རྡོ་རྗེ་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་འདྲ་འབག་ཚུལ་གྱི་ལག་ལེན་ཟིན་བྲིས་མཐོང་བས་དོན་རྟོགས།

From Dudjom Wiki
DJYD-KABUM-11-DA-014
Wylie title rdo rje phur pa bdud 'joms gnam lcags spu gri'i sgrub chen 'dra 'bag tshul gyi lag len zin bris mthong bas don rtogs DJYD-KABUM-11-DA-014.pdf
Location bdud 'joms rin po che bka' 'bum
Volume 11, Text 14, Pages 505-558 (Folios 1a1 to 27b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa bdud 'joms gnam lcags spu gri'i sgrub chen 'dra 'bag tshul gyi lag len zin bris mthong bas don rtogs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 11: 505-558. Kalimpong: Dupjung Lama, 1979-1985.
Side notes Recto: sgrub zin   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Notes - zin bris
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

།ཞེས་པའང་ལག་ལེན་འཇུག་པ་བདེ་བའི་ཕྱིར་མཐོང་བརྒྱུད་ཀྱི་ལས་ཐོ་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་སིདྡྷི་རསྟུ།། ཤུ་བྷཾ།།

/zhes pa'ang lag len 'jug pa bde ba'i phyir mthong brgyud kyi las tho bklag pas grub par 'jigs bral ye shes rdo rjes zin bris su btab pa sing+d+hi rastu//_shu b+haM//

[edit]
༄༅། །རྡོ་རྗེ་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་འདྲ་འབག་ཚུལ་གྱི་ལག་ལེན་ཟིན་བྲིས་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། ཐོག་མར་ཉིན་དང་པོ་ས་ཆོག་ལ། གང་དུ་དཀྱིལ་འཁོར་བྱ་བའི་སྟེགས་བུའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུགས་པར་འབྲུ་དཀར་དྲི་བཟང་གིས་སྦག་པའི་ཚོམ་བུ་གཅིག་བཀོད། དེ་སྟེང་མཉྫིའི་ཁར་ས་ལྷའི་ཟླུམ་གཏོར་དཀར་པོ་མཐེབ་རིལ་གྱིས་མཚན་པ་རྩེ་རྒྱན་ཅན། དེ་མདུད་མཉྫི་དམན་བར་གཞི་བདག་སྤྱིའི་དཀར་ཟླུམ་མཐེབ་རིལ་ཅན་དང་མདུན་དུ་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔའི་སྒོར་མཆོད་བཅས་བཤམས། གཞན་ཡང་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་སྔ་ཚགས་སུ་ [2a] ཚུད་པར་སྐབས་མཚམས་འདོན་ཆོག་བྱས་ཏེ། ཆོ་ག་དངོས་ལ། ༼ཞོག་ཚོགས་༽ ཚིག་བདུན་གསོལ་འདེབས་དང༌། བརྒྱུད་འདེབས། ཚོགས་བསགས་གསུམ་སྔོན་དུ་འགྲོ་བས། བདག་བསྐྱེད་རྒྱུན་ཁྱེར་གཙོ་རྐྱང་ལ་བརྟེན་པའི་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་བསྡུ་ལྡང་བྱ། ཇཆང་༽ དེ་ནས་སྒྲུབ་ཁོག་བཞིན། རཾ་ཡཾ་ཁཾ། བསང་ཆུའི་སྟེང་དུ་སོགས་ལྷུག་འདོན་གྱི་སྔགས་བརྒྱ་རྩའི་མཐར་འོད་ཞུའི་རྗེས། ལས་རྡོར་ཞྭ་ཕྲག་ཁྱེར་གྱིས་འཐོར་གཡབ་ཞུས་ཏེ་ཚྪིནྡྷའི་སྔགས་ཐོག་མཆོད་གཏོར་རྣམས་ལ་འཐོར། ཐམས་ཅད་སྟོང་ཉིད་སོགས་ལྷུག་ནས་བུཥྤེ་སོགས་ལ་པད་སྐོར་མེད་པའི་རང་རྒྱ་ [2b] དང་ཤཔྔར་འཇམ་རོལ། གཏོར་གཞོང་སོགས། འབྲུ་གསུམ་རང་རྒྱ། སློབ་དཔོན་ལག་གཡས་རྡོ་རྗེ་དང་བཅས་ས་ལ་རྡེག་པའི་ཚུལ་གྱིས། ཧ་ཧ་ཧཱུཾཧཱུཾ་སོགས། ས་སྟེང་དུ་ཐོན་པར་གྱུར། པད་སྐོར་རང་རྒྱ་སེ་གོལ་བཅས། ཨོཾ་པྲི་ཐི་ཝི་སོགས་དང་ཤཔྡར་འཇམ་རོལ། པད་སྐོར་གཏོར་རྒྱ་སེ་གོལ་བཅས། ཨ་ཀཱ་རོ་ལན་གསུམ་མཐར། གཡས་རྡོ་རྗེ་ལྡན་པས་པུས་སྟེང་ས་གནོན་གྱི་རྒྱ་དང་གཡོན་དྲིལ་བུ་ནུ་ཐད་དུ་འཛིན་པས། སྐྱོབ་པ་སངས་རྒྱས་སོགས་ཡོ་ག་སྤྱི་གདངས་བཞི་དྲིལ། རྒྱལ་བར་བྱས་ཏེ་སོགས་ཚིག་མཇུག་ལྷུག་ནས་དྲིལ་པང་གིས། ཞེས་གསོལ་བ་བཏབ་པས་སོགས། ཐིམ་པར་གྱུར། ཅེས་འཇམ་རོལ་འོག་ལས་རྡོར་གྱིས་ཞྭ་བཅས་ས་ལྷའི་དཀར་གཏོར་ཕྱི་རོལ་དུ་འབུལ། བྷུ་མི་པ་ཏིར་རྡོ་རྗེ་བསྡུ་རྒྱ། སྠ་ནར་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ། གང་དག་འདིར་གནས་སོགས་སྤྱི་གདངས། གཙྪར་སེ་གོལ་དང༌། གནང་བ་སོགས་ནས། གཤེགས་པར་གྱུར། ཅེས་འཇམ་རོལ་རིང་པོའི་འོག་ལས་རྡོར་གྱིས་ཞྭ་བཅས་དཀར་གཏོར་དང་གསེར་སྐྱེམས་ཕྱི་རོལ་དུ་འབུལ་ཞིང༌། མཆོད་གཡོག་གིས་ཚོམ་བུ་མཆོད་པ་སོགས་བསྡུ། སློབ་དཔོན་བཞེངས་ [3a] ནས་སྟེགས་བུའི་མདུན་དུ་འཁོད་པ་དང་སིལ་སྙན་དབྱེ། ལས་རྡོར་གྱིས་བུམ་གཏེར་བཏེགས་ལ། ཏྲཱ༷་ལས་རིན་པོ་ཆེའི་སོགས་འབྲུ་གསུམ་ལན་བདུན་མཐར་བུམ་གཏེར་སློབ་དཔོན་ལ་ཕུལ་བ་ཕྱག་གཡས་མཆོག་སྦྱིན་གྱི་རྒྱས་ཐོགས་ལ། ས་ཡི་ལྷ་མོ་སོགས་སྤྱི་གདངས། གཏེར་དུ་འབུལ། ཞེས་ལས་རྡོར་ལ་གཏད་པ་གཡས་སྐོར་དུ་དཀྱིལ་འཁོར་གྱི་ལྷོ་ནས་ཁ་བྱང་དུ་ཕྱོགས་པས་སྟེགས་བུའི་འོག་གི་དབུས་སུ་འགོད། ཡེ་དྷརྨར་འཇམ་རོལ་བཅས་སློབ་དཔོན་གྱིས་མེ་ཏོག་འཐོར། ལས་རྡོར་གྱིས་སྨན་སྣ་བ་བྱུང་སྦྱར་བའི་དྲི་བཟང་གི་ཆུའི་དུང་ཞལ་ཐོགས་ལ། སློབ་དཔོན་རྡོ་དྲིལ་བཅས་ཁུ་ཚུར་གྱིས་སྟེགས་བུའི་གཞིར་བྱང་ཤར་ནས་གཡས་སྐོར་དུ་འཐོར་ཞིང༌། ཨོཾ་བྷུ་ཁ༷་སོགས། རོ་གཅིག་པར་གྱུར། སློབ་དཔོན་སྟེགས་བུའི་དབུས་སུ་གནས་པས་དཔྱིད་གསུམ་ལྷོ། དབྱར་གསུམ་ནུབ། སྟོན་གསུམ་བྱང༌། དགུན་གསུམ་ཤར་དུ་ཕྱོགས་ཏེ། ཧ་ཧ་སོགས་དང༌། རང་ཉིད་དཔལ་ཆེན་པོ་སོགས། བརླག་པར་གྱུར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བ་དང་བཅས་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་བལྟ་ཞིང༌། ཨོཾ་བཛྲ་ཀཱི་ལི་སོགས་རྩ་སྔགས་གཅིག་ [3b] བརྗོད་མཐར། རྐང་མཐིལ་ཧཱུཾ་ལས་འབར་བའི་རྡོ་རྗེར་གྱུར། ཅེས་བརྗོད་ནས་ཀཱི་ལའི་སྔགས་དབྱངས་ལན་གསུམ་རིང་རྡོ་རྗེའི་གོམ་འགྲོས་ཀྱིས་གཡས་བསྐོར་དུ་བྱོན་སྟེགས་བུའི་བྱང་ཤར་དུ་འཁོད་པའི་མདུན་མཉྫི་དམའ་བར་བགེགས་གཏོར་བཤམ་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏར་ལས་རྡོར་གྱིས་ལས་ཆུ་འཐོར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས་བྱིན་རླབས་དང༌། སྔགས་བསྔོས་ལན་གསུམ་མཐར། རོལ་ཆེན་བླངས་ཏེ་ཐང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུཾ། ང་ནི་དཔལ་ཆེན་སོགས་ལས་བྱང་གི་བཀའ་བསྒོའི་མཐར་འཇག་རོལ་རིང་པོའི་འོག་མཆོད་གཡོག་གིས་བགེགས་གཏོར་ཕྱི་རོལ་དུ་འདོར། ལས་རྡོར་གྱིས་གུ་གུལ་ལྡེམ་སྤོས་སུ་བསྲེག་པ་དང་ཐུན་སྣོད་ཐོགས་ལ་དྲག་སྔགས་སུམྦྷ་ནིར་སློབ་དཔོན་གྱིས་ཐུན་བྲབ་མཐར་བཞག་རོལ་བྱ། ཁྲོ་བོ་དུ་མ་སོགས། རང་བཞིན་དུ་གྱུར། ཅེས་སློབ་དཔོན་སྟེགས་བུའི་མདུན་དུ་འཁོད། ལས་རྡོར་གྱིས་སྟེགས་བུའི་དབུས་སུ་ཕུར་གདན་བཀོད་ཅིང་དབང་མཆོག་གི་ཕུར་པ་སློབ་དཔོན་ལ་ཕུལ་ནས། ཕུར་བུ་སྐད་ཅིག་གིས་སོགས་དང༌། ཨོཾ་གྷ་གྷ་སོགས་སྔགས་ལན་གསུམ་གྱི་རིང་ཕུར་བུ་བསྒྲིལ་མཐར་བཏབ་སྟེ། [4a] ཕུར་བུ་ལས་སོགས། ཁེངས་པར་གྱུར། དེ་ནས་བར་ཆད་ལམ་སེལ་ལྟ་བུ་བསྐུལ་ཏེ་ཚོགས་མང་གིས་བསམ་ལྷུན་སོགས་ཞབས་བརྟན་རིགས་དང༌། ལས་ཚན་སོ་སོར་བསྐོས་པས་ཕྱི་རོལ་དུ་སྤྱི་བཤགས་ཀྱི་རིགས་རྣམས་བྱ། བར་དེར་སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུ་འདས་པའི་སར་ཕྱོགས་བཞིར་རྒྱལ་ཐོ་སྐུ་རྟེན་སྔགས་བྱང་རྒྱལ་མཚན་ཅན་བཙུགས། མདུན་དུ་སྟེགས་བུ་ཁེབས་ལྡན་མེ་ཏོག་གི་ཚོམ་བུ་ཅན་གྱི་དབུས་སུ་མཆོད་གཏོར་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་རེ་དང༌། དེ་མདུན་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་ཕྲེང་ཚར་དུ་བཤམ། གདོང་གྲལ་གཉིས་ཞྭ་ཆོས་ལྷམ་བཅས་རྔ་སྦུག་དུང་དཀར་རྣམས་ཐོགས་ནས་སློབ་དཔོན་གྱི་ཞབས་ཕྱིར་འབྲངས་ཏེ། ཐོག་མར་ཤར་གྱི་ཐོ་མདུན་དུ་འཁོད་ལ། ཨ་མྲྀ་ཏར་མཆོད་གཏོར་སྐུ་རྟེན་དང་བཅས་པར་ལས་ཆུ་འཐོར། སྭ་བྷཱ་ཝ༴ ཐམས་ཅད་སྟོང་ཉིད་སོགས་ལྷུག