དམ་ཆོས་སྤྲུལ་སྐུའི་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྨིན་བྱེད་དང་འབྲེལ་བར་སངས་རྒྱས་སྟོང་དབང་གི་ཆོ་ག་ཕན་བདེའི་འཛུམ་ཟེར།

From Dudjom Wiki
DJYD-KABUM-08-NYA-008
Wylie title dam chos sprul sku'i thig las 'phags mchog nam mkha'i rgyal po'i smin byed dang 'brel bar sangs rgyas stong dbang gi cho ga phan bde'i 'dzum zer DJYD-KABUM-08-NYA-008.pdf
Location bdud 'joms rin po che bka' 'bum
Volume 8, Text 8, Pages 307-328 (Folios 1a1 to 11b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i thig las 'phags mchog nam mkha'i rgyal po'i smin byed dang 'brel bar sangs rgyas stong dbang gi cho ga phan bde'i 'dzum zer. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 307-328. Kalimpong: Dupjung Lama, 1979-1985.
Side notes Recto: stong dbang   Verso: bdud 'dul thugs chen
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Empowerment Ritual - dbang chog - dbang skur
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity sangs rgyas stong
Colophon

།ཅེས་པའང་དབང་ཆོག་རྩ་བའི་དགོངས་དོན་བཞིན་གཏེར་ཁ་གོང་མའི་གཞུང་ལས་འཇུག་པ་བདེ་བའི་ཡན་ལག་ཏུ་ཁོལ་ཕྱུང་བཀླགས་པས་གྲུབ་པར་བསྡེབས་པ་སྟེ། རྒྱལ་བའི་སྲས་པོ་བློ་གྲོས་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གངས་རིའི་ཁྲོད་ཀྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུའོ། །འདིས་ཀྱང་འབྲེལ་ཚད་བྱང་ཆེན་མཆོག་གི་ལམ་ལ་དཀྲི་བའི་རྒྱུར་གྱུར་ཅིག།

ces pa'ang dbang chog rtsa ba'i dgongs don bzhin gter kha gong ma'i gzhung las 'jug pa bde ba'i yan lag tu khol phyung bklags pas grub par bsdebs pa ste/___rgyal ba'i sras po blo gros phan bde'i 'od zer ram 'jigs bral ye shes rdo rjes gangs ri'i khrod kyi lho phyogs mon yul spa gro rin spungs kyi skyed mos tshal nyams dga' ba'i gnas su'o/___/'dis kyang 'brel tshad byang chen mchog gi lam la dkri ba'i rgyur gyur cig/

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་ཐིག་ལས། འཕགས་མཆོག་ནམ་མཁའི་རྒྱལ་པོའི་སྨིན་བྱེད་དང་འབྲེལ་བར་སངས་རྒྱས་སྟོང་དབང་གི་ཆོ་ག་ཕན་བདེའི་འཛུམ་ཟེར་བྱ་བ་བཞུགས་སོ།། །།


༄༅། །ཨོཾ་སྭསྟི། བསྐལ་བཟང་རྣམ་འདྲེན་སྟོང་རྩའི་ཁྱབ་བདག་མཆོག །འཕགས་པ་ཐུགས་རྗེའི་གཏེར་ཆེན་ལ་བཏུད་ནས། །དེ་ཡི་ཕྲིན་ལས་འབྲེལ་ཚད་དོན་ལྡན་པ། །བྱིན་རླབས་དབང་གི་དགའ་སྟོན་འདི་ན་སྤྲོ། །དེ་ཡང་འཕགས་མཆོག་ནམ་མཁའི་རྒྱལ་པོའི་རྩ་བའི་དབང་བསྐུར་ཆེན་མོ་དང་རྗེས་སུ་འབྲེལ་བར་འགྲོ་འདུལ་སངས་རྒྱས་སྟོང་རྩའི་ལྷ་དབང་གཏེར་གཞུང་གི་དགོངས་དོན་བཞིན་བསྒྲུབ་པར་འདོད་པས། སྦྱོར་བའི་སྐབས་སུ་དཀྱིལ་འཁོར་གྱི་མདུན་དུ་སངས་རྒྱས་སྟོང་རྩའི་སྐུ་ཙཀ་ཚང་བ་ལེགས་པར་བཤམས་ལ། དབང་དངོས་གཞིའི་ལྷ་དབང་གི་མཚམས་སུ་བབས་པ་ན་འདི་ལྟར་བསྐུར་ཏེ། དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ཕྱག་སྟོང་གི་མཐིལ་ནས་བསྐལ་བཟང་གི་སངས་རྒྱས་རེ་རེ་སྐུ་མཚན་དཔེའི་གཟི་བརྗིད་འོད་ཟེར་གྱི་ཕུང་པོར་འབར་བཞིན་དུ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱལ་བ་དེ་དག་དང་དབྱེར་མེད་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་སངས་རྒྱས་བཅུ་རེ་ཡོད་པའི་སྐུ་ཙཀ་རིམ་པར་མགོར་བཞག་ལ། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས༔ འཁོར་བ་འཇིག་དང་གསེར་ [2a] ཐུབ་འོད་སྲུང་དང་༔ ཤཱཀ་ཐུབ་བྱམས་པ་སེང་གེ་རབ་གསལ་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་ཐུབ་པ་མེ་ཏོག་མེ་ཏོག་གཉིས༔ སྤྱན་ལེགས་དེད་དཔོན་ལག་ཆེན་སྟོབས་ཆེན་དང་༔ རྒྱུ་སྐར་རྒྱལ་པོ་རྩི་སྨན་སྙན་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི༴ ན་མཿ སརྦ་ཏ་ཐཱ༴ སངས་རྒྱས་ཏོག་དང་འོད་ཆེན་གྲོལ་ཕུང་སྡེ༔ རྣམ་སྣང་ཉི་སྙིང་ཟླ་བ་འོད་འཕྲོ་དང་༔ འོད་བཟང་མྱ་ངན་མེད་དང་སྐར་རྒྱལ་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད༔ དོན་གཟིགས་མར་མེ་སྤོས་འབྲུ་མཐུ་ལྡན་དང་༔ སྨན་པ་དེས་པ་མཛོད་སྤུ་བརྟན་ལྡན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ལྷ་དཔལ་གདུལ་དཀའ་ཡོན་ཏན་རྒྱལ༔ སྒྲ་གཅན་ཚོགས་ལྡན་ཚངས་དབྱངས་ཚིག་བརྟན་དང་༔ མི་འགྱིང་འོད་མཛད་ལྷུན་པོ་ཆེན་པོ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྡོ་རྗེ་སྟོབས་ཆེན་མི་བསྙེངས་དང༔ རིན་ཆེན་པད་སྤྱན་སྟོབས་སྡེ་མེ་ཏོག་འོད༔ ཤེས་ [2b] དགྱེས་གཟི་ཆེན་བཅོམ་ལྡན་ཚངས་པ་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་འོད་དཔག་མེད་དང་ཀླུ་སྦྱིན་དང་༔ བརྟན་གཤེགས་དོན་ཡོད་བརྩོན་སྦྱིན་བཟང་སྐྱོང་དང་༔ དགའ་བོ་འཆི་མེད་སེང་རྒྱལ་རྒྱལ་བ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཆོས་ལྡན་མཆོག་དགའ་ཀ་ལོ་སྒྱུར༔ དགྱེས་གཤེགས་ཆུ་ལྷ་ཡོན་ཏན་ལག་དང་ནི༔ སྤོས་གླང་རྣམ་གཟིགས་འབྲུག་སྒྲ་ལེགས་སེམས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཡིད་བཟང་དྲི་མེད་ཟླ་བ་དང་༔ གྲགས་ཆེན་གཙུག་ན་ནོར་བུ་དྲག་ཤུལ་དང་༔ སེང་སྟབས་ལྗོན་པ་རྣམ་རྒྱལ་ཤེས་རབ་བརྩེགས༔ སངས་རྒྱས་དེ་རྣམས༴ ན་མཿ སརྦ་ཏ་ཐཱ༴ སངས་རྒྱས་ལེགས་གནས་བློ་གྲོས་ཡན་ལག་སྐྱེས༔ མཐའ་ཡས་བློ་དང་གཟུགས་བཟང་མཁྱེན་ལྡན་དང་༔ རྣམ་གྲོལ་མུན་བྲལ་སྒྲ་གཅན་རྒྱལ་མཚན་མཚོ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཚོགས་ཅན་རིན་སྙིང་ཤིན་མཐོར་གཤེགས༔ སྐར་རྒྱལ་རུ་རིངས་ཉི་ཟླ་ཡོན་ཏན་གྲགས༔ ཉི་འོད་དང་ནི་སྐར་ [3a] མཁན་སེང་ཏོག་ལེགས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དུས་མཁྱེན་དཔལ་སྙིང་སྲིད་མཐའ་གཟིགས༔ གཟི་བརྗིད་བརྟུལ་ཞུགས་བཀྲ་ཤིས་བདེན་པའི་ཏོག༔ པདྨ་སྲེད་མེད་བུ་དང་ལག་བཟང་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་ཡེ་འབྱུང་འོད་འཕྲོ་ཚངས་སྦྱིན་དང་༔ རིན་འབྱུང་མེ་ཏོག་དོན་སེམས་ཆོས་ཀྱི་དབང་༔ བློ་གྲགས་དང་ནི་སྤོབས་བརྩེགས་རྡོ་རྗེ་རྒྱལ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཕན་བཞེད་བསོད་ནམས་འོད་གློག་འོད༔ སེང་བྱིན་མི་ཐུབ་མཆོག་དགའ་བརྩོན་འགྲུས་བརྟན༔ གྲགས་རྫོགས་བསྙེངས་བྲལ་བཅོམ་ལྡན་མཆོད་འོས་ལྷ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སྒྲོན་ཆེན་འཇིག་རྟེན་འོད་སྤོས་དྲི༔ ཡོན་འཛིན་མུན་བྲལ་སེང་འགྲམ་རིན་ཆེན་གྲགས༔ སྐྱོན་ཞི་བདུད་རྩི་འཆང་དང་མིའི་ཟླ་སྟེ༔ སངས་རྒྱས་དེ༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཤིན་གཟིགས་རབ་བརྒྱན་ནོར་འོད་དང་༔ ཆོས་འབྱུང་དོན་ངེས་ཚེས་བྱིན་རིན་ཆེན་ [3b] འབྱུང་༔ སྐྱེ་དབང་མཚུངས་པ་སྟབས་གཤེགས་བློ་གནས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་གདུགས་མཛེས་གཙོ་བོ་ཤིན་ཏུ་འཕགས༔ སེང་སྒྲ་རྣམ་རོལ་ཀླུ་འོད་མེ་ཏོག་རི༔ ཀླུ་དགའ་སྤོས་དབང་ཤིན་ཏུ་གྲགས་རྣམས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿ སརྦ་ཏ་ཐཱ༴ སངས་རྒྱས་སྟོབས་ལྷ་ཡོན་ཏན་ཕྲེང་ཀླུ་ལག༔ མིག་བརྒྱན་ཁྲིམས་གསལ་མཐའ་ཡས་སྤྱན་བདེན་གསུངས༔ ཟིལ་གནོན་ཡེ་ཤེས་ཉི་འོད་དངོས་བློ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྣམ་སྣང་རིན་ཏོག་མཐའ་ཡས་གཟུགས༔ ཐེ་ཚོམ་སྤངས་དང་དོན་ཡོད་འཇིག་རྟེན་འདས༔ རྟོགས་མཛད་མེ་ཏོག་རི་རྒྱལ་གཟི་བརྗིད་ཆེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དོན་མཛད་གྲགས་མཐའ་རིན་ཆེན་ལྷ༔ དོན་མཁྱེན་བློ་རྫོགས་མྱ་ངན་མེད་དྲི་བྲལ༔ ཚངས་ལྷ་ས་དབང་མེ་ཏོག་སྤྱན་ལེགས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྣམ་འབྱེས་ཆོས་འོད་ཀུན་ཏུ་གཟིགས༔ ཡོན་འོད་ཟླ་ཞལ་རིན་འོད་རིན་ [4a] ཆེན་ཏོག༔ གྲགས་བླ་འོད་བྱེད་གཟི་བརྗིད་དཔག་མེད་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་དུས་མཁྱེན་སེང་སྐུ་མཁས་བློ་སྡེ༔ རྒྱལ་དཀའ་ཡོན་ཕུང་ཟླ་ཏོག་མཐུ་ཐོབ་དང་༔ མཐུ་རྩལ་མཐའ་ཡས་ཟླ་བ་དྲི་མེད་སྟེ༔ སངས་རྒྱས་དེ་རྣམས་ཀྱི༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དོན་གཟིགས་དཔའ་བོ་འབྱོར་ལྡན་དང་༔ བསོད་ནམས་སྒྲོན་མ་ཡོན་ཏན་འོད་བློ་ཡངས༔ ལེགས་སྐྱེས་ནོར་ལྷ་ཡིད་གཉིས་སྤངས་པ་སྟེ༔ སངས་རྒྱས་དེ་རྣམས༴ ན་མ༔ སརྦ་ཏ་ཐཱ༴ སངས་རྒྱས་དཔག་མེད་མཆོག་སྲེད་ཚོགས་མེད་དང་༔ མི་གནས་དེར་གནས་ཚོགས་ཆེན་འགྲོ་བའི་འོད༔ ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དོན་བློ་སྨན་རྒྱལ་ཐ་བ་སྤངས༔ རིམས་མེད་ལེགས་བྱིན་གྲགས་བྱིན་མེ་ཏོག་བྱིན༔ སྐྱེས་བྱིན་ཕལ་ཆེན་བྱིན་དང་རྡོ་རྗེའི་སྡེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཞིང་བློ་སྤོས་གླང་སྲེད་མེད་ [4b] བུ༔ དེས་པ་མི་ཚུགས་ཉི་ཟླ་གྲོག་གི་ཏོག༔ མཆོད་པ་དཔལ་སྦས་ཡེ་ཤེས་ཉི་མ་སྟེ༴ སངས་རྒྱས་དེ༴ ན་མཿསརྦ༴ སངས་རྒྱས་དོན་གྲུབ་ལྷུན་བརྩེགས་དགྲ་འདུལ་དང་༔ པདྨ་གྲགས་པ་ཡེ་ཤེས་ཉོན་མོངས་བྲལ༔ འདམ་བུ་སྤོས་བཟང་ཡུལ་འཁོར་རངས་རྣམས་ཏེ༔ སངས་རྒྱས༴ ན་མཿསརྦ༴ སངས་རྒྱས་ལྷ་གྲགས་སྲིད་མཐའ་གཟིགས་ཟླ་བ༔ སྒྲ་གཅན་རིན་ཟླ་སེང་རྒྱལ་བས་མ་གཏན་དགྱེས༔ རྫོགས་ལྡན་རྣམ་རོལ་ཡོན་ཏན་རིན་ཆེན་ཏེ༔ སངས་རྒྱས༴ ན་མཿསརྦ༴ སངས་རྒྱས་དགྲ་བཅོམ་སད་དངོས་མཛོད་སྤུ་ལྡན༔ སྤོབས་གྲགས་རྡོ་རྗེ་ནོར་བུ་ཚེ་དཔག་མེད༔ དབང་ཆེན་ཡོན་ཏན་འབྱུང་དང་ལྷུན་པོ་གྲགས༔ སངས་རྒྱས༴ ན་མཿསརྦ༴ སངས་རྒྱས་འོད་བཅུ་མ་སྨད་གླང་པོའི་འགྲོས༔ ཡིད་འཐད་རིན་ཟླ་ཞི་བ་རབ་གསལ་རྒྱལ༔ དགའ་དབང་གཙུག་ན་རིན་ཆེན་ཁ་ལོ་སྒྱུར༔ སངས་རྒྱས་དེ༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་བསྙེངས་བྲལ་བཟང་པོ་སྒྲ་གཅན་ལྷ༔ ལྷ་དགའ་རིན་ཕུང་མཛེས་གཤེགས་སེང་ཕྱོགས་དང་༔ སྐྱེ་དབང་ཤིན་ཏུ་མཐོར་འདེགས་བློ་གྲོས་བཟང་༔ སངས་རྒྱས་དེ༴ ན་མཿསརྦ༴ སངས་རྒྱས་སྐལ་ལྡན་གཟི་བརྗིད་འཇིག་རྟེན་འོད༔ ཀུན་རྒྱལ་ [5a] དགའ་བ་སྟེགས་མཛད་སྤོས་ཀྱི་གླང༔ བློ་གྲོས་འོད་རྒྱལ་སྤོས་བཟང་རི་བོ་རྒྱལ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མ༔ སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་ཆོས་བརྟན་དྲག་ཤུལ་ཆོས་ཀྱི་ནོར༔ བཟང་བྱིན་ཟླ་བ་ཚངས་དབྱངས་དཔལ་དང་ནི༔ སེང་གེ་ཟླ་རྒྱལ་ལེགས་སྐྱེས་ཐུབ་མེད་ཚོགས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ་ག་ཏ༴ སངས་རྒྱས་བཤེས་གཉེན་བདེན་པ་དཀའ་ཐུབ་ཆེ༔ ལྷུན་འོད་ཚལ་ཆེན་ཆོས་གྲགས་ཡོན་ཏན་བརྩེགས༔ སྦྱིན་འོད་དང་ནི་གློག་འབྱིན་བདེན་གསུང་སྟེ༔ སངས་རྒྱས་དེ་རྣམས༴ ན་མ༔ སརྦ་ཏ་ཐཱ༴ སངས་རྒྱས་འཚོ་བྱེད་ལེགས་ཚོགས་ན་ཚོད་བཟང་༔ རྣམ་ངེས་ནོར་སྤོས་རྒྱལ་དགྱེས་སེང་གེའི་འོད༔ རྣམ་སྣང་རིན་ཆེན་གྲགས་མཆོག་གྲུབ་རབ་གཞུངས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ནོར་བུ་འོད་ཟེར་བརྟུལ་ཐུབ་མེད༔ འགྲོས་མཆོད་ནོར་ཚོགས་བླ་མ་གླང་ཆེན་སེང་༔ ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྒྱ་མཚོ་འོད་ལྡན་རབ་ [5b] ཏུ་ཞི༔ འཇིག་རྟེན་ཤུགས་བཅུ་སྟབས་དགྱེས་མྱ་ངན་མེད༔ མཐུ་དཔལ་མཐུ་ཐོབ་མཐུ་ཆེན་རྒྱལ་བ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཡོན་སྙིང་བདེན་སྤྱོད་དགེ་མཆོག་དང་༔ སྐར་རྒྱལ་འོད་ཆེན་གློག་འོད་ཡོན་ཏན་ཆེ༔ རིན་ཆེན་དཔལ་འོད་གོ་ཆ་བགོས་པ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སེང་ཕྱག་རིན་ཆེན་མེ་ཏོག་བཟང་༔ རྒྱ་མཚོ་ས་འཛིན་དོན་བློ་ཡོན་ཏན་བསགས༔ ཡོན་ཚོགས་འཇིག་རྟེན་འདས་པ་རིན་ཆེན་མེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཟླ་བ་དབྱངས་སྙན་ཚངས་ཏོག་དང་༔ ཚོགས་ཅན་སེང་སྟབས་ཆོས་དབང་དྲག་ཤུལ་བྱིན༔ གཟི་བརྗིད་འོད་དང་འོད་ཆེན་རིན་ཆེན་གྲགས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཚོགས་གསལ་གྲགས་མཐའ་འོད་དོན་ཡོད༔ དྲང་སྲོང་སྐྱེ་དབང་དགེ་འདུན་བརྟན་པ་དང་༔ ཕྱོགས་བཟང་ཏོག་དང་ཡུལ་འཁོར་མེ་ཏོག་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཆོས་བློ་རླུང་ཤུགས་ལེགས་བསམ་གྲགས༔ སྣང་ལྡན་ལྷ་ཚོགས་བསྲུངས་པ་དོན་ [6a] གྱི་བློ༔ བསྙེངས་མེད་གྲོགས་བརྟན་འོད་གནས་མཚུངས་པ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ནོར་ཞབས་ཐར་པ་ངོས་བཟང་དང་༔ བློ་བཟང་ཀུན་གཟི་ཚངས་གནས་ཡེ་ཤེས་མཆོག༔ བཅོམ་ལྡན་བདེན་གསུང་བློ་བཟང་སྟོབས་བྱིན་ཏེ༔ སངས་རྒྱས་དེ་རྣམས༴ ན་མ༔ སརྦ༴ སངས་རྒྱས་སེང་སྟབས་མེ་ཏོག་ཡེ་ཤེས་འབྱུང༔ མེ་ཏོག་བྱིན་དང་ཡོན་སྙིང་རིན་ཆེན་གྲགས༔ རྨད་བྱུང་མི་ཚུགས་བསྙེངས་མེད་ཉི་མའི་འོད༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཚངས་གཤེགས་ལྷ་མཐུ་ཡེ་ཤེས་དགྱེས༔ ལྷ་བདེན་ནོར་བུ་ཡོན་གྲགས་ཡེ་ཤེས་དཔལ༔ བཅིངས་མེད་བརྟུལ་ཞུགས་བརྟན་པ་ལྷའི་གཟི་བརྗིད༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་ཚངས་ཐུབ་དལ་བཞུད་བརྟུལ་ཞུགས་ཐུབ༔ འོད་ཕུང་གཟི་ཆེན་དགའ་མཛད་ཙམ་པ་ཀ༔ ཚོགས་བཟང་དབང་པོའི་རྒྱལ་མཚན་དགྱེས་ཆེན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སྣ་འོད་ཚོགས་འོད་སྐྲུན་མཛད་དང་༔ མདངས་འགྲོ་ [6b] དོན་ངེས་ཁྱུ་མཆོག་བློ་ལག་བཟང་༔ འོད་ཆེན་བསམ་པས་བྱིན་དང་བསོད་ནམས་འོད༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་རིན་དབྱངས་འབྱོར་ལྡན་རྡོ་རྗེའི་སྡེ༔ སེང་སྟོབས་དྲི་མེད་འོད་སྲུངས་སྤྱན་བློ་གསལ༔ གཟི་བརྗིད་དྲག་ཤུལ་འོད་ཆེན་ཡེ་ཤེས་འགྲོས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཉི་འོད་རྣམ་འབྱེས་དྲི་མེད་འོད༔ ཁེངས་མེད་ཟླ་འོད་གློག་འབྱིན་སྦྲང་རྩིའི་ཞལ༔ རབ་གཞིར་གཤེགས་པ་མི་འཁྲུགས་དགྲ་བཅོམ་གྲགས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཆོས་ཡོན་ཞིང་བཟང་བཀོད་པའི་རྒྱལ༔ མངོན་འཕགས་སྦྱིན་འོད་པད་དཔལ་རིན་ཆེན་བཀོད༔ ཤིན་ཏུ་བཟང་པོ་རིན་མཆོག་ཐུགས་གཞུངས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་མཚོས་བྱིན་ཚངས་ཏོག་ཟླ་གདུགས་དང་༔ འོད་འཕྲོ་དྲི་མེད་ཡེ་ཤེས་གྲགས་ཀུན་རྒྱལ༔ ཡོན་ཏན་འོད་དང་ཟླ་གྲགས་ཟླ་རྒྱས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་པད་འོད་བརྟུལ་ཞུགས་བཟང་སྒྲོན་རྒྱལ༔ གློག་ཏོག་འོད་རྒྱལ་སྐར་ [7a] མཁན་གྲགས་རྫོགས་དང་༔ པད་སྙིང་དང་ནི་རྒྱལ་དང་སྤྱན་མཛེས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྙོག་མེད་དྲག་སྡེ་བསོད་ནམས་བརྗིད༔ རྩལ་ཆེན་ཐོགས་མེད་སྒྲ་གཅན་ཡེ་ཤེས་ཕུང་༔ ཁ་ལོ་སྒྱུར་བ་སྐྱེ་དབང་མེ་ཏོག་སྟེ༔ སངས་རྒྱས་དེ༴ ན་མཿསརྦ༴ སངས་རྒྱས་སྒྲ་འཛིན་རྩི་ཆེན་སྐར་རྒྱལ་དང་༔ སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང་༔ རྣམ་གྲགས་ཉི་ཟེར་ཆོས་མཛོད་བློ་གྲོས་བཟང་༔ སངས་རྒྱས་དེ༴ ན་མཿསརྦ༴ སངས་རྒྱས་ཡོན་མཚུངས་ཤེར་བརྩེགས་རྡོ་རྗེའི་སྡེ༔ ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག༔ འབྲུག་སྒྲ་མངོན་ཤེས་ཏོག་དང་ཏོག་འོད་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དགེ་བ་ཚངས་པ་སྐྱེས་མཆོག་དང་༔ སྤྱན་སྡུག་ཀླུས་བྱིན་བདེན་ཏོག་བརྒྱན་པ་དང་༔ ཞུམ་མེད་དབྱངས་དང་རིན་འོད་དབྱངས་བྱིན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སེང་གེ་འོད་ཟེར་ཡེ་ཤེས་དཔའ༔ པད་སྙིང་མེ་ཏོག་རྒྱས་དང་མཐུ་རྩལ་སྟོབས༔ འདིར་མདོ་སྡེ་ [7b] བསྐལ་བཟང་ལས་བདེ་གཤེགས་བསོད་ནམས་ཕུང་པོ་ཞེས་འབྱུང་། བདེ་གཤེགས་གཟུགས་མཆོག་སྐར་མཁན་ཟླ་བ་སྒྲོན༔ སངས་རྒྱས་དེ༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་གཟི་ཕུང་བྱང་རྒྱལ་མི་ཟད་དང་༔ མངོན་རྟོགས་ཡན་ལག་ཡུལ་འཁོར་ཤེས་རབ་མཆོག༔ གཟི་བརྗིད་ཚིམས་མཛད་ཤེས་བྱིན་འཇམ་དབྱངས་ཏེ༔ སངས་རྒྱས་དེ་རྣམས་ཀྱིས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་མགོན་པོ་ཆགས་མེད་གཙོ་བོས་བྱིན༔ གཙོ་བོ་ཡེ་ཤེས་མཐུ་རྩལ་འོད་འཕྲོ་དང་༔ དབང་པོ་ཤུགས་འཆང་སྐར་རྒྱལ་འོད་བཟང་སྟེ༔ སངས་རྒྱས་དེ་༴ ན་མཿསརྦ་ཏ༴ སངས་རྒྱས་གྲགས་བྱིན་གཟུགས་བཟང་རྒྱལ་པོ་དང༔ དོན་གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ༔ གྲགས་པ་རྒྱལ་བ་རྒྱ་ཆེན་བསོད་ནམས་འོད༔ སངས་རྒྱས་དེ༴ ན་མཿསརྦ་ཏ༴ སངས་རྒྱས་སྨྲང་འདོན་སྒྲོན་རྒྱལ་ཡེ་ཤེས་བརྩེགས༔ ལྷ་མཆོག་ས་བདག་གྲོལ་བརྙེས་གཙུག་གསེར་དང་༔ སྒྲ་གཅན་བཟང་པོ་ཐུབ་དཀའ་ཐུབ་གསལ་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་ཟླ་འོད་གསེར་འོད་ཡོན་ཏན་དབང་༔ ཆོས་ [8a] གདུགས་བསོད་ནམས་ཆགས་མེད་ཡེ་ཤེས་དང་༔ བློ་ཞིབ་གཟི་བྱིན་ཐམས་ཅད་རྩི་སྨན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྣམ་གྲོལ་འོད་མཛོད་ཡེ་ཤེས་རྒྱལ༔ འཇིགས་མཛད་ཆུ་བོ་ཐོགས་མེད་བདེན་པའི་ཕུང་༔ དབྱངས་སྙན་རི་དབང་མཚུངས་དང་ཆོས་བརྩེགས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿ སརྦ་ཏ་ཐཱ༴ སངས་རྒྱས་ཐར་པ་ལེགས་མཛད་རབ་ཞིའི་སྐུ༔ ཡིད་འོངས་བློ་སྦྱངས་ཆུ་ལྷ་སེང་གེའི་ལོགས༔ ཆོས་ཀྱི་མཐུ་རྩལ་སྐལ་བཟང་མི་འཁྲུགས་མདོག༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་གཟི་རྒྱལ་རྟོགས་མཛད་སྤྱན་ལེགས་དང་༔ དོན་གནས་སྣང་འོད་སྤོས་གཟི་ཀུན་དགའ་མཛད༔ དོན་ཡོད་གཤེགས་དང་ཁྲོ་བཅོམ་གཟུགས་མཆོག་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ལེགས་གཤེགས་རབ་སྦྱིན་འོད་གཙང་དང་༔ ལྷ་ཉི་ཤེས་བྱིན་མཉམ་བཞག་གཟི་མདངས་དང་༔ རྒྱལ་རིགས་སྐལ་ལྡན་ཤིང་རྟ་གསེར་མཆོག་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྣམ་གྲོལ་ཆོས་ལྡན་སྤོས་གནས་དང་༔ དྲེགས་ [8b] སྤངས་ཚངས་གཤེགས་ཙན་དན་ཡེ་ཤེས་མཛོད༔ མྱ་ངན་མེད་པ་སེང་འོད་ཡུལ་འཁོར་ཏོག༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་པད་སྙིང་མཐའ་ཡས་ལྷ་ཡི་འོད༔ ཤེས་རབ་མེ་ཏོག་མཁས་པ་ཡེ་ཤེས་འབྱོར༔ ཚངས་དབྱིག་ཕྱག་རིན་དབང་ལྡན་རྫོགས་པར་གསུང༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ མཆོག་གསུང་མཆོད་འོས་ཉི་མ་འདམ་ལས་བརྒལ༔ ཡེ་ཤེས་བརྙེས་པ་གྲུབ་པ་རྨ་བྱ་དང་༔ ཆོས་སྦྱིན་ཕན་བཞེད་གྲགས་པ་ཡེ་ཤེས་ལྡན༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་འོད་གྲྭ་མེ་ཏོག་བཻཌཱུར་སྙིང་༔ ལྷ་རྒྱལ་ཟླ་བ་དྲན་འོད་དགེ་འོད་དང་༔ ཡོན་མཆོག་ཀུན་འོད་རིན་དཔལ་སྐྱེས་བུ་ཟླ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སྒྲ་གཅན་བདུད་རྩི་འཇིག་རྟེན་མཆོག༔ སྐར་འོད་ཞི་སྟབས་ཡེ་ཤེས་རྒྱ་མཚོ་དང་༔ རི་དབང་རབ་ཞི་ལྷ་དབང་ཡོན་ཏན་སྟོབས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དབྱངས་སྙན་ངོས་བཟང་དོན་གནས་དང་༔ ཡོན་ཏན་གཟི་དཔལ་མཁྱེན་ཟླ་ང་རོ་ཆེ༔ འོད་བཟང་ཐུགས་གཞུངས་དོན་དགོངས་དབྱངས་ཡན་ [9a] ལག༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་མཆོག་མཛེས་ཞི་དོན་སྐྱོན་མེད་དང་༔ བློ་སྦྱངས་པད་མཛོད་འོད་བཟང་སྤོབས་པའི་མཆོག༔ སྟེགས་བཟང་ཚོགས་ཀྱི་དབང་པོ་བསྙེངས་བྲལ་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཡེ་ཤེས་བཞེད་དང་སྤོབས་སྤྱན་དང་༔ བླ་མཆོག་ཟླ་བ་ཟླ་འོད་བསྙེངས་མེད་དང་༔ གཟིགས་པ་ཚངས་དབྱངས་དབྱངས་བཟང་ཤེས་རབ་ཆེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་བློ་གྲོས་རྡོ་མཁྲེགས་བྱང་ཆུབ་བློ༔ ལྗོན་དབང་གདངས་སྙན་བསོད་སྟོབས་མཐུ་དཔལ་དང་༔ འཕགས་དགྱེས་དང་ནི་མཐུ་སྟོབས་སྐར་དགྱེས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ་ག་ཏ༴ སངས་རྒྱས་རྔ་སྒྲ་སྤྱན་སྡུག་ཡེ་ཤེས་བཟང་༔ འབྱོར་ལྡན་ཡོན་ཕུང་གསལ་བ་ཆོས་རྒྱལ་མཚན༔ ཡེ་ཤེས་ང་རོ་ནམ་མཁའ་མཆོད་སྦྱིན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་རྣམ་འགོད་འོད་བརྗིད་དྲང་སྲོང་དབང་༔ བློ་ལྡན་སྤོབས་པ་མཆོད་བཟང་ཟླ་ཞལ་དང་༔ ཤིན་ཏུ་གཟིགས་པ་རྡུལ་བྲལ་ཡོན་ཏན་ཏེ༔ སངས་རྒྱས་དེ་ [9b] རྣམས༴ ན་མཿསརྦ༴ སངས་རྒྱས་ཏོག་ལྡན་ཡུལ་འཁོར་རིན་ཆེན་བྱིན༔ ཟླ་དགྱེས་ཁེངས་མེད་སེང་སྟོབས་དབང་སྒྱུར་རྒྱལ༔ རྩིགས་ལ་བསམ་གཏན་སྙོམས་པ་འཁྲུགས་མེད་གཏེར༔ སངས་རྒྱས་༴ ན་མཿསརྦ༴ སངས་རྒྱས་དྲི་ཞི་མ་བསླད་མཛེས་པ་དང་༔ ཞལ་བཟང་ཤུགས་གནས་གསུང་དབང་གཟི་བརྗིད་ཆེ༔ བློ་གྲོས་ཟབ་མོ་བདུད་རྩི་ཆོས་སྟོབས་ཆེ༔ སངས་རྒྱས་༴ ན་མཿསརྦ་༴ སངས་རྒྱས་མཆོད་ལྡན་ཁམས་གསུམ་མེ་ཏོག་འོད༔ ཉི་སྙིང་ལྷས་མཆོད་ཐར་རྒྱལ་བདུད་རྩིའི་འོད༔ རྡོ་རྗེ་བརྟན་པ་སྣང་ལྡན་ཆེན་པོ་སྟེ༔ སངས་རྒྱས་༴ ན་མཿསརྦ༴ སངས་རྒྱས་མཛེས་གཤེགས་ཉི་གཤེགས་དག་པའི་འོད༔ འོད་ཤུགས་ཡོན་གཙུག་དཔལ་རྫོགས་སེང་སྟབས་དང་༔ གྱེན་འཕགས་མེ་ཏོག་བྱིན་དང་འོད་འགྱེད་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་པདྨ་བཀོད་མཛེས་ཡེ་ཤེས་དགྱེས༔ གཏི་མུག་མེད་གནས་རྨ་མེད་ཏོག་རྒྱལ་མཚན༔ བདེ་དགོངས་དབྱངས་ཅན་རྨུགས་མེད་ཆོ་ག་མཁྱེན༔ སངས་རྒྱས་དེ༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དག་མཚོ་རིན་མངའ་མི་དམའ་ [10a] བ༔ དགའ་མཛད་མི་ཞུམ་དྲི་སྤངས་རྨ་བྱའི་དབྱངས༔ སྤྱོད་སྟེགས་ལྷ་མང་སྙན་གྲགས་རིན་ཆེན་སྟོབས༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་པད་བསྣམས་གཤེགས་དཔལ་དགྲ་རྒྱལ་དང་༔ འབྱོར་ལྡན་ཡུལ་བཟང་མེ་ཏོག་སེང་ང་རོ༔ ཟླ་ཤར་འཇོམས་པའི་མཆོག་དང་མི་གཡོ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཕན་གཤེགས་བསོད་སྒྲོན་དབྱངས་ཀྱིས་བསྐུལ༔ གཽའུ་ཏ་མ་མདངས་སྟོབས་བློ་གནས་དང་༔ ཟླ་བཟང་བྱང་ཆུབ་བཅོམ་ལྡན་བཀྲ་ཤིས་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་ལེགས་སྟོན་གཟི་སྟོབས་དགེ་བའི་སྒྲོན༔ མཐུ་བརྟན་ལྷ་སྒྲ་རབ་ཞི་ཉི་མའི་ཞལ༔ ཐར་པའི་བརྟུལ་ཞུགས་ཚུལ་ཁྲིམས་བརྟུལ་ཞུགས་གནས་༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་རྡུལ་མེད་སྙིང་འཕགས་མིག་སྨན་དང་༔ འཕེལ་མཛད་སྤོས་འོད་དུས་མཁྱེན་དྲན་པའི་དབང་༔ ཞལ་བཟང་ཐོགས་མེད་རྒྱལ་མཚན་མཆོག་བགྲོད་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སྤྱོད་གསལ་ [10b] རིན་དགྱེས་ཆོས་དབང་དང་༔ ལྷ་རྣམས་བཤེས་གཉེན་ཆེ་དང་བཤེས་གཉེན་བཟང་༔ རབ་ཞི་རྩི་བདག་ལྷུན་འོད་འཕགས་པས་བསྟོད༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་སྣང་ལྡན་གཟི་འབར་སྣང་གཟིགས་དང་༔ ལེགས་སྤྱད་ལེགས་དགྱེས་རིན་འོད་མྱ་ངན་བྲལ༔ སྤྱོད་ལྡན་བསོད་ནམས་སྟོབས་དང་ཡོན་ཏན་མཚོ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་བདུད་འཇོམས་ཆགས་བརྒལ་མི་ཕྱེད་བློ༔ ཟླ་འོད་ཡིད་འོངས་ཚོགས་ཆེན་དགའ་འོད་དང་༔ བྱང་ཆུབ་དུལ་དང་ཡེ་རིན་ཤིན་ཏུ་བསིལ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་ཚངས་རྒྱལ་ཡེ་ཤེས་རྫུ་འཕྲུལ་ཏོག༔ སྐྱེ་དབང་ས་དབང་ཉི་མ་ཟླ་བ་དང་༔ མེ་ཏོག་འོད་དང་སྨན་བདག་མདངས་མངའ་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ༴ སངས་རྒྱས་དགྱེས་པ་དགའ་སྟོབས་དབྱངས་སྙན་དང་༔ ཆོས་དབང་ཚངས་དབྱངས་སྤྱོད་བཟང་འཁྲུལ་མེད་བློ༔ དབྱངས་ཆེན་དང་ནི་སྙན་གྲགས་ཏོག་ལྡན་ཏེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ༴ སངས་རྒྱས་རྣམ་གྲགས་འགྲོ་དབང་ལྗོན་པ་དང་༔ [11a] རབ་བཟད་དཔག་མེད་ཟླ་བཟང་སྤོབས་མཐའ་ཡས༔ བརྟུལ་ཞུགས་བསྟར་བ་མཆོད་གནས་མྱ་ངན་བརྒལ༔ སངས༴ ན་མ༔ སརྦ༴ སངས་རྒྱས་དགེ་དགྱེས་བློ་གྲོས་དགྱེས་གཤེགས་དང་༔ ཞབས་མཛེས་ཨུཏྤལ་དུལ་གནས་མཐའ་ཡས་འོད༔ དྲང་སྲོང་གསལ་བ་ཡོན་བརྩོན་སྙིང་པོ་སྟེ༔ སངས༴ ན༴ སངས་རྒྱས་ལྷ་བདག་རིན་མཐོ་གསལ་བ་དང་༔ སྐལ་ལྡན་བསོད་བློ་འོད་འཕྲོ་ཡོན་ཏན་བརྗིད༔ སེང་གེའི་སྟབས་དང་མི་གཡོ་རབ་གསལ་ཏེ༔ སངས༴ ན༴ སངས་རྒྱས་འོད་སྤྱོད་གླུ་དབྱངས་འཁོར་ལོ་འཛིན༔ དབྱིག་མཆོག་འཇིག་རྟེན་དགའ་དང་ཆོས་ཟླ་བ༔ གྲགས་མཐའ་སྤྲིན་ཏོག་ཤེས་རབ་སྤོབས་བཟང་སྟེ༔ སངས༴ ན༴ སངས་རྒྱས་མཁའ་དབྱངས་ལྷ་དང་ལྷ་རྒྱལ་དང་༔ ནོར་གསལ་ནོར་བཟང་སྒྲོན་མ་རིན་ཆེན་དབྱངས༔ སྐྱེ་དབང་རྒྱལ་པོ་སྒྲ་གཅན་དགེ་མཛད་སྟེ༔ སངས༴ ན༴ སངས་རྒྱས་བློ་གྲོས་རིན་གྲགས་དོན་མཛད་དང་༔ མཐར་གཟིགས་མེ་ཏོག་མཛོད་ལྡན་སྤོབས་མཚུངས་མེད་༔ རྣམ་འབྱེད་ངང་རོ་སེང་མཆེ་མཛེས་པར་གཤེགས༔ སངས་རྒྱས་དེ་རྣམས་ཀྱིས་ནི༴ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སངས་རྒྱས་བསོད་ནམས་ཆོས་སྒྲོན་བཀྲ་ [11b] ཤིས་ལྡན༔ ཡུལ་འཁོར་སེམས་དཔའ་བློ་ལྡན་ཆོས་སྒྲོན་སྤྱན༔ ཤུགས་འདོར་སྟོབས་ཆེན་ཤེས་རབ་མེ་ཏོག་སྟེ༔ སངས་རྒྱས་དེ་རྣམས༴ ན་མཿསརྦ་ཏ་ཐཱ་ག་ཏ༴ སངས་རྒྱས་བརྟན་དབྱངས་བདེ་ལྡན་དོན་གསུངས་དང་༔ རྣམ་རྒྱལ་དབང་ཐུལ་སེམས་དཔའ་དགྱེས་གསལ་དང་༔ སེང་གེའི་ཞལ་དང་གཙུག་ཕུད་སྣང་མཛད་སྟེ༔ སངས་རྒྱས་དེ་རྣམས་ཀྱིས་ནི་དབང་བསྐུར་རོ༔ ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། དེ་ནས་དབང་ཆོག་རྩ་བའི་དཀྱུས་ལ་འཇུག་གོ ། སྐལ་བཟང་གདུལ་བྱ་ཐར་པའི་དགའ་ཚལ་དུ། །དཀྲི་བའི་ལམ་མཆོག་ལེགས་པར་གསལ་བགྱིས་པ། །འདི་ལས་འགྲོ་ཀུན་ཕན་བདེར་དབུགས་དབྱུང་སྟེ། །གྲུ་འཛིན་ཞིང་ཁམས་མཛེས་པའི་དཔལ་དུ་ཤོག །ཅེས་པའང་དབང་ཆོག་རྩ་བའི་དགོངས་དོན་བཞིན་གཏེར་ཁ་གོང་མའི་གཞུང་ལས་འཇུག་པ་བདེ་བའི་ཡན་ལག་ཏུ་ཁོལ་ཕྱུང་བཀླགས་པས་གྲུབ་པར་བསྡེབས་པ་སྟེ། རྒྱལ་བའི་སྲས་པོ་བློ་གྲོས་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གངས་རིའི་ཁྲོད་ཀྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུའོ། །འདིས་ཀྱང་འབྲེལ་ཚད་བྱང་ཆེན་མཆོག་གི་ལམ་ལ་དཀྲི་བའི་རྒྱུར་གྱུར་ཅིག། །།