་བདེ་སྐྱོང་དབང་མོ། བཀའ་བབས་ཆོས་བདག་རྣམ་འབྱོར་གྱི་དབང་ཕྱུག་ཁྲོ་རྒྱལ་རྡོ་རྗེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའི་སྐལ་བཟང་ཐོབ་བོ།། །།