ཤཔྡར་རོལ་མོ་ཐང་ཟིལ་བཞག་རོལ།༡ གཏོར་གཞོང་སོགས། རང་གི་ཐུགས་ཀའི་སོགས་སྤྱན་དྲངས་པར་གྱུར། ཐང་ཟིལ་སུམ་བརྡུང་འཇོག་ཡོད་ཀྱིས།༣ ཧཱུཾ༔ གསང་བདག་སོགས། བརྟན་པར་བཞུགས། ཞེས་ [4b] སྦུག་ཚག་གིས་བཞག བཛྲ་ས་མཱ་ཛར་བསྡུ་རྒྱ། ཛཿཧཱུཾ་བཾ་ཧོཿ ར་རང་རྒྱ། མ་ཧཱ་ར་ཛར་པད་སྐོར་གཅིག་སྔོན་འགྲོས་ཨརྒྷཾ་སོགས་ལ་རང་རྒྱ་དང༌། ཤཔྡར་རོལ་མོ་སྔར་བཞིན། རྩ་སྔགས་གཏོར་སྔགས་སྦྲེལ་བ་ལན་གསུམ་རང་རྒྱ་བཅས་མཐར། ཐིང་༡༢༣ ཐིང་༡༢༣ ཐིང་། སྦྲམ། ཧཱུཾ། དྲི་ཟའི་མངའ་བདག་སོགས་ཐོ་གདངས། བར་ རྩེ ཆད་ཀུནཾ་སྲུངཾས་ ཐིང་ ཤིགཾ ། ༢༣ ཐིང༌། ༡༢༣ ཟིལ་འབེབས་བཞག་རོལ། ལས་རྡོར་གྱིས་མཆོད་གཏོར་ཐོ་མདུན་འགོད། རང་སྔགས་དང་ཏིཥྛ་བཛྲ་ལ་སློབ་དཔོན་གྱིས་མེ་ཏོག་འཐོར། དེ་བཞིན་རིགས་འགྲེ་བས་ཕྱོགས་གཞན་གསུམ་ལ་གཡས་བསྐོར་གྱིས་ཐོ་བསྡོམ་མཛད་ནས། སྒོ་དྲུང་མནན་དོང་གྲུ་གསུམ་ཁྲུ་གང་བ་བྲུས་པའི་སར་སླེབ་པ་དང་སློབ་དཔོན་དེར་ཕྱོགས་པར་འཁོད། སྔར་ནས་རྡོ་རྗེ་མཚམས་པས་ཟུར་དུ་བསྒྲུབས་པའི་མནན་ཐོད་ཡོད་ན་མཆོག་དང༌། མེད་ན་ཤོག་ལིང་བཅས་ཀྱི་རྣམ་བཞག་ལས་འབྱུང་བ་བཞིན་བྲིས་པ་བཀོད། སློབ་དཔོན་གྱིས་གཡབ་དྲིལ་དང་བཅས་པས་གསེར་སྐྱེམས་ཐོགས་ལ། ཨོཾ་ཨཱཿཧཱུཾ། འདོད་ཡོན་སོགས། གཏེར་དུ་གྱུར། ཐང་གསུམ་ཟིལ་འབེབས་རོལ་ལེན་གཅིག་ནས་ [5a] སུམ་བརྡུང་ཐིང་གང་མཚམས་ཅན་གཉིས་དང་འཇོག་གཅིག་གིས། ཧཱུཾ། རིག་འཛིན་རྩ་བརྒྱུད་སོགས་སྨད་ལས་བཞིན་དབྱངས་བཅས་ལྷུ་གསུམ་མཐར། ཟིལ་འབེབས་བཞག་རོལ། ཨོཾ་བཛྲ་ཀཱི་ལི་སོགས་རྩ་སྔགས་ཀྱིས་ང་རྒྱལ་བཟུང་ནས། ཨེ་ཡཾ་སོགས་ལུས་ཅན་དུ་གྱུར། སློབ་དཔོན་གྱི་འགུགས་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་སོགས་འགུགས་རོལ་བཅས་ལན་གསུམ་རྗེས་མའི་ཐོག་ཟློག་རོལ་ཆུང་བས། ཧཱུཾ་ཛཿ དམ་ཚིག་ཆེན་པོའི་སོགས་ཚོགས་ཐ་མའི་སྐབས་བཞིན་བབ་བརྒྱད་ཀྱིས་བསྐུལ། སྲས་ཕུར་ཕུལ་ལ་ཟློག་རོལ་གྱིས། ཧཱུཾ། ང་ནི་རྡོ་རྗེ་སོགས། ཆེན་པོར་སངས་༔ ཞེས་ཟློག་རོལ་གྱིས་བཞག ཨོཾ་ལྃ་སོགས་ཀྱིས་ཕུར་བུ་བསྒྲིལ་ཞིང་བཏབ། ཐིང་ ཟིལ་རིང་འོག་རོ་གཡམ་ལ་འོག་སྣ་ཚོགས་རྡོ་རྗེ་དང༌། སྟེང་རི་རབ་གླིང་བཞི་བྲིས་པས་བཀབ་སྟེ་སཱཙྪ་ནག་པོས་མནན། རྒྱ་བཅུའི་ཚིག་བསྟུན་ལས་རྡོར་གྱིས་རླུང་མེ་ཆུ་ས་རིམ་རེས་གཡོགས་ཏེ་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་རེ་བཀོད་ལ། ཐོ་གདངས་ཀྱིས། ཧཱུཾ། གཅིག་ནི་སོགས། མཐར་བཞག་རོལ། རྡོ་དྲིལ་ཞུ། རྔ་སྦུག་བཞག་ནས། ཨོཾ་སུམྦྷ་ནི་སོགས་བརྗོད་ [5b] ཅིང་སློབ་དཔོན་ལས་བྱེད་རྣམས་ཀྱི་ཕྱག་གཡས་སྟེང་དང་གཡོན་འོག་ཏུ་བྱས་པ་བསྣོལ་བའི་མཐེའུ་ཆུང་སྤྲེལ་ཏེ་བྲོ་ར་གྲུ་གསུམ་ཟུར་ལྷོར་ཕྱོགས་པར་བསྐོར་ལ། རྔ་མེད་བྲོ་བརྡུང་རྟས། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་གྲུ་གསུམ་དུ༔ ཞེས་སོགས་ལས་བྱང་བཞིན་བྲོ་བརྡུང་བྱས་མཐར་སྔགས་བཅས་རྒྱ་བཀྲོལ། དེ་ནས་སྒྲུབ་ཁང་གི་སྒོའི་ཡ་ཐེམ་གྱི་ཕྱི་རུ་གཤིན་རྗེ་དང་ནང་དུ་འཁྱིལ་བའི་སྐུ་སོ་སོར་སྔགས་བྱང་ཅན་ཕུར་བུ་རེ་བཅས་བཀོད་ཅིང༌། མཆོད་གཏོར་གྲུ་གསུམ་དམར་པོ་མཐེབ་ཀྱུ་ཅན་རེ་དང་ཉེར་སྤྱོད་སྔར་ལྟར་བཤམས་པའི་མདུན་དུ་འཁོད་ལ། གོང་བཞིན་བྱིན་གྱིས་བརླབ། ཨ་མྲྀ་ཏར་སྐུ་རྟེན་གཉིས་ཀར་ལས་ཆུ་འཐོར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས། ས་མཱ་ཛཿར་བསྡུ་རྒྱ་དང༌། ཛཿཧཱུཾ་བཾ་ཧོཿ ར་རང་རྒྱ། ཨོཾ་བཛྲ་པུཥྤེ་སོགས། ཤཔྡར་རོལ་མོ་གོང་བཞིན། རྩ་སྔགས་གཏོར་སྔགས་སྦྲེལ་བ་སོ་སོ་ལན་གསུམ་རེ། རོལ་བཅས་ཐོ་གདངས་ཀྱིས། ཧཱུཾ། བཅོམ་ལྡན་སོགས། ཕྱག་འཚལ་བསྟོད། ཅེས་བཞག་རོལ། ཡ་མནྟ་ཀ་ལན་བདུན། ཁྲོ་བོ་གཤིན་རྗེ མཛོད་ཅིག །ཅེས་མེ་ཏོག་འཐོར། དེ་བཞིན་ཨ་མྲྀ་ཏ་ལན་བདུན། ཁྲོ་བོ་བདུད་རྩི་ [6a] མཛོད་ཅིག །ཅེས་ནང་དུ་ཞུགས་ནས་སོ་སོའི་གྲལ་དུ་བཞུགས། འདི་སྐབས་སློབ་དཔོན་སྔགས་ཆས་བཞེས་ཤིང་ལས་རྡོར་གྱིས་སྟེགས་བུའི་སྟེང་དུ་ཕུར་གདན་རྣམས་གནས་མ་འཆོལ་བར་འགོད། སློབ་དཔོན་སྟེགས་བུའི་མདུན་དུ་འཁོད། ལས་རྡོར་རོག་བྱེད་པས་ཁྲོ་བཅུའི་ཕུར་པ་སྦམ་སྟེ་བཙུགས་པའི་སྣོད་བཏེགས། ལས་རྡོར་གྱིས་བསང་ཆུའི་འཐོར་གཡབ་ཕུལ་ལ། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས། མེ་ལྟ་བུར་གྱུར། རྩ་སྔགས་དང་ཁྲོ་བཅུའི་སྔགས་བརྗོད་རིང་སློབ་དཔོན་གྱིས་ཕུར་བུ་རྣམས་བསྒྲིལ། དབང་པོ་ལ་སོགས། རོ་གཅིག་ཏུ་གྱུར། ལས་རྡོར་གྱིས་ཐོ་བ་དང་ཕུར་བུ་རྣམས་རིམ་པར་ཕུལ་ཞིང༌། སློབ་དཔོན་གྱིས་གཡས་ཐོ་བ་དང་གཡོན་པས་ཕུར་བུ་བཟུང་ནས་འབར་བའི་སྟངས་སྟབས་གཡས་སུ་བསྐོར་བ་དང་བཅས། ཨོཾ་བཛྲ་ཀྲོ་དྷ་སོགས། ཧཱུཾ་ཀཱ་རས་ཤར་གྱི་ཤར་དུ་གདབ། རིམ་པར་གཡས་སྐོར་དུ། བི་ཛ་ཡས་ཤར། ཡ་མནྟ་ཀས་ལྷོ། ཧྱ་གྲཱི་ཝས་ནུབ། ཨ་མྲྀ་ཏས་བྱང༌། དེ་ནས་སྟངས་སྟབས་དང་འགྲོ་ཕྱོགས་གཡོན་སྐོར་གྱིས། ཏྲཻ་ལོཀྱས་བྱང་ཤར། ཨ་བ་རཱ་ཛི་ཏས་ [6b] ནུབ་བྱང༌། ཨཱརྻ་ཨ་ཙ་ལས་ལྷོ་ནུབ། ནཱི་ལ་དཎྜས་ཤར་ལྷོ། མ་ཧཱ་བ་ལས་ནུབ་ཀྱི་ནུབ་ཏུ་གདབ། དེ་རྣམས་ཀྱིས་སོགས། མཛད་པར་གྱུར། སློབ་དཔོན་སྟེགས་བུའི་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད། ཐང་གསུམ་ཟིལ་འབེབས་སུམ་བརྡུང་ཉིས་བརྡུང་སྦྲེལ་མ་འཇོག་ཡོད་ཀྱིས། ཧཱུཾ། བདག་ཉིད་དཔལ་ཆེན་སོགས་ལས་བྱང་གི་སྲུང་འཁོར་དབྱངས་ལྷུ་གང་འོས་དང་བྱིངས་ལྷུག་འདོན་མཐར་སུམ་བརྡུང་ཕྱེད་ནས་ཟིལ་འབེབས་བཞག་རོལ་བྱ། དེ་སྐབས་སྒྲོལ་གིང་གཉིས་ཆས་སུ་ཞུགས། ལས་རྡོར་གྱིས་སྔར་ནས་འཇིམ་པ་སོགས་ལས་བསྐྲུན་པའི་མ་ཏྲཾ་གི་གཟུགས་ལྷུ་ཕྲལ་ཆོག་མ་ཉིད་སྟེགས་བུའི་དབུས་སུ་མགོ་ལྷོ་ནུབ་ཏུ་ཕྱོགས་པར་འཇོག །སློབ་དཔོན་གྱིས་གཡབ་དྲིལ་བཞེས་ཏེ། རང་ཉིད་དཔལ་ཆེན་པོར་སོགས། འགུགས་རོལ་དང་བཅས་པའི་འགུག་གཞུག་ལན་གསུམ་གྱི་རྗེས་མའི་ཐོག་སྒྲོལ་གིང་གཉིས་གཡས་གཡོན་ནས་རྔམས་འགྲོས་ཀྱིས་དོན་པའི་འཆམས་ཚིག་འཆམས་ཡིག་ལྟར་ལ། ཧཱུཾ། མ་ཏྲཾ་བྱ་བའི་སོགས། དབྱངས་འཆམས་དང་བཅས་པའི་མཇུག་ཏུ་ཟིལ་འབེབས་རིང་པོའི་འོག་གིང་པ་གཉིས་ཀྱིས་རྔམས་སྟབས་དང་བཅས་སྒྲོལ་ [7a] བའི་ཚུལ་བྱས་མཐར་རང་གནས་སུ་ལྡོག་ཅིང་རོལ་བཞག སློབ་དཔོན་གྱིས་ཏི་ཧཱུཾ་སོགས་ཀྱིས་རྣམ་ཤེས་གནས་སྤར། བྷྲཱུཾ་ཛྙཱ་ན་སོགས་ཚར་བརྒྱད་རིང་ལས་རྡོར་གྱིས་ལྷུ་ཕྲལ་ཏེ་སྟེགས་བུའི་མཐའི་སྲུང་ཕུར་གྱི་ནང་དུ་ཕྱོགས་མཚམས་མ་ནོར་བར་མགོ་བོ་ལྷོ་ནུབ། སྙིང་ནུབ། ལག་གཡོན་ནུབ་བྱང༌། རྐང་གཡོན་བྱང༌། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་རྣམས་སུ་འགོད། ཁོག་པ་རང་བྱུང་སོགས། ལྷུན་གྱིས་གྲུབ་པར་གྱུར། ཅེས་ཐང་ ཟིལ་བཞག་རོལ་འོག་སློབ་དཔོན་ཆས་ཞུགས་བསིལ་ཞིང༌། ལས་རྡོར་གྱིས་མ་ཏྲཾ་དང་ཕུར་བུ་རྣམས་བསྡུ། རྔ་རོལ་ ཇ་ཆ༽ འཇོག དེ་ནས་སློབ་དཔོན་རྡོ་དྲིལ་བཅས་སྟེགས་བུའི་དབུས་སུ་འཁོད། ལས་རྡོར་གྱིས་ཁྲག་ཆེན་བདུད་རྩི་ལྔ་དྲི་དང་སྦྱར་བའི་ཐོད་ཞལ་ཐོགས་ལ། ཧཱུཾ། དུར་ཁྲོད་གསང་བ་སོགས་སྤྱི་གདངས། མཐར་འཇམ་རོལ་འོག་སློབ་དཔོན་གྱིས་རྡོ་རྗེའི་ཁུ་ཚུར་གྱིས་སྟེགས་བུའི་བྱང་ཤར་ནས་གཡས་བསྐོར་དུ་ཆག་ཆག་གདབ། དེ་རྗེས། ཁྲག་འཐུང་རིགས་སུ་སོགས་བསྔོ་སྨོན་དང༌། ལྷོ་ནུབ་རྔ་ཡབ་མ་སོགས་ཀྱིས་ཚོགས་མང་གྲོལ། སློབ་དཔོན་དང་ཡུམ་དུ་ [7b] བཏགས་པའི་ལས་རྡོར་སོགས་ཀྱིས་གཞུང་བཞིན་ཐིག་ཚོན་གྱི་བྱ་བ་འཇུག་གོ ། ༈ །ཉིན་གཉིས་པ་རྒྱན་འགོད་ལ། ཉེ་ལོགས་སུ་སྟེགས་གཙང་མའི་ཁར་གཤམ་གསལ་རྒྱན་བཀོད་ཡོ་བྱད་ཡོངས་རྫོགས་གོ་རིམ་བཞིན་བླང་བཞག་བདེ་བའི་སྣོད་དུ་བསགས་ལ་སོ་སོར་ཁེབས་ཀྱིས་བཀབ་སྟེ་བཞག རས་བྲིས་སྐབས་དཀྱིལ་འཁོར་གྱི་གཞིར་མཚན་ཉིད་རྫོགས་པའི་འདིང་དཀྱིལ་བཀྲམ་༼གུང་ཚིག་༽བདག་བསྐྱེད་སྔ་ཉིན་ལྟར་ལ། བཟླས་པའི་མཇུག་ཏུ་༼ཇ་ཚ༽སློབ་དཔོན་དཀྱིལ་འཁོར་མདུན་གྱི་ཁྲིའུར་འཁོད། བསྡུ་ལྡང་གྲུབ་པ་དང༌། ལས་རྡོར་གྱིས་ལྷ་ཕུར་རྣམས་དང་སྒྲུབ་པ་པོའི་གྲངས་ཀྱི་བསྙེན་ཕུར་རྣམས་ལ་གུ་གུལ་གྱིས་བདུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སོགས་དང༌། སློབ་དཔོན་གྱིས་ཡུངས་དཀར་བྲབ་ཅིང་མ་གུ་ཏ་ལ་སོགས། ཞལ་དང་དབལ་ལ་རཀྟས་བྱུགས་ཤིང་རཀྟ་ཛྭ་ལ་སོགས། འདི་དང་རྗེས་འབྲེལ་ལས་རྡོར་གྱིས་སྒྲུབ་རྫས་ཡོངས་རྫོགས་ལ་གུ་གུལ་བདུག་ཅིང༌། སློབ་དཔོན་གྱིས་ཡུངས་ཐུན་བྲབ། ཤུ་ནྱ་ཏ་སོགས། མཚན་པ་རེར་གྱུར། གཙོ་བོ། ཀཱི་ལ་རིགས་ལྔ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག སྒོ་མ་བཞི། བཞི་སྙིང་གཅིག་དྲིལ་བཅས་ཚར་རེ་བརྗོད། [8a] གཙོ་ཕུར་སོགས་དང༌། ཐབས་ཀྱི་སྤྱོད་པས་སོགས་ནས། དབུ་བརྒྱན་པར་གྱུར། ཅེས་ཐམས་ཅད་ཀྱི་གཟན་ཟླུམ་ཞྭ་བཅས་འདུས་པ་རྣམས་དཀྱིལ་འཁོར་ལ་ཕྱོགས་པས་བཞེངས། སློབ་དཔོན་གྱིས་རྡོ་དྲིལ་སྤོས་དང་བཅས་པས་སྣ་དྲངས། རྒྱལ་ཚབ་པས་ལྷ་ཕུར། ཡུམ་གྱིས་རྣམ་བུམ། གཞན་རོག་བྱེད་རྣམས་ནས། གསང་ཐོད། མེ་ལོང༌། ཤེལ་རྡོ། དཔལ་གཏོར། ཚེ་འབྲང་སོགས་དང༌། རལ་གྲི་༤། མདའ་དར་༤། ཚོན་སྐུད། རྒྱལ་མཚན་༤། མ་ཏྲཾ། ཁྲོ་བཅུའི་ཕུར་བུ་སོགས་ཐོགས་ནས་འཇམ་རོལ་དང་བཅས་གསེར་ཕྲེང་རྒྱ་གླིང་གིས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་མཐར་སློབ་དཔོན་དཀྱིལ་འཁོར་མདུན་དུ་འཁོད་པ་དང་རོལ་མོ་དབྱེ་ལ། ཧཱུཾ། དབུས་ནས་རང་བྱུང་སོགས། སྔགས་བསྟུན་གཙོ་ཕུར་དབུས་ནས་ཞལ་ཤར་བསྟན་དང་ཡུམ་ཡབ་ལ་ཕྱོགས་ཤིང་སྒྲོལ་ཡུམ་གཡོན་ནས་གཡས་སུ་ཕྱོགས་པས་འགོད། ཕྱོགས་བཞི་རང་བྱུང་སོགས་ལ་བུདྡྷ་ཀཱི་ལ་ཡ་གཙོ་བོའི་གཡས་ནས་གཡོན་དུ་ཕྱོགས་ཤིང་གཞན་བཞི་ཕྱོགས་བཞིའི་རྩིབས་བཞིར་ཞལ་ནང་བསྟན་དུ་འགོད། ཕྱོགས་བཅུ་རང་བྱུང་སོགས་ [8b] ལ་ཤར་སྟོད་སྟེང་དང་ནུབ་སྨད་འོག་ཏུ་བྱས་ཏེ་ཕྱོགས་མཚམས་ཀྱི་རྩིབས་སུ་ཁྲོ་བོ་རྣམས་ཞལ་ནང་བསྟན་དང་ཡུམ་རྣམས་ཡབ་ལ་ཕྱོགས་ཤིང་ཟ་གསོད་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པའི་ཚུལ་གྱིས་འགོད། སྐུ་གསུང་ཐུགས་ལས་སོགས་ལ་ཕྱི་རིམ་གྱི་ཟླ་གམ་ཉེར་གཅིག་ལ་ནང་བསྟན་དུ་འགོད། གྲུ་ཆ་བཞི་ཡི་སོགས་ལ་གྲྭ་བཞིའི་ཤར་ལྷོར་ཞི་ཕུར། ལྷོ་ནུབ་ཏུ་རྒྱས་ཕུར། ནུབ་བྱང་དུ་དབང་ཕུར། བྱང་ཤར་དུ་དྲག་ཕུར་རྣམས་འགོད། ཚད་མེད་བཞི་ལྡན་སོགས་ལ་ནང་སྒོ་བཞིར་ཞལ་ཕྱིར་བསྟན་དུ་འགོད། དཀྱིལ་འཁོར་ཆེན་པོའི་སོགས་ལ་དམ་ཅན་བཅུ་གཉིས་ཁྲག་ཁྱམས་ཀྱི་རྩིབས་ལ་ནང་བསྟན་དང༌། གིང་བཞི་ཕྱི་སྒོ་བཞིར་ཕྱིར་བསྟན། དབང་མོ་ཉེར་བརྒྱད་ཕྱིའི་ཁོར་ཡུག་ལ་ནང་བསྟན་དུ་འགོད། འདི་རྣམས་ལ་ལྷ་དབང་ཆེན་མོའི་རྟ་དང་རེ་རེ་བཞིན་འཇམ་རོལ། མཇུག་གི་བསྟན་པ་བསྲུང་ཕྱིར་སོགས་ལ་རོལ་མོ་འཆོལ་རྒྱག་བྱེད། དེ་ནས། ཧཱུཾ། སྲིད་པའི་ཕུར་བུ་སོགས་མཐར་འཇམ་རོལ་འོག་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོའི་དབུས་སུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་གསེབ་སྐུ་རྟེན་དང་བཅས་པ། གཡས་སུ་གསང་ཐོད་ཆོས་སྨན་མངར་གསུམ་ [9a] ཆང་སྦྱར་གྱིས་བཀང་བའི་ཁ་དར་དམར་བཞི་ལྟེབས་ཀྱིས་བཀབ་པ། མེ་ལོང་སིནྡྷུ་ར་བརྡལ་བར་སྔགས་བྱང་བྲིས་པ། རྒྱུད་ཀྱི་གླེགས་བམ། གཡོན་དུ་སྲོག་འཁོར་བླ་རྡོ་དང༌། རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ། རྒྱབ་ཏུ་དཔལ་གཏོར་སྐུ་ཙག་དར་གདུགས་ཅན། མདུན་དུ་ཚེའི་འབྲང་རྒྱས། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་མདའ་དར་བཅས་གོ་རིམ་མ་ནོར་བར་རྒྱལ་ཚབ་པས་བཀོད་ཅིང་ལས་རྡོར་གྱིས་སྤོད། དཀྱིལ་འཁོར་མཐའ་སྐོར་དུ་མ་ཏྲཾ་དང་སྲུང་ཕུར་རྣམས་ཀྱང་སྔར་གྱི་གོ་རིམ་ལས་མ་འཆུག་པར་བཀོད། སྤྱན་རྒྱུན་དུ་རྒྱལ་འཕན་སོགས་རྒྱན་གོས་རྣམས་བསྡུས་ནས་བར་ཆ་གྲོལ་རིང་དུ་འགོད་པར་མཛད། དཀྱིལ་འཁོར་གྱི་མདུན་དུ་གཡས་ནས་འགོ་བརྩམས་པའི་ཞི་མཆོད། གཡས་སུ་ཤར་ལྷོ་ནས་འགོ་བརྩམས་པའི་འདོད་ཡོན་ལྔ་དང་སྣ་བདུན་རྫས་བརྒྱད་བཅས་ཀྱི་ཙཀླི། གཡོན་དུ་ནུབ་བྱང་ནས་འགོ་བརྩམས་པའི་དྲག་མཆོད། རྒྱབ་ཏུ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རྩ་བའི་མཆོད་གཏོར། དེའི་གཡས་ནས་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། ཆད་མདོ། རྩ་བརྒྱད་སྟོང་སྦྱར་གྱི་ཕབ་ལྡན་སྨན་ཐོད། གཡོན་ [9b] ནས་གཡོན་དུ་མོ་རྒྱུད་སྤྱིའི་གཏོར་སྤུངས། བརྟན་མ། སོ་ལྔ་པ་སྦྱར་བའི་རཀྟ་བཅས། དཀྱིལ་འཁོར་གྱི་ཤར་ལྷོར་དངོས་གྲུབ་ཀྱི་རྫས་རིན་ཆེན་ཟུར་བརྒྱད་སེར་པོར་འབྲང་རྒྱས་དབུས་སུ་ཟླུམ་པོ་བག་ཙམ་མཐོ་བ་དང་ཕྱོགས་བཞིར་ལས་བཞིའི་དབྱིབས་མདོག་ཅན་མཐའ་སྐོར་དུ་ཟས་སྣ་བཟང་རྒུས་གཏམས་པ། ཐོད་པ་མཚན་ལྡན་དུ་བམ་ཆས་ལྡན། ལྷོ་ནུབ་ཏུ་ཉུ་ལེའི་ལིང་ག་བཅས་ཀྱི་རྣམ་བཞག་ལས་འབྱུང་བ་བཞིན་བྲིས་པ་བྲུབ་ཁུང་དུ་བཅུག་པ་དང་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་དྲུག་གི་གཏོར་སྤུངས། བྱང་ཤར་དུ་མཐའ་སྡུད་ཀྱི་ཡོ་བྱད་འགོད་པར་བཤད་པའི་ས་ཁོངས་སུ་ཐུན་གཏོར་རྩང་དམར་མེ་རིས་བརྒྱན་པ་བཅས་འགོད། གོང་གི་སྒྲུབ་རྫས་རྣམས་འགོད་ཡུན་རིང་ཐུང་ལ་དཔག་པའི་རོལ་མོའི་རིང་ཐུང་ཡང་བསྟུན་ནས། ཧཱུཾ། དུར་ཁྲོད་གསང་བ་སོགས། ས་གཞི་སྤོས་ཆུས་གདངས་ཀྱིས། རྩལ་དུ་གསོལ་ཞེས་དྲིལ་གསིང་དང༌། རང་རྒྱ་བཅས་མཛོད་སྔགས་མཐར་འཇམ་རོལ་བྱ། དེ་ནས་བསམ་པ་ལྷུན་གྲུབ་མ་སོགས་ཀྱིས་གྲོལ། སྦུགས་འགྱེད། འདི་སྐབས་དར་གྱི་ལྡ་ལྡི་སོགས་གོང་དུ་འགོད་པར་མི་བདེ་བའི་རྒྱན་རྣམས་འགོད་ཅིང༌། སློབ་དཔོན་གྱི་ [10a] མདུན་ལྕོགས་སུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ་ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར། ལས་ཕུར་རྣམས་དང༌། བདག་འཇུག་ཆས་རྣམ་བུམ། གཟུངས་རྡོར། རིགས་ལྔ་དར་དབྱངས། མཎྜལ་སོགས་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འགོད་དོ། ། ༈ །དེ་ནས་གཞུང་གྲལ་༼བར་ཆ་༽གཡོན་གྱི་ཕྱི་རྒྱབ་ཏུ་གྲལ་རིང་གསར་བ་ཞིག་གི་སྟན་བཤམས་ལ་ལས་ཚན་པ་རྣམས་ཡུམ་ནས་བཟུང་རྡུལ་ཕྱག་གི་བར་གོ་རིམ་མ་འཆོལ་བར་བཞུགས་ཟིན་པ་དང༌། རྒྱལ་ཚབ་པ་མཆིལ་ལྷྭམ་བཅས་བཞེངས་ནས་ཆོས་གོས་ཟླུམ་ཁྱེར་གྱིས་གཞུང་གྲལ་ལྟ་བུར་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུཾ། རྡོ་རྗེ་རྒྱལ་པོ་སོགས་དབྱངས་བོར་ལེན་དང་བཅས། ལས་རྡོར་པས་ཐོད་ཆང་མར་གྱི་ཟེ་པྲོག་ཅན་ལས་ཕུད་སྐྱོགས་ཀྱིས་བཅུས་པའི་སྐྱེམས་ཚིག་བསྟུན། རྒྱལ་པོ། རྒྱལ་ཚབ། གཟུངས་མ། དབུ་མཛད། གིང་པ་༢། མཚམས་པ་༢། ཀུན་ཐུབ་༡། དགེ་བསྐོས། དུང་མཁན་༢། ཞལ་ཏ་བ། གྲྭ་མང༌། སྔགས་རྒྱུན་པ། རྡུལ་ཕྱག་གི་བར་རིམ་པར་དྲངས་ལ་མངའ་གསོལ་ཞིང་གཉེར་གཏད། དེ་ནས་ལས་ [10b] ཚན་པ་རྣམས་སོ་སོའི་གྲལ་དུ་བཞུགས་གྲུབ་པ་དང་བསྟུན་རྒྱལ་ཚབ་པ་གཞུང་གྲལ་དབུས་ནས་སྟོན་པར་ཕྱོགས་ཏེ་བཞེངས། ལས་རྡོར་གྱིས་དཔལ་ཆས་ཙཀླི་རྣམས་རིམ་པར་རྒྱལ་ཚབ་པའི་ཕྱག་ཏུ་འབུལ་ཞིང༌། རོག་བྱེད་གཞན་འགྲེང་ཚར་དུ་འཁོད་པའི་ལག་ཏུ་བྱུག་པའི་རྩི་ཐལ་ཆེན་ས་དཀར་བསྲེས་པ ཁྲག་དང་མཚལ་བསྲེས་པ། ཞག་དང་ས་སེར་བསྲེས་པ་རྣམས་ཐོགས་ལ། གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུཾ། ཐེག་མཆོག་སོགས། ཁྲག་གི་ཐིག་ལེའི་མཚན་མས་གདབ། ཅེས་འབུལ། དབུ་མཛད་ཀྱིས་བསྐུལ་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བྷསྨ་སོགས་འཇམ་རོལ་འོག་རྒྱལ་ཚབ་སོགས་ཀྱིས་སྟོན་པ་ནས་བཟུང་འདུས་པ་རྣམས་ཀྱི་གནས་སོ་སོར་གོས་རྒྱན་རྣམས་སྒྲོན་ཚུལ་དང༌། རྩི་གསུམ་དངོས་སུ་གདབ། རྒྱལ་ཚབ་རང་གྲལ་དུ་བཞུགས་པ་དང་རོལ་མོ་དབྱེ། འདིར་མཆེད་གསར་རྙིང་བསྲེ་བསྣན་མི་བྱ་ཀ་མེད་བྱུང་ན་བསྲེ་བསྣན་གཞུང་བཞིན་བྱ་ཞིང༌། ཕྱག་བཞེས་སུ་དབང་མ་ཐོབ་པ་ཚོགས་གྲལ་དུ་འཇོག་སྲོལ་མེད། ཀུན་གྱི་ལག་གཉིས་ཁུ་ཚུར་དཔུང་མགོར་བསྣོལ་ལ། ཧཱུཾ༔ སྣང་བ་ཁྱབ་བརྡལ་སོགས། ཤ་ཡ་ཕཊ་ལ་ཁུ་ཚུར་དབྱེ། [11a] ཐལ་སྦྱར་གྱིས། ཧཱུཾ། རང་བྱུང་ལྷུན་གྲུབ་སོགས་བརྡ་སྒོ་དབྱེ་ཕྱག་གཉིས་ཀ་ཁྲུས་གདངས། མ་ཧཱ་བཛྲ་དང་བཛྲ་གྷཎྜེར་རྡོ་དྲིལ་གསོར་དཀྲོལ་བརྟེན་ཅིང༌། ཨ་ནུ་ར་གར་པད་སྐོར་འཁྱུད་རྒྱ་མཛད་དེ། དུང་རྒྱས་དྲངས་པའི་རོལ་ཆེན་བརྒྱ་བརྡུང་གིས་རོལ་མོ་བྱིན་བརླབ། ཇ་ཆ༽ འདུས་པ་ཀུན་ཞྭ་བཅས་བཞེངས། སློབ་དཔོན་དཀྱིལ་འཁོར་མདུན་དུ་འཁོད་དེ་གཡབ་དྲིལ་དང༌། ལས་རྡོར་གྱིས་དར་སྣའི་གཡབ་རྡོར་དང་ལྡེམ་སྤོས་ཐོགས་ལ། བླ་མ་རིག་འཛིན་སོགས། རོལ་ཆེན་ཐང་གསུམ་ཟིལ་འབེབ་སུམ་བརྡུང་གིས། ཧཱུཾ། དབུས་ཕྱོགས་སྟུག་པོ་སོགས་བྱིན་འབེབས་རྒྱས་པ་དབྱངས་ལྷུ་གཅིག་ནས་བྱིངས་ལྷུག་འདོན། རྗེས་སུ་རྒྱུད་གསུམ་རོལ་མོ་བསྐོར་བ་གཡབ་མོ་བཅས་མཐར་ཟིལ་འབེབས་བཞག་རོལ་གྱིས་འཇོག སྨོན་ལམ་སོགས་ཀྱིས་གྲོལ་ལོ། ། ༈ །དེ་ནས་དངོས་གཞི་ཉིན་དང་པོར་ནམ་ཟིར་ཚོགས་ཚུགས་ཏེ། ཚིག་བདུན་༣། འཁྲུངས་རབས་གསོལ་འདེབས་སམ་རྣམ་ཐར་གསོལ་འདེབས། ཇ༽ བརྒྱུད་འདེབས་རྗེས་རོལ་མོ་བརྒྱ་བརྡུང༌། སྐྱབས་སེམས་ཚོགས་བསགས། བགེགས་བསྐྲད་ནས་དཀྱུས་ ཐ༽ [11b] ལྟར་ལས། སྒེག་མཆོད་༼ཇ་ཆ༽བར་གྱི་མཆོད་ཕྲེང་རྒྱས་པ། དྲག་མཆོད་ནས་བསྟོད་པའི་མཇུག་འོས་གྱུར་གསོལ་འདེབས་ཀྱིས་ཞོག་ཚོགས་གྲོལ། ༈ །ཚ་གུང་སྦྲེལ་མར། ཧཱུཾ། བཞེངས་ཤིག་སོགས་ཨཏྨ་ཀོཉཧཾ། ཧཱུཾ། ཆོས་དབྱིངས་འཁོར་ལོའི་སོགས། མི་བཏང་ངོ༌། སངས་རྒྱས་ཀུན་གྱི་སོགས་སྐུ་ཛཔྲ་སྟོང་ཚང་བ་དང༌། ཧཱུཾ། དཔལ་ཆེན་ཕུར་བུའི་སོགས་སྟོང་ཚིག་འཇམ་རོལ། བདག་ཉིད་གཙོ་བོའི་ཐུགས་སོགས་གསུང་ཛཔྲ་སྟོང་དང༌། སྟོང་ཚིག སྙིང་རྗེས་བསྒྲལ་བའི་སོགས་ཐུགས་ཛཔྲ་སྟོང་དང་སྟོང་ཚིག །ཧཱུཾ། རང་བྱུང་ཕྱོགས་བཞིའི་སོགས་དཀྱུས་ལྟར་ལས་ཀཱི་ལ་རིགས་ལྔ་དང་ཁྲོ་བཅུ ༡༠༠། སྲས་མཆོག་དང་སྒོ་སྐྱོང་༥༠། བཞི་སྙིང་དང་སྤུ་གྲི༢༡བཅས་སོ་སོར་སྟོང་ཚིག་སྔར་བཞིན་དང༌། ཚེ་ཛཔྲ་བརྒྱ་རྩ་ཙམ་བཟླས་རྗེས། ཧཱུཾ། འབར་བའི་དཀྱིལ་འཁོར་སོགས། ཕ་ལ་ཧཱུཾ་ཨཱཿ སྤྲོ་ན་ལྷ་ཡི་ལྷ་མཆོག་སོགས་ཀྱང་ འདི་སྐབས་ལས་རྡོར་གྱིས་ཐུན་བསྐོར། སྦྱར། དེ་ནས་གུང་ཐུན་བསྐུལ་ཏེ་ཚོགས་གྲོལ། ཇ་ཆ༽ ༈ །བར་ཆད་སྔ་མར། ཐང་གསུམ་ཟིལ་འབེབས་སུམ་བརྡུང་གིས། ཧཱུཾ། རྡོ་རྗེ་ཁྲོས་པས་སོགས་ཐུན་གདངས་ནར་འདེད་ཀྱིས་ [12a] བསྟོད་པའི་བར་དཀྱུས་བཞིན་ལས་མཆོད་ཕྲེང་རྒྱས་པ་མི་དགོས། ཇ༽ ཛཔྲ་བསྐུལ་ནས་བཟླས་པ་རྣམས་སྔར་བཞིན་ལ་ཚེ་ཛཔྲ་མཇུག ཇ་ཆ༽ བདག་གི་ཐུགས་ལས་སོགས་ཀྱིས། རྣམ་བུམ་བཟླས་པ་བརྒྱ་རྩ་དང༌། བསྐུལ་མཚམས་ཀྱིས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགསཉེར་གཅིག་ཙམ་གྱིས་ལས་བུམ་བསྒྲུབ་ནས། ཨོཾ་ཨཱཿཧཱུཾ་སོགས་ཀྱིས་བུམ་ལྷ་འོད་ཞུའི་རྗེས་བསྙེན་བསྟོད་ཀྱིས་གྲོལ། ༈ །བར་ཆ་རྗེས་མར། ལས་རྡོར་གྱིས་གསོལ་གདབ་སྔོན་དུ་འགྲོ་བས་ཚོགས་བྱིན་རླབས་ནས་ཞལ་བསྟབ་བར་དཀྱུས་བཞིན་སོང་མཐར། ཇ༽ ཇི་ལྟར་བལྟམས་པ་སོགས། སུམ་བྷ་ནིར་རོལ་མོ། མཎྜལ་ས་གཞི་སྤོས་ཆུས༴ མིག་དར་བཅིང༌། མེ་ཏོག་ཐོགས། བླ་མ་སངས་རྒྱས་ཐལ་སྦྱར། ཚོགས་བསགས། བྷྲཱུཾ་པྲ་བེར་ཁུ་ཚུར་བསྣོལ་འགྲོས། ནམ་སྟེར་གནས་གསུམ་ཐལ་སྦྱར། དམ་བཟུང་དཀྱུས་ལྟར་ལས། འདི་ནི་ཁྱོད་སོགས་ལ་ནང་མཆོད་མྱང༌། གསོལ་འདེབས་ཐལ་སྦྱར། བྱིན་འབེབས་སྐབས་ལས་རྡོར་གྱིས་ཞྭ་བཅས་འབེབས་རྫས་ལྡེམ་སྤོས་སུ་བསྲེག་ཅིང་གཡབ་རྡོར་ལྔ་ལྡན་ཐོགས་ཏེ་འཇམ་རོལ་འཁྲོལ་བ་དང་ཚོགས་པ་དཀྱིལ་ [12b] འཁོར་བསྐོར་བ་བྱེད་བསྟུན་ཕྱོགས་བཞི་ནས་གཡབ་ཅིང་དཀྱིལ་འཁོར་ཤར་ལྷོར་འཁོད་པ་དང་རོལ་མོ་དབྱེ། རྒྱན་ཁང་པས་རིགས་ལྔ་འགྱེད། ཡེ་ཤེས་བརྟན། མེ་ཏོག་དོར། སླར་བཅིང་མིག་དར་བསལ། མཐོང་བ་བསྟན་པ་རྣམས་དཀྱུས་ལྟར་ལ་འདི་ཡན་ཕལ་ཆེར་ཁྲུས་གདངས། དེ་ནས་མཎྜལ་ལྷུག གསོལ་འདེབས་ཁྲུས་གདངས། རང་ཉིད་སོགས། མཱ་ཛཿར་བསྡུ་རྒྱ། ཤཔྡར་རོལ་མོ། ཧཱུཾ། བུམ་པ་ཆོས་དབྱིངས་སོགས་ལྷ་དབང་རྟ། དབུ་རྒྱན་བཅིང༌། རྡོ་རྗེ་གསོར། དྲིལ་བུ་གསིལ། རྡོ་དྲིལ་ལྷན་དུ་སྤྱི་བོར་བཟུང་ཞིང་དཀྲོལ། དེ་ལྟ་ན་ཕྱི་ཀུན་རྫོབ་སོགས་སྐབས་དབུ་རྒྱན་བསིལ། གསང་དབང་ལ་ནང་མཆོད་བདུད་རྩི་མྱང༌། ཤེར་དབང་ལ་དྲིལ་བུ་འདེགས། མཐར་དམ་ཚིག་བཟུང་ཞིང་བཏང་རག་སོགས་སྐབས་ལས་རྡོར་གྱིས་ཚོགས་འདུལ། ཇ་ཆ༽ ལྷག་གཏོར་བསྡུ། དེ་ནས་དྲིལ་ཆོག་གིས་དམ་ཅན་གཏོར་བསྔོས། ཕུར་སྲུང༌། གཏེར་གཞི་བཅས་གྲུབ་ནས་གྲོལ། ། ༈ །དགོངས་ཚོགས་ལ། ཧེ་རུ་ཀ་དཔལ་སོགས་སྨོན་ལམ་སྔོན་དུ་འགྲོ་བས་ལྷག་མ་བཏང་ཞིང་ལྷག་གཏོར་བཙོན་དུ་འཛིན། ཇ་ཆ༽ བསྐུལ་བ་མི་དགོས་ཤིང༌། ཆད་མདོ་དང་དམ་ [13a] ཅན་རྒྱུན་གཏོར་ལྷན་དུ་འབུལ། བརྟན་མ་བསྐྱང༌། བྲོ་བརྡུང་མཐར། འབར་བའི་དཀྱིལ་འཁོར་སོགས་ཀྱིས་མཆོད་ཅིང༌། སྲིད་གསུམ་གདུག་པ་སོགས་ཤློ་ཀས་བསྟོད། ནོངས་པ་བཤགས། ཕྱོགས་བཅུ་ན་བཞུགས་པའི་སོགས་ཀྱིས་བརྟན་བཞུགས་བྱ། བསྡུ་ལྡང་ནས་སྨོན་ལམ་ཤིས་བརྗོད་ཀྱི་བར་དཀྱུས་བཞིན། ཇ༽ དེ་ནས་སློབ་དཔོན་བཞེངས་ཏེ་ཆས་ཞུགས་མཛད་སྐབས་དམངས་ཀྱིས་དགོངས་ཐུན་དང༌། ཇི་སྙེད་ཕན་བདེ། པདྨའི་རིང་ལུགས། བསླབ་གསུམ་འཕགས་ནོར། ཨེ་ཝཾ་ཟུང་འཇུག །དེ་ལྟར་འགྲུབ་པའང་སོགས་ཀྱིས་གྲོལ། གཡབ་ཕུར་ཌཱ་དྲིལ་ཞུ། ༈ །དེ་འཕྲལ་སློབ་དཔོན་དཀྱིལ་འཁོར་མདུན་གྱི་ཁྲིའུར་བཞུགས། རྒྱལ་ཚབ་དང་ཡུམ་མཚམས་པ་གཉིས་བཅས་ཆས་ཞུགས་ཡོད་ན་སྐུའི་གཡས་གཡོན་དུ་འགྲེང་སྟེ་འཁོད། འདུས་པ་རྣམས་ཞྭ་བཅས་རང་གྲལ་དུ་བཞེངས། ལས་རྡོར་ཀྱང་ཞྭ་བཅས་བྲུབ་ཁུང་སློབ་དཔོན་མདུན་དུ་འབུལ་ནས་ཕུར་པ་དང་ཐུན་སྣོད་ཐོགས་ལ་སྐུའི་གཡས་སུ་འཁོད་པས། ཨེ་ཡཾ་སོགས། བདེན་སྟོབས་འགུགས་རོལ་དང་བཅས་ལན་གསུམ་རྗེས་མའི་ཐོག་གིང་གཉིས་རྔམས་ [13b] འགྲོས་ཀྱིས་དོན་པའི་འཆམས་སྟབས་དང་བཅས། ཧཱུཾ། ཆོས་ཀྱི་དབྱིངས་ནས་སོགས་དང༌། ང་ནི་རྡོ་རྗེ་སོགས་མཐར་ཐུན་འགྱེད། དྲག་སྔགས་སོ་ལྔར་སློབ་དཔོན་གྱིས་ཕུར་བསྐོར་བཅས་ལིངྒའི་གནས་རྣམས་སུ་ཕུར་པ་གདབ་ཅིང་ཐུན་བྲབ། གིང་པ་གཉིས་ཀྱིས་ཀྱང་ཐུན་བྲབ་མཐར་ཟིལ་དལ་བའི་འོག་གནས་སུ་ལྡོག །ཡང་ཟིལ་ཐུང་སུམ་བརྡུང་འཇོག་བཅས་ཀྱིས། ཧཱུཾ། ཤར་ཕྱོགས་དཀར་མོ་སོགས་དབྱངས་ལྷུ་གཉིས། དྲག་བརྡུང་གཉིས་ཀྱིས་བུ་ཡུག་ཐོག་འབེབས་སོགས་ནས་དྲག་བརྡུང༌། དམ་ཚིག་སོགས་དྲག་འབྲིང༌། སློབ་དཔོན་ལས་རྡོར་སྔགས་ཆས་༢བཅས་རྒྱབ་གྲལ་གཡས། སྔགས་ཆས་༢གཞུང་གྲལ། གིང་ཀུན་ཐུབ་ཕྱི་གྲལ་ནས་ཐོན་ཏེ་སྒོ་མཚམས་བར་ཐུན་བྲབ། སྦྲམ་སྦྲམ་དལ་བར་གློག་ཆེན་རྐང་གླིང་བཅས་གིང་དང་ཀུན་ཐུབ་ལྡོག་ནས། སློབ་དཔོན་སོགས་དཀྱིལ་འཁོར་མདུན་དུ་འཁོད་ལ་སྔར་རྒྱན་བཀོད་སྐབས་བཞིན་བྱིན་འབེབས་རྒྱས་པར་མཛད་མཐར་ཀཱི་ལ་ཡ་བཟླ་བཞིན་པས་འདུས་པ་རྣམས་དཀྱིལ་འཁོར་ལ་གཡས་བསྐོར་གྱིས་སོ་སོའི་གནས་སུ་ཉལ་བའི་རྣལ་འབྱོར་ལ་འཇུག ། ༈ །དེ་ནས་གྲྭ་གྲངས་རེས་བསྐོར་མཛད་པའི་སྲོད་ཐུན་དང༌། [14a] ཐོར་ཐུན་གཉིས་ལ། ཚིག་བདུན། བརྒྱུད་འདེབས། སྐྱབས་སེམས། ཚོགས་བསགས། ཏིང་འཛིན་རྣམ་གསུམ་ནས་བཟླས་པའི་མཐར་ཐུག་གི་བར་བུམ་བཟླས་མི་དགོས་པ་ཙམ་ལས་བར་ཆ་སྔ་མ་དང་འདྲ་ཞིང༌། མཐར་ཉེར་བསྡུ་དང་བསྔོ་སྨོན་བྱ། མཚམས་བ་གཉིས་ཀྱིས་བདག་གི་རྣལ་འབྱོར་དང་ལྡན་པས་དུས་དྲུག་ཏུ་ཉུ་ལེ་བསྐྲད་ཅིང་བྱིན་དབབ་པ་དང༌། ཞོག་བསྟར་རྒྱལ་ཐོ་དང་སྒོ་བྱང་གསོ། སྔར་ཆས་བཅུ་གྱོན་པར་མེད་པའི་ངོ་གསར་དང་ཡོ་བྱད་སྒྲུབ་ཁང་དུ་འཇུག་ན་དྲག་སྔགས་བཅས་ཐུན་གྱིས་བྲབ། སྒྲུབ་ཁང་གི་ཕྱག་རྡུལ་རྣམས་ཕྱིར་མི་འདོན། ཉིན་མཚན་ཕྱི་མ་རྣམས་ཀྱི་ཆོ་གའི་ཁྲིགས་རིམ་ཚུལ་དེ་ཁོ་ནས་འགྲེའོ། ། ༈ །རྗེས་གྲོལ་ཉིན་གྱི་ཁྱད་པར་ལ། གཞན་སྔར་དང་འདྲ་བ་ལས་ཆོ་གའི་ཆིངས་ཅུང་བྲེལ་ཉམས་ཀྱིས་བཟླས་པ་སྦྲེལ་ཏེ་མཐར་སྟོང་ཚིག་སོགས་ཀྱིས་ཞོག་ཚོགས་གྲོལ། བར་དེར་ལས་རྡོར་གྱིས་དཀྱིལ་འཁོར་མཐའི་ཡོ་བྱད་རྣམས་བསྡུ་བཀོད་བྱས་ལ། དཀྱིལ་འཁོར་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཉྫིའི་ཁར་དཀྱིལ་འཁོར་དབུས་ཀྱི་གཙོ་ཕུར་དང་གཡས་གཡོན་རྣམ་བུམ་དང་སྒྲུབ་གཏོར་བཅས་འགོད། དེ་ [14b] མཐར་སློབ་དཔོན་སོགས་སྐུ་དངོས་པོར་འབུལ་རྒྱུའི་དངོས་གྲུབ་རྫས་སྡེར་མ་རེ་དང༌། སྤྱི་ལ་འབུལ་རྒྱུ་བཅས་སྔར་གྱི་འབྲང་རྒྱས་ནས་བསིལ་ཏེ་ཤིང་ཏོག་སོགས་ཟས་སྣ་བཟང་པོས་ཁ་གསོ། སྒྲུབ་ཐོད་ནས་སྨན་ཕུད་བསྡུས་པའི་ཐོད་ཆང་མངར་གསུམ་སྦྱར་བ། བུམ་ཆུ་ཁ་གསོས་དྲི་བཟང་ཆུ་ཕབ་རྒྱུན་ཅན་དང༌། ཐོད་ཆང་ཁ་གསོས་མངར་སྦྱར་བཅས། སློབ་དཔོན་མདུན་དུ་དུང་ཆོས་རཀྟ་ཅན་བདུད་རྩི་སྦྱར་བ། སྒྲོན་ཐུར། བཟེད་ཞལ་དཔའ་ཐོད་བཅས་བཤམ། དོ་ནས་དངོས་གྲུབ་ལེན་ཆོག་ལ་རྒྱལ་ཚབ་པ་ཆོས་གོས་ཞྭ་ལྷམ་བཅས་གཡབ་དྲིལ་ཐོགས་ཏེ་དཀྱིལ་འཁོར་གྱི་བྱང་ཤར་དང༌། ༼ཚ་གུང་༽ ལས་རྡོར་ཞྭ་བཅས་ཐུན་སྣོད་སྤོས་ཕོར་འཛིན་པས་ཤར་ལྷོར་འཁོད། རོལ་ཆེན་ཟིལ་འབེབས་སུམ་བརྡུང་གིས། ཧཱུཾ། ང་ནི་དཔལ་ཆེན་སོགས་བཀའ་བསྒོའི་ཚིག་གིས་ལས་ཀྱི་ལན་ཆགས་ཞེས་པའི་ཚིག་གཅིག་བསྐྱུར་བས་མཇུག་རོལ་འོག་རྒྱལ་ཚབ་པ་ཟུང་གིས་དཀྱིལ་འཁོར་ལ་བསྐོར་ཞིང་ཐུན་བྲབ། ཟིལ་འབེབས་སུམ་བརྡུང་གིས། ཧཱུཾ། བདག་ཉིད་དཔལ་ཆེན་སོགས་མཚམས་བཅད་མཐར་སུམ་བརྡུང་གིས། ཧཱུཾ། བདེ་གཤེགས་རྒྱལ་བ་སོགས་བཤགས་པ་ཡིག་ [15a] བརྒྱ་ཟིལ་འོག་སུམ་བརྡུང་གིས། ཧཱུཾ། ཁྱབ་བརྡལ་འོག་མིན་སོགས་བྱིན་འབེབས་རྒྱུད་གསུམ་རོལ་མོ་ལ་བསྐོར་བ་གཅིག་དང་། མདུན་ནས་གཡས་གསུམ་ནས་བཞག་རོལ་གྱིས་རྔ་སྦུགས་འཇོག །རྒྱལ་ཚབ་རང་གྲལ་དུ་བཞུགས། བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་སོགས། ཡེ་ཤེས་འབར་བར་གྱུར། གཙོ་སྔགས་འབྲུ་བཅོ་ལྔ་པའི་མཐར་ཨོཾ་ཨཱཿཧཱུཾ་སོགས་བཏགས་པ་༡༠༠ཀཱི་ལ་རིགས་ལྔ་དང་ཁྲོ་བཅུ་ལ། ༢༡ སྲས་མཆོག་སྒོ་སྐྱོང་དམ་ཅན་ལ་༧རེ་བཅས་བཟླ་ཞིང་སོ་སོར་སྟོང་ཚིག་ཕུལ། ཇ་ཆ༽ རྡོ་དྲིལ་བཅས། ཧཱུཾ། སྲིད་པའི་ཕུར་བུ་སོགས་སྤྱི་གདངས། ཛཿཧཱུཾ་བཾ་ ཧོཿ ཞེས་འཇམ་རོལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་སྨན་སྣོད་བྷནྡྷ་སོགས་སྨན་སྔགས་༧བརྗོད་རིང་སློབ་དཔོན་ནས་དུང་ཞལ་གྱི་ཁྲག་ཆང་སྒྲོན་ཐུར་གྱིས་དཀྲུག་ཅིང་འཕྱར། དེ་ནས་དཀྱིལ་འཁོར་སྨན་ཐོད་དང་ནང་མཆོད་ལ་བླུགས་ཏེ། ཧཱུཾ༔ འཆི་མེད་བདུད་རྩི་སོགས་སྤྱི་གདངས། རྣམས་ལ་འབུལ། གྲུ་གསུམ་མཐིང་ནག་སོགས་ལས་བྱང་སྨན་མཆོད་མཚན་དོན་རེ་རེ་བཞིན། མ་ཧཱ་པཉྩ་དང་རཀྟ་བཏགས་པ་བརྗོད་བསྟུན་སློབ་དཔོན་གྱིས་དུང་དམར་ [15b] རྒྱས་ཁྲག་ཆང་བཟེད་ཞལ་དུ་འབུལ་མཐར། ལས་རྡོར་གྱིས་བཟེད་ཞལ་གཏོར་མར་སྦྲེངས། དེ་ནས་ཀཱི་ལའི་ཛཔྲ་དབྱངས་ལན་གསུམ་དང་བསྟུན། རྒྱལ་ཚབ་པས་གཙོ་ཕུར། ཡུམ་གྱིས་རྣམ་བུམ། ལས་རྡོར་གྱིས་སྒྲུབ་གཏོར། དཀོན་གཉེར་༡རོག་བྱེད་༢རྣམས་ཞྭ་ལྷམ་བཅས་བམ་དང་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་དང༌། ཛ་གད་རྣམས་ཐོགས་ལ་སྦྲེང་ཚར་དུ་འཁོད། ཚོགས་མང་ཐལ་སྦྱར་བཅས། ཧཱུཾ༔ ལྷག་པའི་ཡེ་ཤེས་སོགས་སྤྱི་གདངས། སྐལ་པ་མཉམ་པར་ཤོག །ཅེས་སྔགས་མཇུག་འཇམ་རོལ་རིང་པོའི་འོག་སློབ་དཔོན་གྱིས་དངོས་གྲུབ་བཞེས། དེ་ནས་འདུས་པ་རྣམས་ལ་བསྐུར་ཏེ། སྒྲུབ་ཕུར་དང་སྒྲུབ་གཏོར་གནས་གསུམ། རྣམ་བུམ་སྤྱི་བོ་དང་མྱང༌། བཟའ་བ་གཡས། བཏུང་བ་གཡོན་གྱིས་ཞུས་ལ་ལོངས་སྤྱད། རྒྱལ་ཚབ་པ་གྲལ་དུ་བཞུགས་བསྟུན་རོལ་མོ་དབྱེ། ལྷ་དང་དངོས་གྲུབ་སོགས་བརྗོད་ཅིང༌། གུང་ཐུན་གྱིས་ཚོགས་གྲོལ། ། ༈ །བར་དེར་རྒྱལ་ཚབ་པས་ས་ཆོག་གནང་སྟེ་ཐབ་དཀྱིལ་བྲི་ཚར་བསྟུན་རྔ་བརྡ་འབུལ་བ་ཕྱག་ལེན། དེ་ནས་དཀྱིལ་འཁོར་མདུན་དུ་སློབ་དཔོན་གཙོས་གདོང་གྲལ་གཉིས་ [16a] ཀྱིས་རྒྱས་པའི་སྦྱིན་སྲེག་དང༌། འདུ་ཁང་སྟེང་དུ་རྒྱལ་ཚབ་གྲྭ་གྲངས་ཀྱིས་ཞི་བའི་སྦྱིན་སྲེག་མཛད་པར་ཆོ་ག་གཏོང་ལུགས་ནི། ཚིག་བདུན་གསོལ་འདེབས། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ སོགས། ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོཾ་བཛྲ་ཀཱི་ལི༴ བྃ་ཧཱུཾ་ཕཊ་ཛཿ རང་ཉིད་དཀྱིལ་འཁོར་གྱི་སོགས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏར་རྡོ་དྲིལ་ལ་ལས་ཆུ་བྲན། སྭ་བྷཱ་ཝ༴ སྟོང་པའི་ངང་ལས༴ ཨོཾ་མ་ཧཱ་བཛྲ་ལ་རྡོ་རྗེ་བླངས་ཏེ་གསོར་ནས་སྙིང་གར་བཟུང༌། ཨོཾ་བཛྲ་གྷཎྜེར་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱར་འཁྱུད་རྒྱ་དང་རྡོ་རྗེ་ནང་འདྲེན་གྱིས་དྲིལ་གསིལ་ནས་སྦྱིན་སྲེགས་མ་རྫོགས་པར་ལག་པ་དང་མི་འབྲལ་བ་དམ་ཚིག་ཡིན། དེ་ནས་དགང་བླུགས་ལ་ཨ་མྲྀ་ཏས་ལས་ཆུ་འཐོར། སྭ་བྷཱ་ཝ༴ སྟོང་པའི་ངང་ལས༴ ཡོ་བྱད་དུ་གྱུར། མཆོད་པ་རྣམས་ལ་ལས་ཆུ་འཐོར་ཞིང་ཨ་མྲྀ་ཏས་བསང༌། རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་སོགས་ལས་བྱང་མཆོད་རླབས་ལྟར། ཨརྒྷཾ་སོགས་ལ་རང་རྒྱ་དང༌། ཤཔྡར་རོལ། ཨོཾ་ཨཱཿཧཱུཾ་མ་ཧཱ་སརྦ་པཉྩ་སོགས་སྨན་རཀ་གཏོར་གསུམ་སོ་སོའི་སྔགས་ལན་གསུམ་རེ་ [16b] བསྲེག་རྫས་རྣམས་ལ་ལས་ཆུ་འཐོར་ཞིང༌། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས། རྡོ་དྲིལ་དགང་བླུགས་བཅས་རྡོ་རྗེ་རྩེ་གཅིག་རྒྱས་རྫས་རྣམས་ལ་གཡས་བསྐོར་དུ་རེག་ཅིང༌། ཨོཾ་སྭཱ་ཧཱ་སོགས་སྔགས་རྣམས་ལན་གསུམ་རེ་བརྗོད། བགེགས་གཏོར་ལ་ལས་ཆུ་འཐོར་ཞིང༌། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས་བྱིན་རླབས་སྔགས་བསྔོས་ལན་གསུམ་མཐར། ཧཱུཾ༔ ང་ནི་དཔལ་ཆེན་སོགས་བཀའ་བསྒོ་སྤྱི་གདངས་བཞི་དྲིལ། སུམྦྷ་ནིར་རོལ་བཅས་བགེགས་གཏོར་དོར། གུ་གུལ་བསྲེག ཡུངས་ཐུན་འཐོར། ཧཱུཾ༔ བདག་ཉིད་དཔལ་ཆེན་སོགས་ཀྱིས་མཚམས་བཅད། ཨོཾ་ཛྭ་ལ་སོགས་རོལ་བཅས་ཟན་ཀོང་གི་མེ་སྦར། ཧཱུཾ་ཧཱུཾ་སོགས་རླུང་གཡབ་ཅིང་རོལ། ཧཱུཾ་ལན་བདུན་ལ་བླུགས་གཟར་གྱི་མར་ཁུས་མེ་གསོ། ཀུ་ཤར་ཆབ་བྲན་ཨ་མྲྀ་ཏས་བསང་ནས། ཀུ་ཤ་འདི་ནི་སོགས་ཡོ་སྤྱི་བཞི་དྲིལ། སྭཱ་ཧཱ་ཞེས་རོལ་འོག་ཀུ་ཤ་གཉིས་གཉིས་གཤིབ་པའི་རྩེ་མོ་སྒྲུབ་པ་པོ་རང་གི་གཡོན་ངོས་རྩེ་ཤར་དང་ལྷོ་ནུབ་བྱང་རྣམས་སུ་བསྟན་ཅིང་སྔོན་མའི་རྩེ་རྗེས་མའི་རྩ་བས་ནོན་པར་བྱས་ཏེ་གྲུ་བཞིར་བཀྲམ། དེའི་སྟེང་དུ་ཀུ་ཤ་རྒྱ་གྲམ་དུ་བྱས་པ་ [17a] རང་གི་མདུན་ཕྱོགས་རྩ་བ་ཤར་ངོས་སུ་རྩེ་ཕོག་པར་གཡོག །དེ་ནས་མེ་ཐབ་ལལ་ཆབ་བྲན་ཏེ། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས། དེའི་སྤྱི་བོར་ཨོཾ་སོགས་ལ་དུང་ཆོས་ནས་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱ། ས་མཱ་ཛཿར་བསྡུ་རྒྱ། ལག་གཡས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་གྱི་རྒྱ་དང་དྲིལ་བུ་བཏེགས་ལ། ཧཱུཾ༔ དད་པ་དང་ནི་སོགས་ཡོ་སྤྱི་མཐར་རོལ། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ལ་རོལ་བཅས་སློབ་དཔོན་གྱིས་ལས་བུམ་ཆུ་འཐོར། ཛཿཧཱུཾ་སོགས་ལ་རང་རྒྱ། ཧཱུཾཿ ཚངས་པ་འཇིག་རྟེན་སོགས་དང༌། ཧོཿ ལྷ་རྫས་བཟང་པོའི་སོགས་ཡོ་སྤྱི། ཨརྒྷཾ་སོགས་ལ་པད་སྐོར་༡སྔོན་འགྲོས་རང་རྒྱ། ཤཔྡར་རོལ། ཧཱུཾ༔ འཇིགས་བྱེད་མེ་ལྷའི་སོགས་རཱུ་པ་ཤཔྡར་དྲིལ་གསིལ། ནང་མཆོད་སྨན་རཀ་གཏོར་གསུམ་བཅས་ཕུལ་ནས། མེ་ལྷ་ཞལ་འཛུམ་པ་སོགས། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང༌། ཨོཾ་བི་མ་ལ་སོགས་གཡས་པའི་བླུགས་གཟར་བདུན་གྱིས་བཀང་སྟེ། གཡོན་པའི་དགང་གཟར་ཁ་སྦྱར་བ་ལག་གཡས་ཀྱིས་བཟུང་ནས་པུས་མོ་ལས་ཕྱིར་མི་ [17b] འདའ་བར་གཡས་སུ་བསྐོར་ཞིང་གཡོན་གྱིས་དྲིལ་བུ་གསིལ་བཞིན། ཨོཾ་ཨགྣ་ཡེ་དཱི་བྱ༴ བདག་ཅག་དཔོན་སློབ་སོགས་རོལ་བཅས་དེ་འདྲ་ལན་གསུམ་ཕུལ་ནས་གཟར་བུ་གཡས་དང་དགང་བླུགས་གཡོན་དུ་བཞག །ཡམ་ཤིང་བདུན་པོ་ཨོཾ་བྷོ་དྷི་བྲྀཀྵ་ལན་བདུན་མཐར་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟི་བརྗིད་སོགས་སྤེལ་ཚིག་རོལ་བཅས་ཀྱིས་ཕུལ། དེ་བཞིན་དུ་རྫས་སྔགས་གཞན་རྣམས་ཀྱང་ལན་བདུན་རེའི་མཐར་སྤེལ་ཚིག་རོལ་བཅས་འགྲེ། གཟི་བརྗིད་འབར་བ་སོགས་ཡོ་སྤྱི་ཕྱེད་ཕྱག །ཐལ་སྦྱར་བཅས། ན་མོ་རིག་པའི་སོགས། མཛད་དུ་གསོལ་ལ་སློབ་དཔོན་གྱིས་ཡུངས་ཀར་ཐབ་ཏུ་གཏོར། ཨོཾ་ཨཱཿཧཱུཾ་མཱུཾ་ཡེ་ཤེས་ཀྱི་མེ་ལྷ་སོགས་བརྗོད་ནས། ༼ཇ་བཞེས་པ་༽རྡོར་དྲིལ་བཟུང་བཞིན་པས་སོ། །དེ་རྗེས་བུད་ཤིང་ཁ་གསོས་ལ་ལས་ཆུ་བྲན་ཅིང༌། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ དམ་ཚིག་མེ་ལྷའི་སོགས་ཤར་འདོན་བཞི་དྲིལ། པྃ་པདྨ་མཎྜལ༔ ཧཱུཾ༔ ཆོས་དབྱིངས་བརྡལ་བ་སོགས་སྤྱན་འདྲེན་ཡོ་སྤྱི་བཞི་དྲིལ་མཐར་རོལ། འདི་སྐབས་ལས་རྡོར་གྱིས་ཞྭ་གྱོན་ཏེ་མནྜལ་གྱི་ཚོམ་བུ་གདན་དྲངས་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ [18a] ནས་སློབ་དཔོན་ལ་ཕུལ་བ་ཐབ་ཏུ་དོར་བ་དང༌། དབུ་མཛད་སོགས་ཀྱིས་གཙོ་འཁོར་སྔགས་རྣམས་དལ་འདོན་ལན་རེ་རེའི་མཐར། ཧཱུཾ། རང་བྱུང་ཕོ་བྲང་སོགས་ཤར་འདོན་བཞི་དྲིལ། བཀའ་སྡོད་མཐའི། བཛྲ་ས་མ་ཏི་ཧཱུཾ་བར་སོང་ནས་རོལ། ཧཱུཾ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་བཞུགས་གསོལ་ཡོ་སྤྱི་བཞི་དྲིལ། ཕྱག་འཚལ་དང༌། མཆོད་ཕྲེང་བསྡུས་པ་ཤཔྡར་ ཌཱ རོལ། སྨན་མཆོད་ནས་དངོས་གྲུབ་ལེན་པ་དོར། གཏོར་མཆོད་སྐབས་སྲེག་གཏོར་དགང་གཟར་གྱིས་ཐབ་ཏུ་འབུལ་ཞིང་སྨན་རཀ་སྦྲན་མཐར་རོལ། ཌཱ རཀྟའི་མཆོད་པ་ནས་སྦྱོར་སྒྲོལ་མཆོད་པའི་མཇུག་ཕཊ་ཕཊ་ཕཊ༔ བར། དཀྱིལ་འཁོར་གྱི་ལྷ་རྣམས་སོགས་འདོན་པ་སྤོ། གཙོ་སྔགས་ཀཱི་ལ་འབྲུ་བཅུ་བཞི་པ་ལན་བདུན་གྱིས་བཀང༌། བཞི་སྙིང་གཅིག་དྲིལ་ལན་གཅིག་མཐར། བདག་ཅག་སོགས་སྤེལ་ཚིག་བཅས་རོལ་ཞབས་དགང་བླུགས་ཁ་སྦྱར་ཏེ་གཡོན་བསྐོར་ལན་གསུམ་གྱིས་ཕུལ། སླར་དེ་འདྲ་ལན་གཉིས་བཅས་བྱོན་སྐྱེམས་ལན་གསུམ་ཕུལ་ནས། གཙོ་སྔགས་མཐར་ས་པ་རི་ཝཱ་ར་ཞེས་ལན་རེའི་མཐར། ཡམ་ཤིང་སོགས་སོ་སོ་ [18b] རྫས་སྔགས་བཅུ་རེ་ཕུལ་བའི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟི་བརྗིད་སོགས་སྤེལ་ཚིག་དང་རོལ་རེ་བཅས་རྫས་ཐམས་ཅད་བཅུ་ཚན་རེ་ཕུལ། ཡང་ཡམ་ཤིང་ནས་བཟུང་རྫས་རྣམས་འབུལ་ལུགས་སྔར་ལྟར་གྱིས་བཅུ་ཚན་གཉིས་པ་རྫོགས་རྗེས་ཇ་བཞེས། ཡང་ཡམ་ཤིང་ནས་བཟུང་རྫས་རྣམས་འབུལ་ཚུལ་གོང་ལྟར་གྱིས་བཅུ་ཚན་གསུམ་པ་རྫོགས་རྗེས་ཚོགས་ཕུད་ཀྱི་ཆ་ཤས་བླུགས་གཟར་དུ་ཐོགས་ལ། ཨོཾ་ཨཱཿཧཱུཾ༔ དཔེ་མེད་བསམ་བརྗོད་སོགས་ཀྱིས་ཕུལ་མཐར་རོལ། ཧཱུཾ༔ གྲུ་གསུམ་མཐིང་ནག་སོགས་བསྟོད་པ་ཤར་འདོན་བཞི་དྲིལ། ཐལ་སྦྱར་བཅས། ཧོཿ བཅོམ་ལྡན་འདས་སོགས་དང༌། ལྷ་རྣམས་ཀྱི་སོགས། སླར་ཡང་གོང་བཞིན་དཀྱིལ་འཁོར་གྱི་སོགས་བྱོན་སྐྱེམས་བདུན་ཚན་རེ་ལ་རོལ་མོ་སྤེལ་ཚིག་བཅས་ལན་གསུམ་གྱིས་གཤེགས་སྐྱེམས་གསུམ་འབུམ། ཨོཾ་བཛྲ་ཝ་སྟྲར་གོས་ཟུང་ཕུལ་ལ་རོལ། ཨོཾ་བཛྲ་ཏམྦུ་སོགས་ཀྱིས་སོ་རྩི་དགང་གཟར་གྱིས་ཕུལ་ཏེ་རོལ། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་རང་རྒྱ་སེ་གོལ་མཐར་རོལ། ཌཱ བསྟོད་པ་སྲིད་གསུམ་གདུག་པ་སོགས་ཤློ་ཀ་སྤྱི་གདངས་དྲིལ། [19a] མ་རྙེད་ཡོངས་སུ་སོགས་བཅས་སྦྲེལ་ཏེ་དྲིལ་གསིལ་གྱིས་ཡིག་བརྒྱ་ལན་གསུམ། དཀྱིལ་འཁོར་པའི་ལྷ་ཚོགས་སོགས་མཐར་རོལ་བཅས་ལས་རྡོར་གྱིས་ཚོམ་བུ་སྒྲུབ་དཀྱིལ་མདུན་བཀོད་པར་སླར་སྤྱན་དྲངས། ཚུར་འབྱོར་བསྟུན་གཞལ་ཡས་སོགས་བརྗོད། བླུགས་གཟར་གྱིས་མར་ཁུ་གཏིགས་ཤིང༌། བཛྲ་ས་མཱ་ཛཿལ་བསྡུ་རྒྱ། ཛཿ་ཧཱུཾ་སོགས་རང་རྒྱ། དམ་ཚིག་པ་སོགས་མེ་ལྷར་བྱོན་སྐྱེམས་བདུན་ཚན་གསུམ་སྔར་བཞིན་ཕུལ། རྫས་ལྷག་རྣམས་རྫས་སོ་སོའི་སྔགས་ལན་རེའི་མཐར་རོལ་རེ་བཅས་ཕུལ་ནས་རྫས་སྣོད་སྦུབས། གོས་ཟུང་དང་སོ་རྩིའང་སྔར་ལྟར་རོལ་རེ་བཅས་ཕུལ། ཨོཾ་བཛྲ་པུཥྤེ་སོགས་རོལ། ཧཱུཾ། ཕྲིན་ལས་སྒྲུབ་མཛད་སོགས་ཡོ་སྤྱི་ཕྱེད་ཕྱག ཨ་ཀཱ་རོ་ལ་རྡོར་ཐལ་ནས་མེ་གཏོར་དགང་གཟར་གྱིས་ཐབ་ཏུ་ཕུལ་ལ། མཆོད་སྦྱིན་གཏོར་མར་དྲིལ་བརྡུང་མཐར་རོལ། མ་རྙེད་ཡོངས་སུ་འཁྱོགས་འབེབས་དྲིལ་གསིལ། བདག་གི་དོན་དང་སོགས་འཁྱོགས་བཅས་བཏབ། ཨགྣ་ཡེ་ཙྪར་སེ་གོལ། སློབ་དཔོན་གྱིས་ལས་སོ་སོའི་ཕུར་བུ་འདྲིལ་ཞིང་བྲོ་བརྡུང་རང་རྟ། རྒྱུན་ཁྱེར་ལྟར་དགེ་བ་འདི་ཡིས་ [19b] སོགས་སྨོན་ལམ་ལྷུག་འདོན། ཞྭ་བཅས་བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་སོགས་ཡོ་སྤྱི་དྲིལ་བཅས་མཐར་རོལ། ཌཱ དེ་ལྟར་འགྲུབ་པའང་སོགས་ཀྱིས་སྦྱིན་སྲེག་གྲོལ། ། ༈ །༼བར་ཆ་༽རྗེས་མ་ལ། སྐོང་གསོ་དང༌། ཚོགས་བྱིན་རླབས་ནས་དཀྱུས་བཞིན་ལས་དྲག་བརྡུང་བཅས་ཞལ་བསྟབ་མཇུག་དགྲ་བགེགས་དཔུང་འཇོམས་ཀྱིས་ཉུ་ལེའི་ཤོག་ལིང་མེ་ཧོམ་དུ་བསྲེག །གསོལ་ཚོགས་འབུལ། ཇ༽ ལྷག་ཆོག་བཏང་ལ་སྔར་བཙོན་བཟུང་བྱས་པའི་ལྷག་གཏོར་དང་བཅས་ཕྱི་རོལ་དུ་གཏོང༌། བསྐུལ་དང་ཆད་མདོ་བསྒྲག་ལ་ཆོས་སྐྱོང་སྒྲུབ་གཏོར་རྣམས་ཕྱིར་འབུལ། སྔར་གྱི་ཐུན་གཏོར་ལ་དམིགས་བྱ་དགུག་བསྟིམ་བདུད་རྩིར་སྦར་ཏེ་བསྔོ་བ་རྣམས་སྨད་ལས་སྐབས་བཞིན་བྱས་ལ་ལས་བྱང་བཞིན་ཟོར་དུ་བསྐུལ་ནས་དགྲ་ཕྱོགས་སུ་འཕང༌། བརྟན་མ་བསྐྱང་ཞིང་གཏོར་གཞོང་འོག་གོང་གི་སྲེག་ཐལ་མནན་ལ་བྲོ་བརྡུང༌། ཇ་ཆ༽ བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་སོགས། ཚེ་ཛཔྲ་བརྒྱ་རྩ་ཙམ་བཟླས་མཐར་སློབ་དཔོན་ལ་མདའ་དར་འབུལ་ཞིང༌། ཧཱུཾ༔ དབུས་ནས་རང་བྱུང་སོགས། ཚེ་འགུགས་སྤྱི་གདངས་བཞི་དྲིལ། ཧཱུཾ༔ སྲིད་པའི་ཕུར་བུ་བདག་གིས་ [20a] སོགས་མཐར་རོལ་རིང་བར། ཚེ་འབྲང༌། ཚེ་རིལ་ཆང༌། མདའ་དར་བཅས་ཀྱི་དབང་བླང་ཞིང་བསྐུར། བྷྲཱུྃ༔ ཚེ་ཡི་དངོས་གྲུབ་སོགས་ཁྲུས་གདངས་མཐར་བར་ཆ་རྗེས་མ་གྲོལ། ༼དགོང་ཚོགས་ལ། ༽ གཏང་རག་གི་མཆོད་བསྟོད་དང༌། བཟོད་གསོལ་མཐར། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས། བཛྲ་མུཿ་ཞེས་སེ་གོལ་གྱི་སྒྲས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་གོ་བགོ་བའི་བར་སོང་ནས་གཙོ་སྔགས་བསྐུལ་ཏེ་གྲྭ་མང་གིས་བཟླ། ཇ་ཆ༽ སློབ་དཔོན་གཙོས་གདོང་གྲལ་གཉིས་ཞྭ་ཆོས་ལྷམ་བཅས་སིལ་༢རྔ་དུང་༢རྣམས་ཐོགས་ཏེ་ཕྱི་རོལ་དུ་ཐོ་འགྲོལ་དུ་ཕེབས་པར། མཆོད་བཤམ་ཆོ་གའི་ཆིངས་སྔར་དང་འདྲ་བ་ལས། གཏོར་སྔགས་༣མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་དང༌། སྐུ་གཟུགས་ལ་བརྟན་བཞུགས་བྱ། སྒོ་བྱང་གཉིས་ཀྱང་དཀྱུས་བཞིན་ལས་བསྟོད་མཇུག་རང་སྔགས་རེ་མཐར་ཏིཥྛ་བཛྲས་མེ་ཏོག་འཐོར་ལ་སྐུ་གཟུགས་ཀྱི་བྱང་བུ་རྣམས་བསྡུ། ནང་དུ་ཞུགས་ནས་གྲལ་ཆེན་གཉིས་པོ་རང་གྲལ་དུ་ [20b] བཞུགས་ཤིང་སློབ་དཔོན་དཀྱིལ་འཁོར་མདུན་དུ་ཕེབས་པ་དང་བཟླས་པ་བཞག །ཧཱུཾ་མཛད་དམ་སྐམ་པའི་རྒྱས། ཨོཾ་སུམྦྷ་ནི་སོགས་ཀྱིས་སྲུང་ཕུར་རྣམས་དང་པོ་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་བ། ཨོཾ་རུ་རུ་སོགས་ཀྱིས་རྩེ་འོ་མས་བཀྲུ་ཞིང་ཁུང་བུར་ཡང་འཐོར། ཕུར་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དྲིལ་བུ་གསིལ་ཞིང༌། ཨོཾ་ཨ་ཀཱ་རོ་སོགས་འཇམ་རོལ་དང་བཅས་ཕྱག་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་ནས་གཙོ་བོའི་གནས་ཀྱི་བར་བསྡུས་ཏེ་ལྷ་མཚན་ཅུང་ཟད་སྤྱི་བོར་བཀོད། ལས་རྡོར་སོགས་ཀྱིས་རྗེས་མི་མངོན་པར་འཕྱག་ལ་རྡུལ་ཚོན་བུམ་པ་སྟེགས་བུའི་དབུས་སུ་མཉྫིར་བཀོད་དེ་མཐར་སྒོར་མཆོད་ཀྱིས་བསྐོར། སློབ་དཔོན་སྟན་ལ་བཞུགས་པ་དང་རོལ་མོ་དབྱེ། མཆོད་གཡོག་སོགས་ཀྱིས་མར་མེ་བཀྲམ་ཞིང་སྦར། རྒྱལ་ཚབ་པ་བཞེངས་ཏེ་ཆོས་གོས་ཟླུམ་ཁྱེར་གྱིས་གཞུང་གྲལ་གཡས་ཀྱི་མཇུག་ལྟ་བུ་ནས་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུཾ། དུར་ཁྲོད་གསང་བ་སོགས་དབྱངས་དང་བཅས་འདུས་འཚོགས་ནས་རྗེས་ཟློས་མཛད་ཅིང་ཚིག་རྗེས་མ་ལན་གསུམ་མཐར་རྒྱལ་ཚབ་རང་གྲལ་དུ་བཞུགས། ཧོཿ [21a] དགོངས་སུ་གསོལ་ལོ་སོགས་གཞུང་གི་སྨོན་ལམ་བྱ། ལས་རྡོར་གྱིས་འབྲུ་འགྱེད་ཅིང་ཀུན་གྱིས་ཞྭ་དང་རྡོ་དྲིལ་བཅས་པས། ཡེ་དྷརྨ་སྔོན་དུ་འགྲོ་བས་ཕུན་སུམ་ཚོགས་པས་སྣ་དྲངས། ཇ་ཆ༽ བཀྲ་ཤིས་གང་ཞིག་སོགས་ཤིས་བརྗོད་རྒྱས་པར་སྤེལ་ཞིང་བཀྲ་ཤིས་འཁྱིལ་བའི་རོལ་མོ་གཡས་གཡོན་ཀུན་ནས་མཛད། དེ་རྗེས་སྲོད་ཐུན་དང་བརྟན་བཞུགས་སོགས་ཀྱིས་ཚོགས་གྲོལ། ། ༈ །ནངས་པར་རྒྱལ་ཚབ་ལས་ཚན་རྣམས་དང་གསེར་སྦྲེངས་རྒྱ་གླིང་གིས་སྣ་དྲངས་པའི་རོལ་མོར་བཅས་རྡུལ་ཚོན་ཆུ་བོར་གཤེགས་པའི་ཆོ་ག་མཛད། བུམ་པ་ཆུས་བཀང་བར་འབྲས་བུ་ཅན་གྱི་ཤིང་གི་ཡལ་གས་ཁ་རྒྱན་བཙུགས་ཏེ་སྒྲུབ་ཁང་དུ་ལྡོག་ལ་སྤྱན་མའི་སྔགས་བཟླ་བཞིན་ལས་རྡོར་གྱིས་བུམ་ཆུ་ཕྱོགས་ཀུན་ཏུ་འཐོར། ཞྭ་བཞེས་ཏེ་རྟེན་སྙིང་སྔོན་འགྲོས་ཕུན་སུམ་ཚོགས་པའི་བཀྲ་ཤིས་རྒྱས་པ་འཁྱིལ་རོལ་བཅས་ཀྱིས་མཐའ་བརྒྱན་པར་བྱའོ། ། ༈ དེ་རྣམས་ནི་སྒྲུབ་ཆེན་རྐྱང་པའི་ལག་ལེན་གྱི་ལས་ཐོ་ཙམ་སྟེ། ཡང་སྐབས་འགའ་ཞིག་གི་ཚེ་བདུད་རྩི་སྨན་སྒྲུབ་དང་འབྲེལ་བ་ཡིན་ན་སྒོས་ཆོས་མི་འདྲ་བའི་ཁྱད་པར་ལ། སྦྱོར་བ་རིན་པོ་ཆེའི་གཞོང་པ་འབྲས་ [21b] བུས་བཀང་བར་དབུས་སུ་ཐོད་པ་དཔྲལ་བ་མདུན་བསྟན་དང་ཕྱོགས་བཞིའི་དཔྲལ་བ་ནང་བསྟན་དུ་ལྔ་ཚོམས་སུ་བཀོད་པར་ཤ་ལྔ་བདུད་རྩི་ལྔ་དང་ཁྲོལ་བུའི་སྨན་རྣམས་གཞུང་གསལ་ལྟར་བཞག་ལ་དར་ཕྱོགས་མདོག་གིས་བཀབ། ཤར་ལྷོ་ནས་རིམ་བཞིན་འོ་མ། རིན་ཆེན་ཕྱེ་མ། ཆང་། ཆུ་རྣམས་དང་། ཐོད་པ་དབུས་མའི་ཁར་ཕབ་རྒྱུན་རྣམས་ལེགས་པར་བཏུལ་ནས་ཆང་དང་སྦྱར་བ་གསེར་སོགས་རིན་པོ་ཆེའི་སྣོད་བཟང་པོར་བཞག་ལ་དར་གྱིས་བཀབ། སྨན་ཕྱེ་མང་བ་རས་སྒྱེ་སོགས་སུ་བླུགས་ནས་དར་གྱིས་དགབ་པ་སོགས་སྤྱན་རྒྱུན་ལྟར་བྱ། ཉིན་གཉིས་པའི་བདག་བསྐྱེད་གྲུབ་པ་དང་སྦྱོང་ཆས་བཤམ་ལ། ལས་རྡོར་གྱིས་གཏོར་མ་པད་སྦུག་གསུམ་པོ་གཡས་སུ་བསྐོར་ཞིང༌། སརྦ་བི་གྷྣཱཾ་སོགས་གསུམ། ཏིང་ལོ་ཆང་བུ་གསུམ་གཡོན་དུ་བསྐོར་ཞིང༌། སུམ་བྷ་ནི་སོགས་གསུམ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་སོགས་བདེན་སྟོབས་སྤྱི་ལྟར་ལས། དེང་འདིར་བདུད་རྩི་སྨན་གྱི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སོགས་བདེན་སྟོབས་རོལ་རྐ་བཅས་ལན་གསུམ་གྱི་སྔ་ [22a] མ་གཉིས་ལ་གཏོར་མ་རིམ་བཞིན་སྤག །རྗེས་མར་ཕྱི་རོལ་དུ་དོར། གུལ་ཡུངས་སྲེག་འཐོར་བྱ། ལས་རྡོར་གཟན་ཁྱེར་སྟེང་སྟེགས་ཁེབས་འགོད། ཁྲུས་བུམ་དང་མེ་ལོང་འཛིན་པས། ཇི་ལྟར་བལྟམས་པ༴ འདི་ནི་ཕ་རོལ་ཕྱིན་དྲུག༴ འདི་ནི་ཁྲུས་མཆོག༴ སརྦ་ཏ་ཐཱ་སོགས་རེ་རེ་བཞིན་རོལ་ཕྱེད་དྲིལ་གསིལ། དེ་དག་སྐུ་སོགས་ལ་ས་བོན་བཀོད་དེ་འཕྱི་ཚུལ། དེ་ནས་ཕུར་བུ་རྣམས་ལ་བྱུག་བདུག་བྲབ་གསུམ་སོགས་བྱིན་བརླབ་མཐར་སྒྲུབ་རྫས་རྣམས་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་བའི་སྐབས་ཡུམ་ནས་སྨན་གྱི་བཅས་ཐོགས། ལྷ་ཕུར་རྣམས་བཀོད་ཟིན་པ་དང༌། ཧཱུཾ༔ དུར་ཁྲོད་གསང་བ་སོགས་ཡོ་སྤྱི་མཐར་རོལ་བཅས་བར་ལྡིང་དབུས་སུ་ཁྲོལ་བུའི་དཀྱིལ་འཁོར་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་གཤེར་བས་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་དུ་འགོད། གཟུངས་ཐག་དྲང་ཞིང་དམུ་ཐག་སྟེང་གི་ཚངས་པའི་ཕོ་བྲང་དང་སྦྲེལ། མཐར་སྒོར་མཆོད་ཀྱིས་བསྐོར། དེ་ནས་སྒྲོམ་ཁྲིའི་རིམ་པ་དང་པོར་བུམ་པ་སོགས་སྒྲུབ་རྫས་གཞན་རྣམས་འགོད་པ་ནས་བརྩམས་ཉིན་གཉིས་པའི་བྱ་བ་རྣམས་སྒྲུབ་གཞུང་ལྟར་བྱ། དངོས་ [22b] གཞི་རྩ་བའི་སྒྲུབ་ཆེན་ཞག་བདུན་ནམ་གསུམ་གྱིས་མཐའ་བརྟེན་པ་གྲུབ་ནས། ཁྲོལ་སྒྲུབ་ཉིན་དང་པོའི་སྔ་ཐུན་གྱི་བཟླས་པ་སྟོང་ཚིག་བཅས་གྲུབ་པ་ན། ཨོཾ་མ་ཧཱ་ཤུ་ནྱ་ཏ༴ སྟོང་པའི་ངང་ལས་སོགས་ཡོ་སྤྱི་བཞི་དྲིལ། རྡོར་གསོར་གྱིས། ཧཱུཾ། བདེ་གཤེགས་རྣམས་ནི་སོགས་མཐར་རོལ། བཞུགས་གསོལ་ནས་མཆོད་པའི་ཤཔྡར་རོལ། ཌཱ དྲིལ་སྟབས་སྔོན་འགྲོས་བསྟོད། སློབ་དཔོན་གྱིས་མདའ་དར་སྣ་ལྔ་དང༌། ལས་རྡོར་གྱིས་གཡབ་དར་སྤོས་དཀར་འཐུལ་ཞིང༌། ཧཱུཾ༔ ཚངས་དང་དྲང་སྲོང་སོགས་མཐར་རོལ། གོང་གི་སྤྱན་འདྲེན་དང་འདི་གཉིས་ལྷ་དབང་རྟ་དང་སྤྱི་གདངས་རེས་མོས། སྔོན་བྱོན༴ བདུད་རྩི་འཐོར་ཞིང༌། ཧཱུཾ༔ ར་ས་ཡ་ནའི་སོགས་ཚེ་འགུགས་རྟ། མཐར་དགྱེས་བཞིན་དུ་བཞུགས་པར་གྱུར། གཟུངས་ཐག་ཕུལ་ལ། རང་གི་ཐུགས་ནས་སོགས་དང༌། སླར་ཡང་ཡབ་ཡུམ་སོགས་ལྷུག་འདོན་གྱིས་བཟླས་པ་སྔ་མ་བརྒྱ་རྩ་དང༌། ཕྱི་མ་སྟོང་ཚང་བས་བཟླས་པ་སྔགས་རྒྱུན་པར་གཏད་རྗེས་སྟོང་ཚིག་དང༌། མདུན་བསྐྱེད་བདེ་ཆེན་སོགས་ལྷུག་འདོན་གྱིས་བསྡུ། ཀུན་ཐུབ་དོར་བའི་ཉུ་ལེ་བསྐྲད་པ་དང༌། ལས་བྱང་གི་བྱིན་འབེབས་ [23a] རྣམས་དྲིལ་ཆོག་མཐར་སྨན་ཛཔྲ་དང༌། ༼རཌདཅར༽ དགེ་བ་འདི་ཡིས་སོགས་སྨོན་ལམ་བཅས་ཀྱིས་གྲོལ། ཕྱི་ཐུན་དང་མཚན་ཐུན་གཉིས་བཅས་དེས་འགྲེ་བ་ལས་དགོང་ཐུན་མཇུག་ཚོགས་དང་གཏོར་བསྔོས་ཉུལ་བསྐྲད་བྱིན་འབེབས་སོགས་རྒྱས་པར་བྱ། དེ་ལྟར་ཁྲོལ་སྒྲུབ་ཉིན་གསུམ་མཛད་པར་ཉིན་ཐ་མའི་འོད་ཞུའི་རྗེས་ཆང་འོ་མ་རིན་ཆེན་ཆུ་རྣམས་ཀྱི་སྔགས་སོ་སོར་བརྒྱ་རེ་ཙམ་བཟླ། འདི་ཉིན་ཚོགས་བསྒྲལ་སྐབས་སྲོག་ཆགས་ཟན་སྤར་རྣམས་ལ་འགུགས་བསྒྲལ་ལྷན་དུ་གནང་ནས་ཆུར་སྦྱང༌། ཐོར་ཐུན་ལ་དཔོན་སློབ་བསྡེབས་ཚོགས་ཀྱིས་ལས་གཞུང་བསྲང་མཐར་ཐུན་པ་རྣམས་དང་བཞུ་བཏུལ་ལྷན་ཅིག་ཏུ་བྱས་རྗེས་སྨན་གྱིས་སྔགས་རྒྱུན་གྲོལ་ལ་རྩ་ཛཔྲ་ཀཱི་ལི་བཟླར་གཞུག །ཁྲོལ་བུའི་མཇུག་དོན་རང་བྱུང་གདོད་ནས་སོགས་ལས་བྱང་གི་སྨན་མཆོད་རྒྱས་པ་ལས་བླ་མ་རིག་འཛིན་མི་དགོས། དྲིལ་སྟབས་སྔོན་འགྲོས། ཨེ་མ་ཧོ་གདོད་ནས་སོགས་སྤྱི་གདངས་བཞི་དྲིལ་མཐར་བྱིངས་ནས་ཞབས་བརྟན་སོགས་གསུངས། སློབ་དཔོན་མདུན་དུ་སྟེགས་ཁེབས་ཁར་སྨན་དཀྱིལ་དགྲམ། ལས་རྡོར་ནས་སྟེགས་ཁེབས་ཕྲག་པར་ [23b] གཟར་བས་སྨན་གཞོང་བཏེགས་ཏེ་སློབ་དཔོན་ལ་འབུལ་ཚིག །ཨེ་མ་ཧོཿ ངོ་མཚར་སོགས་ཀྱིས་འབུལ། དེས་ཀྱང་ཨ་ཧོ་སུ་ཁ་སོགས་ཀྱིས་བླང་ནས་སྨན་དཀྱིལ་སྟེང་དུ་བཞག་ལ་ཚོགས་གྲོལ། སྒྲོམ་ཁྲིའི་མཎྜལ་གྱི་ཚོམ་བུ་བསྡུ། འདིར་སྨན་སྦོལ་བའི་ཡོ་བྱད་སྣོད་དང༌། འཕྱར་གདན། སྨན་ཕྱེ་རྣམས་ཚོགས་གཞོང་ཆེ་བར་སྤུངས་ལ་ཁེབས་སྒྲོན། ཟངས་ཆེན་ལ་ཡོལ་བ་སོགས་ཀྱིས་དཀྲི། ཆང་སྣ་བཞིའི་ཉིང་ཁུ། མདོག་འདོན་རྫས་སོགས་ཉེར་མཁོའི་རིགས་ཐམས་ཅད་འདུ་བྱས་པས་སྨན་ཁྲོལ་བུའི་བྱ་བ་རྫོགས། ། ༈ ཕྱེ་སྒྲུབ་ཀྱི་སྔོན་འགྲོ་ལ། སྔར་བཞིན་གཏོང་ཐུན་བཅས་རྟགས་གདབ། སློབ་དཔོན་དཀྱིལ་འཁོར་གྱི་གཡས་ངོས་སུ་ཧསྟི་དང་དྲིལ་བུ། གཟུངས་མ་གཡོན་ངོས་སུ་གཡབ་དྲིལ་ཐོགས་ཤིང་ཐམས་ཅད་ཞྭ་བཅས་བཞེངས། གུ་གུལ་ལྡེམ་སྤོས་སུ་བསྲེག་ནས་བཞག ཀཱི་ལིའི་དབྱངས་གསུམ་འཐེན་རིང་བཤུགས་པ་ལྔ་འབུད་དང་མཆོད་སིལ་རིང་བར་སློབ་དཔོན་གཡས་དང་གཟུངས་མ་གཡོན་ནས་དཀྱིལ་འཁོར་ལ་བསྐོར་བ་གསུམ་མཛད་མཐར་སྔར་བཞིན་བཞུགས་པ། ༼ རྐཤདརྒྱ༽ རོལ་ཆེན་གྱིས། ༼རྐརྒྱ༽ ཧཱུཾ༔ བཞེངས་ཤིག་བཞེངས་ [24a] ཤིག་སོགས་ལས་བྱང་གི་ཐུགས་དམ་བསྐུལ་བའི་མཐར་ཟིལ་འབེབས་༼རྐདརྒྱ༽ ལ་སྔར་བཞིན་བསྐོར་བ་གཅིག་དང་མདུན་ནས་གཡབ་མོ་གསུམ་གྱིས་རོལ་བཞག །བྱིངས་རང་གྲལ་དུ་བཞུགས། དཀྱིལ་འཁོར་གྱི་ཤར་དུ་ཞིང་ཆུང་སྟག་ལྤགས་དང་ཞིང་ཆེན་མི་ལྤགས་ལ་གུ་གུལ་གྱིས་བྱུགས་ཤིང་རཀྟའི་ཐིག་ལེ་ཧཱུཾ་གིས་མཚན་པའི་ཁར་ལྕགས་ཀྱི་གཏན་གཏུན་བཞག །སློབ་དཔོན་ཞལ་དཀྱིལ་འཁོར་དང་གཟུངས་མ་སློབ་དཔོན་ལ་ཞལ་གཏད་དེ་བཞུགས་སྟངས་བཅས་བཞུགས། སྨན་གཞོང་སྟེགས་བཅས་གཡས་སུ་བཀོད་ནས་དེའི་སྨན་རྣམས་གཏུན་ཁུང་དུ་བླུགས་པ་ཡུམ་གྱི་མཁའ་དབྱིངས་རྒྱས་བཟུང༌། ཡབ་ཀྱིས་བྱིན་འབེབས་པའི་རྒྱས་ཐོ་བས་བརྡུང༌། ཧ་ནའི་དབྱངས་གསུམ་དང་བཟླས་པ་བྱ་བ་མ་ཟིན་བར་དུ་བཟླ་ཚུལ་འོག་མ་རྣམས་ལའང་འགྲེ། ཡབ་ཡུམ་ལྷོར་བཞེངས་པའི་བར་དུ་དར་གྱི་དོ་ལི་བཟུང་བར་ཧོ་ས་ཡས་འཚག །ནུབ་ཏུ་ཆང་འོ་མ་རིན་ཆེན་ཆུ་རྣམས་སོ་སོའི་སྔགས་བཅུ་རེ་དང་བསྟུན་ནས་འདེབས་ཤིང༌། མུ་ས་ལིས་མདངས་འགྱུར་དམ་རྩི་བཅས་འདྲེས་པར་བསྲེ། བྱང་དུ་པྲ་བརྡྷ་ཡས་སྦོལ་ཞིང་ཕབ་བཏབ་ལ་དྲིལ་བུས་གཞལ་ཏེ་ཁུག་མར་ [24b] བླུག །ཟངས་ཆུང་དུ་ཆང་ངམ་ཆུ་ཅུང་ཟད་བླུགས་ཏེ་ཚོན་སྐུད་སྣ་ལྔ་རྒྱ་གྲམ་དུ་བཞག །དེ་སྟེང་ཆན་དང་མོ་ཐོད་འཁོར་ལོ་ཅན་ནང་སྨན་ཁུག་བཞག་ལ་ཕོ་ཐོད་འཁོར་ལོ་ཅན་གྱིས་སྟེང་ནས་བཀབ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་ལ། སློབ་དཔོན་བཞེངས་ནས་རྡོ་དྲིལ་བཟུང་ཞིང་རྡོ་རྗེའི་རྒྱ་མཛད་པར། ཧཱུཾ༔ བདུད་རྩི་གསང་བའི་སོགས་ཚེ་འགུགས་རྟ། དེ་སྟེང་ཁེབས་ཀྱི་གཡོག་ནས་སྟེགས་ཁེབས་དབུ་རྒྱན་དར་དཔྱངས་སྐྲ་ཅོག་རྡོ་དྲིལ་གཟུངས་ཐག་བཅས་བཏགས་པ་དཀྱིལ་འཁོར་ཤར་དུ་རྐང་གསུམ་ཁར་བཀོད། དེར་དྲིའི་རྒྱལ་པོ་ལྔ་དང་གུ་གུལ་ཚིལ་ཆེན་གྱིས་བདུག་ཅིང༌། ཡུངས་ཐུན་བཅས་སུམྦྷ་ནིར་རོལ། དེ་ནས་ཐམས་ཅད་བཞེངས། སློབ་དཔོན་གྱིས་རྡོ་དྲིལ་སྤོས། རྒྱལ་ཚབ་པས་སྨན་གྱི་ཕོ་བྲང༌། ཡུམ་གྱིས་མར་མེ་ཐོགས་ཏེ་ཀཱི་ལའི་སྔགས་དབྱངས་གསུམ་རྗེས། རྒྱ་གླིང་གིས་སྣ་དྲངས་པའི་རོལ་འོག་བསྐོར་བ་གསུམ་ནས་མདུན་དུ་འཁོད་ལ། ཧཱུཾ༔ དུར་ཁྲོད་གསང་བ་སོགས་འཕགས་མཆོག་ཐུགས་རྗེའི་གདངས་ཆེ་ཆུང་རྗེས་རོལ་བཅས་དཀྱིལ་འཁོར་དབུས་སུ་བཀོད་མཐར་དཀྱིལ་འཁོར་ལ་བསྐོར་བ་གཅིག་བཅས་རང་གྲལ་དུ་ [25a] ཐམས་ཅད་བཞུགས། དགུ་པའི་ཛཔྲ་བརྒྱ་རྩ་བརྗོད་ལ་ཚོགས་གྲོལ། བར་འདིར་ཟངས་ཆེན་གྱི་སྨན་བསྙལ་ལུགས་གོང་བཞིན་ལས། ཟངས་ཆེ་ཆུང་གཉིས་ཀར་ཕོ་མོའི་ཐོད་པ་འཁོར་ལོ་ཅན་དང་རུས་སྦལ་ཁོག་པར་ཧྲཱིཿཡིག་བྲིས་པ་རྣམས་ངེས་པར་དགོས་ཤིང༌། དྲོད་འབེབས་མར་མེ་གདུང་རས་དང་ཚིལ་ཆེན་སྦྱར། རྒྱལ་ཚབ་གཙོས་གྲྭ་གྲངས་ཀྱིས་ཞི་སྦྱིན་མཛད་པར་ཚོམ་བུ་སླར་གཤེགས་སྐབས་སྦྱིན་སྲེག་མེར་དཔལ་འབར་སྦར་བས་དྲོད་འབེབས་སྒྲོན། དེ་རྗེས་ཚོགས་ཐེང་ལ་ཚོགས་མཆོད་མན་ཆད་མཐར་དབྱུང་བ་སྔར་བཞིན་ནོ། ། ༈ །དེ་ནས་དངོས་གཞི་ཕྱེ་སྒྲུབ་ཀྱི་ལས་རིམ་ལ། ཉིན་དང་པོར་ལས་གཞུང་སྔར་བཞིན་བསྲང་སྟེ། བཟླས་པ་སྟོང་ཚིག་བཅས་གྲུབ་པ་ན། བྷྲཱུཾ་བི་ཤྭ་བི་ཤུདྡྷེས་མདུན་དཀྱིལ་ཕྱེས་ལ། ཧཱུཾ༔ སྙིང་པོ་རང་བྱུང་སོགས་ཡོ་སྤྱི་བཞི་དྲིལ། འབར་བར་གྱུར། སྨན་སྲུང་སྤྱན་འདྲེན་ལ་སློབ་དཔོན་ནས་མཆོག་ལག་གཡབ། རྟོག་བསལ་སྔར་ལྟར་བྱས་ལ། ཤེས་རབ་སྒྲོག་གིས་སོགས་རང་གདངས། བདག་སྲོག་རྡོ་རྗེའི་སོགས་ཛཔྲ་བསྐུལ་རྟས་ [25b] བཟླས་པ་ལ་ཆིག་དྲིལ་བྱ། ཐུན་མཐར་སྔགས་རྒྱུན་པར་ཛཔྲ་གཏད་ནས་སྟོང་ཚིག་དང༌། ལྷ་ཚོགས་དགྱེས་པས་སོགས་ཀྱིས་བསྡུས་ལ་ཉུལ་བསྐྲད་བྱིན་འབེབས་སོགས་སྔར་བཞིན་གནང༌། དེ་ནས་ཕྱི་ཐུན་དང་མཚན་ཐུན་གཉིས་བཅས་ཀྱི་སྒོས་ཆོས་སོགས་དེས་འགྲེ། ཉིན་གཉིས་པར་གོང་གི་སྨན་ཛཔྲ་སུམ་བརྒྱ་ཙམ་ནས་སྟོང་ཚིག་རྗེས་འོད་ཞུ་མི་མཛད་པར་ལྷ་གནད་ལ་དབབ་པ། ཧཱུཾ༔ ང་ནི་ཁྱབ་བདག་སོགས་ཡོ་སྤྱི་བཞི་དྲིལ། དངོས་གྲུབ་དེང་འདིར་སྩོལ་ཅེས་རོལ། མ་ཧཱ་སུ་ཁའི་བཟླས་པ་སྟོང་མཐར། སྦྱར་སྤོས་བསྲེག་ལ། ཧཱུཾ༔ བདག་ཅག་སྐལ་ལྡན་སོགས་ཡོ་སྤྱི་བཞི་དྲིལ་རོལ་རྐ་བཅས་མཐར། ལྷ་ཚོགས་དགྱེས་པས་སོགས་ཀྱིས་བསྡུ་བ་རྣམས་ཐུན་རྗེས་མ་རྣམས་ལའང་འགྲེ། ཉིན་གསུམ་པར་གོང་བཞིན་གནད་དབབ་ཡན་གྲུབ་པ་དང་བསྐྱིལ་ཞིང་དབབ་པའི་དགོངས་པ། བྷཉྫ་གཞལ་ཡས་ཁང་སོགས་ཛཔྲ་བསྐུལ་རྟ་དང་སྔགས་དབྱངས་བཅས་ཛཔྲ་སྟོང་ཚང་བར་བཟླས་མཐར་ཚིལ་ཆེན་སོགས་སྦྱར་སྤོས་བཏུལ་ལ། ཧཱུཾ༔ སྔོན་ཚེ་དཔལ་ཆེན་སོགས་ཡོ་སྤྱི་བཞི་དྲིལ། འདིའི་ཚིག་རྐང་བཅུ་གཅིག་ལ་ཁྱབ་པའི་བཤུགས་གླུ་དང་རྐང་གླིང་ལྔ་འབུད། [26a] ཧསྟིའི་གཡབ་བཅས་མཐར་རོལ། གནས་ཀྱི་མ་ཚོགས་སོགས་ཛཔྲ་བསྐུལ་རྟའམ་ལྷུག་ནས་བཟླས་པ་སྟོང་མཐར་སློབ་དཔོན་གྱིས་འབེབས་རྒྱ་མཛད། མཐར་སྟོང་ཚིག་དང་འོད་ཞུ་སོགས་འགྲེ། ཉིན་བཞི་པར་སྔ་ཚོགས་ཀྱིས་ལས་གཞུང་བསྲང་བ་དབབ་པའི་དགོངས་པ་ཡན་སྔར་བཞིན་མཐར་དབང་དུ་བྱ་བའི་དགོངས་པ། ཧཱུཾ༔ ང་ནི་དཔལ་ཆེན་སོགས་ཡོ་སྤྱི་བཞི་དྲིལ་མཐར་རོལ། ཁྲག་འཐུང་རིགས་ལྔའི་སོགས་ལྷུག་ནས་བཟླས་པ་སྟོང་ངམ་ལྔ་བརྒྱ་ཙམ་མཐར་བསྡུས་ལ་ཚོགས་གྲོལ། བར་དེར་གཟུངས་ཐག་བསྡུས་ལ་སྒྲུབ་ཆེན་དངོས་གྲུབ་ལེན་པའི་ཡོ་བྱད་ནང་སྨན་གྱི་ཟངས་ཆུང་ཡང་བསྒྲིགས། ཚོགས་ཚུགས་བསྟུན་རྒྱལ་ཚབ་པས་དཔལ་ཆས་ཙཀླི་བཞེས་ནས་རྟགས་གདབ་བརྒྱན་ཚུལ་མཛད་རྗེས་རོལ། དེ་ནས་དངོས་གྲུབ་ལ་ལྟ་ཉན་གྱི་བགེགས་བསྐྲད་པ་ནས་རྩ་བའི་དངོས་གྲུབ་ལེན་པ་སྒྲུབ་ཁོག་བཞིན་རྒྱས་པར་གྲུབ་པ་ན། དཀྱིལ་འཁོར་ལྷ་ཚོགས་སོགས་ཀྱིས་བཟླས་པ་སུམ་བརྒྱ་ཙམ་མཐར། ཧཱུཾ༔ ཆོས་སྐུ་སྤྲོས་བྲལ་སོགས་ཡོ་སྤྱི་བཞི་དྲིལ་རྗེས་རོལ་སྐབས་རྒྱལ་ཚབ་པ་བཞེངས་ཏེ་དཀྱིལ་འཁོར་ལ་བསྐོར་བ་གཅིག་མཛད། ཤྲཱི་ཧེ་རུ་ཀ་ཨ་ཧོ་སོགས་བརྒྱ་རྩ་བཟླ་ [26b] རིང་ལག་གཡོན་པའི་མཐེབ་སྲིན་སྦྱར། གཞན་གསུམ་བརྐྱང་པ་སྨན་གྱི་ཕོ་བྲང་ཟངས་ཆུང་ལ་གཏད་རྗེས། རྒྱལ་ཚབ་པས་སྟེགས་ཁེབས་བཀལ་ལ་ཞྭ་བཞེས། ཧཱུཾ༔ རང་བྱུང་བདུད་རྩི་སོགས་ཐལ་སྦྱར་བཅས་བདེ་མཆོག་བདེ་སྤྱོད་རྟ། ཧཱུཾ༔ དུར་ཁྲོད་གསང་བར་ཁྲུས་གདངས་རྗེས་སྨན་སློབ་དཔོན་ལ་འབུལ། སརྦ་པཉྩའི་སྔགས་དབྱངས་གསུམ་དང་ཅུང་ཟད་བཟླ་སྐབས་སུ། སློབ་དཔོན་བདག་ཉིད༴ ཧཱུཾ༔ བདུད་རྩིའི་སྐུ་གསུང་ཐུགས་སོགས་ཀྱིས་སློབ་དཔོན་ནས་དབང་བཞེས་ཏེ་ཕོ་བྲང་རྐང་གསུམ་ཁར་བཞག །རུ་ལུའི་དབྱངས་ལན་གསུམ་རྗེས་རོལ་མཐར། ཧཱུཾ༔ དུར་ཁྲོད་གསང་བ་སོགས་སྔར་ལྟར་གསོལ་བ་བཏབ། སློབ་དཔོན་གྱིས་དབུ་ཞྭ་བཞེས་ནས་དབང་བཤད། ཁྱེད་རང་རྣམས་བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་དུ་གསང་བ་ལ་བདུད་རྩི་རྩ་བའི་དཀྱིལ་འཁོར་པ་ཐིམ་ནས་གཉིས་མེད་དུ་གྱུར་པར་མོས་ཤིག །ཧཱུཾ༔ དཔལ་ཆེན་ཕྲིན་ལས་སོགས་གསུངས་ཤིང་རྒྱལ་ཚབ་པས་དབང་ཞུ། རྒྱལ་པོ་རྒྱལ་ཚབ་གང་རུང་གིས་ཚོགས་མང་ལ་འགྲིམ་དུས་ཀུན་གྱིས་དགུ་པའི་ཛཔྲ་བཟླ། སྨན་དཀྱིལ་འཁོར་མདུན་བཀོད་ནས། ཁ་དོག་མཐོང་ [27a] བས་སོགས་ཕན་ཡོན་གསུངས། དེ་ནས་ཚོགས་པས་མཉྫུ་ཤྲཱིའི་སྔགས་བཟླ་རིང་ལས་རྡོར་གྱིས་སྟེགས་ཁེབས་བཅས་ཞྭ་གྱོན་ནས། ཨེ་མ་ཧོཿ ངོ་མཚར་སོགས་ཀྱིས་སྨན་ཟངས་སློབ་དཔོན་ལ་ཕུལ། དེས་ཀྱང་སྔགས་ཀྱིས་བཞེས། སྲད་བུ་འགྲོལ་སྐབས་ཐམས་ཅད་ཀྱིས་བི་ཤུདྡྷེ་དང༌། ཞལ་དབྱེ་སྐབས་ཨ་མྲྀ་ཏ་བཟླ། ཐོད་པ་དངུལ་ནང་མ་དང་དཀྱིལ་འཁོར་སྨན་ཐོད་གཉིས་ཀར་སྒྲོན་ཐུར་གྱིས་སྨན་གསར་པ་དེའི་ཕུད་བླུགས་ནས། ཕྱོགས་བཅུ་དུས་བཞིའི་སོགས་དང་། ཧཱུཾ་ཧྲཱིཿ རང་བྱུང་གདོད་ནས་སོགས་ལས་བྱང་གི་སྨན་མཆོད་རྒྱས་པའི་མཐར། རང་གི་ལྕེ་སོགས་ནས་མཚན་པར་གྱུར། ཨོཾ་ཨཱཿཧཱུཾ༔ བླ་མ་རིག་འཛིན་སོགས་རྗེས་ཀཱི་ལིའི་སྔགས་དབྱངས་གསུམ། སྨན་དེ་ནས་དུང་ཞལ་དུ་བླུགས་པ་རྒྱལ་ཚབ་པས་ཐོགས་ནས་ཚོགས་མང་ལ་ཐིག་ལེ་འགོད་པར་ཕེབས་རྗེས། སྒྲུབ་ཁོག་གི་ལྷ་དང་དངོས་གྲུབ་སོགས་རྗེས་ཚོགས་གྲོལ། དེ་ནས་རྒྱས་པའམ་མཆོག་གི་སྦྱིན་སྲེག་སྐབས་གཏོར་མ་དང་བདུད་རྩིའི་ཕུད་འབུལ། དམ་ཅན་གཏོར་འབུལ་དང་ཚོགས་ཀྱི་མཆོད་པ་ནས་བཀྲ་ཤིས་དགའ་སྟོན་གནས་སྲུང་གི་བར་སྒྲུབ་ [27b] གཞུང་བཞིན་མཐའ་རྒྱས་སུ་མཛད་པས་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་པའང་ལག་ལེན་འཇུག་པ་བདེ་བའི་ཕྱིར་མཐོང་བརྒྱུད་ཀྱི་ལས་ཐོ་བཀླག་པས་གྲུབ་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་སིདྡྷི་རསྟུ།། ཤུ་བྷཾ།། །།