སྔ་འགྱུར་བཀའ་མའི་ཐོབ་ཡིག།

From Dudjom Wiki
DJYD-KABUM-19-DZA-002
Wylie title snga 'gyur bka' ma'i thob yig DJYD-KABUM-19-DZA-002.pdf
Location bdud 'joms rin po che bka' 'bum
Volume 19, Text 2, Pages 17-148 (Folios 8a1 to 73b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Snga 'gyur bka' ma'i thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 17-148. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: snga 'gyur bka' ma'i skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [8a] ཨོཾ་སྭ་སྟི། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་གསང་མཛོད་སྔ་འགྱུར་བཀའ་མའི་ཆོས་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ནོས་པའི་ཚུལ་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་ཕྱོགས་གཉིས་ཀྱི། དང་པོ་ལའང་སོ་བྱང་གཉིས་ལས། དང་པོ། ལམ་གྱི་གཞི་རྟེན་སོ་སོར་ཐར་པ་རིས་བདུན་ལས་རང་སྐལ་དང་འཚམས་པར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཤཱཀྱ་སེང་གེ། འཕགས་པ་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། མགོན་པོ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་དཔལ་དབྱངས། གཙང་རབ་གསལ། སྨར་ཤཱཀྱ་མུ་ནེ། གཡེར་པོ་དགེ་བ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོ་གྲགས་པ་རྒྱལ་མཚན། འབྲེ་ཆེན་ཤེས་རབ་འབར། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར། རྩིས་འདུལ་གཞོན་ནུ་སེང་གེ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། སྣར་ [8b] ཐང་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ། མཁན་ཆེན་ཀུན་རྒྱལ་བ། དཔང་སྟོན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། གནས་རྙིང་པ་ཀུན་དགའ་བདེ་ལེགས། རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། གྲྭ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། དཀོན་མཆོག་བསྟན་འཛིན། ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་ཨོ་རྒྱན་ཆོས་གྲགས། སྨིན་གླིང་མཁན་འགྱུར་མེད་ཆོས་ལྡན། མཁན་ཆེན་ཨོ་ཌི་ཡ་ན། རྒྱལ་སྲས་རིག་འཛིན་བཟང་པོ། རྫོགས་ཆེན་མཁན་པོ་པདྨ་བཀྲ་ཤིས། དགེ་མང་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དམ་རྒྱལ་སྲས་གཞན་ཕན་མཐའ་ཡས། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། སྨྱོས་རིགས་མཁན་ཆེན་ཚུལ་ཁྲིམས་རྡོ་རྗེ། རྡོར་འཛིན་འགྱུར་མེད་ངག་དབང་ནོར་བུ། མཁས་བཙུན་བཟང་པོའི་ཁྱུ་མཆོག་འགྱུར་མེད་ཕན་བདེའི་འོད་ཟེར་དཔལ་བཟང་པོ། དེས་བདག་འགྱུར་མེད་ཡེ་ཤེས་རྡོ་རྗེ་དགེ་ལེགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མིང་གི་ཅོད་པན་དཔྱངས་པ་དང་བཅས་ཏེ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་དོ། །འདི་དང་འབྲེལ་བ་ [9a] འདུལ་བ་སོ་ཐར་གྱི་གཞུང་བཀའ་དང་བསྟན་བཅོས་ཀྱི་སྐོར་རྣམས་སོ་སོའི་ཐོབ་ཡིག་བཞིན་ལ། འདིར་བཀའ་མའི་གླེགས་བམ་གྱི་ཁོངས་སུ་སྐབས་དོན་ལག་ལེན་གནད་བསྡུས་སུ་བཞུགས་སུ་གསོལ་བ། སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་རྣམ་ཐར་ཉུང་གསལ་སྒྲོལ་མེ་ལོ་ཆེན་དྷརྨ་ཤྲཱིའི་གསུང་། དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི། སོ་ཐར་སྡོམ་རྒྱུན་གྱི་གསོལ་འདེབས་རྒྱལ་དབང་ལྔ་པས་མཛད་པ་ལ་ལོ་ཆེན་དང་རྗེ་གཞན་ཕན་མཐའ་ཡས་ཀྱིས་ཁ་སྐོང་ཅན། ཁྱིམ་པ་རྗེས་འཛིན་གྱི་སོ་ཐར་ཆོ་ག་ཐར་ལམ་རབ་གསལ་གཏེར་ཆེན་གསུང་། བསྙེན་གནས་ལེན་པའི་ཆོ་ག་མདོ་དོན་གསལ་བ་རྗེ་གཞན་ཕན་གསུང་། རབ་བྱུང་གི་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས། སྟོད་འགྲེལ་ལོ་མིང་ཚིག་གསལ་རེ་མིག་དང་བཅས་པ། སྡོམ་པ་འབུལ་ཆོག་ཟུར་བྱང་། བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་བཅས་ལོ་ཆེན་དྷརྨ་ཤྲཱིའི་གསུང་རྣམས་སོ། །དེ་དག་གི་ལུང་བརྒྱུད་ནི། མཛད་པ་པོ་ནས། རབ་འབྱམས་ཨོ་རྒྱན་ཆོས་གྲགས་སོགས་གོང་གི་སྡོམ་རྒྱུན་སྐབས་བཞིནནོ། ། [9b] གཉིས་པ་བྱང་སེམས་ལ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཀུན་མཁྱེན་ཆེན་པོའི་ཡིག་ཆ་བཞིན་ཐོབ་པ་ལ་བརྒྱུད་ཚུལ་གསུམ་ལས། དང་པོ་ནི། སྟོན་པ་སངས་རྒྱས། རྒྱལ་སྲས་འཇམ་དཔལ། ཀླུ་སྒྲུབ། ཟླ་གྲགས། རིག་པའི་ཁུ་བྱུག །ཀུ་སཱ་ལི་ཆེ་ཆུང་། ཇོ་བོ་ཐང་པ་ཛ། ཨབྷྱ་ཀ་ར། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ་ཆེན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། རྨ་བྱ་ཤཱཀ་སེང་། མཆིམས་ནམ་མཁའ་གྲགས། སྨོན་ལམ་ཚུལ་ཁྲིམས། བྱང་ཆུབ་གྲུབ། གཞོན་ནུ་རྡོ་རྗེ། ཀུན་མཁྱེན་ཆེན་པོའོ། །གཉིས་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། ཡོན་ཏན་བཤེས་གཉེན། རིན་ཆེན་རི་བོ། ཟླ་བ་བཟླང་པོ། དྷི་ར་པཱ་ལ། རྔོག་ལོ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་གཞོན་བརྩོན། དཀར་ཆུང་རིང་མོ། ཞང་གཡེ་བ། གཉལ་ཞིག་འཇམ་རྡོར། རྒྱ་འཆིང་རུ་བ། ཆུ་ [10a] མིག་པ་སེང་གེ་དཔལ། བཤེས་གཉེན་ལྷོ་བྲག་པ། དེས་བཙན་པོ་དགོན་པ་དང་དབེན་དགེ་བ། གཉིས་ཀས་ཆོས་དཔལ་རྒྱལ་མཚན། དེས་ཀུན་མཁྱེན་ཆེན་པོའོ། །གསུམ་པ་ནི། འཇམ་དཔལ། ཀླུ་སྒྲུབ། ཞི་བ་ལྷ། ཉེ་བརྒྱུད་འཇམ་དཔལ་ནས་ཞི་བ་ལྷ། དེ་ནས་ཨེ་ལ་དྷ་རི། མ་ཧཱ་ཤྲཱི་རཏྣ། བྷ་ཝ་བཛྲ། དྷརྨ་ཀི་རྟི། དཱི་པཾ་ཀ་ར། སུ་མ་ཏི། རྔོག་ལོ། ཚེ་སྤོང་བ། ཕྱྭ་པ་ཆོས་སེང་། དན་བག་སྨྲ་སེང་། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག། སངས་རྒྱས་བརྩོན་འགྲུས། དབེན་དགེ་བ། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཆེན་པོའོ། །དེ་ནས་མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། མཁས་གྲུབ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། [10b] གཅུང་ཡིད་བཞིན་ལེགས་གྲུབ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། འགྱུར་མེད་གསང་སྔགས་བསྟན་འཛིན། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། རྗེ་བཀའ་དྲིན་མཚུངས་མེད་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པའི་ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་གི་སྟེང་ནས་སེམས་སྡོམ་ལན་གཉིས་ཐོབ་པའི་བརྒྱུད་པའང་གཏེར་ཆེན་ཉིད་ནས། ལོ་ཆེན་དྷརྨ་ཤྲཱི་སོགས་གོང་བཞིན་ནོ། །ཡང་དབུ་མ་ལུགས་ཀྱི་བརྒྱུད་ལུགས་གཅིག་ནི། ཀླུ་སྒྲུབ་ནས། འཕགས་པ་ལྷ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག། སློབ་པའི་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། པཎྜི་ཏ་པུཎྱ་ཤྲཱི། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་སྙིང་། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འགྲོ་མགོན་འཕགས་པ། འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་ [11a] མགོན། རྒྱལ་སྲས་ཐོགས་མེད་པ། བཤེས་གཉེན་ཚུལ་ཁྲིམས་དཔལ། མཁས་བཙུན་དཀོན་མཆོག་འབངས། སེམས་དཔའ་མི་གཡོ་གྲུ་བཞི། འཁྲུལ་ཞིག་དཔལ་འཛིན་བཟང་པོ། ཤ་མི་དཔལ་འབྱོར་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་མན་སྔར་བཞིན། ཡང་སེམས་ཙམ་ལུགས་ནི། སེང་གེ་བཟང་པོ་ནས། ཀུ་སཱ་ལི་ཆེ་ཆུང་། གསེར་གླིང་པ། ཨ་ཏི་ཤ འབྲོམ་སྟོན། སྤྱན་སྔ་བ། བྱ་ཡུལ་བ། ཚར་ཆེན་པ། གྲོ་སྟོན། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སློབ་དཔོན་བསོད་ཡེ། བྱང་སེམས་བསོད་ནམས་གྲགས། རྒྱལ་སྲས་ཐོགས་མེད། བཤེས་གཉེན་ཚུལ་ཁྲིམས་དཔལ། སེམས་དཔའ་གཞོན་ནུ་རྒྱལ་མཆོག། རྗེ་མི་གཡོ་གྲུ་བཞི། བསོད་ནམས་བཀྲ་ཤིས། སྨན་ལྗིད་ཀུན་སྤངས་པ། ཤ་མི་དཔལ་འབྱོར་རྒྱལ་མཚན་མན་འདྲ། ཡང་ན་འབྲོམ་ནས། པོ་ཏ་བ། ཤ་ར་བ། དུས་མཁྱེན། རས་ཆེན། སྦོམ་གྲགས་པ། པཀྵི། གཉན་རས། རང་བྱུང་རྡོ་རྗེ། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་ [11b] པ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། ཆོས་གྲུབ་གྲགས་པ། ཆོས་རྒྱལ་དོན་གྲུབ། དཀོན་མཆོག་ཡན་ལག། དབང་ཕྱུག་རྡོ་རྗེ། གྲགས་པ་དོན་གྲུབ། ཀརྨ་ལེགས་པ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླེང་པ་མན་འདྲ། ཡང་ན། ཀླུ་སྒྲུབ་ནས། འཕགས་པ་ལྷ། རྒྱལ་བའི་བུ། ལེགས་པའི་བཤེས་གཉེན། དགེ་འདུན་དཔལ་བཟང་། རིན་བྱུང་བློ་གྲོས། རིན་ཆེན་དཔལ། སྨྲ་བའི་སེང་གེ། །སྲིད་པའི་རྗེ། འཕྲོག་བྱེད་སེང་གེ། དོན་ཡོད་ཤེས་རབ། རྒྱ་མཚོ་བློ་གྲོས། སངས་རྒྱས་ཉིན་བྱེད། པདྨ་རྡོ་རྗེ། སངས་རྒྱས་དབྱངས། པཎ་ཆེན་ནགས་ཀྱི་རིན་ཆེན། ལོ་ཆེན་བསོད་ནམས་རྒྱ་མཚོ། ཀུན་སྤངས་སེམས་དཔའ་ཆེན་པོ། རྗེ་ཡང་རྩེ་བ། བྱམས་སྡིངས་པ་དཔལ་འབྱོར་རྒྱལ་མཚན། མཁས་གྲུབ་སྣ་ཚོགས་རང་གྲོལ་མན་སྔར་བཞིན་ནོ། །ཡང་རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པའི་ཡིག་ཆ་ལས་ཤིང་རྟའི་སྲོལ་གཉིས་ཀྱི་ལུགས་སོ་སོར་ནོས་པའི་ཟབ་མོ་ལྟ་བརྒྱུད་ནི། འཇམ་དཔལ་ནས་རིག་པའི་ཁུ་བྱུག་གི་བར་ [12a] སྔར་བཞིན་ལས། གསེར་གླིང་པའོ། །རྒྱ་ཆེན་སྤྱོད་བརྒྱུད་ནི། བྱམས་པ་ནས། སེང་གེ་བཟང་པོའི་བར་སྔར་བཞིན་ལ། ཀུ་སཱ་ལི་ཆེ་ཆུང་། གསེར་གླིང་པའོ། །དེ་ནས་ལུགས་གཉིས་ཀ་ཇོ་བོ་ཨ་ཏི་ཤ ། འབྲོམ་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ། ཡེ་ཤེས་འབར། རྒྱ་ལྕགས་རི་བ། སྣེ་ཟུར་བ། མཉམ་མེད་དྭགས་པོ་རིན་པོ་ཆེ། དུས་གསུམ་མཁྱེན་པ། རས་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། མགོན་པོ་རྒྱལ་མཚན། འཛམ་གླིང་ཆོས་ཀྱི་གྲགས་པ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། བྱང་ཆུབ་ [12b] རྡོ་རྗེ། ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། རྒྱལ་བའི་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས། རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། བྱང་ཆུབ་སེམས་དཔའ་ཆེན་པོ་ངག་དབང་དཔལ་ལྡན་བཟང་པོའི་ཞལ་སྔ་ནས་བཀའ་དྲིན་དུ་ཐོབ། ཡང་ན་རྗེ་ཆོས་ཀྱི་དབང་ཕྱུག་ནས། ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། ཀརྨ་ཚངས་དབྱངས། ཆགས་སྤྲུལ་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས། འཇམ་མགོན་བློ་གྲོས་མཐའ་ཡས་མན་གོང་ལྟར་རོ། །ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཡིག་ཆ་ལས་རྒྱ་ཆེན་སྤྱོད་བརྒྱུད་ལུགས་ཀྱི་སེམས་སྡོམ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན། སྤྱན་སྔ་བ་ཚུལ་ཁྲིམས་ [13a] འབར། དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་ཚར་ཆེན་པ། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེང་གེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒམ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག། ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཡེ་ཤེས་རྒྱལ་མཆོག། ཡོངས་འཛིན་བློ་གྲོས་རྒྱ་མཚོ། ས་སྐྱ་བ་ངག་དབང་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་ [13b] བློ་གྲོས་མཐའ་ཡས་སོ། །ཡང་ན་བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོགས་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་ལྟར་རོ། །ཡང་ན་རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པ་བླ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག། པཎ་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ [14a] ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོགས་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། འཇམ་མགོན་བློ་གྲོས་མཐའ་ཡས་སོ། །དེ་ནས་མཁན་ཆེན་ངག་དབང་ལེགས་གྲུབ། རྗེ་ཕྲིན་ལས་བྱམས་པའི་འབྱུང་གནས། རྗེ་ངག་དབང་དཔལ་ལྡན་བཟང་པོ། དེས་བདག་ལ་བཀའ་དྲིན་དུ་བསྩལ་བའོ། །ལུང་ལ། སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་གཏེར་ཆེན་གསུང་ལ་རྗེ་གཞན་ཕན་མཐའ་ཡས་ཀྱིས་ཁ་སྐོང་ཅན། ཐེག་ཆེན་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་གཏེར་ཆེན་གསུང་བཅས་ཀྱི་བརྒྱུད་པའང་། མཛད་པ་པོ་ནས། ལོ་ཆེན་དྷརྨ་ཤྲཱི་སོགས་སྔར་བཞིན་ནོ། །གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པའི་སྐོར་ལ། གསང་སྔགས་ཕྱི་ནང་གི་རིམ་པ་གཉིས། དང་པོ་ལའང་། [14b] བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དང་གསུམ་དུ་ཡོད་པ་ལས། དང་པོ་བྱ་རྒྱུད་ཀྱི་ནང་ཚན་དེ་བཞིན་གཤེགས་པའི་རིགས་སྨན་བླ་བདེ་གཤེགས་བརྒྱད་ཐོ་བརྩེགས་སུ་བཞུགས་པའི་རྗེས་གནང་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། མཁན་ཆེན་ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་སད་ན་ལེགས། མངའ་བདག་ཁྲི་རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང་། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད། ལྷ་ལྡེ། འོད་ལྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ། ཞུ་ལྡན་ཤེས་རབ་གྲགས། ར་ས་ཆུ་ལྷས་པ་དར་མ་རྒྱལ་མཚན། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ། གཉགས་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། སྦང་སྒང་པ་གྲགས་དཔལ། བྱང་སེམས་བསོད་ནམས་གྲགས། མཁན་ཆེན་གྲགས་པ་རྒྱལ་མཚན། རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། ཚུལ་ཁྲིམས་དཔལ་འབྱོར། མཐུ་སྟོབས་དཔལ་འབར། མཁྱེན་བརྩེའི་དབང་ཕྱུག ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་ [15a] རང་གྲོལ། ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རབ་འབྱམས་འགྱུར་མེད་བསླབ་གསུམ། ཚེ་དབང་རིག་འཛིན་བཟང་པོ། བྱང་སེམས་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་ནོར་བུ། རྗེ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །སྨན་བླའི་མདོ་ཆོག་མཁན་ཆེན་ཞི་བ་འཚོས་མཛད་པའི་གཞུང་ཉིད་ཀུན་མཁྱེན་ལྔ་པ་ཆེན་པོས་སླར་ཡང་གསལ་བར་མཛད་པ་མདོ་ཆོག་ཡིད་བཞིན་དབང་རྒྱལ་གྱི་ལུང་གི་བརྒྱུད་པ་ནི། མཁན་ཆེན་ཞི་བ་འཚོ་ནས། ཀུན་མཁྱེན་ལྔ་པ་ཆེན་པོའི་བར་གོང་བཞིན་ལ། དེ་ནས་འཇམ་དབྱངས་གྲགས་པ། དོན་གྲུབ་རྒྱ་མཚོ། ཀ་ཆེན་ཐབས་མཁས་རྒྱ་མཚོ། ཞི་བཟང་དགེ་ལེགས་རྒྱལ་མཚན། ཀློང་རྡོལ་ངག་དབང་བློ་བཟང་། མཁན་ཆེན་བློ་བཟང་ཐུགས་རྗེ། ཆུ་བཟང་སྐལ་བཟང་མཁས་གྲུབ། མཆོག་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། [15b] མདོ་སྔགས་བསྟན་འཛིན་ནོར་བུ། རྗེ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན། བསོད་ནམས་མཆོག་ལྡན་ནས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ་མན་གོང་བཞིན་ནོ། །སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་དང་། དེའི་ཡི་གེ་བཀླག་པས་གྲུབ་པ། སྨྱུང་གནས་ཆོ་ག་སྙིང་པོ་བསྡུས་པ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པ་ནི། ཐུགས་རྗེ་ཆེན་པོ། དགེ་སློང་མ་དཔལ་མོ། ཙནྡྲ་ཀུ་མཱ་ར། ཤྲཱི་ཛྙཱ་ན་བྷ་དྲ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་རྒྱལ། གྲུབ་ཐོབ་ཉི་ཕུག་པ། སྤྲུ་པ་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། རྩི་འདུལ་འཛིན། མཁན་ཆེན་བདེ་བ་ཅན། བྱང་སེམས་ཆུ་བཟང་བ། ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད། གཉགས་ཆེན་བསོད་དབང་། གཉགས་དབོན་བསོད་ནམས་བཟང་པོ། འཕགས་ཆེན་བསོད་ [16a] ནམས་དར། འཕགས་པ་བསོད་ནམས་རྒྱ་མཚོ། མ་ཎི་པ་གྲགས་པ་བསོད་ནམས། ཀུན་དགའ་མཆོག་གྲུབ། ཀུན་དགའ་གྲོལ་མཆོག། རྗེ་རྡོ་རིང་བ། རྗེ་བཙུན་སྒྲོལ་བའི་མགོན་པོ། བཀྲ་ཤིས་ཕུན་ཚོགས། ཤཱཀྱ་བསྟན་འཕེལ། སྟོན་སྒོམ་བྱམས་པ་ཕུན་ཚོགས་རྣམ་རྒྱལ། ལོ་ཆེན་དྷརྨ་ཤྲཱི། ཡང་ན་འཕགས་ཆེན་བསོད་ནམས་དར་ནས། འཇམ་དཔལ་བཟང་པོ། རྗེ་མཉན་པ། མི་བསྐྱོད་ཞབས། དཀོན་མཆོག་ཡན་ལག། བཛྲེ་ཤྭ་ར། རྗེ་ཆོས་ཀྱི་དབང་ཕྱུག །སྨན་ལུང་སྤྲུལ་སྐུ་འཇམ་དབྱངས། ཏྲེ་བོ་ཆོས་ཀྱི་དབང་པོ། བྱམས་པ་ཕུན་ཚོགས་རྣམ་རྒྱལ། ལོ་ཆེན་དྷརྨ་ཤྲཱི། ཡང་ན་རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་རྩེ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་སངས་རྒྱས་འཕེལ། གོ་རམ་པ་བསོད་ནམས་སེང་གེ། གོང་སྟོན་དབང་ཕྱུག་གྲུབ། མཁན་ཆེན་ཆོས་གྲགས་རྒྱ་མཚོ། མཁན་ཆེན་བློ་གྲོས་རབ་ཡངས། བྱ་བཏང་ཀོན་མཆོག་དབང་པོ། བྱ་རྒོད་པ་ཀརྨ་བསྟན་འཕེལ། བྱ་རྒོད་ [16b] པ་ཀུན་དགའ་ཆོས་ལྷུན། བྱ་རྒོད་པ་དྷརྨ་ཝརྔྷ། རྣལ་འབྱོར་དབང་ཕྱུག་ཆོས་སྐྱོང་རྒྱལ་མཚན། ལོ་ཆེན་དྷརྨ་ཤྲཱི། དེ་ནས་ཁ་རག་སྒོམ་ཆེན་ཕུན་ཚོགས་དབང་པོ། གྲྭ་ཐང་མཁན་ཆེན་ཀུན་དགའ་མཁྱེན་རབ། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་མགོན་བློ་གྲོས་མཐའ་ཡས། ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་རྐྱང་གི་རྗེས་གནང་ལུགས་གསུམ་གྱིས་འཆིང་བ་དང་། འཕགས་མ་སྒྲོལ་མ་ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན་ལོ་ཆེན་གསུང་ལ་མཁྱེན་བརྩེའི་གསལ་ཁ་ཅན་གྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། རྗེ་བཙུན་སྒྲོལ་མ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ། རྫེ་བཙུན། ས་པཎ། ཚོགས་སྒོམ་པ། ཉན་ཆེན་པ། བསོད་ནམས་སྐྱབ། གཟུངས་ཀྱི་དཔལ། དཔལ་ལྡན་པ། ཤར་ཆེན། ངོར་ཆེན། མུས་ཆེན། དཔལ་ལྡན་རིན་ཆེན། སྒོ་རུམ་པ། མཁྱེན་བརྩེ་ཁུ་དབོན། བཀའ་འགྱུར་བ། ཞྭ་ལུ་བ། རྗེ་ཐམས་ [17a] ཅད་མཁྱེན་པ་ལྔ་པ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་ཌི་ཡ་ན། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་ན་རྗེ་མཁྱེན་བརྩེ་ནས། འཇམ་མགོན་ཡོན་ཏན་རྒྱ་མཚོ། ཀུན་བཟང་བསྟན་པའི་རྒྱལ་མཚན། དེས་བདག་གི་བླ་མ་ལའོ། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་སྤྱོད་རྒྱུད་དུ་བཀྲལ་བ་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིག་པ་ཆེན་པོའི་དབང་བསྐུར་དང་། དེའི་སྒྲུབ་ཐབས་བཅས་ངག་དབང་ལེགས་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། བི་རཱུ་པ། ཞི་བ་འཚོ། པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་སྲུང་བ། འཁོན་རྡོ་རྗེ་རིན་ཆེན་ནས། འཕགས་པ་རིན་པོ་ཆེའི་བར་གདུང་རབས་ཇི་བཞིན། དེ་ནས་ཤར་པ་ཤེར་འབྱུང་། རྡོ་རྗེ་འོད་ཟེར། ཨེ་པ་འཇམ་དབྱངས། བག་སྟོན་ཚུལ་རྒྱལ། [17b] ཀུན་མཁྱེན་པ། ནམ་མཁའ་འོད་ཟེར། ཤེས་རབ་རིན་ཆེན། རྡོ་རྗེ་གདན་པ། བསོད་ནམས་རྒྱ་མཚོ། ཚེ་དབང་བཀྲ་ཤིས། ཨོ་རྒྱན་རྒྱལ་པོ། བསོད་ནམས་རྒྱལ་པོ། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། སྡོམ་བརྩོན་བསྟན་པ་དར་རྒྱས། གཏེར་ཆེན་འགྱུར་མེད་རྡོ་རྗེའོ། །ཡང་ན་སྟོན་པ་སངས་རྒྱས། རྡོ་རྗེ་གདན་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ས་ཆེན་སོགས་སྔར་བཞིན་ལས། གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ་རྡོ་རྗེ། འགྱུར་མེད་བསྟན་འཕེལ། འཇམ་མགོན་པདྨ་གར་དབང་། རབ་འབྱམས་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །སློབ་དཔོན་བི་མ་ལའི་ལུགས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པའི་རིག་གཏད་དང་། དེའི་གཟུངས་ཀྱི་ཆོ་ག་རྗེ་རང་བྱུང་རྡོ་རྗེའི་གསུང་། རྣམ་འཇོམས་དཀར་པོའི་གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བི་མ་ལ་མི་ཏྲ། [18a] གཉགས་ཆེན་ཛྙཱ་ན། སོག་པོ་ལྷ་དཔལ། སྲུ་ལེགས་པའི་སྒྲོན་མ། ནཱ་རོ་ཚེ་འབྱིན། གནུབས་སྟོན་བླ་མ། རྒྱ་ཕོ་བ་ལུང་པ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། བླ་མ་ཆོས་རྡོར། སངས་རྒྱས་མགོན་པོ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དང་། ཡོངས་འཛིན་རྣམ་རྒྱལ་གྲགས་པ། གཉིས་ཀ་ལས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། དེ་ནས་རིམ་པར་ཆོས་ཀྱི་དབང་ཕྱུག། ལུང་རིགས་ཉི་མ། ཀརྨ་ཆགས་མེད། དར་རྒྱས་ཕུན་ཚོགས། ཆོས་ཀྱི་དོན་གྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། འཇམ་མགོན་ཡོན་ཏན་རྒྱ་མཚོ། ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་བླ་མ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་དུ་ཞ་ལུ་བ་བསོད་ནམས་མཆོག་ལྡན་གྱི་ཡིག་ཆ་ལྷན་ཐབས་ཁ་སྐོང་བཅས་སྦྱར་བ་ལས་དབང་བསྐུར་ཐོབ་པའི་ [18b] བརྒྱུད་པ་ནི། ཐུབ་དབང་། འཇམ་དཔལ། ཞི་བ་འཚོ། མངའ་བདག་ཁྲི་སྲོང་། ལྷ་སྲས་མུ་ཁྲི། སད་ན་ལེགས། ལྷ་སྲས་གཙང་མ། འོད་སྲུང་། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། ལྷ་བཙུན་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད། མངའ་བདག་འོད་ལྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ་ཚུལ་བྱང་། ཞུ་ལྡན་ཤེར་གྲགས། ར་ས་ཆུ་ལྷས་པ་དར་རྒྱས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ། བུ་སྟོན་ཆེན་པོ། ཐུགས་སྲས་ལོ་ཙཱ་བ། ནམ་མཁའི་མཚན་ཅན། དོན་གྲུབ་ལེགས་པ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། བྱང་གླིང་རིན་རྒྱལ། རིན་ཆེན་བཀྲ་ཤིས། གནུབས་སྒོམ་པ། མཁྱེན་བརྩེའི་དབང་ཕྱུག། དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། ཞ་ལུ་བླ་ཆེན་རིན་ཆེན་བཟང་པོ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རབ་འབྱམས་སྨྲ་བ་འགྱུར་མེད་བསླབ་གསུམ། རྗེ་ཚེ་དབང་རིག་འཛིན་བཟང་པོ། བྱང་སེམས་པདྨ་མངྒ་། [19a] རྒྱས་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་ནོར་བུ། རྗེ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ལུང་ལ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ་ཞ་ལུ་བ་བསོད་ནམས་མཆོག་ལྡན་གྱི་གསུང་། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་གོང་གསུང་། འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ་བློ་གསལ་བསྟན་སྐྱོང་གི་གསུང་། འོད་ཟེར་དྲི་མེད་རྣམ་དག་འོད་ཀྱི་གཟུངས་ཀྱི་དཀྱིལ་ཆོག་དྲི་མེད་རབ་གསལ། འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་བཅས་སོ། །དེ་དག་ལས་བུ་སྟོན་གསུང་རྣམས་ཐུགས་སྲས་ལོ་ཙཱ་བ་ནས། ལོ་ཆེན་དྷརྨ་ [19b] ཤྲཱིའི་བར་དང་། བསོད་ནམས་མཆོག་ལྡན་གྱི་གསུང་རྣམ། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ། གཏེར་ཆེན། ལོ་ཆེན་མན་སྔར་སྨན་བླའི་རྗེས་གནང་གི་སྐབས་བཞིན། བློ་གསལ་བསྟན་སྐྱོང་གི་གསུང་རྣམ་མཛད་པ་པོ་ནས་རྗེ་མཁྱེན་བརྩེ། འཇམ་མགོན་ཡོན་ཏན་རྒྱ་མཚོ། དེས་ཉིད་ཀྱི་གསུང་དང་བཅས། མཁན་ཆེན་ངག་དབང་ལེགས་གྲུབ། རྗེ་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ལའོ། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་གཙུག་ཏོར་དྲི་མེད་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བླ་ཆེན་གྲགས་རིན་དང་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ཡིག་ཆ་ལས་དབང་བསྐུར་ཐོབ་པའི་བརྒྱུད་པ་ནི། ཐུབ་དབང་། བར་འདིར་བརྒྱུད་པ་ཁ་ཤས་ཆད། མཆན། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། ཕྱག་སོར་བ། བྱ་ཡུལ་བ། སྐར་ཆུང་བྱིན་པ། གཟེ་པ་དོན་ཡོད། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་མགོན། བླ་མ་སེང་རྒྱལ། ཐོག་སྟོན་ཤེས་རྡོར། མེས་སྟོན་གྲགས་འོད། བླ་ཆེན་གྲགས་རིན། ཀུན་མཁྱེན་ནམ་འོད། ནམ་མཁའ་ཚུལ་ཁྲིམས། མཁྱེན་རབ་རྗེ། རྡོ་རིང་ཀུན་སྤངས་པ། [20a] མཚར་ཆེན་བློ་གསལ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། ཞ་ལུ་བ་རིན་ཆེན་བཟང་པོ། ལོ་ཆེན་དྷརྨ་ཤྲཱི་མན་གོང་བཞིན་ནོ། །ལུང་ལ། གཙུག་ཏོར་དྲི་མེད་ལྷ་ལྔའི་ཆོ་ག་ཁྲིགས་ཆགས་རིན་ཆེན་བསམ་འཕེལ་ཞ་ལུ་ལོ་ཙཱ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་གསུང་། གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླགས་པས་གྲུབ་པ་ལོ་ཆེན་དྷརྨ་ཤྲཱིའི་གསུང་། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་བཀའི་ཁྲོད་ནས་ཁོལ་དུ་ཕྱུངས་པ། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག་འཇམ་མགོན་ཡོན་ཏན་རྒྱ་མཚོའི་གསུང་། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་མཁྱེན་བརྩེའི་གསུང་། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་ཆོག་བཀླགས་པས་གྲུབ་པའི་གསལ་བྱེད་དང་། [20b] མཆོད་རྟེན་དཀྱིལ་འཁོར་གྱི་ཐིག་ཡིག་བཅས་མཐོང་བས་དོན་རྟོགས་རྡོར་འཛིན་ཤེས་རབ་བརྟན་དར་གྱི་གསུང་བཅས་སོ། །དེ་དག་གི་ལུང་བརྒྱུད་ནི། བསོད་ནམས་མཆོག་གྲུབ་ཀྱི་གསུང་རྣམས་ཞ་ལུ་བ་རིན་བཟང་ནས། ལོ་ཆེན་བར་དང་། ལོ་ཆེན་གསུང་རྣམས་རྒྱལ་སྲས་རིན་རྣམ་བརྒྱུད་སྔ་མ་ལྟར། འཇམ་མགོན་གསུང་རྣམས་ངག་དབང་ལེགས་གྲུབ་སོགས་གོང་བཞིན། མཁྱེན་བརྩེའི་གསུང་འཇམ་མགོན་བརྒྱུད་དེ་སྔ་མ་ལྟར། ཤེས་རབ་བསྟན་དར་གྱི་གསུང་ཉིད་ལས་སོ། །སྐབས་འདིར་སྤྱོད་པའི་རྒྱུད་ལས་རྣམ་སྣང་མངོན་བྱང་དང་། རྣལ་འབྱོར་རྒྱུད་ལས་ངན་སོང་སྦྱོང་རྒྱུད་སོགས་གཞན་ལས་ཤེས་ཤིང་། འདིར་བཀའ་མའི་གླེགས་བམ་གྱི་ཁོངས་སུ་བཞུགས་པ་དེ་ཙམ་མོ། །གཉིས་པ་གསང་སྔགས་ནང་གི་རྒྱུད་ལ། ཐབས་བསྐྱེད་རིམ་གཙོ་བོར་སྟོན་པ་རྒྱུད་མ་ཧཱ་ཡོ་ག། ཤེས་རབ་རྫོགས་རིམ་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་ག། གཉིས་མེད་ཡེ་ཤེས་གཙོ་བོར་སྟོན་པ་མན་ངག་ཨ་ཏི་ཡོ་ག་སྟེ་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་སྐོར་ལའང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་ [21a] པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་གི་རྒྱུད་སྡེ་གཉིས། ཐམས་ཅད་ལ་ཁྱབ་པའི་སྤྱི་རྒྱུད་ཆེན་པོ་གཅིག་དང་བཅོ་བརྒྱད་ཡོད་པ་ལས། དང་པོ་རྩ་བའི་རྒྱུད་སྡེ་ལྔའི་ནང་ཚན་སྐུའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ཀྱི། དང་པོ་དབང་ནི། གཏེར་ཆེན་རྗེའི་ཡིག་ཆའི་སྟེང་ནས་སྦྱོར་བ་སྟ་གོན་གྱི་ཆོས་བཅུ་གསུམ་གྱི་སྒོ་ནས་དཀྱིལ་འཁོར་ཆེན་པོ་འཇུག་རུང་དུ་བསྒྲུབས་ཏེ། དངོས་གཞི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དབང་དངོས་ལ་ཕྱི་དབང་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་། ནང་དབང་བྱང་སེམས་བདུད་རྩིའི་དབང་། གསང་དབང་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་དབང་། གསང་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་གནས་ལུགས་དོན་གྱི་དབང་བསྐུར་བ་བཅས་ལེགས་པར་ནོས། གཉིས་པ་ལུང་ལ། མཉམ་སྦྱོར་བླ་བརྒྱུད་གསོལ་འདེབས་གཞན་ཕན་པས་མཛད་པ། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ། དེའི་ [21b] དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་བཅས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ངོ་། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། ཕྱག་རྡོར། དྲི་མེད་གྲགས། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མུ་དི་ཏ། ཨརྐ་སོ་མ་བཛྲ། བ་ཧུ་ཏ། མུ་སྟོ་བ་ཧུ་ཏཿ གུསྐོ་ཏཿ བི་མ་ལ་མི་ཏྲ། ཨ་ཙརྱ་རིན་ཆེན་མཆོག། དེ་ལ་གྱེ་རེ་མཆོག་སྐྱོང་དང་། གཙུག་རུ་རིན་ཆེན་གཞོན་ནུ། དེ་གཉིས་ཀས་གོ་བོ་ཚུལ་ཁྲིམས་བྱང་ཆུབ། ཅོག་རོ་རྒྱལ་བའི་ཡོན་ཏན། ལ་གསུམ་གཞོན་ནུ་མཆོག། རྡོ་རྗེ་འཇམ་དཔལ། དེ་གསུམ་ཀས་ཁུ་བྱང་ཆུབ་འོད། བློ་གྲོས་རྒྱལ་མཚན། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་སྟོན་ཆོས་བཟང་། ཡམ་ཤུད་བློ་བཟང་། འགོས་ཟླ་བ་འབར། འགོས་ཟླ་བ་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། འགོས་ཆོས་རྡོར། འགོས་དངོས་གྲུབ་མགོན། དབུས་པ་སངས་རྒྱས་འབུམ། ཡང་བི་མ་ལ་མི་ཏྲ་ནས། རིན་ཆེན་མཆོག། གཉགས་ཛྙཱ་ན། དེ་གཉིས་ཀ་ལ་ཁྱུང་པོ་དབྱིག་འོད། ཅོག་རོ་རྒྱལ་འབུམ་དམ་པ། ཁུ་རྡོ་དཔལ་གཞོན། [22a] དེ་གསུམ་ཀ་ལ་ཅོག་རོ་རྒྱལ་བའི་ཡོན་ཏན། དཔེ་བཞི་ཡོན་ཏན་བཟང་པོ། ཅོག་རོ་བྱང་ཆུབ་འབྱུང་གནས། ཟ་རིགས་འཕགས་པ། རྨུགས་བྱང་སྙིང་། དམར་སྒོམ་ཆེན་ཡོན་ཚུལ། ལྕེ་བསོད་བཟང་། དེ་གཉིས་ཀ་ལ་འགར་ཚུལ་བཟང་། དེ་ནས་ཡམ་ཤུད་བློ་བཟང་མན་སྔར་བཞིན་ལས། དབུས་པ་སངས་འབུམ། གསེར་སྟེང་པ་ཆོས་འོད། གྲུ་མི་བསྐྱོད་རྡོ་རྗེ། མཁན་པོ་བསོད་འཕེལ། བདག་སྟོན་ཚུལ་རྒྱལ། བླ་མ་ངག་བཟང་། མཁན་ཆེན་བྱམས་སེང་། ས་བཟང་འཕགས་པ་གཞོན་བློ། ངོར་པ་ཀུན་དགའ་བཟང་པོ། དམར་རྒྱལ་མཚན་འོད་ཟེར། པཎ་ཆེན་བྱམས་པ་གླིང་པ། ཐུ་སྟོན་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན། རིག་འཛིན་གཏེར་བདག་གླིང་པ། ཡང་བརྒྱུད་ལུགས་གཅིག་ནི་བླ་མ་ཚུལ་རྒྱལ་བ་ཡན་ཆད་སྔར་ལྟར་ལས། དེ་ནས་བླ་ཆེན་བསོད་ནམས་དཔལ། འཇམ་ [22b] དབྱངས་ཀུན་དགའ་བློ་གྲོས། ནམ་མཁའ་ཚུལ་ཁྲིམས། རོང་པ་བློ་བཟང་། མཁྱེན་རབ་ཆོས་རྗེ། སཾ་གྷ་ཤྲཱི། ཚུལ་ཁྲིམས་འོད་ཟེར། བསོད་ནམས་དཔལ་འབྱོར། རིན་ཆེན་བཀྲ་ཤིས། ཚར་ཆེན་མན་སྔར་ལྟར། གཏེར་བདག་གླིང་པ་ནས། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། རྫེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །གཉིས་པ་གསུང་གི་རྒྱུད་ཟླ་གསང་ཐིག་ལེ། གསུམ་པ་ཐུགས་ཀྱི་རྒྱུད་གསང་བ་འདུས་པ། བཞི་པ་ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ལྔ་པ་ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་རྣམས་སྔར་ཆོག་ཁྲིགས་མ་བྱུང་བར་མངོན་ལ། སླད་ནས་རྒྱུད་ཀྱི་ཁོག་སྙིང་ཕྱུངས་ཏེ་སྒྲུབ་པ་ལག་ལེན་ཏུ་བསྡེབས་པའི་བཀའ་བབ་བྱུང་ན་འདིར་བཞུགས་པར་འཚལ་ལོ། །གཉིས་པ་རོལ་པའི་རྒྱུད་སྡེ་ལྔ་ལས། དང་པོ་སྐུ་གཤིན་རྗེ་རོལ་པའི་སྐོར་ལའང་ [23a] གཉིས་ཀྱི། དང་པོ་འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ཁ་ཐུན་གྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་དབང་ནི། སློབ་དཔོན་ཆེན་པོ་པདྨས་མཛད་པའི་དབང་ཆུ་དང་། ཁ་ཐུན་རྡོ་རྗེའི་དབང་ཆུ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ལ་ཀུན་མཁྱེན་རི་ཁྲོད་པ་ངག་དབང་གྲགས་པས་ཆོག་ཁྲིགས་ཟུར་འདེབས་སྦྱར་བའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་ནས། གཉིས་པ་ལུང་ལ་སྐོར་ཚོ་བཞི་སྟེ། རྒྱུད་གཞུང་གི་སྐོར། སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར། དངོས་གྲུབ་དབང་གི་སྐོར། དྲག་པོའི་ཕྲིན་ལས་ཀྱི་སྐོར་རོ། །དང་པོ་ལ། ཁ་ཐུན་གྱི་མན་ངག་རྒྱས་འབྲིང་བསྡུས་གསུམ་གྱི་ཆོས་ཐེམས་གནུབས་ཆེན་གྱིས་མཛད་པ། ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད་པ། ཡ་མ་རཱ་ཛ་ཁྲོས་པའི་རྒྱུད་ལེའུ་དགུ་པ། འཇམ་དཔལ་གཤིན་རྗེ་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་རྩ་བའི་འགྲེལ་པ། ཁ་ཐུན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་ངེས། ཁ་ཐུན་གྱི་གཞུང་གི་ས་བཅད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། གཤིན་རྗེ་གཤེད་ཀྱི་ལྟ་ [23b] སྒོམ་གྱི་གདམས་པ་སྒོམ་རིམ་གདམས་ངག་གི་སྤྱི་ཆིངས་བཅས་ནང་གསེས་ལེ་ཚན་བདུན་ནོ། །གཉིས་པ་སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར་ལ། གཤིན་རྗེ་ཁ་ཐུན་གྱི་ལས་བྱང་དོན་བརྒྱད་མ། མངོན་རྟོགས་སྒོམ་ཁོག། ཁ་ཐུན་གྱི་མཚམས་གཅོད། མཆོད་རྫས་བྱིན་རླབས། གཏུམ་ཆེན་གྱི་བསྟོད་པ། ཡ་མ་རཱ་ཛའི་བསྟོད་པ། རྟགས་ཀྱི་བསྟོད་པ། ཁ་ཐུན་གྱི་ཚོགས་ལས་ལྷག་ཆོག་དང་བཅས་པ། ཁ་ཐུན་རྡོ་རྗེའི་ལས་བྱང་ཁྲིགས་མ་ཡིད་བཞིན་ནོར་བུ་བཅས་ནང་གསེས་ལེ་ཚན་དགུའོ། །གསུམ་པ་དངོས་གྲུབ་དབང་གིས་སྐོར་ལ། རྩ་བའི་དབང་ཆོག་སློབ་དཔོན་པདྨས་མཛད་ནས་བ་སུ་དྷ་ར་ལ་གཏད་པ་གནུབས་ཀྱིས་བསྒྱུར་བ། དཀྱིལ་ཆོག་ཡིད་བཞིན་ནོར་བུ་ཞེས་པ་ངག་དབང་གྲགས་པས་མཛད་པ། དཀྱིལ་འཁོར་གྱི་རྣམ་དག་ངོ་སྤྲོད་བཅས་ནང་གསེས་ལེ་ཚན་གསུམ་མོ། །བཞི་པ་དྲག་པོའི་ཕྲིན་ལས་ཀྱི་སྐོར་ལ། གཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ། བདུད་བཞིའི་གནད་ཀྱི་འཁྲུལ་འཁོར་གྱི་མན་ངག། གཤིན་རྗེའི་བསྐུལ་འབུམ། འཆི་བདག་གི་སྨད་ལས་མནན་པའི་སྦྱོར་བ། འཆི་བདག་གི་ [24a] བསྐུལ་བ། ཁ་ཐུན་དྲག་པོའི་སྦྱིན་སྲེག། ཡ་མ་རཱ་ཛའི་ཐུགས་ཀྱི་མདའ་ཐུན། ཡ་མའི་མན་ངག་སྔགས་ཀྱི་བཟླ་ཐབས་ཟབ་གནད། ཡ་མའི་ལས་ཚོགས་ཐོར་བུ་བཅས་ནང་གསེས་ལེ་ཚན་དགུའོ། །དེ་ལྟར་གཞུང་པོད་དཀྱུས་སུ་བཞུགས་པ་དཔེ་ཚན་ཉེར་བརྒྱད་དང་། གཞན་ཡང་གཤིན་རྗེ་ཁ་ཐུན་གྱི་བརྒྱུད་འདེབས་རྗེ་གཞན་ཕན་མཐའ་ཡས་ཀྱི་གསུང་། གཤིན་རྗེ་ཁ་ཐུན་ནག་པོའི་སྒྲུབ་ཐབས་བཀླག་པས་དོན་འགྲུབ། དེའི་དཀྱིལ་ཆོག་བཅས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་གསུང་། ཁ་ཐུན་དབང་ཆུ་བཀའ་མ་སློབ་དཔོན་པདྨས་མཛད་པ། ཁ་ཐུན་རྡོ་རྗེའི་དབང་ཆུ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ལ་ཀུན་མཁྱེན་རི་ཁྲོད་པ་ངག་དབང་གྲགས་པ་ཆོག་ཁྲིགས་ཅན་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། བཀའི་བབས་སོ་འདྲེན་ཚུལ་གསུམ་ལས། དང་པོ་ནི། ཀུན་བཟང་། འཇམ་དཔལ་གཤིན་རྗེ། གསང་བའི་བདག་པོ། འཇམ་དཔལ་བཤེས་གཉེན། ཤཱིནྟཾ་གརྦྷ། པདྨ་སམྦྷ་ཝ། ནམ་མཁའི་སྙིང་པོ། སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། གཉིས་པ་ནི། འཇམ་དཔལ་བཤེས་གཉེན། ཧཱུྃ་ཀཱ་ར། པདྨ་འབྱུང་གནས། ཁྲག་འཐུང་ [24b] ནག་པོ། བ་སུ་དྷ་ར། གནུབས་ཆེན། ཁུ་ལུང་པའོ། །གསུམ་པ་ནི། འཇམ་དཔལ་བཤེས་གཉེན། རོམ་བུ་གུ་ཧྱ་དེ་བ་ཙནྡྲ། དྷ་ན་ཏ་ལ། ཁུ་ལུང་པའོ། །དེ་ནས་ཡེ་ཤེས་རྒྱ་མཚོ། མཆོག་གི་སྙིང་པོ། ཆོས་སྐྱོང་དབེན་རྩ། ཁྲོ་བོ་འབར། དྷརྨ་རཱ་ཛ། ལྷ་རྗེ་ཧཱུྃ་ཆེན། བཀྲ་ཤིས་དར། དར་མ་སེང་གེ། སེང་གེ་དར། དེ་གཉིས་ཀ་ལ། གནུབས་ནག་པོ་ཡེ་ཤེས་རྒྱ་མཚོ། དེས་འཛམ་གླིང་ནག་པོ་སངས་རྒྱས་རིན་ཆེན་ནོ། །ཡང་ན་ཡོན་ཏན་རྒྱ་མཚོ་ནས། སྲས་ཆུང་པདྨ་དབང་རྒྱལ། ཆེན་པོ་འཇམ་དཔལ། རྒྱལ་བློ་གྲོས་བཟང་པོ། ཐོད་པ་རྒྱ་ཕྲུག་གྲགས། རྩིས་ཉི་མ་གྲགས། ཞང་ཁྲོམ་སངས་རྒྱས་འབར། སྤུག་སྟོན་ཡེ་ཤེས་གྲགས། སོ་རྡོ་རྗེ་རྒྱལ་པོ། ལྕེ་སྨྲ་བའི་སེང་གེ། འཁྲུལ་ཞིག་རལ་གྲི། འཛམ་གླིང་ནག་པོ། ཡང་ན་ཡོན་ཏན་རྒྱ་མཚོ་ནས། སྲས་མཆོག་གི་སྙིང་པོ། དེ་སྲས་རྒྱ་གར་རྡོ་རྗེ། དཀོན་མཆོག་བརྩེགས། སྲས་ཇོ་ཚ་བ། ཇོ་ཐོག། ཇོ་བོ་དཔལ་འབར། ཇོ་བོ་དཀོན་མཆོག། ཇོ་བོ་འབུར་རེ། རིན་གཞོན། ཇོ་བོ་ཡེ་ཤེས་རྡོ་རྗེ། དེ་དང་གོང་གི་འཛམ་གླིང་ནག་པོ་གཉིས་ཀ་ལས། ཆོས་གྲགས་རྒྱ་མཚོ། དེ་ནས་ [25a] རྡོ་རྗེ་དཔལ་འབར། གྲགས་པ་རྒྱལ་མཚན། ཐར་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ། ནམ་མཁའ་ཐོག་ཐུག། རྡོ་རྗེ་སྟོབས་ལྡན། ཁྲོ་རྒྱལ་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། སྟོན་པ་དྷརྨ་དྷཱ་ཏུ། རིག་འཛིན་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། བསྟན་འཛིན་ཆོས་རྒྱལ། རིག་འཛིན་བཟང་པོ། དེ་གཉིས་ཀས་པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། མཁས་གྲུབ་པདྨ་བཛྲ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ། བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་རྒྱ་སྟོན་ནས། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། མི་འགྱུར་ནམ་མཁའི་རྡོ་རྗེ། པདྨ་དྲི་མེད་བཤེས་གཉེན། ལུང་རྟོགས་བསྟན་པའི་ཉི་མ་མན་འདྲ། ལུང་མཁན་ཆེན་པད་རྡོར་ནས། ཀུན་བཟང་ཆོས་གྲགས། འགྱུར་མེད་ཕན་ [25b] བདེའི་འོད་ཟེར། དེས་བདག་ལའོ། །གཉིས་པ་གནུབས་ཆེན་ཡབ་སྲས་ཀྱི་ཐུགས་དམ་གྱི་ལྷ་མཆོག་གཤིན་རྗེ་རུ་མཚོན་དམར་པོའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ཀྱི། དང་པོ་ནི། འཇམ་དཔལ་དམར་པོའི་དབང་མཛོད་དང་། དབང་གོང་མ་གསུམ་གྱི་རབ་དབྱེ་རྒྱབ་བརྟེན་དཀྱིལ་འཁོར་གྱི་ཆོ་གའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་རྫོགས་མཐའ་རྟེན་ཚེ་དབང་བཀའ་སྲུང་མ་རུ་ཙེའི་བཀའ་གཏད་སྙན་བརྒྱུད་མ་དང་བཅས་པ་ལེགས་པར་ཐོབ་ནས། གཉིས་པ་ལུང་ལ་སྐོར་ཚོ་དགུའི། དང་པོ་ལོ་རྒྱུས་ལ། གཤིན་རྗེ་དམར་པོ་བརྒྱུད་པའི་ལོ་རྒྱུས་རྔོག་པ་བསོད་ཤེས་ཀྱིས་མཛད་པ། གཉིས་པ་རྒྱུད་ཀྱི་སྐོར་ལ། སྲོག་བདག་སྤུ་གྲི་རེག་གཅོད་ཀྱི་རྒྱུད་ལེའུ་བཅུ་པ། བཤད་རྒྱུད་འཇིག་རྟེན་འདས་མདོ་ལེའུ་ཉེར་ལྔ་པ། ཤན་པ་ལས་རྒྱུད་སྤུ་གྲི་རེག་གཅོད་ལེའུ་དགུ་པ། མཱ་ར་ཡ་ཁྲག་སྐྱུག་གསང་བའི་རྒྱུད་ལེའུ་བདུན་པ་རྣམས། གསུམ་པ་སྒྲུབ་ཐབས་བསྐྱེད་རིམ་སྐོར་ལ། འཇམ་དཔལ་གཞོན་ནུ་རོལ་པའི་སྒོམ་བྱང་འཛམ་གླིང་ནག་པོས་སྦྱར་བ། སྒྲུབ་ཐབས་མཐོང་བ་དོན་ཡོད་ལྷ་རྗེ་གཟུངས་ཀྱི་དཔལ་བས་མཛད་པ། དམར་པོ་ [26a] ཕྱི་འགྱུར་གྱི་སྒྲུབ་བྱང་ངྷ་ན་ཏ་ལས་ཡོན་ཏན་རྒྱ་མཚོ་ལ་གཏད་པ། རྒྱུན་ཁྱེར་ཡི་དམ་ནར་མ་འགྲོ་མགོན་དར་མ་སེང་གེས་མཛད་པ། ཕྲིན་ལས་ཀྱི་སྒོམ་ཁོག་ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པ། སྒོམ་བྱང་ངག་ཏུ་བརྗོད་ཚུལ་རྔོག་སྟོན་མི་བསྐྱོད་རྡོ་རྗེས་མཛད་པ་རྣམས། བཞི་པ་སྒྲུབ་ཐབས་བསྐྱེད་རིམ་མངོན་སྤྱོད་ཀྱི་སྤྱི་ཁོག་རྣམ་བཤད་སྐོར་ལ། ལྷ་རྗེ་བཀྲ་ཤིས་དར་གྱིས་མཛད་པའི་སྙན་བརྒྱུད་རིན་ཆེན་ཕྲེང་བ། རྣམ་བཤད་ཉེར་མཁོ་བསྡུས་པ། རྔོག་སྟོན་བསོད་ཤེས་ཀྱིས་མཛད་པའི་མཱ་ར་ཡའི་རྣམ་བཤད་ཐེ་ཚོམ་བསལ་བའི་བརྗེད་བྱང་རྣམས། ལྔ་པ་ཟབ་མོ་རྫོགས་རིམ་གྱི་སྐོར་ལ། ཕྲ་མོ་ཀློང་དགུའི་འཆི་བྲོད་ཀྱི་མ་ཞེས་པ་ནང་གསེས་ཀྱི་དབྱེ་བས་དམར་པོ་ལྔའི་རྣལ་འབྱོར་ཆེན་པོའི་ལམ་རིམ་རིན་ཆེན་ཕྲེང་བ། ལུང་གྲངས་གསལ་བའི་སྒྲོན་མེ། སྐྱོན་ཡོངས་སུ་བསྟན་པའི་མན་ངག། དམར་པོ་འདའ་ཁའི་སྒོམ་ལུགས། སྐུ་གཟུགས་ལ་བརྟེན་ནས་འཚང་རྒྱ་བའི་གནད་ཀྱི་ཡི་གེ་མཐོང་བརྡོལ་བདུད་རྩིའི་ཐིགས་པ། ཐེ་ཚོམ་བཅད་པའི་ཡི་གེ། མན་ངག་འདུས་པ་གསུམ་ལུང་དང་མི་འགལབར་བསྟན་པ། ཞུས་ལན་ [26b] ལོ་རྒྱུས་ཀྱི་ཡི་གེ་ཉུང་ངུ་སྟེ་བརྒྱད་དོ། །ཕྲ་མོ་ཀློང་དགུའི་འགྲེལ་པ། ཕྲ་མོ་ཀློང་དགུའི་འདའ་ཁ་འཆི་བྲོད་ལ་ནང་གསེས་རླུང་ཐམས་ཅད་ཀྱི་ལག་ལེན་ཕྱི་མོ། ཐབས་ལམ་གྱི་གདམས་པ། འཕོ་བ་མ་བསྒོམས་སངས་རྒྱས། དམར་པོའི་གསང་དབང་གི་མན་ངག་རྣམས་སོ། །དྲུག་པ་དབང་དང་ཕྲིན་ལས་སྐོར་ལ། འཇམ་དཔལ་དམར་པོའི་དབང་མཛོད་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་བལ་མོ་བཟའ་ལ་གཏད་པ། དབང་གོང་མ་གསུམ་ཀ་རྡོ་རྗེ་ལྷུན་གྲུབ་རྩལ་གྱིས་རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པ། དཀྱིལ་འཁོར་གྱི་ཆོ་ག་བླ་མ་སངས་རྒྱས་ཀྱིས་མཛད་པ། དམར་པོའི་ལས་བྱང་རྒྱས་པ། ལས་བྱང་བསྡུས་པ་ངྷ་ན་ཏ་ལས་མཛད་པ། རིག་འཛིན་བསྐུལ། འཇམ་དཔལ་དམར་པོའི་བསྐུལ། འདི་གཞུང་པོད་དཀྱུས་སུ་མེད། མཆན། རུ་མཚོན་གསོལ་བའི་ཆོ་ག། ལས་བྱང་སྣང་སྲིད་རཀྟ་མ། ཉམས་ཆག་སྐོང་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འདིའང་མེད། མཆན། དེས་མཛད་པའི་མདོས་ཆོག། དེའི་སོགས་ཡིག་དང་བཅས་པ། རྒྱལ་བ་གཡུང་གིས་མཛད་པའི་སྦྱིན་སྲེག་གནམ་ལྕགས་ངུར་མོ་རྣམས། བདུན་པ་དྲག་པོ་མངོན་སྤྱོད་ཀྱི་སྐོར་ལ། འཇམ་དཔལ་གཤིན་རྗེའི་འཁྲུལ་འཁོར་ལས་འཐོར་བ་ [27a] བསྡུས་པ་སྤུ་གྲིའི་སོ་རུ་མཚོན་དམར་པོ་འཛམ་གླིང་ནག་པོས་མཛད་པ། རི་མཚོན་དམར་པོའི་སྒྲུབ་ཐབས་ལེ་ཚན་གཅིག་ཏུ་བསྡེབས་པ་ཞལ་གདམས་ཀྱི་རིམ་པ་ནས། ལྷ་རྗེ་སེང་གེ་རྒྱལ་གྱིས་ལྷ་རྗེ་ཆོས་དབང་ལ་གཏད་པའི་བར་རྣམས། བརྒྱད་པ་ལས་སྣ་ཚོགས་པའི་སྐོར་ལ། བདུད་རྩིའི་ཚེ་དབང་ཞེས་པ་མ་རུ་ཙེའི་ཚེ་སྒྲུབ། ལྕོག་བརྡུང་སྔགས་ཀྱི་བཟླ་ལུགས། བསད་སྔགས། སྔགས་ཀྱི་པྲ་ཁྲིད། དམར་པོ་རྟགས་ཡིག་ལུགས་གཉིས་རྣམས། དགུ་པ་བསྟན་སྲུང་སྐོར་ལ། དམར་པོ་ཕྱི་ལྟར་དུ་སྒྲུབ་པའི་ལས་བྱང་དགྲ་བགེགས་སྲོག་འཕྲོག། དམར་པོ་གནོད་སྦྱིན་བརྒྱད་གིང་བཞི་བཀའ་ཉན་འཁོར་བཅས་ཀྱི་རྒྱུན་གཏོར། མ་རུ་ཙེ་ཕྱི་ཆོས་སྐྱོང་གིང་ལྟར་སྒྲུབ་པའི་བསྐང་བཤགས། མ་རུ་ཙེ་གྱད་ཆེན་ལས་སྣ་ཚོགས་པ་ངན་སྔགས་གབ་པའི་མཐའ་ཅན། གཤིན་རྗེ་དམར་ནག་གི་རྩ་བ་རྒྱ་གཞུང་གཟའ་རྒྱུ་ཐབས་དང་བཅས་པ། དམར་ནག་ཐུན་མོང་གི་བདེན་སྟོབས་སྨྲས་པ་དོན་གྲུབ་རྣམས་སོ། །དེ་ལྟར་གཞུང་པོད་དཀྱུས་སུ་བཞུགས་པ་དཔེ་ཚན་ཞེ་གཅིག་དང་། གཞན་ཡང་གཤེད་དམར་བརྒྱུད་འདེབས་གཞན་ཕན་པས་མཛད་པ། གཤིན་རྗེ་ [27b] གཤེད་དམར་པོའི་ལས་བྱང་བདུད་དཔུང་མཐར་བྱེད་གཏེར་ཆེན་གསུང་། དེའི་དཀྱོལ་ཆོག་དངོས་གྲུབ་ལེན་པ་བཅས་རྒྱལ་སྲས་རིན་རྣམ་གསུང་། ཕྲིན་ལས་རྡོ་རྗེ་རྩེ་བརྒྱ་པ་ལོག་རྟོག་བདུད་དཔུང་ཕམ་བྱེད་དབང་ཆོག་དང་བཅས་པ་མཁན་ཆེན་ཨོ་ཌི་ཡ་ནའི་གསུང་། རྒྱུན་ཁྱེར་གོང་གསུང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་ཉུང་གསལ་སྙིང་པོ་གོང་གསུང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ལ་བབས་ལུགས་གསུམ་ལས། དང་པོ་ནི། འཇམ་དཔལ་མ་རུ་ཙེ། གསང་བའི་བདག་པོ། མཁའ་འགྲོ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་ཉེན། སངས་རྒྱསཡེ་ཤེས། ཡོན་ཏན་རྒྱ་མཚོ་སྟེ་སྔ་འགྱུར་གྱི་བཀའ་བབས་སོ། །གཉིས་པ་ལ་ཡང་གཉིས་ཀྱི། དང་པོ། འཇམདཔལ་བཤེས་གཉེན། ཨོ་རྒྱན་པདྨ། དྷ་ན་ཏ་ལ། ཁུ་ལུང་པ། གཉིས་པ་ནི། པདྨ་འབྱུང་གནས། བལ་མོ་བཟའ་གསེར་ཕྲེང་། གནུབས་ཆེན། ཁུ་ལུང་པ་སྟེ་བར་འགྱུར་གྱི་བཀའ་བབས་སོ། །གསུམ་པ་ནི། འཇམ་དཔལ་བཤེས་གཉེན། དྷ་ན་ཏ་ལ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོའོ། །དེ་ནས་བཀའ་བབས་གསུམ་ཀ་དྲིལ་བ་ཡོན་ཏན་རྒྱ་མཚོ་ནས། སྲས་པདྨ་ [28a] དབང་རྒྱལ། ཆེན་པོ་འཇམ་དཔལ། ཇོ་མོ་སོ་རྒད་གཟའ་རྒན་ནེ་མ། གནུབས་ཆུང་ཡེ་ཤེས་གཟུངས། དེ་ནས་གཉིས་སུ་གྱེས་པའི་སྲས་བརྒྱུད་ནི། གནུབས་དར་རྗེ། གནུབས་དབང་གཞོན། གནུབས་ཆོས་སེང་། གནུབས་བཀྲ་ཤིས་དར། གནུབས་དར་མ་སེང་གེ གནུབས་སེང་གེ་དར། གནུབས་ཡེ་ཤེས་རྒྱ་མཚོ། གླན་སྟོན་འཇམ་དཔལ་སེང་གེ། གནུབས་ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། རྡོ་རྗེ་དཔལ་བཟང་། ལང་གྲོ་བསོད་ནམས་དབང་རྒྱལ། རྔོག་རྡོ་རྗེ་རྒྱལ་པོ། རྒྱལ་སྲས་མཐུ་ཆེན་ཉི་མ། རྔོག་དབོན་ཀརྨ་ཕྲིན་ལས། ཀུན་དགའ་བསྟན་འཛིན་རྡོ་རྗེ། ཉིན་ཕུག་པ་རྡོ་རྗེ་ཚེ་རབ། ལྕགས་གཏུན་པ་མཐུ་ཆེན་རྣམ་རྒྱལ་བཟང་བོ། རིག་འཛིན་གཏེར་བདག་གླིང་པ། གཉིས་པ་སློབ་བརྒྱུད་ནི། གནུབས་ཆུང་ནས། རྨ་བན་ཆོས་འབར། ཙེའུ་རས་པ། རས་པ་དབུ་ཡུ་བ། རྭ་རྡོ་རྗེ་གྲགས། གནུབས་དར་མ་སེང་གེ་མན་སྔར་བཞིན་ནོ། །ཡང་ན་ལྕགས་གཏུན་པ། རྒྱ་སྟོན་པ། རིག་འཛིན་གཏེར་བདག་གླིང་པའོ། །དེ་ནས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་ [28b] འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་ཆེན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། སྤྲུལ་སྐུ་འཇིགས་མེད་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ལུང་བརྒྱུད་མཁན་པད་རྡོར་ནས། ཀུན་བཟང་ཆོས་ཀྱི་གྲགས་པ། དེས་བདག་གི་བླ་མ་ལའོ། །བཅོམ་ལྡན་འདས་གཤིན་རྗེ་ནག་པོ་གདོང་དྲུག་པ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་ཆོས་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། འཇམ་མགོན་པདྨ་གར་དབང་གིས་མཛད་པའི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དང་བཅས་པ་ལེགས་པར་ནོས་ནས། གཉིས་པ་ལུང་ལ་སྐོར་ཚོ་ལྔ་སྟེ། རྩ་བ་གཞུང་འགྲེལ་གྱི་སྐོར། སྨིན་བྱེད་དབང་གི་སྐོར། སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར། ལས་སྣ་ཚོགས་པའི་སྐོར། བསྟན་སྲུང་དྲེགས་པའི་སྐོར་རོ། ། [29a] དང་པོ་ནི། འཇམ་དཔལ་རྩ་བའི་སྒྲུབ་ཐབས་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དེའི་ཡིག་སྣ་རྣམ་བཤད་རྩེ་ཕྲོམ་གྱིས་མཛད་པ། རྩ་བའི་བསྡུས་དོན་ཉང་ཤེར་འབྱུང་གིས་མཛད་པ། འགྲེལ་པ་ཁ་སྐོང་དུ་གྲགས་པ་དམ་པས་མཛད་པ་རྣམས་སོ། །གཉིས་པ་ནི། འཇམ་དཔལ་གྱི་དབང་དོན་བསྡུས་པ་གུ་རུ་པདྨས་མཛད་པ། འཇམ་དཔལ་ཐུགས་ཀྱི་སྒྲུབ་པའི་ཕྱི་དབང་གི་ཆོ་ག། དྲག་པོ་སྒྲོལ་དབང་གི་ཆོ་ག། ནང་དབང་གི་ཆོ་ག། གསང་བ་ཟབ་མོའི་དབང་གི་ཆོ་ག། དེ་ཁོ་ན་ཉིད་ཀྱི་དབང་གི་ཆོ་ག། རྡོ་རྗེ་རྒྱལ་པོའི་དབང་གི་ཆོ་ག་རྣམས་སོ། །གསུམ་པ་ནི། ཕྲིན་ལས་ཀྱི་སྔོན་འགྲོ་རྣམ་གཉིས། ཐུགས་སྒྲུབ་ཀྱི་ལས་བྱང་། ལས་བྱང་རྒྱས་པའི་ཁ་སྐོང་། ཚོགས་མཆོད། བཤགས་པ། ལྷག་མཆོད། སྒོམ་ལུང་། གཏོར་མའི་ཐོ་ཡིག་འཛབ་བསྟོད་དང་བཅས་པ། ཐུགས་སྒྲུབ་ཀྱི་མངོན་རྟོགས་ཆེན་མོ། འཇམ་དཔལ་བསྐྱེད་རྫོགས་ཀྱི་མན་ངག། འཇམ་དཔལ་གྱི་སྔགས་གྲུབ། མཚམས་གཅོད། ཡི་གེ་བཅུ་བདུན་པའི་འཛབ་བསྐུལ། [29b] འཇམ་དཔལ་གྱི་མཆོད་འབུལ། ཨ་ཀྲོའི་སྔགས་བསྡུ་སྒོམ་ཁོག་བསྡུས་པ། རྟགས་ཡིག། ཡ་མའི་ཚེ་སྒྲུབ། ཡ་མའི་ཚེ་ལུང་ལྔ་པ་རྣམས་སོ། །བཞི་པ་ནི། དམིགས་བྱ་དགུག་ཐབས། ལིང་ག་བཅའ་ཐབས། ལུང་སྤྱིའི་གཟེར། ཁྱད་པར་གྱི་གཟེར་བཞི། སྔགས་ཀྱི་དབལ་བཟློག། སྦྱིན་སྲེག། ཟོར་ལས། དྲང་སྲོང་གི་དམོད་པ། ཁྲག་ཟོར་མདེ་ཐུང་། སྡེ་བརྒྱད་དྲག་སྔགས་མནན་པ་རྣམས་སོ། །ལྔ་པ་ནི། དུར་ཁྲོད་མ་གསུམ་གྱི་སྒྲུབ་ཐབས་བསྐུལ་དང་བཅས་པ། གཉེན་པོའི་ངར་དབང་དྲེགས་པའི་སྒོས་དབང་དང་བཅས་པ། མོན་པ་ཕོ་མོ་བལ་མོ་དང་བཅས་པའི་བསྐུལ། མ་གསུམ་གྱི་སྒྲུབ་ཐབས། མདོས་ཆུང་། ལྷ་མོའི་གནད་དབབ། ཕོ་ཉ་ལྕགས་སྤྱང་མའི་སྒྲུབ་ཐབས། བསེའི་ལྷ་མོ་མཆེད་བཞིའི་སྒྲུབ་ཐབས། དྲག་སྔགས་པི་ནུའི་སྒྲུབ་ཐབས། ལས་ཀྱི་སྦྱོར་ཁ་ཅན། བསྐང་བ། རྫས་སྔགས་དེ་ཁོ་ན་ཉིད་ཀྱི་སྲུང་བ་དང་བཅས་པ། སྔགས་བྱང་སྔགས་སྡེབས་དང་བཅས་པ། དམ་ཅན་མ་མོའི་ཕྲིན་ལས་བསྐུལ་བྱང་དང་བཅས་པ་རྣམས་དང་། གཞུང་རྩ་བ་འདི་དག་ད་ལྟའི་དཔེ་རྒྱུན་ཁོངས་སུ་མེད། མཆན། གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་ [30a] སྒྲུབ་པའི་ལས་བྱང་རྡོ་རྗེའི་མཚོན་རྣོན། དེའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རྣམ་པར་རོལ་པ། གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་བཅས་འཇམ་མགོན་པདྨ་གར་དབང་གི་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། འཇམ་དཔལ་གཤིན་རྗེ་གཤེད། གསང་བའི་བདག་པོ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བཻ་རོ་ཙ་ན། གཉགས་ལོ། སོག་པོ་དཔལ་ཡེ། གནུབས་ཆེན། གཡས་བན་མ་བོན། བཛྲ་གརྦྷ། ཉང་རི་ཁྲོད་པ། དམ་པ་ཡ་སེ། རྡོ་རྗེ་བདེ་ཆེན། ནམ་མཁའི་རྡོ་རྗེ། ཤེས་རབ་འབར། དངོས་གྲུབ་འབར། བཤེས་གཉེན་པ། བཛྲ་ཤྭ་རཿ ཤེས་རབ་རྡོ་རྗེ། མཁས་བཙུན་སངས་རྒྱས། མདོ་སྡེ་པ། ཀ་བཞི་པ། རྣམ་རྒྱལ་བཟང་པོ། ཆོས་རྒྱལ་བཤེས་གཉེན། ནམ་མཁའི་དཔལ་ལྡན། ནམ་མཁའ་གྲགས། ཆོས་རྒྱལ་དཔལ་བཟང་། ཀུན་བཟང་པ། ངག་དབང་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། དཔལ་ལྡན་བཀྲ་ཤིས། སེ་སྟོན་ལེགས་གྲུབ་ཚེ་རིང་། སྟོན་པ་དྷརྨ་དྷཱ་ཏུ། རིག་འཛིན་ [30b] གཏེར་བདག་གླིང་པ། ཡང་ན་པདྨ་འབྱུང་གནས་ནས། བ་སུ་དྷ་ར། གནུབས་ཆེན་མན་འདྲའོ། །ཡང་ན་གནུབས་ཆེན་ནས། ཡོན་ཏན་རྒྱ་མཚོ། པདྨ་དབང་རྒྱལ། ཆེན་པོ་འཇམ་དཔལ། ཇོ་མོ་སོ་རྒད་བཟའ། ཡེ་ཤེས་གཟུངས། ཞང་བཙུན་འཁོར་ལོ་འབར། ཞང་རིག་འཛིན། ཞང་རྒྱལ་མཚན། གཉན་ལྕགས་སྤྱིལ་བ། དཀོན་མཆོག་བཟང་པོ། བསམ་གྲུབ་རྡོ་རྗེ། རྣམ་རྒྱལ་བཟང་པོ་མན་སྔར་བཞིན། གཏེར་ཆེན་ནས། པདྨ་འགྱུར་མེད་རྒྱ་མཚོ། དྲིན་ཆེན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་ཌི་ཡ་ན། བསྟན་འཛིན་ཆོས་རྒྱལ། རིག་འཛིན་བཟང་པོ། དེ་གཉིས་ཀས་མཁན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁས་གྲུབ་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ། བསྟན་འཛིན་ནོར་བུ། རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན། གཏེར་ཆེན་རིན་པོ་ཆེ། རྒྱལ་སྲས་རིན་རྣམ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། མི་འགྱུར་ [31a] ནམ་མཁའི་རྡོ་རྗེ། པདྨ་དྲི་མེད་བཤེསགཉེན། ལུང་རྟོགས་བསྟན་པའི་ཉི་མ་མན་གོང་བཞིན་ནོ། །གཉིས་པ་གསུང་རྟ་མཆོག་རོལ་པའི་སྐོར་ལ། རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་ཙམ་མོ། །གསུམ་པ་ཐུགས་ཧེ་རུ་ཀ་རོལ་པ་དཔལ་ཡང་དག་ཐུགས་ཀྱི་སྒྲུབ་པ་ཆེན་པོའི་སྐོར་ཐོབ་པ་ལ། དབང་ལུང་གཉིས་ལས། དབང་ནི་མར་མེ་གཅིག་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་ཕྱི་ནང་གསང་བ་ཟབ་མོའི་དབང་དང་བཅས་པ་ལེགས་པར་ནོས་ནས། ལུང་ལ། ཧཱུྃ་ཀཱ་རའི་ཡང་དག་སྒྲུབ་པ་རྩ་བ། ཡང་དག་ཞི་བ་ཞལ་གསུམ་པའི་སྒྲུབས་ཐབས་པདྨས་མཛད་པ་ཚོགས་ལས་ལྷག་མཆོད་དང་བཅས་པ། མར་མེ་གཅིག་པའི་སྒྲུབ་ཐབས་ལས་བྱང་ཡིག་རྙིང་། སེ་རིན་ཆེན་རྒྱན་མཚན་གྱིས་མཛད་པའི་ལས་བྱང་། མེ་གཅིག་མའི་དབང་བྱང་སེ་ཟ་ལུང་པའི་ཕྱག་བཞེས་མ། དཔལ་ཡང་དག་གི་བཤགས་པའི་བྱང་བུ། ལུང་བདུན་ཚིགས་བཅད་སེ་སྟོན་གྱིས་མཛད་པ། དེས་མཛད་པའི་བླ་བརྒྱུད་གསོལ་འདེབས། རིག་འཛིན་བསྐུལ། ཡང་དག་གི་ཚེ་དབང་ཚེ་ [31b] སྒྲུབ་དང་བཅས་པ། གཞུང་རྩ་བ་འདི་རྣམས་ད་ལྟའི་དཔེ་རྒྱུན་ཁོངས་སུ་མ་བཞུགས། ཡང་དག་གི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་ཀྱི་གསུང་། དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ། དེའི་དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ། དཔལ་ཆེན་ཡང་དག་ལྷ་དགུའི་དབང་ཆོག་བདེ་ཆེན་འཇུག་ངོགས་བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་། ཡང་དག་ཚོམ་བུ་ཚོགས་སྒྲུབ་ཀྱི་པྲ་ཁྲིད་ལག་ལེན་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཀུན་བཟང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། བལ་པོ་ཧཱུྃ་ཀཱ་ར། པདྨ་འབྱུང་གནས། ནམ་མཁའི་སྙིང་པོ། གཉགས་ཛྙཱ་ན། སོག་པོ་དཔལ་ཡེ། གནུབས་ཆེན། སོ་ཡེ་དབང་། སོ་ཀལྤོ། དབང་གི་གཙུག་ཏོར། སོ་རྒྱལ་པོ། སོ་ཆོས་སེང་། སོ་རཱ་ཛ་འབར། སོ་ཆོས་ཡེ། ལྷ་རྗེ་བསྟན་པ། རྒྱལ་ཚ་མགོན་པོ། གཉགས་པདྨ་རྒྱལ་མཚན། བདེ་གཤེགས་པད་འབྱུང་། རཏྣ་ཤྲཱི། ཆོས་མཆོག། ཆོས་ [32a] ལྡན། གསང་བདག། སེ་སྟོན་དཔལ་འབུམ། སེ་མགོན་པོ་བཟང་པོ། སེ་རིན་རྒྱན། སྤྱན་ཚབ་པ། སེ་ངག་དབང་རྡོ་རྗེ། དཔལ་གྱི་མཚན་ཅན། སེ་ལེགས་གྲུབ་ཚེ་རིང་། སྟོན་པ་རྡོ་རྗེ་ཆོས་དབྱིངས། རིག་འཛིན་གཏེར་བདག་གླིང་པ། ཡང་ན་སོག་པོ་དཔལ་ཡེ་ནས། དར་རྗེ་དཔལ་གྲགས། ཉང་རི་ཁྲོད་པ། དམ་པ་ཡ་སེ། རྡོ་རྗེ་བདེ་ཆེན། ཤེས་རབ་འབར། གྲ་དམར་བ་ཁུ་དབོན། ཤེས་རབ་རྒྱལ་མཚན། རྡོ་རྗེ་སེང་གེ། སྒྲོལ་ཆེན་བསམ་རྡོར། སངས་རིན། ཆོས་གྲགས་དཔལ། ནམ་མཁའི་རྣལ་འབྱོར། སེ་རིན་རྒྱན་མན་སྔར་ལྟར་ལ། གཏེར་ཆེན་ནས། པདྨ་འགྱུར་མེད་རྒྱ་མཚོ། རྗེ་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །བཞི་པ་ཡོན་ཏན་བདུད་རྩི་རོལ་པའི་སྐོར་གྱི་རྒྱུད་དོན་ལག་ལེན་དུ་བསྡེབས་པ་ནི། གསང་ཆེན་མཆོག་གི་མྱུར་ལམ་ཙམ་སྟེ་ལོགས་སུ་གསལ་ལོ། །[32b] ལྔ་པ་ཕུར་པ་ཕྲིན་ལས་རོལ་པའི་སྐོར་ལ་གཉིས་ལས། དང་པོ་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་ཀྱི་རིམ་པ་བཀའ་སྲོལ་ཀུན་ལས་ཁྱད་པར་དུ་གྱུར་པ་རོང་ལུགས་སུ་གྲགས་པའི་སྐོར་ཐོབ་པ་ལ། དབང་ལུང་གཉིས་ལས། དང་པོ་དབང་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་དབང་བཞི་དྲག་པོ་སྒྲོལ་དབང་མཐའ་རྟེན་ཚེ་དབང་དང་བཅས་པ་ཇོ་བོ་ལང་ལབ་ཀྱི་དབང་ཆོག་བཞིན་ལེགས་པར་ནོས་ནས། གཉིས་པ་ལུང་ལ། བླ་མ་བློ་གྲོས་བཟང་པོས་མཛད་པའི་ཆོས་འབྱུང་ངོ་མཚར་རྒྱལ་མཚོའི་རྦ་རླབས། ལས་བྱང་ཆོག་ཁྲིགས་དངོས་གྲུབ་རྒྱ་མཚོ། རྡོ་རྗེ་ཕུར་པ་གཞུང་ཕྱོགས་གཅིག་གི་བཀོལ་བྱང་། རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཐོ་བྱང་། འཛབ་དགོངས། འཛབ་དབྱངས། འདི་དཔེ་མེད། མཆན། ཕུར་པའི་ཚེ་ཆོག་ཨོ་རྒྱན་གྱིས་ཇོ་མོ་ལ་གདམས་པ། ཕུར་པ་རྫས་ཀྱི་མན་ངག ། འདི་གཉིས་ཀྱང་མེད། མཆན། འཛབ་སྐོངས། གབ་པའི་སྔགས་དྲུག་གི་ཁོག་སྡེབས། དགྲ་འཛབ་ཀྱི་དགོངས་པ། ཕུར་སྐོར། ཕུར་པ་རྩ་བའི་སྨད་ཐོའི་ལག་ལེན། དྲག་པོའི་སྔགས་བྱང་། འཛབ་བཤགས། ཕུར་པ་སྨད་ལས་ཀྱི་སྙན་བརྒྱུད་གུ་རུས་རྒྱལ་པོ་ལ་གདམས་པ། སྨད་ལས་ཀྱི་རིམ་པ་སྣ་ནམ་བདུད་འཇོམས་ལུགས། སྨད་ལས་ཀྱི་རིམ་པ་རོང་ཟོམ་གྱིས་མཛད་པ། སྦས་པའི་ [33a] ཚིག་དྲུག་གི་མན་ངག་གསང་མཛོད། གབ་པའི་སྔགས་དགུའི་གསལ་བྱེད་མི་འདྲ་བ་གཉིས། གདབ་ལས་ཀྱི་མདེ་ཁ་གསལ་བྱེད། དྲག་པོའི་མན་ངག་ཁོག་སྡེབས། ཕུར་པ་དོན་བསྡུས། ཕུར་ནག་ཚིག་ཆོད། ཕུར་པའི་གཟུ་དཔང་། ཕུར་པའི་སྦྱིན་སྲེག། ཕུར་པའི་བསྟབ་པ། ཕུར་པའི་གཏོར་ཆོག། ཡི་དམ་ནར་མའི་རིམ་པ། ཕུར་པའི་མནན་པ། གར་བྲོ། ཁྲག་ཐུན་གྱིས་བསད་པ། དབང་བཞི་ཡོངས་རྫོགས་སྒྲོལ་དབང་དང་བཅས་པ་ཇོ་བོ་ལང་ལབ་ལུགས། ཚོགས་མཆོད། ། འདི་གཉིས་ཀྱང་མེད། མཆན། ཚོགས་བསྐང། སྤྱི་ཐབས་བསྡུས་པའི་མན་ངག་སྒྲ་བཞིའི་བཤད་པ། རྩ་དུམ་གྱི་མན་ངག་ལང་ལབ་ཀྱིས་སྣ་ནམ་ཤེར་ཚུལ་ལ་བསྟན་པ་རྣམས། ཇོ་མོ་ལུགས་ཀྱི་ཆོས་སྡེ་ལ། ཚེའི་དབང་བསྐུར། མར་མེ་སྨོན་ལམ། ཕུར་བུ་ལུང་སྡེ་བཞིའི་ལས་ཀྱི་བསྐོས་གདབ། སྒོམ་བྱང་གནད་ཡིག། སྲིའུ་གསོ་བ། གཞི་བསྟོད་གུད་དུ་ཕྱུང་བ། ལས་བྱང་གི་རྩ་བ་མངོན་རྟོགས་ལས་ཀྱི་ཐོ་བྱང་ཞེས་པ་གུ་རུ་པདྨས་མཛད་པ། ཕུར་བུ་དོན་གྱིུ་མན་ངག། རྦོད་གཏོང་བཟློག་པ། གཟུ་དཔང་། བསྟབ་པ། བསེའི་ལྷ་མོ་བཞིའི་སྒྲུབ་ཐབས་སྲོག་ཏིག་དམར་ནག་བཅས་བཞུགས་ཀྱང་འདིར་དེར་གཏོགས་ཆོས་ཚན་གཉིས་ཙམ་ལས་མི་སྣང་བ་ [33b] དེ་དང་། གཞན་ཡང་དཔེ་རྒྱུན་ཡོད་པ་འདི་ལྟ་སྟེ། རིག་འཛིན་བསྐུལ་རྒྱས་པ། གཞི་བསྟོད་གུད་དུ་ཕྱུང་བ། རྡོ་རྗེ་ཕུར་པའི་བཀའ་སྲུང་དང་བཅས་པའི་བསྐུལ་བྱང་། རྡོ་གཏོར་དང་ཟློག་པ་སྤུ་གྲིའི་འཁོར་ལོ། བསྭེའི་ལྷ་མོ་བཞིའི་སྒྲུབ་ཐབས་སྲོག་ཏིག་ཟབ་པ་དམར་ནག། ངན་སྔགས་དྲུག་གི་འཁོར་ལོ་སྲོག་གི་སྤུ་གྲི། ཕུར་པའི་བཀའ་སྲུང་། ལས་ཚོགས་གཏོར་ཟློག་ལ་བརྟེན་པའི་མདེ་ཁ་བཅུ་གཉིས་པ་བཅས་བཞུགས། གོང་གི་རོང་ལུགས་ཆོས་འབྱུང་དང་། ལས་བྱང་དངོས་གྲུབ་རྒྱ་མཚོ། དབང་ཆོག་རྣམས་ནི་ལུགས་གཉིས་ཀ་ལ་འཇུག་གོ། །དེ་དག་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། བྲམ་ཟེ་མིའི་ཐོད་པ་ཅན། ལས་ཀྱི་དབང་མོ་ཆེ། པྲ་བྷ་ཧསྟི། ལྕམ་ཨུ་པ་དཱ་ན། ཨོ་རྒྱན་པདྨ་འབྱུང་གནས། རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག །ཨ་ཙརྻ་དཔལ་གྱི་མེ་ཏོག། སྒྲོ་གཙུག་ཏོར་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། དཔལ་གྱི་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་ཟོམ་ཆོས་བཟང་། དེ་ནས་སྲས་སློབ་གཉིས་ལས་སྲས་བརྒྱུད་ནི། སྲས་གཟི་བརྗིད་འབར། སྟོན་དར། སྟོན་སེང་། ཇོ་སྲས། ར་སྤེ། སྲས་འབུམ་དཔལ། རོང་པ་ཀུན་དགའ། མེ་དཔུང་། ཆོས་བཞད། སློབ་ [34a] དཔོན་གསེར་འོད། འོད་ཟེར་འབུམ། འབུམ་རྒོད། བྱམས་ཆོས་དར་མ་བརྟན། སྲ་བརྟན་རྡོ་རྗེ། བསོད་ནམས་ཤེས་རབ། ཐོད་བན་སེང་གེ་དཔལ། དགེ་འདུན་རིན་ཆེན། དགེ་འདུན་རྒྱལ་མཚན། རྡོ་རྗེ་སེང་གེ། བློ་གྲོས་བཟང་པོ། པ་ར་ཧི་ཏ། བཛྲ་ཤཱི་ལ། གསང་བདག་ཕྲིན་ལས་ལྷུན་གྲུབ། དེ་གཉིས་ཀ་ལས་རིག་འཛིན་གཏེར་བདག་གླིང་པའོ། །ཉེ་བརྒྱུད་ནི། གུ་རུ་པདྨ་ནས། རོང་བོན་རིན་ཆེན་ཚུལ་ཁྲིམས། དེ་མན་སྔར་ལྟར་རོ། །སློབ་བརྒྱུད་ནི། རོང་ཟོམ་ནས། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག། ཡོལ་ལྕགས་རྒྱ་སྟོན་སྟོང་འབར། །རྣལ་འབྱོར་གཞུང་པ། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་ཉི་འབུམ། དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆོས་རྒྱལ། མཁན་པོ་རྒྱལ་མཆོག་པ། གུ་གེ་པཎ་ཆེན་པ། གྲུབ་ཆེན་དཔལ་འབྱོར་བ། ལོ་ཆེན་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། རྡོ་རྗེ་སེང་གེ་མན་སྔར་བཞིན། ཡང་ལུགས་གཅིག་ལ། རོང་ཟོམ་ནས། གུ་རུ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ཡོལ་དགེ་བསྙེན་པ། གཉན་སྟོན་ལྷུན་པོ། འོ་ལ་ཇོ་སྲས། ཐོད་བན་སེང་གེ་དཔལ། གཉལ་པ་ཇོ་སྲས། ཇོ་སྲས་ཉི་མ། ཁ་རག་བོན་ [34b] ཕྲུག་པ་ནམ་མཁའ་དཔལ། སྟོན་པ་ཉི་ཁྲི་དཔལ། གཞོན་ནུ་རྒྱལ་པོ། འཇད་པ་སྟོན་སྐྱབས། གཉལ་པ་ཇོ་འབུམ། སྔགས་འཆང་ཆོས་དཔལ། ལེགས་པ་རྒྱ་མཚོ། རིན་ཆེན་ལྷུན་པོ། རིན་ཆེན་རྒྱལ་མཆོག། ལྷུན་གྲུབ་བཟང་པོ། རྡོ་རྗེ་སེང་གེ་མན་སྔར་ལྟར། ཇོ་ལུགས་ཀྱི་དབང་ལུང་གི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ཡན་གོང་ལྟར་ལས། དེ་ནས་ཇོ་མོ་མཚོ་རྒྱལ། མི་ནུབ་རྒྱལ་བའི་སྙིང་པོ། ལོ་དཔལ་གྱི་བློ་གྲོས། ངམ་འབྲེ་ཀླུའི་རྒྱལ་མཚན། དེ་སྲས་དམ་འབྲེ་ས་ལེའམ་ཤེས་རབ་དབང་ཕྱུག། ལང་ལབ་བྱབ་ཆུབ་རྡོ་རྗེ། ཉང་ནག་དབང་གི་ཤེས་རབ། སྲས་ཤཱཀྱ་རྒྱལ་མཚན། ལྷན་གྱི་སློབ་དཔོན་དྲག་པོ། སེ་སྟོན་ཁྲི་རྒྱལ། ལྷ་རྗེ་ཕུར་སྟོན་རིང་པོ། གཉོས་སྟོན་ཉི་མ་རྡོ་རྗེ། རྒྱལ་སྟོན་ནམ་མཁའ་རྒྱལ་པོ། སྲས་ཆུང་ཉི་མ་རྒྱལ་མཚན། ཉང་བན་ཤུ་མངས་ལུང་པ་ཆེན་པོ། འཛམ་གླིང་པཎྜི་ཏ་ནག་པོ། ཤངས་རྡོ་རྗེ་གླིང་པ་བླ་ཆེན་རྡོ་རྗེ་རིན་པོ་ཆེ། ཆུ་དབར་ཉི་ཕུག་པ་ཆེན་པོ། ཉ་རི་བན་གྲོང་པ་སྟོན་པ་གསང་སྔགས་རྡོ་རྗེ། [35a] བླ་མ་རྡོ་རྗེ་སེང་གེ། བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཚུལ་ཁྲིམས་རྡོ་རྗེ། གསང་བདག་ཕྲིན་ལས་ལྷུན་གྲུབ། དེ་གཉིས་ཀས་རིག་འཛིན་གཏེར་བདག་གླིང་པ་སྟེ། ཁོ་བོ་ཅག་མ་གཏོགས་ཞལ་གཟིགས་བརྒྱུད་པའོ་གསུངས། གཏེར་ཆེན་ནས། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། རིག་འཛིན་དཔལ་འབྱོར་རྒྱ་མཚོ། རྗེ་རིག་འཛིན་བཟང་པོ། མཁན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན་ཁྲི་ཕྲིན་ལས་རྣམ་རྒྱལ་ནས། པདྨ་དབང་རྒྱལ། མི་འགྱུར་ནམ་མཁའི་རྡོ་རྗེ། པདྨ་བཛྲ་མན་འདྲ། ལུང་བརྒྱུད་ནི། པདྨ་བཛྲ་ནས། ཀུན་བཟང་ཆོས་གྲགས། རྗེ་ཕན་བདེའི་འོད་ཟེར། དེས་བདག་ལའོ། །གཉིས་པ་སྣ་ནམ་ལུགས་རོག་ཕུར་དུ་གྲགས་པའི་སྐོར་ཐོབ་པ་ལ། [35b] དབང་ལུང་གཉིས་ལས། དབང་ནི། ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་དབང་ཆོག་བདེ་ཆེན་མཆོག་སྟེར་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པ་ནོས། གཉིས་པ་ལུང་ལ། མངོན་པར་རྟོགས་པ་དུམ་བུར་ཕྱུང་བའི་རྒྱུད་ཤླཽ་ཀ་དྲུག་ཅུ་པ། ལས་བྱང་ལང་ལབ་ཀྱི་རྩ་དུམ་འཁྲུགས་བསྡེབས་སྒོམ་ཁོག་དང་བཅས་པ། སྟོད་ལས་རིན་ཆེན་ཕྲེང་བ་འགྲོ་བ་སྨིན་བྱེད། སྨད་ལས་དུག་ཕུར་ནག་པོའི་ལས་བྱང་། དཀྱིལ་འཁོར་དུ་དམ་བསྲེ་ཞིང་དབང་བསྐུར་བའི་རིམ་པ། རོག་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཊཱིཀྐ་ཉི་མའི་འོད་ཟེར་རྣམས་དང་། རོག་ཕུར་གྱི་བརྒྱུད་འདེབས་ལོ་ཆེན་གསུང་ལ་གཞན་ཕན་པས་ཁ་སྐོང་ཅན། རྡོ་རྗེ་ཕུར་བུ་རོག་ལུགས་ཀྱི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཆར་འབེབས། རོག་ཕུར་སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན། སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར། རོག་ཕུར་དབང་ཆོག་བདེ་ཆེན་མཆོག་སྟེར་བཅས་ལོ་ཆེན་དྷརྨ་ཤྲཱིའི་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཕྱི་ནང་གསང་གསུམ་ལས། དང་པོ་ནི། ཀུན་བཟང་། རྡོ་རྗེ་གཞོན་ནུ། ངྷ་ནས་སཾསྐྲྀཏ། [36a] པདྨ་འབྱུང་གནས། ཇོ་མོ་མཚོ་རྒྱལ། དཔལ་གྱི་དབང་ཕྱུག། མི་ནུབ་རྒྱལ་སྙིང་། ངམ་འབྲེ་ཀླུའི་རྒྱལ་མཚན། སྲས་ཨཱ་ཙརྻ་ས་ལེའམ་ཤེས་རབ་དབང་ཕྱུག། ལང་ལབ་བྱང་རྡོར། ནང་བརྒྱུད་ནི། ཇོ་མོས། ཨཱ་ཙརྻ་ས་ལེ། དེས་ལང་ལབ། གསང་བ་ནི། ཇོ་མོས་ལང་ལབ་བྱང་རྡོར་ལ་དངོས་སུ་གསུངས་པའོ། །ལང་ལབ་ནས། སྣ་ནམ་ཤེར་ཚུལ། རྒྱ་སྟོན་སངས་རྒྱས། རྒྱ་ཐུང་ཤེས་རབ་རྒྱལ་མཚན། རོག་བཀྲ་ཤིས་གྲགས་པ། རོག་ཤེས་རབ་འོད། དེས་རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་འབར་དང་། འཁྲུལ་ཞིག་དར་མ་སེང་གེ་གཉིས་ལ་གནང་། གཉིས་ཀས་རོག་སྤྱན་སྔ་དཔལ་ཆེན་པ། རོག་བླ་མ་དྲིན་ཅན་པ། རོག་གཙུག་རྒྱན་དགའ་ལྷུན་གྲུབ། རོག་ཆོས་རྒྱལ་བ། བླ་མ་བྱང་ཆུབ་བཟང་པོ། རོག་ཀུན་དགའ་རྡོ་རྗེ། སོ་དཔལ་མགོན་རྒྱལ་མཚན། སོ་བསོད་གནམས་རིག་འཛིན། སོ་བདུད་འདུལ་ཚེ་དབང་བཀྲ་ཤིས། སོ་ཨིནྡྲ་དྷ་ར། ཆོས་སྐུ་ཀློང་ཡངས་འོད་གསལ། རིག་འཛིན་གཏེར་ [36b] བདག་གླིང་པ། ཡང་དབང་བརྒྱུད་གཅིག་ལ། ཀློང་ཡངས་པ་ནས། ལོ་ཆེན་དྷརྨ་ཤྲཱི། དེས་རིག་འཛིན་གཏེར་བདག་གླིང་པ་ལའོ། །ཡང་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ནས། ཁྱུང་པོ་གསལ་ལེ། ཁྱུང་པོ་ཆལ་འབྲུག། ཇོ་སྲས་བློ་གྲོས་རྒྱལ་མཚན། གྲགས་པ་རྒྱལ་མཚན། ཡར་འབྲོག་གི་གུ་རུབ་ཡང་དག། རོག་ཤེས་རབ་བླ་མ་མན་འདྲ། ཡང་ན། རོག་བསོད་ནམས་དཔལ་ནས། རོག་ཀུན་དགའ་དོན་གྲུབ། གཡུང་རྡོ་རྗེ་དཔལ། རིན་ཆེན་ཤཱཀྱ་ཤྲཱི། དཀོན་མཆོག་རྒྱལ་མཚན། སོ་དཔལ་མགོན་རྒྱལ་མཚན་སོགས་སྔར་ལྟར་རོ། །ཡང་དབང་དང་ཡིག་ཆ་རྩ་བ་རྣམས་ཀྱི་བརྒྱུད་ལུགས་གཅིག་ལ། གུ་རུབ་ཡང་དག་ནས། སློབ་དཔོན་ལེགས་པར་བཤེས་གཉེན། སོ་ཁ་དཀར་བ། ཟུར་ཆོས་ཀྱི་སེང་གེ། ཟུར་རིན་ཆེན་བླ་མ། ཟུར་བྱམས་པ་སེང་གེ། གཡུང་སྟོན་རྡོ་རྗེ་དཔལ་ནས་འདྲའོ། །གཏེར་ཆེན་ནས། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ་རྡོ་རྗེ། རྗེ་གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། ལུང་རྟོགས་བསྟན་པའི་ཉི་མ། འཇིགས་མེད་ [37a] ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། ། ཡང་ན་ལོ་ཆེན་ནས། འགྱུར་མེད་དཔལ་འབར། ང་ཕོད་པདྨ་དགྱེས་པ། སྒམ་པོ་པ་བཟང་པོ་རྡོ་རྗེ། ཨོ་རྒྱན་ཕུན་ཚོགས། པདྨ་དབང་རྒྱལ་རྡོ་རྗེ་མན་འདྲ། ལུང་བརྒྱུད་གཅིག་ནི། མཁན་ཆེན་པད་རྡོར་ཡན་སྔར་བཞིན་ལས། དེས་བྱང་སེམས་ཀུན་བཟང་ཆོས་གྲགས། དེས་བདག་གི་རིགས་ཀྱི་བདག་པོ་ལའོ། །རྡོ་རྗེ་ཕུར་པ་བཀའ་མའི་རྣམ་བཤད་སློབ་དཔོན་རྣམ་པ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ཕུར་འགྲེལ་འབུམ་ནག་ཏུ་གྲགས་པའི་ལུང་ནི། གཏེར་བདག་གླིང་པས་ཟུར་ཆུ་མིག་པར་གསན་ཅིང་། དེས་སྐྱི་སྟོན་ཚེ་རིང་པར་གསན་འདུག། དེ་ཡན་གྱི་བརྒྱུད་ཡིག་ཞུ་བ་མ་བྱུང་ཞེས་གསུང་སྣང་། འདིར་བདག་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ནི། སྙིགས་མའི་དུས་འདིར་པཎ་གྲུབ་ཆེན་པོ་བི་མ་ལ་ཉིད་སྡེ་གསུམ་བསྟན་པའི་མེ་རོ་སློང་བ་ལ་བསམ་བཞིན་བྱོན་པ་རྒྱལ་སྲས་པདྨ་ལས་འབྲེལ་རྩལ་ལམ་ཀཿཐོག་མཁན་ཆེན་ངག་གི་དབང་པོ་གང་ཉིད་འོད་གསལ་དག་པའི་སྣང་ངོར་ [37b] གསང་འཛིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས་དངོས་སུ་རྗེས་སུ་བཟུང་སྟེ་འབུམ་ནག་གི་ཐོག་ནས་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་གི་བཀའ་གཏད། དོན་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ་ཐོབ་པ་དེ་ལས། རྣལ་འབྱོར་དབང་ཕྱུག་ཁྲོ་རྒྱལ་རྡོ་རྗེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གཅེས་པའི་དབྱིག་ཏུ་བསྩལ་ཏོ། །གསུམ་པ་སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། བཞི་པ་ཚང་བ་ཁ་སྐོང་གི་རྒྱུད་སྡེ་གཉིས་ཀྱི་སྐོར་རྣམས་བརྒྱུད་འབུམ་གྱི་གྲལ་དུ་བཞུགས་པ་ལས་སྒྲུབ་ཅིང་ཀུན་གྱི་རྩ་བར་གྱུར་པའི་སྤྱི་རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོའི་སྐོར་ཐོབ་པ་ལས། དབང་ཁྲིད་ལུང་གསུམ་གྱི། དང་པོ་དབང་ལ། པདྨ་འགྱུར་མེད་རྒྱ་མཚོའི་ཡིག་ཆའི་སྟེང་ནས་སྒྱུ་འཕྲུལ་དྲྭ་བ་ཞི་བ་དང་ཁྲོ་བོ་ལྷ་གྲངས་ལས་རྒྱས་འབྲིང་བསྡུས་པའི་བདག་ཉིད་ཅན་གྱི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཕན་པའི་དབང་བཅུ། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་ལྔ། གསང་བ་མཁའ་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཟབ་མོའི་དབང་གསུམ་རྣམས་སོ་སོར་ལེགས་ [38a] པར་ཐོབ། དེའི་བརྒྱུད་པ་ནི། སྟོན་པ་ཀུན་བཟང་། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་རིགས་གསུམ། དམ་པའི་རིགས་ཅན་དྲ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛཿ དགེ་སློང་ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། སིངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མས། སྒེག་པ་རྡོ་རྗེ། དེ་གཉིས་ཀས་སངས་རྒྱས་གསང་བའོ། །ཡང་ན། གོམས་ནས། རྒྱལ་པོ་ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧསྟི། སངས་རྒྱས་གསང་བ། དེ་དང་སྒེག་རྡོར་གཉིས་ཀས་བི་མ་ལ་མི་ཏྲ། དེ་ནས་རྨ་རིན་ཆེན་མཆོག ། གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། ཡང་ན། ཟ་ཧོར་རྒྱལ་པོ་པྲ་ཧསྟི་ནས། རིག་འཛིན་པདྨ་སམྦྷ་ཝ། དེ་དང་བི་མ་ལ་གཉིས་ཀས་གཉགས་ལོ་ཡེ་ཤེས་གཞོན་ནུ། དེ་ནས་སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། ཡང་ན། རྨ་གཉགས་གཉིས་ཀས། ཁུ་བྱང་ཆུབ་འོད། དེས་ཞང་རྒྱལ་ཡོན། དེས་གནུབས་ཆེན་ལའོ། །དེ་ནས་གནུབས་ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། དེ་གཉིས་ཀས་ [38b] ཉང་ཤེར་མཆོག། ཡང་ན། གནུབས་ཆེན་ནས། སོ་ཡེ་དབང་། ངབ་ཐུང་། ར་ཐུང་། ཀོར་ཐུང་། གསུམ་ཀ་ལ་ཉང་ཤེར་མཆོག། དེ་ནས་ཡེ་འབྱུང་། ཟུར་ཆེན། ཟུར་ཆུང་། ཐུགས་སྲས་ཀ་ཆེན་བཞི། སྒྲོ་ཕུག་པ། རྩགས་ཚ་ཤཱཀ་རྡོར། རྩགས་ཤཱཀ་འབྱུང་། གླན་རྡོར་འོད། གླན་བསོད་རྒྱན། དཔལ་ལྡན་ཆོས་ཀྱི་སེང་གེ། གླན་སངས་རྒྱས་དཔལ། གླན་བསོད་མགོན། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། དེ་ནས་ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། དྷརྨ་ལཀྵ། དཀོན་མཆོག་བཟང་པོ། བླ་མ་རྡོ་རྗེ་བཟང་པོ། འཁྲུལ་ཞིག་བཛྲ་བི་ཛ། བྱ་བཏང་མ་ཏི་ཤྲཱི། ཀརྨ་གུ་རུ་བ། ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། རིག་འཛིན་གཏེར་བདག་གླིང་པ། ཡང་ན། སྒྲོ་ཕུག་པ་ནས། གཙང་སྟོན་འགྲོ་བའི་མགོན་པོ། ཀཿདམ་པ་བདེ་གཤེགས། གཙང་རྡོ་རྗེ་རྒྱལ་མཚན། བླ་མ་བྱམས་པ་འབུམ། སྤྱན་སྔ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་དཔལ། དཔལ་འབར་བ་རྡོ་རྗེ་དཔལ། སྟོན་པ་མགོན་ [39a] པོ་རྒྱལ་མཚན། མཁས་གྲུབ་དྷརྨ་ལཀྵ་མན་ཆད་སྔར་ལྟར་ཏེ། འདི་ལ་ཞི་བའི་ཟབ་དབང་གི་བཀའ་ཡང་མ་ཆད་པར་ཡོད་དོ། །ཡང་ན་ཟུར་། སྐྱོ་བྱེ་མ་ལུང་པ། དམ་པ་ཡ་སེ། ཨ་མེས་རྡོ་རྗེ་བདེ་ཆེན། གྲུབ་ཐོབ་ནམ་མཁའ་རྡོ་རྗེ། བླ་མ་ཤེས་རབ་འབར། གྲུབ་ཐོབ་དངོས་གྲུབ་གྲགས། རྗེ་བཤེས་གཉེན་པ། ཟུར་བྱམས་སེང་། ཟུར་མོ་མཁས་བཙུན་སངས་རྒྱས། ཟུར་ཧྭཾ་ཤཱཀ་འབྱུང་། ཟུར་མོ་དགེ་འདུན་འབུམ་མན་སྔར་བཞིན་ནོ། །ཡང་། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ནས། ཟུར་སེང་གེ་དཔལ་བཟང་། རི་རྒྱལ་ལྷུན་གྲུབ་གྲགས། ཐེག་ཆེན་སངས་རྒྱས་རྡོ་རྗེ་འཆང་། ཟུར་ཚེ་དབང་མགོན་པོ། འགྲོ་མགོན་རྡོ་རྗེ་ཚེ་དཔལ། གྲུབ་ཆེན་ཤཱཀྱ་དཔལ་འབྱོར། མཁྱེན་མཆོག་སིདྡྷི་ཕ་ལ། འདྲེན་མཆོག་ཨརྻ་རཏྣ། ཟུར་ཤཱཀྱ་རཏྣ། ཟུར་འཇམ་དབྱངས་རྒྱལ་བའི་སྲས་པོ། མང་ར་བ་པདྨ་བདུད་འདུལ། ཆོས་རྒྱལ་རྡོ་རྗེ། རྒྱ་འོད་གསལ་རང་གྲོལ། རིག་འཛིན་གཏེར་བདག་གླིང་པ། ཡང་ན། རྩགས་ཚ་ཤཱཀ་རྡོར་ནས། གཙང་ནག་འོད་འབར། [39b] མེས་སྟོན་མགོན་པོ། མཁས་པ་སྲོ་ཆེན་པོ། དམ་པ་བདུད་འདུལ། མདའ་ཤཱཀྱ་འཕེལ། ཟུར་བྱམས་སེང་། ཟུར་མོ་མཁའ་བཙུན་སངས་རྒྱས་མན་སྔར་བཞིན་ནོ། །ཡང་ན། ཟུར་ཆུང་ནས། སྐྱོ་བྱེ་མ་ལུང་པ། དེ་ནས་རྗེ་བཤེས་གཉེན་པའི་བར་སྔར་བཞིན་ལས། ཟུར་བྱམས་སེང་། ཟུར་སེང་གེ་དཔལ། ཟུར་ཧྭཾ་ཤཱཀ་འབྱུང་། རི་རྒྱལ་ལྷུན་གྲུབ་གྲགས་མན་སྔར་བཞིན་ནོ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ནས། སངས་རྒྱས་རིན་ཆེན། འགོས་ལོ་གཞོན་ནུ་དཔལ། ལོ་ཆེན་བསོད་ནམས་རྒྱ་མཆོ། སེ་སྟོན་རིན་རྒྱན། སྤྱན་ཚབ་མགོན་པོ་ཟླ་བ། སེ་ངག་དབང་རྡོ་རྗེ། དཔལ་ལྡན་བཀྲ་ཤིས། སེ་ལེགས་གྲུབ་ཚེ་རིང་། ཉང་རྡོ་རྗེ་མི་རྟོག །རིག་འཛིན་པདྨ་ཕྲིན་ལས། རིག་འཛིན་གཏེར་བདག་གླིང་པ། ཡང་ན། སྒྲོལ་ཆེན་སངས་རིན་ནས། སྲས་ཆོས་གྲགས་དཔལ་བཟང་། སྔགས་འཆང་ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཆེན་རྒྱལ་མཚན་མན་སྔར་བཞིན་ནོ། །ཡང་། ཟུར་ཚོ་སྟོད་ལུགས་ལྟར་ན། རྩགས་ཚ་ཤཱཀ་རྡོར་ཡན་སྔར་བཞིན་ལས། [40a] དེ་ནས་བླ་མ་དཔང་སྟོན་ལྷ་རྗེ། འགྲོ་མགོན་ཤཱཀྱ་སེངྷ་། སྙེ་སྟོན་རིན་ཆེན་སེང་གེ། དབང་སྟོན་ཚོགས་རྗེ། བླ་མ་དྷརྨ་དྷྭ་ཛ། བྱང་ཆུབ་གླིང་པ། ཀུན་དགའ་རིན་ཆེན། དཔལ་ལྡན་སེང་གེ། གཙང་སྟོད་བསོད་ནམས་བཟང་པོ། ནམ་མཁའ་གྲགས་པ། ཆོས་ཀྱི་རྒྱལ་མཚན། བསོད་ནམས་རྒྱལ་མཚན། དཔང་བདེ་ལེགས་རྒྱལ་མཚན། སེ་རིན་ཆེན་རྒྱལ་མཚན་མན་སྔར་བཞིན་ནོ། །ཡང་། ཟུར་ཆུང་པ་ནས། སྐྱོ་བྱེ་མ་ལུང་པ། དེ་ནས་རྗེ་བཤེས་གཉེན་པའི་པར་སྔར་བཞིན་གྱི་རྗེས་སུ། འཕྲག་ཚེ་མཁས་པ་ཞང་སྟོན། བྲག་སྟག་པ་རྡོ་རྗེ་རིན་ཆེན། བྲག་ནག་པ་ཤེས་རབ་ཚུལ་ཁྲིམས། རིག་འཛིན་ནམ་མཁའ་གྲགས་པ་མན་སྔར་བཞིན། ཡང་། ཟོ་ལུང་པའི་སྒེར་བརྒྱུད་ལྟར་ན། དར་རྗེ་དཔལ་གྲགས་ནས། གྲུབ་ཐོབ་ཚེ་དབང་ལྡུམ་བུ་པ། དེ་ནས་རིམ་པར་དམ་ཡ་སེ་ནས། རྗེ་བཤེས་གཉེན་པའི་བར་སྔར་བཞིན་ལས། དེ་ནས་གྲུབ་ཐོབ་དབང་ཕྱུག་རྡོ་རྗེ། སྐྱེས་མོ་སྐུ་མཆེད། མཁས་བཙུན་སངས་རྒྱས། མདོ་སྡེའི་མཚན་ཅན། ཀ་བཞི་དུས་གསུམ་ [40b] སངས་རྒྱས། རྣམ་རྒྱལ་བཟང་པོ། ཆོས་རྒྱལ་བཤེས་གཉེན། ནམ་མཁའ་དཔལ་ལྡན། ནམ་མཁའ་གྲགས། སེ་སྟོན་ཆོས་རྒྱལ་དཔལ་བཟང་། སེ་སྟོན་ཀུན་བཟང་། སེ་ངག་དབང་རྡོ་རྗེ། སེ་རྣམ་རྒྱལ་རྡོ་རྗེ། སྔགས་འཆང་དཔལ་ལྡན་བཀྲ་ཤིས་མན་སྔར་ལྟར་རོ། །བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས། ལོ་ཆེན་དྷརྨ་ཤྲཱི། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །གཉིས་པ་ཁྲིད་ལ། སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བ་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་པའི་བཤད་ཁྲིད་སློབ་བཤད་ཀྱི་རྒྱུན་གཙོ་ཆེ་བའི་དབང་དུ་མཛད་པ་ཞིབ་པར་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཀུན་བཟང་། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་རིགས་གསུམ། དམ་པའི་རིགས་ཅན་དྲ་མ་ལྔ། རྒྱལ་པོ་ཛཿ དགེ་སློང་ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། སིངྷ་རཱ་ཛ། ཨུ་པ་རཱ་ཛ། [41a] སྲས་མོ་གོ་མ་དེ་བཱི། སློབ་དཔོན་སྒེག་པ་རྡོ་རྗེ། དེ་གཉིས་ཀ་ལ་སློབ་དཔོན་སངས་རྒྱས་གསང་བས་གསན། ཡང་ན་གོ་མ་དེ་བཱི་ནས། རྒྱལ་པོ་ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་སྟི། སངས་རྒྱས་གསང་བ། དེ་དང་སྒེག་རྡོར་གཉིས་ཀས་བི་མ་ལ་མི་ཏྲ་ལ་གནང་། དེ་ནས་གནུབས་ཀྱི་བར་དུ་བརྒྱུད་པའི་ཚུལ་ལ། རྨ་རིན་ཆེན་མཆོག། དེས་གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། གཉིས་ཀས་ཞང་རྒྱལ་བའི་ཡོན་ཏན། དེས་གནུབས་སངས་རྒྱས་ཡེ་ཤེས་ལའོ། །ཡང་ཟ་ཧོར་རྒྱལ་པོ་པྲ་ཧ་སྟི། སློབ་དཔོན་པདྨ་སམྦྷ་ཝ། དེ་དང་བི་མ་ལ་གཉིས་ཀས་གཉགས་ཛྙཱ་ན་ཀུ་མཱ་ར། ཡང་ཟུར་ཤཱཀ་འབྱུང་ཕྱི་མའི་གསན་ཡིག་ལས། རྒྱལ་པོ་ཀུ་ཀུ་རཱ་ཛས་ནཱ་གརྫུ་ན། དེས་ཧཱུྃ་ཀ་ར། ནམ་མཁའི་སྙིང་པོ། གཉགས་ལོ། ཡང་རྡོ་རྗེ་བཞད་པ། ཤྲཱི་སིངྷ། བཻ་རོ། གཉགས་ལོ། དེས་སོག་པོ་དཔལ་ཡེ། དེས་གནུབས་ལའོ། །ཡང་། རྨ་གཉགས་གཉིས་ཀས། ཁུ་བྱང་ཆུབ་འོད། དེས་ཞང་། དེས་གནུབས་ལའོ། །གནུབས་ཆེན་ནས། [41b] ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། གཉིས་ཀས་ཉང་ཤེར་མཆོག། ཡང་། གནུབས་ཆེན་ནས། སོ་ཡེ་ཤེས་དབང་ཕྱུག། ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་གསུམ་ལ་བཤད། དཔོན་སློབ་བཞི་ཀས་ཉང་ཤེར་མཆོག་ལའོ། །དེ་ནས་ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ། ཟུར་ཆུང་། ཐུགས་སྲས་ཀ་ཆེན་བཞི། གསང་བདག་ཤཱཀ་སེང་། དབོན་པོ་རྩགས་ཚ་ཤཱཀ་རྡོར། རྩགས་སྟོན་ཤཱཀ་འབྱུང་། གླན་རྡོར་འོད། གླན་བསོད་རྒྱན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྔོ་ཐོགས་ཐེལ་པ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་པ། རོག་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། ཕྱམ་དགོན་པ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ནོར་བུ་དབང་རྒྱལ། བྱ་བཏང་ནོར་བུ་ཆོས་བརྟན། གསང་བདག་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་། ཡང་ན། [42a] སྒྲོ་ཕུག་པ་ནས། རྒ་སྟོན་བློ་གྲོས་སྙིང་པོ་། རམ་སྟོན་ཐུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་ཆོས་ཀྱི་རྡོ་རྗེ། འགོས་དངོས་གྲུབ་མགོན་པོ་སོགས་སོ། །ཡང་ན། སྒྲོ་ཕུག་པ་ནས། ཉང་ནག་ཇོ་མདོ། མདའ་སེང་གེ། གཉལ་སངས་རྒྱས་གྲགས། སྐྱི་ཆོས་ཀྱི་སེང་གེ། རྒྱ་ཡེ་ཤེས་མགོན་པོ། རྔོ་ཐོགས་པ་རྡོ་རྗེ་རྒྱལ་མཚན་མན་སྔར་བཞིན་ནོ། །ཡང་། སྒྲོ་ཕུག་པ་ནས། བྱ་ཆེན་པོ་ཁུ་དབོན། གཉལ་སངས་རྒྱས་གྲགས་མན་སྔར་བཞིན་ནོ། །ཡང་། སྒྲོ་ཕུག་པ་ནས། ཁ་རག་སྟོན་སྙིང་། དེ་སྲས་པདྨ་འབར་དང་ཡམ་ཤུད་དངོས་གྲུབ་གཉིས་ལ་བཤད། དེ་གཉིས་ཀས། རོག་ཤེས་རབ་འོད། དེ་ནས་རོག་བསོད་ནམས་དཔལ། རོག་དར་སེང་། སྤྱན་སྔ་དཔལ་ཆེན་པ། རོག་དྲིན་ཆེན་པ། རོག་གཙུག་རྒྱན་པ། རོག་ཀུན་དགའ་རྒྱལ་མཚན། རོག་འཇམ་དབྱངས་བཤེས་གཉེན་མན་སྔར་བཞིན། ཡང་ན། ཟུར་ཆུང་པ་ནས། གླན་ཤཱཀ་བཟང་། གླན་ཇོ་བཙུན། སོ་དར་མ་སྙིང་པོ། སོ་དར་མ་སེང་གེ། དེ་དང་ཉ་རི་པའི་སློབ་མ་ཉང་ཇོ་མདོ། གཉིས་ཀས་རོག་ཤེས་རབ་འོད་ལའོ། ། [42b] དེ་མན་འདྲའོ། །ཡང་ན། རྗེ་སྒྲོ་ཕུག་པ་ནས། ལྕེ་སྟོན་རྒྱ་ནག་པ། ལྕེ་སྟོན་རྡོ་རྗེ་གཟུངས། ཉི་སྒུག་པ་ཉི་མ་རྡོ་རྗེ། སྤྲུལ་སྐུ་སངས་རྒྱས་འབུམ། ཡོན་ཏན་རྒྱལ་མཚན་བླ་མ་ཀུན་རྡོར་བ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཟུར་སེང་གེ་དཔལ། ཟུར་ཧྭཾ་ཤཱཀ་འབྱུང་། གཉལ་པ་བདེ་ལེགས་པ། དེ་མན་འདྲའོ། །ཡང་ན་སྒྲོ་ཕུག་པ་ནས། ཉེ་སྟོན་ཆོས་སེང་དང་། གཙང་པ་བྱི་སྟོན། གཉིས་ཀས་གཙང་ནག་འོད་འབར། དེ་ནས་གཡུ་སྟོན་སངས་རྒྱས། རྒྱ་སྟོན་དགའ་སྒྲུབ། ཟུར་ཤཱཀྱ་འོད། རྟ་ནག་བདུད་འདུལ་འབུམ། མདའ་ཤཱཀྱ་འཕེལ། ཟུར་བྱམས་སེང་། སྒྲོལ་ཆེན་བསམ་རྡོར། དེ་མན་སྔར་བཞིན་ནོ། །ཡང་ཟུར་ཤཱཀྱ་འོད་ནས། གཡུ་སྟོན་ཆོས་མགོན། དེས་ལྕེ་སྟོན་གྲུབ་པ་འབུམ་དང་། སྦ་གཟི་བརྗིད་གཉིས་ལ་གནང་། དེ་གཉིས་ཀས་ཐམས་ཅད་མཁྱེན་པ་བྱམས་པ་སེང་གེ། དེ་མན་འདྲའོ། །གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས། ལོ་ཆེན་དྷརྨ་ཤྲཱི། སྔགས་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། མཁན་ཆེན་ [43a] པདྨ་བཀྲ་ཤིས། རྗེ་གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། པདྨ་ཡོན་ཏན་རྒྱ་མཚོ། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར། དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་སྒྲོལ་གཡུང་རྣམ་གཉིས་དང་། སྔགས་འཆང་ནམ་རིན། ལོ་ཆེན་དྷརྨ་ཤྲཱི་སོགས་ཀྱི་འགྲེལ་པ་གཞིར་བཞག་མ་ཧཱ་ཡོ་ག་རང་ལུགས་ལྟར་དང་། རོང་ཟོམ་པ་དང་། ཀུན་མཁྱེན་ཀློང་ཆེན་པ་སོགས་ཀྱི་འགྲེལ་པ་གཞིར་བཟུང་མ་ཧཱའི་ཨ་ཏི་ལྟར་གྱི་བཤད་རྒྱུན་ཟབ་མོ་རྣམས་སྨིན་ཁྲིད་དུ་བསྩལ་བའི་སྐལ་བཟང་ཐོབ་བོ། །ཡང་ན། རྗེ་གཞན་ཕན་མཐའ་ཡས་ནས། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་རྡོ་རྗེ་མན་སྔར་བཞིན་ནོ། །ཡང་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་ཁྲིད་ལ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ནས། ཐུན་མོང་མ་ཡིན་པའི་རྣལ་འབྱོར་ལ་རིམ་པར་བསླབ་ཚུལ། ཁྱད་པར་ཅན་གྱི་བསྐྱེད་རྫོགས་སྒོམ་ཚུལ། ཟབ་ལམ་བྱེ་བྲག་ཏུ་སྒོམ་ཚུལ་ཏེ་གནད་གསུམ་གྱིས་བཅིངས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ཁྲིད་ཡིག་ལས་བྱུང་བ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རིགས་ [43b] གསུམ། ཕྱག་རྡོར། རྒྱལ་པོ་ཛཿ ཨིནྡྲ་བྷུ་ཏི། ཤཱཀྱ་བུ་ཏྲི། ཀུ་ཀུ་རཱ་ཛ། ནཱ་གརྫུ་ན། པདྨ་འབྱུང་གནས། བི་མ་ལ། རྨ་གཉགས་གཉིས། གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྲགས། གནུབས་ཆེན། པ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག ། འབྲེ་གསལ་བའི་བྱང་ཆུབ་། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། མཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག། ཞང་མཆོག་གི་བླ་མ། སྐྱི་སྟོན་འབྱུང་གནས། དན་བག་པ་གཞོན་ནུ་དོན་འགྲུབ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། དཔལ་དོན་གྲུབ། ཡན་པ་བློ་བདེ། བསྟན་འཛིན་བཟང་པོ། གསངབདག་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ་མན་གོང་བཞིན་ནོ། །གསུམ་པ་ལུང་ལ། སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་སློབ་དཔོན་སངས་རྒྱས་གསང་བའི་གསུང་། མན་ངག་ལྟ་བའི་ཕྲེང་བ་དང་། མ་མོ་གསང་བ་ལས་ཀྱི་ཐིག་ལེ་སློབ་དཔོན་ཆེན་པོ་པདྨ་འབྱུང་ནས་ཀྱི་གསུང་། སྒྱུ་འཕྲུལ་ཞི་ཁྲོ་ཐུན་མོང་གི་བརྒྱུད་འདེབས་གཏེར་ཆེན་གསུང་ལ་རྗེ་གཞན་ཕན་པས་ཁ་སྐོང་ [44a] ཅན། སྒྱུ་འཕྲུལ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་གཏེར་ཆེན་གསུང་། སྒྱུ་འཕྲུལ་དཀྱིལ་ཆོག་རིན་ཆེན་ཕྲེང་བ་གོང་གསུང་། ཞི་བ་འབྲིང་པོའི་དབང་ཆོག་དཀྱིལ་འཁོར་རྒྱ་མཚོར་འཇུག་པ་གྲུ་ཆེན་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། སྒྱུ་འཕྲུལ་ཞི་བའི་བསྙེན་པའི་ལས་བྱང་ཉུང་ངུར་དྲིལ་བ་མཁན་པད་རྡོར་གསུང་། སྒྱུ་འཕྲུལ་ཞི་བའི་བསྙེན་སྔགས་ལྡེབ་བྱང་། སྒྱུ་འཕྲུལ་ཞི་བའི་བསྙེན་པའི་ཁ་སྐོང་སྦྱིན་སྲེག་ཟླ་བའི་འོད་ཟེར་མཁན་པད་རྡོར་གསུང་། སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་གཏེར་ཆེན་གསུང་། ཁྲོ་བོའི་དཀྱིལ་ཆོག་རྡོ་རྗེའི་ཕྲེང་བ་གོང་གསུང་། སྒྱུ་འཕྲུལ་ཁྲོ་བོའི་དབང་ཆོག་ཁྲག་འཐུང་རྡོ་རྗེའི་གད་རྒྱང་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ཀྱི་སྙིང་པོའི་དོན་བསྡུས་མཁན་པད་རྡོར་གསུང་། ཁྲོ་བོའི་དཀྱིལ་འཁོར་ལ་བརྟེན་པའི་ཞི་བའི་སྦྱིན་སྲེག་ཉི་མའི་འོད་ཟེར་གོང་གསུང་། ཁྲག་འཐུང་ཁྲོ་བོའི་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ་ལོ་ཆེན་གསུང་། མཆོད་གར་གྱི་བརྗེད་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ་གོང་གསུང་། སྒྱུ་འཕྲུལ་དྲྭ་བའི་ [44b] གཞལ་མེད་ཁང་གི་རྣམ་གཞག་གསལ་བའི་སྒྲོན་མེ་རྩ་འགྲེལ་གོང་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོའི་གསུང་སོགས་སྤྱིའི་བརྒྱུད་ཁུང་གོང་དུ་གསལ་བ་ལྟར་ལ། བྱེ་བྲག། གཏེར་ཆེན་གསུང་རྣམས་དངོས་ལས། ལོ་ཆེན་དྷརྨ་ཤྲཱི་དང་། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རིན་ཆེན་རྣམ་རྒྱལ། ལོ་ཆེན་དང་། པདྨ་འགྱུར་མེད་རྒྱ་མཚོའི་གསུང་རྣམས་མཛད་པ་སོ་སོ་ལས། རིན་ཆེན་རྣམ་རྒྱལ། དེ་ནས་མཁན་ཆེན་ཨོ་ཌི་ཡ་ན་མན་གོང་བཞིན་དང་། མཁན་པདྨ་རྡོ་རྗེའི་གསུང་རྣམས་དེ་ལས། ལུང་རྟོགས་བསྟན་པའི་ཉི་མ་མན་འདྲའོ། །ཡོ་ག་རྣམ་པ་གསུམ་ཀ་ལ་འཇུག་ཅིང་ཁྱད་པར་ཨ་ནུ་ཡོ་ག་དང་རྗེས་སུ་འབྲེལ་མོད། འདིར་སྒྱུ་འཕྲུལ་གྱི་ཞར་ལ་བཞུགས་སུ་གསོལ་བར་གནང་བ། ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་པོ་ལས་ཞི་ཁྲོ་རབ་འབྱམས་སུ་གྲགས་པའི་སྐོར་ཐོབ་པ་ལ། དབང་ལུང་གཉིས་ལས། དང་པོ་དབང་ནི། ན་རག་དོང་སྤྲུགས་ཀྱི་དཀྱིལ་འཁོར་ཁྲོམ་དཀྲུགས་གནས་འགྱུར་རིགས་བསྡུས་གསུམ་ཀ་ལ་ཁྱབ་པའི་དབང་བྱང་རྒྱུད་དོན་གསལ་བ་དང་། མཚམས་སྦྱོར་བདེ་ཆེན་ལམ་བཟང་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་ [45a] དངོས་གཞི་རྡོར་སེམས་བུམ་པའི་དབང་། མཁའ་འགྲོ་མ་གཏོར་མའི་དབང་། ཀུན་ཏུ་བཟང་པོ་རིག་པ་རྩལ་གྱི་དབང་། དམ་པ་རིགས་བརྒྱ་ཕྱག་རྒྱའི་དབང་། ཡིག་བརྒྱའི་བཟླས་ལུང་མཐའ་རྟེན་བཅས་ལེགས་པར་ནོས་ནས། གཉིས་པ་ལུང་ལ། བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས། རྟོགས་པ་ལྟ་བའི་གླེང་གཞི། ཞི་བ་ཕྱག་གི་གླེང་གཞི། ཁྲོ་བོ་ཕྱག་གི་གླེང་གཞི། རྡོར་སེམས་གནས་སྐབས་ཀྱི་གླེང་གཞི། འགྱོད་ཚང་བཤགས་པའི་གླེང་གཞི། སྨོན་ལམ་གྱི་གླེང་གཞི་རྣམས་དང་། བརྗོད་མེད་ཀྱི་བཤགས་པ། ལྟ་བ་རྟོགས་སྐོང་། དམ་རྫས་བདུད་རྩི། དམར་ཆེན་རཀྟ། དཔལ་གྱི་གཏོར་མ། སྣང་གསལ་མར་མེ། ཞི་བ་གནས་དག། ཁྲོ་བོ་གནས་གྱུར་གྱི་ཁ་སྐོང་རྣམས་རྩ་བ་སྟེ། ད་ལྟའི་བཀའ་མའི་གཞུང་པོད་དཀྱུས་སུ་འདི་རྣམས་མ་བཞུགས། ཁ་སྐོང་སྐོར་ལ། ན་རཀ་དོང་སྤྲུགས་ཀྱི་བརྒྱུད་འདེབས། ན་རཀ་དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ཆོ་ག་འཁོར་བ་ཀུན་གྲོལ། དོང་སྤྲུགས་པདྨ་བརྒྱ་ལྡན་གྱི་ཆོ་ག་བདེ་ཆེན་ལམ་བཟང་བཅས་གཏེར་ཆེན་གསུང་། [45a] དོང་སྤྲུགས་ཆོ་ག་འཁོར་བ་ཀུན་སྒྲོལ་གྱི་ཟུར་འདེབས་ལྷན་ཐབས་ངོ་མཚར་རིན་ཆེན་ཕྲེང་བ། དོང་སྤྲུགས་ལས་ཕྱག་གི་བཀོལ་བྱང་། དོང་སྤྲུགས་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ཟབ་དོན་ཉིང་ཁུ། ཁྲིད་ཡིག་ཟབ་ལམ་སྣང་བྱེད་བཅས་ལོ་ཆེན་གསུང་། ཞི་བའི་སྦྱིན་སྲེག་རྡོར་འཛིན་ཤེས་རབ་བསྟན་དར་གྱིས་བསྒྲིགས་པ་ཅན། དོང་སྤྲུགས་དབང་གི་མཚམས་སྦྱོར་བདེ་ཆེན་ལམ་བཟང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་ལ་གཞན་ཕན་མཐའ་ཡས་ཀྱི་གསལ་ཁ་ཅན། ཁ་སྐོང་གི་བཤད་པ་མདོར་བསྡུས་སུ་བྱས་པ་སྔགས་རམ་པ་ཆོས་གྲགས་ཀྱི་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད། གསང་བདག་ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། ཧཱུྃ་ཀཱ་ར། སངས་རྒྱས་གསང་བ། པྲ་ཧསྟི། བྲམ་ཟེ་ཉི་མ། སློབ་དཔོན་མཐིང་ནག། པདྨ་འབྱུང་གནས། བི་མ་ལ་མི་ཏྲ། ཡང་ན། ཀུན་བཟང་། ཕྱག་རྡོར། ཀུ་ཀུ་རཱ་ཛ་ཆེ་བ། ཨིནྡྲ་བྷུ་ཏི། ཤཱཀྱ་པུ་ཏྲི། སེངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་བཱི། ཧཱུཾ་ཀཱ་ར། སངས་རྒྱས་གསང་བ། [46a] བི་མ་ལ་མི་ཏྲ། དེས་རྨ་གཉགས་གཉིས། སྔ་མས་གྱེར་གཙུག་གཉིས། གཉིས་ཀས་དར་རྗེ་དང་། ཞང་རྒྱལ་ཡོན། དེ་གཉིས་ཀྱིས་གནུབས་ཆེན། ཕྱི་མས་སོག་པོ་དཔལ་ཡེ། དེས་གནུབས་ཆེན། དེ་ནས་སྲུ་ལེགས་སྒྲོན། སྲས་གཞོན་ནུ་སྙིང་པོ། ཞུ་བསོད་ནམས་ཤཱཀྱ། ཟུར་ཆེན་པོ། ཡང་ན། གནུབས་ཆེན་ནས། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཉང་ཤེར་མཆོག། ཉང་ཡེ་འབྱུང་། ཟུར་ཆེན། ཟུར་ཆུང་། སྐྱོ་ཤཱཀ་ཡེ། སྒྲོ་ཕུག་ཁ། ཉེ་སྟོན་ཆོས་སེང་། གཙང་ནག་འོད་འབར། ཟུར་ཧེ་རུ་ཀ ། གཡུང་སངས་རྒྱས། སྐྱོ་གསང་བདག། ཞང་སྟོན་འཁོར་ལོ། གླན་བསོད་རྒྱལ། དཔལ་ལྡན་ཆོས་སེང་། གླན་སངས་རྒྱས་དཔལ། གླན་བསོད་མགོན། ཟུར་བྱམས་སེང་། གཉིས་ཀ་ལས། སྒྲོལ་མ་བ་བསམ་གྲུབ་རྡོ་རྗེ། དེས་ཟུར་ཧྭཾ་ཤཱཀ་འབྱུང་། ཚེ་དབང་རྒྱལ་པོ། ལེགས་པ་དཔལ་བཟང་། རིན་ཆེན་རྒྱལ་མཚན། པདྨ་དབང་རྒྱལ། བདུད་འཇོམས་རྡོ་རྗེ། ཚེ་རིང་དབང་པོ། ལྡོག་ཆུ་མིག་པ་ངག་དབང་ཕུན་ཚོགས། རིག་འཛིན་ [46b] གཏེར་བདག་གླིང་པ། ཡང་ན། སྒྲོ་ཕུག་པ་ནས། ཤཱཀྱ་རྡོ་རྗེ། གཉོས་ནག་རྒྱལ་མཚན། འབའ་འཕན་རྒྱ་ལུང་། ཞོ་ཁམས་ཤཱཀྱ་རྒྱལ་མཚན། སངས་རྒྱས་ཡེ་ཤེས། ཀུན་དགའ་རིན་ཆེན། རིན་ཆེན་རྒྱལ་མཚན། ཡོན་ཏན་མགོན་པོ། དཀོན་མཆོག་བཟང་པོ། སྒྲོལ་མ་བ་བསམ་གྲུབ་རྡོ་རྗེ་མན་སྔར་བཞིན་ནོ ། ཡང་ན། སྒྲོ་ཕུག་པ་ནས། མི་ནག་སྟོབས་ཆེན། སེ་འབྱུང་ལྡན། ཤེས་རབ་རྒྱ་མཚོ། སེང་གེ་དཔལ། མཁན་ཆེན་ཤཱཀ་འབྱུང་། ཚེ་དབང་རྒྱལ་པོ་མན་སྔར་བཞིན། ཡང་ན། ལེགས་པ་དཔལ་ནས། ཉང་སྟོན་ཆོས་དབང་། གནུབས་རིན་ཆེན་དཔལ་བཟང་། རྒྱ་ཧོར་རྡོ་རྗེ། པདྨ་དབང་རྒྱལ་མན་གོང་ལྟར་རོ། །ཡང་ན་སྒྲོལ་ཆེན་ནས། དེ་སྲས་སངས་རྒྱས་རིན་ཆེན། ཆོས་གྲགས་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་རྒྱལ། ཟུར་རྒྱ་ཧོར་རྡོ་རྗེ་མན་སྔར་བཞིན་ནོ། །ཡང་། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ཡན་ཆད་བརྒྱུད་པའི་ཁྱད་པར་སོ་སོ་བ་དང་བཅས་པ་ཐམས་ཅད་སྔར་ལྟར་ལ། དེ་ནས་ཟུར་ཧྭཾ་ཤཱཀ་འབྱུང་། སྤྲུལ་སྐུ་ཚེ་དབང་ [47a] རྒྱལ་པོ། རྒྱལ་སྲས་ཐུགས་མཆོག་རྩལ། བརྒྱུད་འཛིན་ལེགས་དཔལ། སྤྲུལ་སྐུ་རྡོ་རྗེ་རིན་ཆེན། བླ་མ་རྡོ་རྗེ་སེངགེ། ལྷ་རྗེ་བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ན། བི་མ་ལ་ཡན་ཆད་སྔར་ལྟར་རམ། རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་ལྟར་ལས། དེ་ནས་ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་རྒྱལ་ནས། མེ་ལོང་རྡོ་རྗེའི་བར་སྙིང་ཐིག་ལྟར་དང་། དེ་ནས་འཁྲུལ་ཞིག་དབུས་སྨྱོན། རྟོགས་ལྡན་ཤེས་རབ་དབང་ཕྱུག། བིརྻ་ཕ་ལ། རིན་པོ་ཆེ་ཀུན་འཕེལ་བ། ནམ་མཁའ་ཀློང་ཡངས། གྱང་ཐོ་བ་ནམ་མཁའ་རྒྱལ་མཚན། ཞོ་ང་བ་ཀུན་དགའ་བསོད་ནམས། དཔལ་འབྱོར་རྒྱལ་པོ། ངག་དབང་བསོད་ནམས་རྒྱ་མཚོ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། རྒྱལ་དབང་བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ན་མེ་ལོང་རྡོ་རྗེ་ནས། [47b] ལྷ་ཁང་པ་བདུད་འདུལ། གཞོན་ནུ་རྒྱལ་པོ། དབང་ཆེན་རྡོ་རྗེ། དཔལ་ལྡན་སེང་གེ། ལྷ་རི་རིན་པོ་ཆེ། སྤ་ཚུལ་ཁྲིམས་གྲགས། སྤ་བསོད་ནམས་ལྷ་དབང་། སྤ་ནམ་མཁའ་རིན་ཆེན། ལྷ་དཔལ་ལྡན་རྒྱལ་མཚན། གསེར་ཁང་རིན་པོ་ཆེ། སྣ་ཚོགས་རང་གྲོལ་མན་སྔར་བཞིན་ནོ། །ཉེ་བརྒྱུད་ནི། བི་མ་ལ་ནས་མེ་ལོང་རྡོ་རྗེར་བརྒྱུད་ཀྱང་ཉེ་བརྒྱུད་ཁྱད་པར་ཅན་ཡིན་ནོ། །ཡང་། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ཡན་སྔར་ལྟར་ལ། དེ་ནས་དེ་སྲས་སངས་རྒྱས་རིན་ཆེན། ཆོས་གྲགས་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། སྲས་བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ནུབ་དགོན་པ་ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན། རིག་འཛིན་པདྨ་ཕྲིན་ལས། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ན། སངས་རྒྱས་རིན་ཆེན་ནས། འགོས་ལོ་གཞོན་ནུ་དཔལ། ལོ་ཆེན་བསོད་ནམས་རྒྱ་མཚོ། སེ་རིན་ཆེན་རྒྱལ་མཚན་དུ་བརྒྱུད་ཀྱང་ཆོག་གོ ། གཏེར་ཆེན་འགྱུར་མེད་རྡོ་རྗེས། ལོ་ཆེན་དྷརྨ་ཤྲཱི་དང་། པདྨ་འགྱུར་མེད་རྒྱ་ [48a] མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །སྒྱུ་འཕྲུལ་ཞི་ཁྲོའི་ཆ་ལག་ཏུ་གཏོགས་པ་ལུང་ལུགས་ཚེ་དཔག་མེད་ཀྱི་དབང་སངས་རྒྱས་གསང་བའི་བཀའ་སྲོལ་བཞིན་ལུང་བདུན་གྱི་འཆིང་བ་མཐའ་རྟེན་དང་བཅས་པ་དང་། དེའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་གཏེར་ཆེན་གྱི་གསུང་། བརྒྱུད་འདེབས་གཞན་ཕན་མཐའ་ཡས་ཀྱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། ཕྱག་རྡོར། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ སིངྷ་རཱ་ཛ། ཨུ་པ་རཱ་ཛ། བཞད་པ་རྡོ་རྗེ། སངས་རྒྱས་གསང་བ། བི་མ་ལ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་ལྷ་དཔལ། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག། ཉང་ཡེ་འབྱུང་། ཟུར་ཆེ་ཆུང་། ཐུགས་སྲས་ཀ་ཆེན་བཞི། སྒྲོ་ཕུག་པ་ཤཱཀ་སེང་། ཁ་རག་གནུབས་གཤེན། [48b] མཁས་པ་ཇོ་པད། རོག་ཤེར་འོད། རོག་བརྩོན་འགྲུས་སེང་གེ། འཁྲུལ་ཞིག་དར་མ་སེང་གེ། རོག་བསོད་ནམས་དཔལ་བ། དེ་གཉིས་ཀ་ལས། སྤྱན་སྔ་དཔལ་ཆེན་པ། བླ་མ་དྲིན་ཅན་པ། གཙུག་རྒྱན་ནོར་བུ། ཀུན་དགའ་རྒྱལ་མཚན། རིན་པོ་ཆེ་ཆོས་རྒྱལ་བ། བྱང་ཆུབ་བཟང་པོ། ཀུན་དགའ་རྡོ་རྗེ། སོ་དཔལ་མགོན་རྒྱལ་མཚན། སོ་བསོད་ནམས་རིག་འཛིན། སོ་བདུད་འདུལ་ཚེ་དབང་བཀྲ་ཤིས། སོ་ཨིནྡྲ་དྷ་ར། ཆོས་སྐུ་ཀློང་ཡངས་འོད་གསལ། དེས་རིག་འཛིན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། རྫེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན། ཕྲིན་ལས་ཆོས་སྒྲོན་ནས། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །རྒྱུད་ལུང་གི་ཆོ་ག་འདི་དག་གི་རྗེས་འབྲེལ་དུ་འགྲོ་བའི་ཕྲིན་ལས་སྣ་ཚོགས་ཀྱི་ [49a] སྐོར་ལ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ། རབ་གནས་ཡོན་བདག་བསྒོ་བའི་གཏོང་ཐུན་ཉེར་མཁོ། ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ། རབ་གནས་ཆོ་གའི་ལག་ལེན་གསལ་བྱེད་ལེགས་བཤད་རོལ་མཚོ། གཏོར་མ་ཆ་གསུམ་གྱི་ཆོ་ག། བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ། གཤིན་པོ་རྗེ་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་བཅས་གཏེར་ཆེན་གསུང་། བར་དོའི་ཆོས་བཤད་བརྗོད་བདེར་སྤེལ་བ་ལོ་ཆེན་གསུང་། མ་ཧཱ་ཡོ་གའི་དབང་ཐམས་ཅད་ཀྱི་ཐོག་མཐར་འགྲོ་བའི་རྒྱུག་བྱང་ལྷན་ཐབས་གཞན་ཕན་གསུང་། སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་སྒྲིགས་སྲོག་གི་བཙན་རྫོང་འཇམ་མགོན་པདྨ་གར་དབང་གསུང་། བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ་མཁན་པད་རྡོར་གསུང་། སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་རྣམ་བཤད་ཟབ་གསང་བདུད་རྩིའི་རོལ་མཚོ་ཀུན་དགའ་རྒྱལ་མཚན་གསུང་རྣམས་སོ། །དེ་དག་རྣམས་ཀྱི་ལུང་བརྒྱུད་ནི། གཏེར་ཆེན་དང་། ལོ་ཆེན་གསུང་རྣམས་རིན་ཆེན་རྣམ་རྒྱལ་མན་གོང་བཞིན་དང་། གཞན་ཕན་ [49a] མཐའ་ཡས་གསུང་མཁན་པད་རྡོར། པདྨ་གར་དབང་གསུང་ཀུན་བཟང་བསྟན་པའི་རྒྱལ་མཚན། མཁན་པད་རྡོར་གསུང་ལུང་རྟོགས་བསྟན་པའི་ཉི་མ། ཀུན་དགའ་རྒྱལ་མཚན་གསུང་མདོ་སྔགས་བསྟན་འཛིན་ནོར་བུ་མན་གོང་བཞིན་ནོ། །གཉིས་པ་ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་ཐོབ་པའི་ཚུལ་ལ། དབང་ལུང་གཉིས་ལས། དང་པོ་དབང་ནི། ལོ་ཆེན་དྷརྨ་ཤྲཱིས་ཁྲིགས་སུ་བསྡེབས་པ་འདུས་པ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས་ཀྱི་སྟེང་ནས། ཐོག་མར་སྔོན་དུ་འགྲོ་བ་ཕྱག་རྡོར་ངན་སོང་གནས་འདྲེན་གྱི་དབང་གིས་སྒོ་ཕྱེ་ནས། དངོས་གཞི་རྣམ་སྣང་གཙོ་བོར་གྱུར་པའི་ལྷ་མིའི་ཐེག་པའི་དཀྱིལ་འཁོར། ཤཱཀ་ཐུབ་གཙོ་བོར་བྱས་པའི་ཉན་ཐོས་ཀྱི་དཀྱིལ་འཁོར། ཐུབ་པ་གཙོ་བོར་བྱས་པའི་རང་རྒྱལ་གྱི་དཀྱིལ་འཁོར། ཤཱཀ་ཐུབ་གཙོ་བོར་བྱས་པའི་བྱང་སེམས་ཀྱི་དཀྱིལ་འཁོར། རིགས་གསུམ་གཙོ་བོར་བྱས་པའི་ཀྲྀ་ཡ་བྱ་སྤྱོད་ཐུན་མོང་གི་དཀྱིལ་འཁོར། རྣམ་སྣང་གཙོ་བོར་བྱས་པའི་ཡོ་གའི་དཀྱིལ་འཁོར་རྣམས་ལ་བརྟེན་ནས་ཕྱི་དབང་རྒྱུད་ཀྱི་ཆུ་བོ། མ་ཧཱ་ཡོ་གའི་སྒོས་ཆོས་ཁྱད་པར་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ནང་དབང་ [50a] འབྱུང་བའི་ཚུལ་ལོ། ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་དབང་གྲགས་པའི་ཆུ་བོ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ། རྗེས་ཨཱ་ཡུ་དམར་པོའི་དཀྱིལ་འཁོར་དུ་ཚེ་དབང་མཐའ་རྟེན་དམ་རྫས་ལ་བརྟེན་པའི་དངོས་གྲུབ་ལེན་པ་བཅས་དཀྱིལ་འཁོར་རྣམས་རས་བྲིས་ལ་བརྟེན་ནས་དབང་བཀའ་བཤད་བཀའ་གདམས་ངག་གི་བཀའ་དང་བཅས་པ་རྣམས་ཡོངས་སུ་རྫོགས་པ་ལེགས་པར་ཐོབ། གཉིས་པ་ལུང་ལ། རྩ་རྒྱུད་ཀུན་འདུས་རིག་པ་དང་། བཤད་རྒྱུད་སྤྱི་མདོ་དགོངས་འདུས་སོགས་གཞུང་རྩ་བའི་སྐོར་རྣམས་རྒྱུད་འབུམ་སྐབས་བཞིན་ལ། འདིར་འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ་ལོ་ཆེན་གསུང་། འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་གསུང་ལ་གཞན་ཕན་པས་ཁ་སྐོང་ཅན། ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་གཏེར་ཆེན་གསུང་། དེའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་གོང་གསུང་། འདུས་ [50b] པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྩ་དཀྱིལ་སྒྲུབ་དབང་གི་ལས་བྱང་ཁོལ་བཏོན་བཀླག་ཆོག་ཏུ་བཀོད་པ། འདུས་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ། འདུས་པ་མདོའི་དབང་གི་ཆོ་ག་རྡོ་རྗེའི་ཐེམ་སྐས། ཚོགས་ཆེན་འདུས་པའི་དབང་ཆེན་གྱི་བསྙེལ་ཐོ། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་གི་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ། སླར་ཡང་འཕྲོས་དོན་འགའ་ཞིག་བརྗོད་པ་བཅས་ལོ་ཆེན་གསུང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྤྱིར་ཐེག་པ་དགུ་ཀ་ལ་བབས་ཚུལ་ཐ་དད་པ་རེ་རེ་ཡོད་པས་བཀའི་བབས་སོ་སོ་སོར་འདྲེན་དུ་ཡོད་མོད། འདིར་གཙོ་ཆེ་བ་བསྐྱེད་རྫོགས་གསུམ་གྱི་བརྒྱུད་ཚུལ་ཐུན་མོང་མ་ཡིན་པ་ལས། དང་པོ་མ་ཧཱ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ། ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། ཤ་ཏྲ་པུ་ཏྲི། སིངྷ་རཱ་ཛཿ ཨུ་པ་རཱ་ཛཿ སྲས་མོ་གོ་མ་དེ་བཱི། མཻ་ཏྲི་ཀ་མཱ་ལ། ཛི་ན་མི་ཏྲ། རྡོ་རྗེ་བཞད་པ། ཉིན་བྱེད་ [51a] སེང་གེ། བདེ་བ་གསལ་མཛད། ཤཱཀྱ་བོ་ངྷི། སོ་ཀྵ་དེ་བ། སྒེག་པ་རྡོ་རྗེ། ཆོས་བློན་བདེ་བ། མཁན་པོ་ཆོས་རྒྱལ་སྐྱོང་། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའོ། །ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། དམ་པ་ཏོག་དཀར། རིགས་གསུམ་མགོན་པོ། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། ལོ་ཙ་བི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛཿ ཨུ་པ་རཱ་ཛཿ ཨིནྡྲ་བོ་ངྷི། ཀླུ་རྒྱལ་ནཱ་ག་པུ་ཏྲི། རྒྱལ་པོ་གུ་ཧྱ་པུ་ཏྲི། རྒྱལ་པོ་སིངྷ་པུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧ་སྟི། ཤཱཀྱ་སེང་གེ། ཤཱཀྱ་པྲ་བྷ། ཤཱཀྱ་མུ་དྲ། ངྷ་ན་རཀྵི་ཏ། ཧཱུཾ་ཀཱ་ར། སྠི་ར་མ་ཏི། ཨཱ་ཙརྻ་བདེ་བ་གསལ་མཛད། དྷརྨ་བོ་ངྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་ངྷ་ར། གཙུག་ལག་དཔལ་དགེ། །བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། གནུབས་ཆེན་པོའོ། །རྫོགས་ཆེན་ཨ་ཏི་ཡོ་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། [51b] ལོངས་སྐུ་རྡོ་རྗེ་སེམས་དཔའ། རིགས་གསུམ་མགོན་པོ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་ངྷ་ཧེ་ན་ཏ་ལོ། སྲས་རཱ་ཛ་ཧསྟི སྲས་མོ་ཝ་ར་ཎི། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་མོ་བྱང་ཆུབ། གཟུངས་མ་ཨ་ར་ལི། སློབ་དཔོན་ཨཀྵོ་བྷྱཿ ཀུ་ཀུ་རཱ་ཛཿ སྨད་འཚོང་མ་བུདྡྷ་ས་མ་ཡ། སྨད་འཚོང་མ་བུདྡྷ་ས་མ་ཏི། མ་ཧཱ་རཱ་ཛ། སྲས་མོ་གོ་མ་དེ་བཱི། སློབ་དཔོན་ཨ་ལོ་ཀེ ། ཁྱིའི་མཁན་པོ་ཕྱི་མ། སློབ་དཔོན་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུངས་མ་བདག་ཉིད་མ། སློབ་དཔོན་ནཱ་གརྫུ་ན། དེ་བ་རཱ་ཛ། འཇམ་དཔལ་བཤེས་གཉེན་ཕྱི་མ། དགེ་བསྙེན་ལེགས་པ། སངས་རྒྱས་གསང་བ། ཤྲཱི་སིངྷ། དགེ་སློང་མ་ཀུན་དགའ་མོ། བི་མ་ལ། ལོ་ཆེན་བཻ་རོ། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། གནུབས་སངས་རྒྱས་ཡེ་ཤེས་སོ། །དེ་ལྟར་གནུབས་ལ་བསྐྱེད་རྫོགས་གསུམ་གྱི་ཆུ་བོ་གཅིག་ཏུ་དྲིལ་བ། དེ་ནས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། རྒྱལ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་ལྡེ། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་ [52a] རབ་གྲགས། ཐུགས་སྲས་ཀ་བ་བཞི། གླན་ཤཱཀྱ་བྱང་ཆུབ། སྒྲོ་ཕུག་པ་ཤཱཀྱ་སེང་གེ། འགར་སྟོན་ཟུང་ངེ་། སྲེག་སྟོན་རྡོ་རྗེ་རྒྱལ་མཚན། གླན་ཉ་ཚལ་པ་རྡོ་རྗེ་འོད། ཡང་ན་སྒྲོ་ཕུག་པ་ནས། ཁ་རག་པ་གནུབས་བཤེན། དེས་གླན་རྡོ་རྗེ་འོད་ལའོ། །ཡང་ན་སྒྲོ་ཕུག་པ་ནས། རྩགས་ལ། དེས་གླན་རྡོ་རྗེ་འོད། དེ་ནས་གླན་བརྩོན་སེང་། གླན་བསོད་ནམས་རྒྱལ་པོ། སྤྲུལ་སྐུ་ལྷ་འབུམ། གླན་ཆོས་ཀྱི་སེང་གེ། གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན། གཟི་སྟོན་ཤཱཀྱ་བཟང་པོ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཟུར་ཧྭཾ་ཤཱཀ་འབྱུང་། སྒྲོལ་ཆེན་སངས་རིན། གནམ་སྡིངས་པ་ནམ་མཁའི་རྡོ་རྗེ། ཤ་མི་རྡོ་རྒྱལ། གཡུ་འབྲུག་རྡོ་རྗེ། བློ་གྲོས་བཟང་པོ། གཞན་ཕན་རྡོ་རྗེ། གསང་བདག་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། རིག་འཛིན་གཏེར་བདག་གླིང་པ། ཡང་ཟུར་ཧྭཾ་ཤཱཀ་འབྱུང་ཡན་སྔར་ལྟར་ལ། དེ་ནས་ལང་གྲོ་ཚེ་དབང་རྒྱལ་པོ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན། རིག་འཛིན་བདུད་འཇོམས་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། བླ་ཆེན་ཆོས་རྒྱལ་ [52b] རྡོ་རྗེ། ཉང་སྟོན་རིག་པའི་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། ཆོས་རྒྱལ་གཏེར་བདག་གླིང་པ། ཡང་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ཡན་ཆད་སྔར་ལྟར་ལས། དེ་ནས་ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། བྲའོ་ཆོས་འབུམ། དཀོན་མཆོག་བཟང་པོ། ཀཿཐོག་པ་རྡོ་རྗེ་དཔལ་བཟང་། དར་ལུང་པ་རྡོ་རྗེ་རྣམ་རྒྱལ། ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། དཔང་སྟོན་ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཡོངས་གྲོལ་ཆོས་རྒྱལ་བསྟན་འཛིན། རིག་འཛིན་གཏེར་བདག་གླིང་པ། ཡང་ན་ཀཿཐོག་པ་ནས། འཕགས་མཆོག་བྱ་བཏང་ཆེན་པོ། ཤ་མི་རྡོར་རྒྱལ། གཡུ་འབྲུག་རྡོ་རྗེ། བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། ཡང་ན། བློ་གྲོས་བཟང་པོ་ནས། ཟབ་ལུང་དབང་གི་རྒྱལ་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་སྔར་བཞིན། གཏེར་ཆེན་འགྱུར་མེད་རྡོ་རྗེས། པདྨ་འགྱུར་མེད་རྒྱ་མཚོ་དང་། ལོ་ཆེན་དྷརྨ་ཤྲཱི་གཉིས་ལ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་ [53a] རྣམ་རྒྱལ། དེ་ནས་མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་རམ་གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ་དུ་གྲགས་པ་གང་གི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་གསང་མིང་རྡོ་རྗེ་ཐུགས་མཆོག་རྩལ་ལ་བཀའ་དྲིན་དུ་བསྩལ་བའོ། །གཙོ་བོར་སྒྲུབ་སྡེའི་ཕྱོགས་དང་སེམས་ཕྱོགས་སུའང་གཏོགས་པར་གསུང་པ་རྒྱ་བོད་ཀྱི་མཁས་པ་མི་བཞིས་གསང་སྔགས་ཀྱི་དོན་ཐམས་ཅད་རྫོང་འཕྲང་སྲོག་གསུམ་དུ་དྲིལ་བའི་གདམས་པ། མན་ངག་ཐམས་ཅད་ཀྱི་ཟབ་བཅུད་བཀའ་བརྒྱད་བཀའ་མ་རྫོང་འཕྲང་གི་སྐོར་ཐོབ་པ་ལ། དབང་ལུང་གཉིས་ལས། དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་བུམ་པ་སོགས་རྫས་དབང་། ལྷ་དབང་། དྲེགས་པའི་མཐུ་དབང་། སློབ་དཔོན་གྱི་དབང་། ཟབ་མོའི་དབང་གསུམ་རྣམས་ནོས་ནས། གཉིས་པ་ལུང་ལ། རྫོང་འཕྲང་སྲོག་གསུམ་གྱི་ཆིངས་ཀྱི་ [53b] མན་ངག། རྫོང་གི་ཆོས་གསུམ། འཕྲང་གི་ཆོས་གསུམ། སྲོག་གི་ཆོས་གསུམ་རྣམས་ཀྱི་གདམས་པ། རྫོང་འཕྲང་གི་ཐེམ་ཡིག། རྫོང་གསུམ་འདུས་པའི་ཊཱིཀྐ ། དགོངས་ཆེན་བཅུ་གསུམ་ལ་ལྟ་སྒོམ་བཞིའི་ངོ་སྤྲོད། འཕྲང་གསུམ་འདུས་པའི་ཊཱིཀྐ ། སྲོག་བཟུང་བའི་སྒྲོན་མེ་ཞེས་པ་འཕྲང་གི་གདམས་པ། ཀུན་གཞི་གནད་ཀྱི་གཏོང་ཐུན། མ་རིག་སྦུབས་འབྱེད་ཀྱི་གདམས་པ། འབྲས་བུ་སྐུ་གསུམ་གཏན་ལ་དབབ་པ། ལྟ་བའི་འཕྲང་གི་བཀའ་བསྒོ། ལོ་རྒྱུས་ཉུང་ངུ་། པདྨ་སམྦྷ་ཝ་དང་གཉགས་ཀྱི་གསུང་ཚིགས་བཅད་དང་བཅས་པ། དོན་ལ་འཇུག་ཅིང་ཆུད་མི་ཟ་བར་འབྲས་བུ་ལྷུན་གྱིས་གྲུབ་པར་བྱ་བ། ཁ་སྒྱུར་དྲུག་སྡེ་དྲུག། དྲིལ་སྒྲུབ། རྩ་བའི་སྒོམ་ཁོག། ཁ་བསྒྱུར་དྲུག་པའི་ཕྲིན་ལས། ཚོགས་གཏོར་བསྟོད་པ། དབང་བསྐུར་རྡོ་རྗེའི་ཕྲེང་བ་ལེའུ་བཅུ་གསུམ་པ། ཕྱི་འགྱུར་ཐེམ་ཡིག། སྙིང་པོ་བྱང་ཆུབ་མན་ངག། འཁོར་ལོ་རྒྱུན་གྱི་ཐིག་པ་སོགས་ཀྱི་ངོས་འཛིན། གུ་རུ་ཉི་ཤུ་ལྔའི་ཉམས་ཀྱི་མན་ངག། དྲག་སྔགས་རྣམ་གཉིས་ཀྱི་དགོངས་པའི་མན་ངག། ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་ [54a] སྙིང་དང་རྫས་དང་དཀྱིལ་འཁོར་དཔེ་ཆུང་ཐུན་དང་བཅས་པར་ནང་གསེས་ཀྱི་དཀར་མོ་མིང་སྲིང་གི་དྲག་སྔགས། ཙམུནྟྲ་མིང་སྲིང་། དམར་པོ་ཁྲག་རལ་དང་གཤིན་རྗེ་ནག་པོ་སྟག་མགོའི་དྲག་སྔགས། སྲིང་མོ་གདོང་ཟོར་མིང་སྲིང་། ནག་མོ་མིང་སྲིང་གི་དྲག་སྔགས། ཡེ་ཤེས་འཆར་ལུགས་གསུམ་བི་མ་ལས་གསུངས་པ། འཇམ་དཔལ་གཤིན་རྗེ་ཐམས་ཅད་འཁོར་ལོ་རྣམ་བཞིའི་དགོངས་པར་འདུ་བའི་མན་ངག། དབང་ཆེན་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདུ་བའི་དགོངས་པ། ཡང་དག་ཐམས་ཅད་རྒྱུན་གྱི་ཏིང་ངེ་འཛིན་སངས་རྒྱས་ལག་བཅངས་མར་འདུ་བའི་དགོངས་པ། ཆེ་མཆོག་ཐམས་ཅད་བདུད་རྩི་རྣམ་དག་གི་དགོངས་པར་རྫོགས་པ། ཕུར་པ་ཐམས་ཅད་ཕུར་པ་ཐལ་འབྱིན་གྱི་དགོངས་པར་རྫོགས་པ། སྲིད་པའི་མ་མོ་ཐམས་ཅད་རྩ་རླུང་བྱང་སེམས་ཀྱི་དགོངས་པར་འདུས་པ། འཇིག་རྟེན་པའི་སྲོག་གི་དགོངས་པ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་བརྟགས་པ། སྲོག་གི་སྒྲུབ་པ། ལྟ་སྤྱོད་ཀྱི་སྡོམས། མ་མོ་རྩ་རླུང་གི་དགོངས་པ། ཡང་མ་མོ་རྩ་རླུང་ [54b] གི་དགོངས་པ་དྷ་ན་སཾསྐྲྀ་ཏས་བཤད་པ། སྲོག་གི་སྡོམ་ཚིག་ཁ་བྱང་གནད་གཟེར་བཞི་བསྟན་པ། གཟུངས་མའི་མཚན་ཉིད་རིགས་ལྔར་སེམས་སྦྱངས་པ། འཁོར་བ་བཙན་ཐབས་སུ་བཟློག་པའི་མན་ངག། ཉོན་མོངས་པའི་རོ་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་མན་ངག་བཻ་རོའི་ཐུགས་ཀྱི་གཏིང་དུ་སྦས་པ་གཡུ་སྒྲས་རིག་པས་གཏེར་ནས་ཕྱུངས་པ། ཕུང་མཁན་ངོས་བཟུང་ཞིང་འཁྲུལ་གཞི་རྩད་བཅད་པ་བཻ་རོས་གཡུ་སྒྲ་ལ་གཏད་པ། འཇམ་དཔལ་བཤེས་གཉེན་གྱི་རིག་པ་རང་ཤར་གྱི་མན་ངག། རྫོང་འཕྲང་གི་ཡོན་ཏན་བཤད་པ། མཚན་མ་ཟིལ་གནོན་གྱི་དགོངས་པ། གོང་ཤིང་དགུའི་མན་ངག། པདྨས་དགེ་ལྡན་མ་ལ་གདམས་པ་རྒན་མོ་མཛུབ་ཚུགས། དབང་གི་མན་ངག་ཆུ་བོ་བཞིའི་འབབ་ཚུལ། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ། ཤེལ་གྱི་ཁང་བུའི་དགོངས་པ། རིག་པ་སྤྱི་བླུགས་ཀྱི་དགོངས་པ། ཁམས་གསུམ་རང་གྲོལ་གྱི་དགོངས་པ། འདའ་ཁ་ཚིག་གསུམ་གྱི་དགོངས་པ། ཟ་འོག་བེར་ཁྱིམ་གྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་དགོངས་པ། ཁམས་གསུམ་ཡོངས་གྲོལ་ [55a] གྱི་དགོངས་པ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ། མེ་ལོང་གཡའ་དག་གི་དགོངས་པ། རྒྱ་མཚོ་ཀློང་ཡངས་ཀྱི་དགོངས་པ། སྲིད་གསུམ་རྣམ་དག་གི་དགོངས་པ། ཡུལ་སེམས་གཉིས་མེད་ཀྱི་དགོངས་པ། རིག་པར་རང་ཤར་གྱི་དགོངས་པ། རྣལ་འབྱོར་དབང་ཕྱུག་གི་དགོངས་པ། བསམ་གཏན་ཟས་ཀྱི་རིམ་པ། ཉི་ཟླ་ཁ་སྦྱོར་གྱི་དགོངས་པ། ལྷའི་དཀྱིལ་འཁོར་དུ་བདག་ཉིད་གསལ་བའི་སྒོ་ནས་འགྲོ་དོན་བྱ་ཐབས། སྦྱོར་བ་དོན་གྱི་མན་ངག། སྦྱོར་སྒྲོལ་གྱི་མན་ངག། ལྷ་མོ་པཉྩི་ཀ་དགུག་པ། ལྟ་སྤྱོད་ཀྱི་གསང་སྒོ། ཁམས་གསུམ་འཁོར་བ་སངས་རྒྱས་སུ་ཡིད་ཆེས་པར་བྱེད་པའི་མན་ངག་དགའ་རབ་རྡོ་རྗེས་མཛད་པ་ནམ་མཁའི་སྙིང་པོ་ལས་བརྒྱུད་པ། གནུབས་ཡོན་ཏན་རྒྱ་མཚོས་ཁུ་ལུང་སྒང་དུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་ཞུས་པའི་དོགས་གཅོད། འདའ་ཁུ་ཐུགས་ཀྱི་མན་ངག། སློབ་དཔོན་པདྨའི་བསླབ་པའི་མཐའ་གཅིག་པ། ལྟ་བ་ཤན་འབྱེད། ཆོས་ཐམས་ཅད་སེམས་སུ་ཐག་བཅད་པ། རང་རིག་སློབ་དཔོན་གྱི་སྐུར་སྒྲུབ་པ་པདྨས་ཁྲི་སྲོང་ལ་གདམས་པ། གཞི་ [55b] ལམ་འབྲས་བུ་གསུམ་དབྱེར་མེད་པའི་དོན་ཐུགས་སུ་ཆུད་པའི་ངན་ངག་གི་དོན་བསྟན་པ། མ་ནོར་དོན་རྫོགས་ཀྱི་སངས་རྒྱས་དང་མངོན་དུ་བྱུང་བའི་སངས་རྒྱས་ཀྱི་དབྱེ་བ། རྣམ་པར་མི་རྟོག་པའི་དགོངས་པ་སྤྱི་དོན་གསུམ་པ། ལྟ་སྤྱོད་ཀྱི་མན་ངག་དབུ་ན་ལོ་རྒྱུས་ཅུང་ཟད་ཡོད་པ། ཆོས་ཐམས་ཅད་རང་སེམས་སུ་བསྟན་པ་མན་ངག་ཤེལ་གྱི་ཁང་པ། སེམས་ཀྱི་བཞག་ས་བསྟན་པ། སངས་རྒྱས་ཡེ་ཤེས་ཀྱིས་ལེགས་པའི་རིན་ཆེན་ལ་གནང་བ། ལྟ་སྤྱོད་རྨད་བྱུང་དན་ཡོན་ཏན་མཆོག་གི་ཐུགས་ཀྱི་ཉིང་ཁུ་བཞུ་བ། ནམ་མཁའི་སྙིང་པོས་མཁར་ཆེན་བཟའ་ལ་བསྟན་པའི་ཏིང་ངེ་འཛིན་གྱི་མན་ངག །བསམ་གཏན་ལུང་གི་མན་ངག། རྫོགས་པ་ཆེན་པོ་འཕྲུལ་གྱི་མེ་ལོང་། བོད་ཀྱི་མངའ་བདག་ལ་མན་ངག་བརྫངས་པའི་ཐོ། རང་སེམས་རྟོགས་པ་ཙམ་དང་དམིགས་པ་ཕྱོགས་གཅིག་ཏུ་གྲུབ་པར་བསྟན་པ། རིན་ཆེན་གསེར་གྱི་ཐིགས་པ། ཤེལ་གྱི་ཁང་བུའི་མན་ངག །ཡོ་ག་རྣམ་གསུམ་གྱི་ལ་ཤན་དབྱེ་བ། སེམས་གཏན་ལ་དབབ་ཕྱིར་ནམ་མཁའ་ཆེ། རྩལ་ཆེན། ཁྱུང་ཆེན། ཁུ་བྱུག། བྱང་སྒོམ། [56a] རྨད་བྱུང་རྣམས་ཀྱི་ལུང་དང་མཚན་བཤད་པ། རྣལ་འབྱོར་རིག་པའི་མེ་ཏོག་འཕྲུལ་གྱི་མེ་ལོང་། ནམ་མཁའ་ཡངས་པའི་དགོངས་པ། འགྲོ་དྲུག་གཡང་ས་གཅོད་པའི་དགོངས་པ་དགའ་རབ་རྡོ་རྗེས་མཛད་པ། རང་ཉིད་སྐུ་གསུམ་གྱི་ངོ་བོར་གནས་པ། འཁོར་བ་རུ་ལྡོག་གི་དགོངས་པ། དུས་བཞི་མཉམ་སྦྱོར་གྱི་དགོངས་པ་པདྨས་གཏེར་བཞད་རྩལ་ལ་གཏད་པ། ཡུལ་སེམས་གཉིས་མེད་ཀྱི་དགོངས་པ། སྟག་མོ་ཁ་མངལ་གྱི་དགོངས་པ། སྤྱང་མོ་རོ་ཤན་གྱི་དགོངས་པ། ཡིད་བཞིན་ནོར་བུའི་དགོངས་པ་སྟེ་མཁས་པ་མི་བཞིའི་གཏེར་ཆེན་རྣམས་གཞུང་པོད་རྩ་བ་དང་། འདི་དག་ད་ལྟའི་དཔེ་རྒྱུན་དུ་མ་བཞུགས། མཆན། འདིར་བཀའ་མའི་གླེགས་བམ་ཁོངས་སུ་བཞུགས་པ། རྫོང་འཕྲང་གི་དབང་བསྐུར་རྡོ་རྗེའི་ཕྲེང་བ་ལེའུ་བཅུ་གསུམ་པ་སློབ་དཔོན་ཆེན་པོ་པདྨའི་གསུང་། བརྒྱུད་འདེབས་གཞན་ཕན་པས་མཛད་པ། ཕྲིན་ལས་ཀྱི་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་རྒྱན་ཀཿ ཐོག་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པ་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ་རྡོ་རྗེ། [56b] ཤྲཱི་སིངྷ་། མཁས་པ་མི་བཞི། ཛྙཱ་ན་ཀུ་མཱ་ར། གནུབས་ཆེན། ཡོན་ཏན་རྒྱ་མཚོ། པདྨ་དབང་རྒྱལ། རཀྵི་ཚུལ་ཁྲིམས་རྒྱལ་མཚན། ཁམས་པ་ལྡན་བརྩོན་པ། ཁམས་པ་ཡེ་ཤེས་དབང་ཕྱུག། ཤངས་ཀྱི་ཕ་སྟོན་གྲུབ་ཐོབ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉར་རལ། སྲས་འགྲོ་མགོན། གུ་རུ་ཆོས་དབང་། སྲས་པདྨ་དབང་ཆེན། ཤེས་རབ་རྒྱ་མཚོ། ཟུར་ཧྭཾ་ཤཱཀ་འབྱུང་། བླ་ཆེན་ཤྲཱི་ཕ་ལ། ཉང་ཤཱཀྱ་རྡོ་རྗེ། སློབ་དཔོན་ཤྲཱི་ཕ་ལ། དེ་གཉིས་ཀ་ལ་སྔགས་འཆང་ར་མོ་བ་དང་ལེགས་པ་དཔལ་བཟང་གཉིས་ཀྱིས་གསན། གཉིས་ཀས་རིན་ཆེན་རྒྱལ་མཚན། དེས་མངའ་རིས་པཎ་ཆེན་ནོ། །དབང་བརྒྱུད་ནི་པཎ་ཆེན་ནས། འུ་ཡུག་པ་ངག་གི་དབང་པོ། སྤྲུལ་སྐུ་ཚེ་བརྟན་རྒྱལ་པོ། ནམ་མཁར་སྤྱོད་པ། པ་ར་ཧི་ཏ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། ལུང་གི་བརྒྱུད་པ་ནི། པཎ་ཆེན་ནས། མངའ་བདག་ཀུན་དགའ་ལྷུན་གྲུབ། དབང་སྟོན་གུ་རུ་པ། ནམ་མཁའ་ཆོས་དབང་། གར་དབང་བློ་མཆོག། རས་ཆེན་ཚེ་དབང་བསྟན་འཛིན། [57a] རིག་འཛིན་གཏེར་བདག་གླིང་པ། དེ་ནས་རིན་ཆེན་རྣམ་རྒྱལ། ཨོ་རྒྱན་རིག་འཛིན་རྒྱ་མཚོ། འགྱུར་མེད་ཐེག་མཆོག་བསྟན་འཛིན། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། བླ་མ་རིག་འཛིན་རྒྱ་མཚོ། རྗེ་ཕྲིན་ལས་དར་རྒྱས། མཁན་པདྨ་བཀྲ་ཤིས། མཁན་པདྨ་རྡོ་རྗེ། ཀུན་བཟང་ཆོས་ཀྱི་གྲགས་པ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་སྐོར་ལ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལ་དབང་ཁྲིད་ལུང་གསུམ་གྱི། དང་པོ་དབང་ནི། གཡུང་སྟོན་རྡོ་རྗེ་དཔལ་བའི་ཡིག་ཆའི་སྟེང་ནས་རྫོགས་པ་ཆེན་པོ་རྒྱལ་ཐབས་སྤྱི་བླུགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་བཙན་ཐབས་སུ་ངོ་སྤྲོད་པ་རིག་པའི་རྩལ་དབང་བཅོ་བརྒྱད་ལེགས་པ་ཐོབ། གཉིས་པ་ཁྲིད་ལ། སེམས་སྡེ་ཉང་ལུགས་དང་ཨ་རོ་ལུགས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་བཅས་ཁྲིད་ལུང་སྦྲགས་མའི་ཚུལ་དུ་ནོས་ནས། གསུམ་པ་ལུང་ལ་སྐོར་ཚོ་བཞི་ལས། [57b] དང་པོ་རྒྱུད་ཀྱི་སྐོར་ལ། འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་པ། ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་ལེའུ་བཅུ་དྲུག་པ་གཉིས་ཐོབ་པའི་བརྒྱུད་པ་ནི་རྒྱུད་འབུམ་གྱི་སྐབས་ན་གསལ་ལོ། །གཉིས་པ་བྱིན་རླབས་རྒྱུད་འགྲོལ་གྱི་སྐོར་ལ། བླ་མ་བརྒྱུད་པའི་ལོ་རྒྱུས་རྣམ་ཐར། ཡིག་བརྒྱའི་སྒོམ་བཟླས། བྱིན་རླབས་རྒྱུད་འགྲོ་བླ་མའི་རྣལ་འབྱོར་རྒྱས་འབྲིང་བསྡུས་པ་ཤིན་ཏུ་བསྡུས་པ་དང་བཞི། སེམས་བསྐྱེད་དབང་གི་སྔོན་འགྲོ། རིག་པའི་རྩལ་དབང་རྣམས། གསུམ་པ་མན་ངག་རྒྱུད་འགྲེལ་སྐོར་ལ། ཁྲིད་ཡིག་ཆེན་མོ་ཨ་རོས་མཛད་པ་གསུང་རྒྱུན་གྱི་ཚིག་སྣ་བསྲིངས་པ། རྣམ་རྟོག་གཅོད་པའི་མན་ངག་ཕྱག་ཆ་དྲུག་སྐོར། ཡེ་ཤེས་འཆར་བའི་མན་ངག །ཡེ་ཤེས་ངོས་འཛིན་པའི་མན་ངག། ལྟ་བའི་མན་ངག། ཅོག་བཞག་མན་ངག། ཅོག་བཞག་ཆེ་བ། རྫོགས་ལུང་བསྟན་པ། བསམ་གཏན་གྱི་དེས་པ་ངོས་འཛིན་ནད་མེད་ཐིགས་པ། བསམ་གཏན་གྱི་འཕྲང་བདུན་བསྟན་པ། རླུང་གི་མན་ངག་བདུན་ཅུ་པ། བདུད་བཞི་ངོས་འཛིན། ཁྲིད་ཀྱི་ཐུན་ [58a] གྲངས་རྣམས་སོ། །བཞི་པ་རྒྱབ་ཆོས་སྐོར་ལ། ཨ་རོའི་ལོ་རྒྱུས་སྔོན་དུ་འགྲོ་བས་ཞལ་གདམས་སྙན་བརྒྱུད་རིན་པོ་ཆེའི་སྒྲོན་མ། ཞིག་པོ་བདུད་རྩིའི་ཞལ་གདམས་དང་གསུང་རྒྱུན་སྣ་ཚོགས་དབུས་པ་རོག་དང་མ་ཧཱ་ལྷུན་པོས་བྲིས་པ་སོགས་ལེ་ཚན་བཅོ་ལྔ་རྣམས་དང་། རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་ལ་ནང་གསེས་སུ། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ལས་ལེའུ་ལྔ་པ། སུམ་ཅུ་རྩ་ལྔ་པ། སུམ་ཅུ་རྩ་བདུན་པ་སྟེ་རྒྱུད་ཀྱི་ཁོངས་ནས་ལེའུ་ཁོལ་དུ་ཕྱུངས་པ། སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུ་རུ་བཞེངས་པ། བྱང་ཆུབ་སེམས་སྒོམ་པ་རྡོ་ལ་གསེར་ཞུན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཀློང་ཆེན་པའི་གསུང་། རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་ཉང་ལུགས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱི་གསུང་། ཤྲཱི་སེང་ཧའི་སྙན་བརྒྱུད་ཚིག་གསུམ་བཀའ་འགྲེལ། སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་ [58b] སྙིང་པོའི་བདེ་ཁྲིད་བཅས་ཨ་རོ་ལུགས་དཔལ་མཁའ་སྤྱོད་པའི་གསུང་། བྱང་སེམས་སྙིང་པོའི་པྲ་ཁྲིད་གོང་གསུང་། སློབ་དཔོན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེའི་པྲ་ཁྲིད་ཀྱི་མན་ངག་ནམ་མཁའི་རྡོ་རྗེའི་གསུང་། རྫོགས་ཆེན་སེམས་སྡེ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་དགའ་སྟོན་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱི་གསུང་། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་གཡུང་སྟོན་རྡོ་རྗེ་དཔལ་གྱི་གསུང་། དེའི་སྨོན་ལམ་རྒྱུག་བྱང་རྣམས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་གསང་བདག་ཕྱག་རྡོར། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག། སྒྲ་བསྒྱུར་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ་། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག། ཉངཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་ [59a] འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། སྒྲོ་ཕུག་པ་ཤཱཀྱ་སེང་གེ། འགྲོ་མགོན་དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། ལྕེ་སྟོན་ཟུང་ངེ་། སྲས་སྟོན་བཀྲ་ཤིས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། ཟུར་ཧྭཾ་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། མཁས་གྲུབ་བྲའོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། ཀཿཐོག་པ་རྡོ་རྗེ་བཟང་པོ། དར་ལུང་པ་རྡོ་རྗེ་རྣམ་རྒྱལ། ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། དབང་སྟོན་ཀརྨ་གུ་རུ་བྱ་བཏང་ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་རྒྱལ་བསྟན་འཛིན། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ཀཿཐོག་པ་ནས། འཕགས་མཆོག་བྱ་བཏང་ཆེན་པོ། མཁས་གྲུབ་ཤ་མི་རྡོར་རྒྱལ། སྔགས་འཆང་གཡུ་འབྲུག་རྡོ་རྗེ། མཚུངས་མེད་བློ་གྲོས་རྒྱལ་མཚན། ལོ་ཆེན་གཞན་ཕན་རྡོ་རྗེ། རིག་འཛིན་ [59b] ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན། བློ་གྲོས་རྒྱལ་མཚན་ནས། ཟབ་ལུང་པ་དབང་གི་རྒྱལ་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ལུགས་གཅིག་ལ། ཟུར་ཧྭཾ་ཤཱཀ་འབྱུང་དང་། ཟུར་མོ་དགེ་འདུན་འབུམ། གཉིས་ཀ་ལས་ལང་གྲོ་ཚེ་དབང་རྒྱལ་པོ། དེ་ནས་ལེགས་པ་དཔལ་བཟང་། རིན་ཆེན་རྒྱལ་མཚན། ལེགས་ལྡན་བདུད་འཇོམས་རྡོ་རྗེ། སྐྱི་ཚེ་རིང་དབང་པོ། གཉགས་ཆོས་རྒྱལ་རྡོ་རྗེ། རྒྱ་འོད་གསལ་རང་གྲོལ། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་སྔར་བཞིན་ནོ། །ཡང་རྫོགས་པ་ཆེན་པོ་སེམས་སྡེ་ལ་གཙོ་ཆེ་བའི་ལུགས་གསུམ་དུ་གྲགས་པའི་ཉང་ལུགས་ཀྱི་བཀའ་སྲོལ་བློ་གྲོས་བཟང་པོའི་ཁྲིད་ཡིག་ཆེ་ཆུང་གསོལ་འདེབས་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲི་སིངྷ་། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན། སོག་པོ་དཔལ་ཡེ། སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག། ཉང་ [60a] ཡེ་འབྱུང་། ཟུར་ཆེན། ཟུར་ཆུང་། སྐྱོ་ཤཱཀ་ཡེ། སྒྲོ་ཕུག་པ། ལྕེ་སྟོན་རྒྱ་ནག་པ། དབུས་པ་ཞིག་པོ། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེས། རྟ་སྟོན་གཟི་བརྗིད། སྐྱེ་མེད་དམ་པ་སངས་རྒྱས། མཉམ་མེད་སྤྲུལ་སྐུ་ཆེན་པོ། ཟུར་བྱམས་སེང་། ཟུར་མོ་མཁས་བཙུན་སངས་རྒྱས། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། སྒྲོལ་མ་བ་སངས་རྒྱས་རིན་ཆེན། རྒྱལ་སྲས་ཐུགས་མཆོག་རྩལ། གྲགས་པ་དཔལ་འབྱོར། བློ་གྲོས་རབ་ཡངས། བླ་ཆེན་རྡོ་རྗེ་འཆང་། ལྷ་རྗེ་བློ་གྲས་བཟང་པོ། རྡོ་རྗེ་ཡེ་ཤེས། སིངྷ་བཛྲ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་རྫོགས་པ་ཆེན་པོ་སེམས་ཕྱོགས་ལས་ཁམས་ལུགས་སུ་གྲགས་པ་ཨ་རོ་སྙན་བརྒྱུད་ཀྱི་ཁྲིད་མཁའ་སྤྱོད་དབང་པོས་མཛད་པའི་མཁའ་དབྱིངས་བདེ་ཁྲིད་ཀྱི་ཁྲིད་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ལོ་ཡེ་ཤེས་གཞོན་ནུ། ཨ་རོ་ཡེ་ཤེས་འབྱུང་གནས། ཡ་ཟི་བོན་སྟོན། གྲུ་གུ་གློག་འབྱུང་། རྦ་སྒོམ་བསོད་ [60b] ནམས་སྙིང་པོ། དམ་པ་མཛེས་སྒོམ་ཞིག་པོ། རྟོགས་ལྡན་བ་ར་སྒོམ་ཆེན། ཇོ་མོ་ཉང་མོ། དམ་པ་ཤཱཀ་རྒྱལ། དབུས་པ་སྟོན་ཤཱཀ ། ལྷ་རྗེ་ཁང་པ། ཞིག་པོ་བདུད་རྩི། གཉོས་སྟོན་བླ་མ། གཉོས་ཤཱཀྱ་དཔལ་འོད། གཉོས་ཤཱཀྱ་འབུམ་མི། ཤཱཀྱ་མགོན། ཤཱཀྱ་རྒྱལ་པོ། གཉོས་འཁྲུལ་ཞིག་སངས་རྒྱས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། སྤྲུལ་སྐུ་ཤཱཀྱ་སེང་གེ། དྲིན་ཅན་ཡིད་བཞིན་ནོར་བ། འགྲོ་མགོན་ཆེ་མཆོག་རྒྱལ་པོ། མ་གཅིག་ཡེ་ཤེས་མཁའ་འགྲོ། སྤྲུལ་སྐུ་ཆོས་ཀྱི་རིན་ཆེན། རྡོ་རྗེ་དབྱིངས་ཕྱུག་དཔལ་མོ། སྤྲུལ་སྐུ་ནམ་མཁའི་རྒྱལ་མཚན། གྲུབ་ཐོབ་རིན་ཆེན་དཔལ། དྲིན་ཅན་ཆོས་སྐུ་སངས་རྒྱས། དྲན་མཆོག་རྡོ་རྗེ་རིན་ཆེན། དྲིན་ཅན་རྣམ་རྒྱལ་རྡོ་རྗེ། གྲགས་པ་ཟིལ་གནོན། ཀུན་བཟང་རྡོ་རྗེ་ཚེ་བརྟན། དྲིན་ཅན་པདྨ་རྡོ་རྗེ། གཉོས་སྟོན་མཐུ་སྟོབས་དབང་ཕྱུག། གྲུབ་ཆེན་མ་བསམ་གཏན་ཆོས་བཟང་། ངག་དབང་དོན་ཡོད་བསྟན་འཛིན། འཁྲུལ་ཞིག་ཀློང་ཡངས་འོད་གསལ། རིག་འཛིན་གཏེར་བདག་གླིང་པ། ཡང་ན། རྡོར་སེམས། [61a] ཤ་བ་རི་པ། ཨཱ་ཙརྱ་གཱིརྟི། མཻ་ཏྲི་སིངྷ། བཻ་རོ། གཉགས་ལོ། ཨ་རོ་ཞེས་འདྲེན་པའང་སྣང་ངོ་། །ཡང་ཨ་རོ་ནས། ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་སེ་བོན་སྟོན། གཉིས་ཀས་རོང་ཟོམ་ལ་གསུངས་པས་དེ་ནས་བརྒྱུད་པ་རོང་ལུགས་སུ་གྲགས་ཏེ་ངོ་བོ་ཁམས་ལུགས་ཉིད་དོ། །སྤྱིར་ན་རྒྱ་གར་བདུན་བརྒྱུད་དང་། རྒྱ་ནག་ཧ་ཤང་བདུན་བརྒྱུད་ཀྱི་གདམས་པ་ཐམས་ཅད་ཨ་རོ་ཉིད་ལ་མངའ་བར་གྲགས་སོ། །དེ་ལྟར་བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་ནས། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་རྫོགས་ཆེན་སེམས་སྡེའི་སྐོར་གོང་གསལ་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་བཅས་པའི་བརྒྱུད་པ་ཁྱད་པར་བ་གཅིག་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡན་སྔར་ལྟར་ལ། དེ་ནས་ལོ་ཆེན་དྷརྨ་ཤྲཱི། དྲིན་ཆེན་ [61b] རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། སྒོམ་རི་པ་ཨོ་རྒྱན་ཀློང་ཡངས། ཀུན་མཁྱེན་གཉིས་པ་འཇིགས་མེད་གླིང་པ། གྲུབ་དབང་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྒྱལ་བའི་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས། དེ་གཉིས་ཀས་བདག་གི་རིགས་བདག་བདུད་འཇོམས་ནམ་མཁའི་རྡོ་རྗེའམ། རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། དེ་ཉིད་ཀྱི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསང་བའི་མིང་དུ་ཡན་པ་བློ་བདེ་ཞེས་བཏགས་ཏེ་ཐུན་མོང་མ་ཡིན་པའི་དགོངས་གཏད་ངོ་སྤྲོད་དང་བཅས་པ་བཀའ་དྲིན་དུ་བསྩལ་ཏོ། །ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོའི་ལུང་ཁྲིད་ཀྱི་བརྒྱུད་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཅོག་རོ་སྐྱེས་བཟང་སྨིན་ལེགས། འབྲོམ་ལེགས་པའི་བློ་གྲོས། [62a] རྦ་རྒྱལ་བའི་དབང་པོ། མཚུར་མཆོག་གི་བླ་མ། དྲུང་ཡེ་ཤེས་དབང་པོ། ཟུར་པ་རིན་ཆེན་གྲགས། ལྕེ་དགའ་བའི་དབང་པོ། སྙན་རིན་ཆེན་རྩེ་མོ། ཆོས་རྗེ་ཀུན་དགའ་དོན་གྲུབ། གཞོན་ནུ་གྲུབ། ཡེ་ཤེས་དབང་པོ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་ལ། ཡོན་ཏན་དཔལ་བ། བསམ་འགྲུབ་རྒྱ་མཚོ། ནམ་མཁའ་གཞོན་ནུ། ནམ་མཁའ་ཀློང་ཡངས། མ་ཏིངྷྭ་ཛ། སྣ་ཚོགས་རང་གྲོལ། ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། རྡོ་རྗེ་དཔའ་བོ། ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རིག་འཛིན་བཟང་པོ། མཁན་པདྨ་མངྒ་ལ། གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ། པདྨ་གར་དབང་། གཉིས་ཀས་ཁྱབ་བདག་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ལའོ། །འདི་ལ་བརྒྱུད་པའི་ཁྱད་པར་གཞན་ཡང་ཡོད་དེ་ཀུན་མཁྱེན་ཆེན་པོའི་གསུང་འབུམ་ཐོབ་ཡིག་ལས་ཤེས་སོ། །གཉིས་པ་ནང་ཀློང་སྡེའི་སྐོར་ཐོབ་པ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། འཇམ་མགོན་པདྨ་གར་ [62b] དབང་གི་ཡིག་ཆ་ཡེ་ཤེས་ཆུ་རྒྱུན་གྱི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་སྨིན་བྱེད་དབང་། མཐའ་རྟེན་ཚེ་དབང་། བཀའ་སྲུང་འབར་མ་མེ་གདོང་ཅན་གྱི་བཀའ་གཏད་བཅས་ནོས་ནས། གཉིས་པ་ཁྲིད་ནི། སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པའི་སྙན་བརྒྱུད་ཁྲིད་ཡིག་སྐལ་བཟང་མིག་འབྱེད་ཀྱི་དམིགས་ཁྲིད་ཞིབ་དྲིལ་དང་། ལུས་གནད་རླུང་སྦྱོར་སོགས་ངེས་ཏིག་ཏུ་གཏན་ལ་ཕབ་ནས་ཐོབ། གསུམ་པ་ལུང་ལ་སྐོར་ཚོ་བཞི་ལས། དང་པོ་གཞུང་གི་སྐོར་ལ། རྡོ་རྗེ་ཟམ་པ་རྩ་བའི་གཞུང་ཆུང་བཻ་རོས་མཛད་པ། དེའི་འགྲེལ་པ་ལོ་རྒྱུས་ཆེན་མོ་གཞུང་བཤད་དང་བཅས་པ་འཛེང་ཡབ་སྲས་ཀྱི་སློབ་མ་སློབ་དཔོན་ཀུན་བཟང་རྡོ་རྗེས་མཛད་པ། ཡང་འགྲེལ་ཆུང་བརྒྱུད་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ། ལོ་རྒྱུས་ཆུང་ངུ་གདམས་ངག་དང་བཅས་པ་ནང་གསེས་ལེ་ཚན་བཅུ་ཅན། སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་དཀར་ཆག། འཛེང་དྷརྨ་བོ་ངྷིའི་ལོ་རྒྱུས་ཟུར་བཀོལ། མན་ངག་ཁོག་གི་ཆིངས་བཅས། གཉིས་པ་བྱིན་རླབས་དབང་གི་སྐོར་ལ། སྔོན་འགྲོའི་ [63a] ཆོས་སྤྱོད། སྔོན་འགྲོ་ལས་མ་དག་པ་དག་པར་བྱེད་པ་སྔོན་འགྲོ་རྒྱ་མཚོ་ཁྲུས་ཀྱི་ལུང་། མ་སྨིན་པ་སྨིན་པར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ། སྨིན་པ་གྲོལ་བར་བྱེད་པ་སྒོམ་ཚུལ་བླ་མའི་ལུང་། དུས་བཞིའི་རྣལ་འབྱོར་གྱི་ལུང་། འཛེང་རྡོ་རྗེ་སྦ་བས་མཛད་པའི་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་གཞལ་ཡས་ཁང་དང་བཅས་པ་སྒོམ་མཎྜལ་བྱིན་རླབས། སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པ། བྱིན་རླབས་ཀྱི་དུས་སུ་བྱང་སེམས་དཀར་དམར་གྱི་སྐྱོབ་སྦྱར་ཚུལ། སྒོམ་ཚུལ་བླ་མའི་བྱིན་རླབས་འབྲིང་པོ། སྒོམ་ཚུལ་བླ་མའི་བྱིན་རླབས་བསྡུས་པ་རྣམས། གསུམ་པ་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་ལ། རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་རྒྱས་པ། བརྒྱུད་འདེབས་འབྲིང་པོ་སྣེ་ཁ་གསུམ་ཅན། ཡན་ལག་བདུན་པ། ཡན་ལག་བདུན་པ་འབུལ་བ་བསྔོ་བའི་ཕྱག་ལེན་དང་བཅས་པ་བླ་མ་འཛེང་གིས་མཛད་པ། སྒོ་གསུམ་ལས་ཀྱི་སྤྱོད་པ། བརྒྱུད་པ་ཐ་མའི་མན་ངག། དམ་པའི་སྙན་བརྒྱུད་གདམས་པ་དམར་ཁྲིད་ལག་བླང་། ཉམས་ཁྲིད་སྒོམ་གྱི་ཡི་གེ་གསལ་བའི་སྒྲོན་མེ། སྒོམ་གྱི་ཁྲིད་རིམ་བཅོ་ལྔ་རྒྱུད་ལུང་མན་ངག་དང་མི་འགལ་བ། སྒོམ་ཁྲིད་ལག་ལེན་འོ་ལ་ཇོ་ [63b] སྲས་ཀྱི་བཅུད་རྒྱ་སྒོམ་གྱི་སྣོད་དུ་བླུགས་པ། མངོན་རྫོགས་རྒྱལ་པོའི་སྒྲུབ་ཐབས་རྡོ་རྗེ་ཆོས་ཀྱིས་མཛད་པ། ཡབ་ཡུམ་གྱི་ལྷན་ཐབས་སྣེ་ཁ་གསུམ་ཅན། རིན་པོ་ཆེ་དབང་གི་མན་ངག་ཅེས་པ་བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཡང་དག་གི་ཕྲིན་ལས་སྒྲུབ་པ་དངོས་གཞི་ཚོགས་ལུང་དང་བཅས་པ། བདེ་བ་སྟོབས་ལྡན་མའི་སྒྲུབ་ཐབས་མི་གཡོ་མགོན་པོའི་གསུང་། མཁའ་འགྲོ་རྣམ་གསུམ་གྱི་སྒྲུབ་ཐབས། རྒྱུ་རྐྱེན་བཟླས་བརྗོད་ཀྱི་སྔགས་བསྟན་པ། ཌཱ་ཀིའི་མངོན་སྤྱོད་ཀྱི་དངོས་གྲུབ་བླང་བའི་སྒྲུབ་པ། མཁའ་འགྲོ་མའི་མངོན་སྤྱོད་ཀྱི་དངོས་གྲུབ་བླང་བ། ཛ་ལན་ངྷ་རིའི་གནས་རྣམ་པར་བསྒྱུར་བ་དཔལ་གནས་པའི་གཞུང་ལུགས་ལས་དཔལ་གྱི་མི་མོ་ཞབས་ཀྱི་དངོས་གྲུབ་དགྲ་ཚར་བཅད་པ་སོགས་བཅུ་གཉིས་མཐའ་སྦྱར་བའི་མན་ངག། ལྷ་མོ་གཏུམ་མོའི་སྒྲུབ་ཐབས། ལྷ་མོ་གཏུམ་མོ་ལ་དགྱེས་པའི་བསྟོད་པ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགྲ་ཚར་གཅོད་པའི་དངོས་གྲུབ་ཀྱི་ལས་ཞེས་པ་ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲ་དང་། བོད་ཀྱི་དགེ་སློང་ཤེས་རབ་ཀྱིས་བསྒྱུར་བ། འབར་མ་དཔོན་གཡོག་བཞིའི་བསྟོད་པ་འགྲོ་དོན་ཕྲིན་ལས་མ། ཌཱ་ཀི་མ་སྡེ་གསུམ་གྱི་སྒྲུབ་པ་དགའ་རབ་རྡོ་རྗེའི་གསུང་། ཌཱ་ཀི་གསང་སྤྱོད་ཀྱི་སྒྲུབ་པ། ཌཱ་ཀི་ [64a] མཁའ་སྤྱོད་སྒྲུབ་པ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གཏོར་ཆོག། མཁའ་འགྲོའི་སྤོས་སྦྱོར། བདུད་རྩི་བྱིན་གྱིས་བརླབས་པ་སོགས་བྱང་སེམས་གསུང་གི་དབང་ཕྱུག་ཆོས་ཀྱི་གསུང་། །འཇམ་དཔལ་ཡི་གེ་འབྲུ་གཅིག་པའི་ཆོ་ག། བཅུད་ལེན་གྱི་སྐོར་སྣེ་ཁ་བཅུ་ཅན། ཕྱག་རྒྱའི་མཚན་ཉིད་བརྟགས་ཚུལ། མ་དག་དག་བྱེད་ཕྱི་ནང་རྒྱ་མཚོའི་ཁྲུས་ལུང་། རྒྱུད་ལས་བཏུས་པའི་རྡོ་རྗེ་ཟམ་པའི་དམ་ཚིག་ཉི་ཤུ་པ། ཧེ་རུ་ཀ་རོ་ཧོམ་གྱི་གདམས་པ། ཞལ་གདམས། སློབ་དཔོན་ར་མ་ཕ་ལའི་བཅིངས་པ་གསུམ་གྱི་གདམས་ངག། ཐིག་ལེ་གོར་པ་དང་རྩ་ཁ་སྡོམ་པའི་མན་ངག། ཌཱ་ཀི་སྡེ་གསུམ་གྱི་སྔགས་འབུམ་ལོགས་སུ་བཀོལ་བ། ཤིན་ཐེན་ཝ་ལ་ཤའི་མདོ་ལས་རྐྱེན་གྱིས་ཐར་པའི་ལུང་། རྫས་ལ་བརྟེན་ནས་ཚེ་ལ་དབང་བའི་རིག་འཛིན་སྒྲུབ་པ། རྡོ་རྗེ་ཟམ་པའི་ཚེ་ཆོག་ཉུང་ངུ་། དེའི་ཞར་བྱུང་མངོན་རྟོགས། སངས་རྒྱས་ཚུལ་བཞིའི་ཞལ་གདམས། ཞལ་གདམས་འཕྲུལ་གྱི་མེ་ལོང་དགུ་སྐོར་མ། ཉང་བྱང་ཆུབ་གྲགས་ཀྱི་ལྟ་བ་སྒོམ་གྱི་རྡེའུ་བཅུ་དྲུག་པ། སེམས་ཀྱི་གདར་ཤ་བཅད་པ། ཞལ་གདམས་ཀུན་བཟང་ཐུགས་ཀྱི་མེ་ལོང་ [64b] གི་ཡེ་ཤེས། ཆོས་ལ་མི་བརྟེན་རྐྱེན་གྱིས་གྲོལ་བའི་དཔེ། མྱང་ཤེས་རབ་འབྱུང་གནས་ཀྱིས་འབྲས་བུ་སངས་རྒྱས་སུ་བསྒྱུར་བའི་རྡེའུ་བཅུ་པ་ཅན། དུས་བཞིའི་རྣལ་འབྱོར་གྱི་ལུང་བཅས། བཞི་པ་ཞལ་གདམས་གདམས་པའི་སྐོར་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་ཞལ་གདམས་ཀྱི་སྐོར་ལ། ཟམ་ཆུང་བསྡུས་པ་ཐུན་གཅིག་མ། ཟམ་ཆུང་ཡིག་སྣ་ཐུན་མོང་དང་ཁྱད་པར་བ་གཉིས། ཟམ་ཆུང་གི་བསྡུས་དོན། སྙན་བརྒྱུད་རིན་པོ་ཆེ་ཉམས་ཀྱི་ཕྲེང་བ། འཛེང་གི་ཚད་མ་བཞིའི་གདམས་པ། གཉིས་པ་ནང་གི་ཞལ་གདམས་ལ། སློབ་དཔོན་ཤྲཱི་སིང་ཧའི་གདམས་པ་རྣ་བརྒྱུད་ཚིག་དོན་གསུམ་པ། བསྲེ་བ་རྣམ་བཞིའི་ཞལ་གདམས། སེམས་ཉིད་གདར་ཤ་གཅོད་པ་འཆི་ཁ་བར་དོའི་གདམས་པ། ཟླ་བ་བཞི་པའི་འཆི་ལྟས་བརྟག་པ། འཆི་བ་བརྟག་པ་བསླུ་བ་འཕོ་བ་གསུམ་པ། ཡོངས་སུ་མ་སྨིན་པའི་སེམས་ཅན་ངན་སོང་གནས་ལས་བསྲུང་བའི་སྦྱོར་བ། གསུམ་པ་གསང་བའི་ཞལ་གདམས་ལ། གསང་བའི་རྫས་ཁྱད་པར་ཅན་གྱིས་འོད་གསལ་རྒྱུད་ལ་སྐྱེ་བའི་གདམས་པ། [65a] སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཞལ་གདམས། མེ་ལོང་ངོ་སྤྲད་ཀྱི་གདམས་པ། རྡོ་རྗེ་ཟམ་པའི་མན་ངག་གི་ཉིང་ཁུ་ནང་གསེས་བཞི་པ་ཅན། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་བསླབ་བྱ། དབང་ཆོག་ཆེ་འབྲིང་དཀྱིལ་འཁོར་གྱི་ཚིག་ཐོ་བཅས་སོ། །དེ་ལྟར་རྡོ་རྗེ་ཟམ་པའི་གཞུང་པོད་དཀྱུས་སུ་བཞུགས་པ་དེ་ཙམ་དང་། གཞན་ཡང་རྡོ་རྗེ་ཟམ་པའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཁྲིགས་སུ་བཀོད་པ་ཀཿཐོག་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་། ཉམས་ལེན་བཞིའི་རྣལ་འབྱོར་དང་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་། སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པའི་ཆོ་ག་ཁྲིགས་སུ་བཀོད་པ་ཡེ་ཤེས་ཆུ་རྒྱུན་གོང་གསུང་བཅས་སོ། །དེ་ལྟར་ཐོབ་པའི་དབང་ལུང་ཁྲིད་གསུམ་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་སེམས་དག་ལྷའི་ནོར་བུ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤས་གཉེན། ཤྲཱི་སིངྷ། ལོ་ཆེན་བཻ་རོ། སྤང་ [65b] མི་ཕམ་མགོན་པོ། ངན་ལམ་བྱང་ཆུབ་རྒྱལ་མཚན། ཟ་ངམ་རིན་ཆེན་དབྱིག། ཁུ་འགྱུར་གསལ་བའི་མཆོག། ཉང་བྱང་ཆུབ་གྲགས། ཉང་ཤེས་རབ་འབྱུང་གནས། རྦ་སྒོམ་ཡེ་ཤེས་བྱང་ཆུབ། འཛེང་དྷརྨ་བ་ངྷི། །འཛེང་དཀར་ཇོ་སྲས། སློབ་དཔོན་ཀུན་བཟང་རྡོ་རྗེ། སངས་རྒྱས་སྡོང་པོ། སྐྱེ་ཚེ་ཡེ་ཤེས་བྱང་ཆུབ། གཟིགས་ཡེ་ཤེས་དབང་པོ། མཁན་ཆེན་ངུར་པ་བསོད་ནམས་འོད། ངུར་སྟོན་བཛྲེ་ཤྭ་ར། བསོད་ནམས་རྒྱལ་མཚན། ཤེས་རབ་རྒྱལ་མཚན། གཞོན་ནུ་ཤེས་རབ། གཞོན་ནུ་གྲགས་པ། སངས་རྒྱས་བཟང་པོ། བརྩོན་འགྲུས་དབང་ཕྱུག ། མཐའ་བཞི་གྲགས་པ་རིན་ཆེན། བླ་ཆེན་ཤཱཀྱ་རྒྱལ་པོ། འགོས་ལོ་གཞོན་ནུ་དཔལ། ཞྭ་དམར་སྤྱན་སྔ་ཆོས་གྲགས། ཤེལ་བྲག་པ་ཆོས་ཀྱི་བློ་གྲོས། ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། དཔང་སྟོན་ཀརྨ་གུ་རུ་པ། དཔང་སྟོན་ཆོས་དབང་ལྷུན་གྲུབ། ཆོས་དབང་ཀུན་བཟང་། དཔང་སྟོན་ཀུན་བཟང་ཆོས་རྒྱལ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཨོ་ཌི་ཡ་ན། འགྱུར་མེད་རིག་འཛིན་བཟང་ [66a] པོ། བྱང་སེམས་པདྨ་མངྒལ། མཁས་གྲུབ་རིག་པའི་རྡོ་རྗེ། ཀུན་མཁྱེན་གསུམ་པ་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་། དེ་གཉིས་ཀས་ཁྱབ་བདག་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ལའོ། །གཏེར་ཆེན་གྱིས་མཛད་པའི་ཀློང་སྡེའི་བརྒྱུད་འདེབས་ཀྱང་མཛད་པ་པོ་ཕྱིན་གོང་དང་འདྲའོ། །གསུམ་པ་གསང་སྐོར་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་སྐོར་ལ། སྨིན་གྲོལ་རྒྱབ་བརྟེན་གསུམ་གྱི། དང་པོ་ནི། འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དགོིངས་དོན་ཇི་བཞིན་ཆོག་བསྒྲིགས་སུ་མཛད་པའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྒོ་འབྱེད་རྣམ་འཇོམས་ཁྲུས་དབང་། ཞི་བ་བྱང་ཆུབ་སེམས་ཀྱི་དབང་། ཁྲོ་བོའི་དབང་། འགྱུར་མེད་ཚེའི་དབང་། རིག་པ་རང་གི་དབང་། བཀའ་རྟགས་ཕྱག་རྒྱའི་དབང་། གསང་བའི་དབང་། རྫོགས་ཆེན་རང་སྣང་གི་དབང་། བཀའ་སྲུང་ཁྲོས་མའི་དབང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རབ་འབྱམས། [66b] རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག། ཞང་སྟོན་པ་བཀྲ་ཤིས་རྡོ་རྗེ། དེ་སྲས་མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ལྡན་སྒོམ་ཆོས་གྲགས། བསོད་ནམས་དཔལ་ལྡན། གྲུབ་ཆེན་ཆོས་རྡོར། མ་ཎི་བྷ་དྲ། སངས་རྒྱས་སེང་གེ། ནམ་མཁའ་རྒྱལ་མཚན། ནམ་མཁའི་ཚེ་དབང་། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྫེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་། དེ་གཉིས་ཀས་རྗེ་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་ལའོ། །སྙན་བརྒྱུད་ [67a] གསང་སྐོར་གྱི་བཀའ་ཟམ་མ་ཆད་ཅིང་དཔེ་བརྒྱུད་གཏེར་མ་དང་ཡང་འབྲེལ་བའི་སྐོར་ལ་སྨིན་གྲོལ་གཉིས་ལས། དང་པོ་ནི། རྟེན་གྱི་དཀྱིལ་འཁོར་རྡུལ་ཚོན་གྱི་པད་འདབ་མར་མེ་དང་བཅས་པར་གཏེར་མ་ལ་བརྟེན་ནས་བླ་མའི་བྱིན་རླབས་རིག་པ་རྩལ་གྱི་དབང་བསྐུར་བ་ངོ་སྤྲད་དང་བཅས་པ་ནོས་ནས། གཉིས་པ་ནི། རྒྱུད་ལུང་མན་ངག་ལག་ཁྲིད་ཀྱི་སྐོར་དང་བཞི་ལས། རྒྱུད་ལ་སྤྱི་སྒོས་གཉིས་ལས། དང་པོ་སྤྱི་རྒྱུད་ཐིག་ལེ་ཀུན་གསལ་ལེའུ་དགུ་བཅུ་རྩ་བདུན་པ། གཉིས་པ་སྒོས་རྒྱུད་ལ། སངས་རྒྱས་རང་ཆས་ཆེན་པོའི་རྒྱུད་ལེའུ་བཅུ་པ། བསྟན་པ་བུ་གཅིག་པའི་རྒྱུད་ལེའུ་བརྒྱད་པ། ངོ་སྤྲོད་པའི་རྒྱུད་ལེའུ་གསུམ་པ། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་པ། དགོངས་པ་ཚིག་གསུམ་པའི་རྒྱུད་ལེའུ་གཉིས་པ་དང་ལྔའོ། །ལུང་ལ། རྒྱུད་བུ་ཆུང་སངས་རྒྱས་ངོ་སྤྲོད་པའི་ལུང་སྔ་དྲོ་གཅིག་གིས་རྡོར་སེམས་ཞལ་མཐོང་བར་བྱེད་པ། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བ་གསང་བདག་ལ་གདམས་པ་ལེའུ་བཅུ་བཞི་པ། མན་ངག་ལ། སློབ་དཔོན་དགའ་རབ་རྡོ་རྗེའི་དབྱེ་བ་དྲུག་གི་གདམས་པ། [67b] སངས་རྒྱས་དགོངས་པ་ཐིག་འདེབས་ཀྱི་མན་ངག་ཞལ་གདམས་སྙིང་གི་སྒྲོན་མ། འཆི་ཁར་འཚང་རྒྱ་བ་ཁུག་པ་ལྔའི་མན་ངག། ལག་ཁྲིད་ལ། ཐུན་མོང་གི་སྔོན་འགྲོ་འཆི་བ་མི་རྟག་པའི་ཁྲིད། ཁྱད་པར་གྱི་སྔོན་འགྲོ་ཆོས་སྤྱོད་པདྨའི་ཕྲེང་བ། འོད་གསལ་སྒྲོན་མ་དྲུག་གི་ཁྲིད་ཡིག་ཆེན་མོ། ཞིང་ཁམས་ངོ་སྤྲོད་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པ་རྣམས་སོ། །དེ་ཡང་རྒྱུད་བརྒྱད་པོ་ལྕེ་བཙུན་གྱིས་ལང་གྲོའི་ཆད་པ་རྟག་ཅན་དུ་སྦས་ལ་ལྕེ་སྒོམ་གྱིས་བཏོན་པ། ཡེ་ཤེས་མར་མེ་དང་སྙིང་དགོངས་ཁྲ་མོ་བྲག་ནས་ལས་འབྲེལ་རྩལ་གྱིས་བཏོན་ཅིང་། ཡང་སྙིང་དགོངས་དང་ཚིག་གསུམ་པ་ཟངས་ཡག་ནས་ཇོ་རྩེས་བཏོན་པ་ཡང་ཡོད་མོད། དེའི་ཕྱིར་དཔེ་བརྒྱུད་གཏེར་མ་དང་འབྲེལ་བ་ཡིན་ནོ། །དེ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ་། རིགས་ལྔའི་སངས་རྒྱས། སེམས་དཔའ་སེམས་མ་བཅུ་དྲུག། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། བི་མ་ལ། ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག། འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་ [68a] རྒྱལ། ལྕེ་བཙུན་སེང་དབང་། ཤངས་པ་རས་པ། ཟབ་དོན་ཆོས་འབར། སྒེར་སྟོན་ཡབ་སྲས། ཤེས་རབ་རྩེ་མོ། སྤྲུལ་སྐུ་མཆེད་གཉིས། མིག་བཞི་པ་ནམ་མཁའ་རྡོ་རྗེ། ཀུ་མཱ་རཱ་ཛ། གཡུང་རྡོ་རྗེ་དཔལ་བ། ཐུགས་སྲས་དགེ་འདུན་བཟང་པོ། རྒྱལ་སྲས་ཆོས་རྗེ། མོན་རྫོང་རས་པ། ཐོད་སྨྱོན་བསམ་གྲུབ། ཆོས་ཉིད་རང་གྲོལ། ཉི་ཟླ་གྲགས་པ། ངག་གི་དབང་ཕྱུག། རྡོ་རྗེ་ཡེ་ཤེས། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། ཡང་རྒྱུད་སྐོར་གྱི་བརྒྱུད་ལུགས་ཅན་ནི། རྒྱས་སྲས་ཆོས་རྗེ་ནས། ཤངས་ཟུར་ཁང་པ་བསོད་ནམས་མགོན་པོ། ཟུར་ཤཱཀྱ་དཔལ་འབྱོར། ལྷ་རི་བ་བསོད་ནམས་རྒྱ་མཚོ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། ཉི་ཟླ་གྲགས་པ་མན་སྔར་བཞིན། ཡང་རྒྱལ་སྲས་ཆོས་རྗེ་ནས། ཡར་འབྲོག་གྲུབ་ཆེན་མ་བྱང་ཆུབ་བཟང་མོ། དེ་ལ་ཟུར་ཚ་དཔལ་མགོན་པོ་དང་། འགྲོ་དོན་རྡོ་རྗེ་ཚེ་དཔལ་གཉིས་ཀྱིས་གསན། དེ་གསུམ་ཀ་ལ་ཟུར་ཤཱཀྱ་དཔལ་འབྱོར་གྱིས་གསན། དེ་མན་སྔར་བཞིན་ནོ། །གཏེར་ཆེན་ནས། [68b] རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་གསུམ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་བའོ། །གཞན་ཡང་གསང་སྐོར་རྫོགས་ཆེན་སྙིང་ཐིག་ཆེན་མོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པར་རྣམས་ལས་ཇི་ལྟར་ཐོབ་པའི་རྣམ་གྲངས་ཞིབ་པར་སོ་སོའི་ཐོབ་ཡིག་ལས་ཤེས་སོ། །ད་ནི་རྒྱུད་དང་སྒྲུབ་ཐབས་མན་ངག་གི་བཀའ་ཐམས་ཅད་ཀྱི་གཉེར་འཛིན་རྡོ་རྗེའི་སྲུང་མ་རྣམས་ཀྱི་དབང་ལུང་ཐོབ་པ་ལ། ཐོག་མར་བྱིན་རླབས་ཀྱི་སྒོ་དབྱེ་བ་བླ་མའི་སྒྲུབ་ཐབས་ཀྱང་ཡིན་ལ་དྲེགས་པ་ཅན་ཐམས་ཅད་ཀྱི་གོང་གནོན་ཡི་དམ་གྱི་ཚུལ་དུ་བཞག་པ་དྲག་དམར་བཀའ་མ་བྲན་ལུགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། དབང་ཆོག་དང་ལས་བྱང་གི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་མཐའ། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། མཁར་ཆེན་མཚོ་རྒྱལ། [69a] འོ་བྲན་དཔལ་གྱི་འབྱུང་གནས། འོ་བྲན་དཔལ་གྱི་དབང་ཕྱུག། འོ་བྲན་ཆོས་ཀྱི་འབྱུང་གནས། འོ་བྲན་གྲགས་པ་རྒྱ་མཚོ། འོ་བྲན་དབང་གི་རྒྱལ་པོ། འོ་བྲན་རྟ་མཆོག་རྒྱལ་པོ། འོ་བྲན་རི་རབ་བརྟན་པ། མཁན་ཆེན་ཉི་མ་རྒྱལ་མཚན། ཆོས་རྗེ་ཀུན་བློ། ཆག་ལོ་རིན་ཆེན་ཆོས་རྒྱལ། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག། སྤྱན་སྔ་དཀོན་མཆོག་འབངས། ཀརྨ་བཛྲེ་ཤྭ་རཿ གཙུག་ལག་རྒྱ་མཚོ། ལུང་རིགས་རྒྱ་མཚོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། དེ་ལས་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་དང་། མཆོག་སྤྲུལ་པདྨ་དབང་རྒྱལ་གཉིས། གཉིས་ཀ་ལས་ཁྲི་སངས་རྒྱས་ཀུན་དགའ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོའི་ཆོས་སྐོར་ཐོབ་པ་ལ་དབང་ [69b] ལུང་གཉིས་ལས། དང་པོ་དབང་ནི། རྒྱུད་མགོན་གྱི་དབང་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་ཡིག་ཆའི་ལུགས་ལྟར་སྟ་གོན་སྔོན་དུ་འགྲོ་བས་དབང་བཞི་དྲག་པོའི་སྒྲོལ་དབང་དང་བཅས་པ། གྲུབ་ཐོབ་རིན་ཆེན་སྒྱེ་ནས་བརྒྱུད་པ་གཡུང་སྟོན་རྡོ་རྗེ་དཔལ་བའི་ཕྱག་བཞེས་ཀྱི་དབང་བསྐུར་ཡོངས་རྫོགས། ཟུར་ཚོ་སྟོད་པའི་ལུགས་ཀྱི་རྗེས་གནང་བཅས་ནོས་ནས། གཉིས་པ་ལུང་ལ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་རྒྱས་པ་ལས་བཞི་རྣམ་རོལ། སྒྲུབ་ཐབས་འབྲིང་པོ་ལས་བཞིའི་སྙེ་མ། ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདོད་བུམ་ལས་ཁོལ་དུ་ཕྱུངས་པ་བཅས་གཏེར་ཆེན་གསུང་ངོ་། །དེ་དག་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔ། གསང་བདག་ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་ངྷི། བལ་པོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག། ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་ [70a] གནས། ཟུར་ཆུང་ཤེས་རབ་གྲགས། གླན་ཤཱཀྱ་བཟང་པོ། འདར་ནག་བསོད་ནམས་གྲགས། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྒྲོན། མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་ངྷྭ་ཛ། ཤཱཀྱ་རམ་པ། རྡོར་རྒྱལ་བཟང་པོ། དཔང་ཆོས་ཀྱི་རྒྱལ་མཚན་དང་། འཇམ་དབྱངས་བསོད་ནམས་རྒྱལ་མཚན་གཉིས་ཀ་ལ་དཔང་སྟོན་བདེ་ལེགས་རྒྱལ་མཚན་པས་གསན། དེ་ནས་སེ་སྟོན་རིན་ཆེན་རྒྱལ་མཚན། འདར་ནག་ཀུན་བཟང་རིན་ཆེན། སྔགས་འཆང་གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ན། རྡོ་རྗེ་འཆང་། ཧཱུྃ་ཀཱར། བྲམ་ཟེ་གསལ་བའི་རྒྱན། བ་སུ་དྷ་ར། ཡང་ན། རྡོ་རྗེ་འཆང་། སྠི་ར་མ་ཏི། དྷརྨ་བོ་དྷི། ས་སུ་དྷ་ར། གྲུབ་ཐོབ་རིན་ཆེན་རྒྱ་མཚོ། སྨད་བུ་ཆོས་སེང་། [70b] གུ་རུ་བྱི་བུ་ལོག་སེ། ཤུད་བུ་རྡོ་རྗེ་སེང་གེ། ཞང་སྟོན་བཀྲ་ཤིས། གླན་ཇོ་ཟུང་། གུ་རུ་དྷ་ན་ཀ་ཏྱ། ལྕེ་སྟོན་བཀྲ་ཤིས། ལྕེ་སྟོན་གྲུབ་པ་འབུམ། ཟུར་བྱམས་སེང་། ཟུར་སེང་གེ་དཔལ་བཟང་། ཟུར་ཧྭཾ་ཤཱཀ་འབྱུང་། དེ་གཉིས་ཀ་ལ་འབྲོ་སྟོན་སངས་རྒྱས་རིན་ཆེན། མཁས་གྲུབ་རྡོ་རྗེ་དཔལ་བཟང་། སྔགས་འཆང་ནམ་མཁའི་རྣལ་འབྱོར། སེ་སྟོན་རིན་ཆེན་རྒྱལ་མཚན་མན་འདྲ། ཡང་། གཡུང་སྟོན་པའི་བརྒྱུད་པ་ལྟར་ན། ཞང་སྟོན་བཀྲ་ཤིས་ཡན་བརྒྱུད་པ་སྔ་མ་རྣམས་དང་འདྲ་བ་ལས། དེ་ནས་རིམ་པར་ཟུར་ཆེ་ཆུང་། གླན་ཇོ་ཟུང་། ཟུར་ཧེ་རུ། གཡུ་སྟོན་སངས་རྒྱས་དཔལ། གཡུ་སྟོན་ཆོས་མགོན། ལྕེ་གྲུབ་པ་འབུམ། ཟུར་བདེ་བྱེད་མགོན་པོ་དཔལ། འཇམ་དབྱངས་བསམ་རྡོར། ཟུར་ཧྭཾ་ཤཱཀ་འབྱུང་། ལང་གྲོ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ་བཟང་། གནུབས་སྟོན་རཏྣ་ཤྲཱི། ཟུར་རྒྱལ་སྲས་པ། ཟུར་གསང་བདག་ནོར་བུ། ཟུར་བསྟན་འཛིན་རྡོ་རྗེ། ཟུར་ཤཱཀྱ་ཤེས་རབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་། བརྒྱུད་པ་གཅིག་ནི། ལྕེ་གྲུབ་པ་འབུམ་ཡན་སྔ་མ་ [71a] རྣམས་དང་འདྲ་བ་ལས། དེ་ནས་བླ་མ་ཤཱཀྱ་སེང་གེ། སྲས་སེང་གེ་དཔལ། རྡོ་རྗེ་གླིང་པ་བྱང་ཆུབ་རིན་ཆེན། ཆོས་རྗེ་བསོད་ནམས་བློ་རྒྱལ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། དཔང་བདེ་ལེགས་རྒྱལ་མཚན། སེ་རིན་རྒྱལ། སྤྱན་ཚབ་པ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། སྲས་བློ་གྲོས་རྒྱལ་མཚན། མཁས་གྲུབ་བྱམས་པ་བཟང་པོ། སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན་ཆོས་འཕེལ། རིག་འཛིན་པདྨ་ཕྲིན་ལས། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་གོང་བཞིན་ནོ། །གནུབས་ལུགས་དཔལ་མགོན་སྟག་ཞོན་ནག་པོའི་སྲོག་དབང་དང་སྒྲུབ་ཐབས་ཀྱི་ལུང་། མགོན་པོ་བེང་གི་སྲོག་དབང་དང་སྒྲུབ་ཐབས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ་། ཤཱནྟིཾ་གརྦྷ། རོམ་བུ་གུ་ཧྱ། ཁྲག་འཐུང་ནག་པོ། སྒེག་པ་རྡོ་རྗེ། བ་སུ་དྷཱ་ར། གནུབས་ཆེན། བྲང་ང་ཀུན་གྲགས། སོ་བན་འབུམ་གྲགས། སྐྱོ་བན་མཐུ་ཆེན། ལྕེ་མདོ་སྡེ་སེང་གེ། རོང་པ་རྒ་ལོ། ལྕེ་བློ་ལྡན་སེང་གེ། བླ་མ་སྲིའུ་ཆུང་བ། འཇམ་དབྱངས་རིན་རྒྱལ། ཆོས་རྒྱལ་དཔལ་ [71b] བཟང་། ཆོས་སྐྱོང་རྒྱལ་མཚན། ཆོས་སྐྱོང་རིན་ཆེན། ཚར་ཆེན་ནོ། །ཡང་གནུབས་ཆེན་ནས། ཞང་ཁྲོམ། རོག་བྲག་སེ། རོག་ཤེར་དབང་། ལྕེ་མདོ་སྡེ་སེང་གེ། རོང་པ་རྒ་ལོ། རོང་པ་ཤེར་སེང་། བསོད་ནམས་ལྷུན་གྲུབ། ཀུན་འཕེལ། ངག་དབང་གྲགས་པ། དཔལ་ལྡན་ལེགས་དབང་། བླ་མ་དབང་རྒྱལ། བཀྲ་ཤིས་ཡེ་ཤེས། ཆོས་རྒྱལ་བཟང་པོ། ཆོས་ཀྱི་འོད་ཟེར། ངག་དབང་རྒྱལ་མཚན། བསོད་ནམས་བློ་གྲོས། ཤམྦྷར་པ་ཀུན་དགའ། ཚར་ཆེན་ནོ། །དེ་ནས་མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། དབང་རབ་ཁུ་དབོན། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ། གཏེར་བདག་གླིང་པ། ཡང་། ལྕེ་བློ་ལྡན་སེང་གེ། ལྕེ་རིན་ཆེན་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། བླ་མ་ཆོས་གྲགས། ཆོས་རྒྱལ་དཔལ་བཟང་། རིན་ཆེན་སེང་གེ བསོད་ནམས་བློ་གྲོས་མན་འདྲ། གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། མཆོག་སྤྲུལ་པདྨ་དབང་རྒྱལ། དེ་གཉིས་ཀས་ཁྲི་སངས་རྒྱས་ཀུན་དགའ། [72a] ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དཔང་པོ། དེས་བདག་ལའོ། །ཡེ་ཤེས་ཀྱི་མ་མོ་ཨེ་ཀ་ཛ་ཊཱི་སྡེ་བདུན་གྱི་སྲོག་དབང་དང་སྒྲུབ་ཐབས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྙིང་ཐིག་སྤྱི་བརྒྱུད་ལྟར་ལས། ཀུན་མཁྱེན་ནས། བདེ་ལེགས་རྒྱ་མཚོ། མ་ཏི་པདྨ། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་ཀློང་། ཀུན་མཁྱེན་ཀློང་ཆེན་པ་ཡན་ཡངས་པ། སྨན་རྩེ་བ་བློ་རྒྱལ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀརྨ་རྒྱལ་སྲས། རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། ཨེ་ཀ་ཛ་ཊཱི་གཙོ་རྐྱང་ལ། ཇོ་འབེར་ཡན་སྙིང་ཐིག་སྤྱི་བརྒྱུད་ལྟར་ལས། དེ་ནས་ཁམས་སྒོམ་པོ། སྟོང་གསུམ་སྒོམ་ཆེན་པོ། ཀུ་མ་རཱ་ཛ། ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་རྒྱལ་མཚན། རིན་ཆེན་གྲུབ། འཛེང་པ་ཀུན་རྒྱལ། གར་གྱི་དབང་ཕྱུག། [72b] བློ་གྲོས་རྒྱལ་མཚན། དབང་གི་རྒྱལ་པོ། ཀུན་བཟང་རྣམ་རྒྱལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལྷ་མོ་རེ་མ་ཏི་རང་བྱུང་རྒྱལ་མོའི་སྲོག་དབང་དང་སྒྲུབ་ཐབས་ཀྱི་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། བཀའ་མ་ལྟར་ན། གསང་བདག། ཨོ་རྒྱན་ཡབ་ཡུམ། ངམ་འབྲེ་ས་ལེ། ལང་ལབ་བྱང་རྡོར། སྐྱི་ནག་གྱང་འགྱེལ། སྐྱི་བྱང་ཆུབ་འབུམ། སྐྱི་སྟོན་བློ་གྲོས། འབྲེ་གེ་རང་། ལྕེ་རིན་རྡོར། ར་ཆོས་དབྱིངས། བརྩོན་སེང་། ཆོས་བཀྲ་ཤིས། ཤེར་སེང་། ཀུན་དགའ་སེང་གེ། འཇམ་བློ། ཕུར་པ་སྐྱབས། ཚུལ་རྒྱམ་པ། རྗེ་བཙུན་རིན་པོ་ཆེ། ཆོས་བསམ་པ་སོགས་ལས་བློ་གྲོས་རྒྱ་མཚོར་བརྒྱུད་པའང་ཡོད་ཅིང་། གཏེར་བརྒྱུད་ནི། སློབ་དཔོན་པདྨ་ནས། གཏེར་སྟོན་པུ་རང་པ་ཞང་བཙུན། ཁྱུང་པོ་སྟག་ཤམ་པ། ཀྱུ་ར་རྒྱལ་ཡེ། ཆ་ག་བླ་ཆེན། སྟོང་དཔོན་ཤེར་མགོན། རྗེ་དུས་མཁྱེན། རས་ཆེན་པ། སྤོམ་བྲག་པ། ཀརྨ་པ། གཉན་རས། རང་བྱུང་རྡོ་རྗེ། ཀུན་དགའ་འོད་ཟེར། བསོད་ནམས་དཔལ། ཀུན་དགའ་བློ་གྲོས། སོག་དབེན་པ། མཐོང་བ་ [73a] དོན་ལྡན། དཔལ་འབྱོར་དོན་གྲུབ། གཉན་པ་གྲུབ་ཆེན། ཆོས་གྲུབ་གྲགས་པ། དཀོན་མཆོག་འབངས། གཙུག་ལག་རྒྱ་མཚོ། ཆོས་ཀྱི་བློ་གྲོས། ལུང་རིག་རྒྱ་མཚོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་མན་འོ་བྲན་སྐབས་བཞིན་ནོ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་མངའ་བདག་རྗེ་བློན་རྣམས་ལ་གནང་བའི་རྣམ་སྲས་སྤྲིན་གསེབ་མའམ་འཛང་ཡུལ་མར་གྲགས་པ་སེར་ཆེན་ལྷ་དགུའི་རྗེས་སུ་གནང་བ་ལེགས་པར་ནོས་ནས། ལུང་ལ། ལོ་རྒྱུས་ལྡན་མ་རྩེ་མང་གིས་བཀོད་པ། རྗེས་གནང་། རྩ་བའི་སྒྲུབ་ཐབས། ཕོ་ཉ་སོ་སོ་ལ་བརྟེན་ནས་ཉམས་གྲིབ་བར་ཆད་སེལ་བ། མཚོན་ཁ་བཅིང་བ། ནོར་སྒྲུབ་པ། ཟས་ནོར་ལོངས་སྤྱོད་སྒྲུབ་པ། དགྲ་བསད་པ། མནན་པ་བྱ་བ། དབྱེ་བ། གནོད་སྦྱིན་འདུལ་བ། སེར་བ་དབབ་པ། བསྐྲད་པ། དམ་ཚིག་བསྟན་པ་ད་ལྟའི་བཀའ་མའི་ཁྲོད་དུ་དཔེ་རྒྱུན་མ་བཞུགས། མཆན། རྣམས་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་མ། [73b] ཤེས་རབ། སྣུར་ཉི་འོད། དབུས་པ་དམར་སྟོན། གཅུར་སྟོན། འོད་ཟེར་བླ་མ། ཡེ་ཤེས་རྒྱ་མཚོ། ཐབས་ཀྱི་བློ་གྲོས། བཟང་པ་རིན་རྒྱལ། བྲག་ཐོག་པ། ཐུ་བཙུན་རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམྦྷར་བ་ཀུན་དགའ་སངས་རྒྱས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། རིག་འཛིན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྫེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན། ཕྲིན་ལས་ཆོས་སྒྲོན་ནས། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་པདྨ་གར་དབ་ང། ཀུན་བཟང་བསྟན་པའི་རྒྱལ་མཚན། འཁོར་ལོའི་མགོན་པོ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་གྱི་མཆོག་ཏུ་བསྩལ་ཏོ།། །།