བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། ཉ༽ · 25 Texts

From Dudjom Wiki
DJYD-KABUM-Volume-08-NYA



Karchag

Karchag PDF
༄༅། །ཨོཾ་སྭ་སྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེག་བམ། ཉ༽ པ་འདིར། གཏེར་རྙིང་ཆོག་ཁྲིགས་སྐོར་ལ། བདུད་འདུལ་ནམ་མཁའི་རྒྱལ་པོའི་ལས་བྱང་ལྡེབ་ ༣༠ བརྒྱུད་འདེབས་ལྡེབ་ ༡ རྒྱུན་ཁྱེར་ལྡེབ་ ༤ སྒྲུབ་ཁོག་ལྡེབ་ ༤༠ བདག་འཇུག་ལྡེབ་ ༡༠ སྦྱིན་སྲེག་ལྡེབ་ ༡༢ དབང་ཆོག་ལྡེབ་ ༥༦ སངས་རྒྱས་སྟོང་དབང་ལྡེབ་ ༡༡ འདིའི་གནས་ལུང་ལོགས་སུ་ཡོད། ཞིང་སྐྱོང་བདུད་མགོན་གྱི་ཕྲིན་ལས་ལྡེབ་ ༡༤ སྒྲོལ་དཀར་སྒྲུབ་ཐབས་ལྡེབ་ ༨ བརྒྱུད་འདེབས་ལྡེབ་ ༡ རྒྱུན་ཁྱེར་ལྡེབ་ ༢ ཕུར་པའི་ལས་བྱང་ཟུར་འདེབས་ལྡེབ་ ༤ སྨད་ལས་ཟུར་འདེབས་ལྡེབ་ ༤ བསྙེན་ཡིག་ལྡེབ་ ༣ དཔལ་མགོན་ཕྱག་བཞི་པའི་མདོས་ཆོག་ལྡེབ་ ༢༦ བཅས། ༈ རྡོ་རྗེ་ཐོགས་མེད་ཀྱི་ཟབ་ཆོས་བདུན་པའི་བརྒྱུད་འདེབས་ལྡེབ་ ༢ བླ་མ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ལྡེབ་ ༢༡ རྒྱུན་ཁྱེར་ལྡེབ་ ༢ རྩ་གསུམ་སྐོང་བསྡུས་ལྡེབ་ ༢ སྒྲུབ་ཁོག་ལྡེབ་ ༣༠ པདྨ་ཚེ་དཔག་མེད་ཀྱི་ལས་བྱང་ལྡེབ་ ༨ མཚོ་རྒྱལ་བདེ་ཆེན་དཀར་མོའི་ལས་བྱང་ལྡེབ་ ༧ སྔོན་འགྲོ་ལྡེབ་ ༨ རེ་ཏཱི་མཆེད་བཞི་གསོལ་ཕྲིན་ལྡེབ་ ༢ གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༠༩ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །