རྫོགས་པ་ཆེན་པོའི་མན་ངག་སྙིང་ཐིག་གི་ཐོབ་ཡིག།

From Dudjom Wiki
DJYD-KABUM-19-DZA-003
Wylie title rdzogs pa chen po'i man ngag snying thig gi thob yig DJYD-KABUM-19-DZA-003.pdf
Location bdud 'joms rin po che bka' 'bum
Volume 19, Text 3, Pages 149-183 (Folios 74a1 to 91a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdzogs pa chen po'i man ngag snying thig gi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 149-183. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rdzogs chen man ngag snying thig skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [74a] ཨོཾ་སྭསྟི། ཐེག་པ་རིམ་དགུའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོའི་སྐོར་རྣམས་ཇི་ལྟར་ཐོབ་པའི་ཚུལ་ལ་མ་བུ་གཉིས་ལས། དང་པོ་མ་ལའང་བཀའ་གཏེར་གྱི་ཕྱོགས་གཉིས་སུ་ཡོད་པ་ལས། དང་པོ་བཀའ་མ་ནི། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་སྤྱན་དྲངས་པའི་བི་མའི་སྙིང་ཐིག་གི་སྐོར་ལ་སྨིན་གྲོལ་གཉིས་ལས། དང་པོ་སྨིན་བྱེད་དབང་ནི། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་བཅས་བུམ་པའི་དབང་ཟབ་དབང་གསུམ་དང་བཅས་པ། བུམ་པ་བསྣོལ་མའི་མཎྜལ་སོགས་ལ་བརྟེན་ནས་སྤྲོས་མེད་ཀྱི་དབང་། བརྡའི་མཎྜལ་སོགས་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་། ལུས་གནད་ལྟ་སྟངས་བརྡའི་ངོ་སྤྲོད་ལ་བརྟེན་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རྣམས་ལེགས་པར་ནོས་ནས་རྒྱུད་སྨིན་པར་བྱས་སོ། །གཉིས་པ་གྲོལ་བྱེད་གདམས་པའི་རིམ་པ་ལ་ཁྲིད་དང་། ལུང་གཉིས་ལས། དང་པོ་ནི། སྔོན་འགྲོ་སེམས་སྦྱོང་བདུན་པ། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་སོགས་ལ་བརྟེན་ནས་ཁྲེགས་ཆོད་དང་ཐོད་རྒལ་གྱི་གདམས་པ་ [74b] རྣམས་དམིགས་རིམ་ཞིབ་པ་ངོ་སྤྲོད་རྒྱབ་ཆོས་དང་བཅས་པ་ཡོངས་སུ་ཚང་བར་ཀུན་མཁྱེན་ཆེན་པོའི་སྙན་བརྒྱུད་ཕྱག་བཞེས་ཐུན་མོང་མ་ཡིན་པའི་ལུགས་ཇི་ལྟ་བ་བཞིན་དུ་ལེགས་པར་ཐོབ་པའོ། །གཉིས་པ་རྒྱབ་བརྟེན་ལུང་གི་རིམ་པ་ལ། ཟབ་པ་དང་རྒྱ་ཆེ་བའི་སྐོར་གཉིས་ལས། དང་པོ་ནི། ཟབ་པ་པོད་བཞིའི་ཁ་བྱང་ཉི་མས་བརྒྱན་པ། དེ་ལས་བྱུང་བའི་ཆོས་སྡེ་ལ་པོ་ཏི་བཞི་ལས། དང་པོ་གསེར་ཡིག་ཅན་ནི། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་གསང་བ་ཅོད་པན་ས་བོན་གྱི་རྒྱུད། བསྟན་པ་བུ་གཅིག་གསང་འགྲེལ་དགའ་རབ་ཀྱིས་མཛད་པ། རྡོ་རྗེ་འཆང་གི་མཆོད་པའི་དུས་གནད་ངེས་པ། སངས་རྒྱས་ཀྱི་འདས་རྗེས་དང་པོ་འཚོ་བྱེད་གཞོན་ནུའི་ལྡུམ་རར་བབས་པ། གཉིས་པ་གསང་ཆེན་རོལ་པ། གསུམ་པ་བྱ་རྒོད་སྤུངས་རིར་བབས་པ་རིག་འཛིན་བཞིའི་འདས་རྗེས། བི་མ་ལའི་ཞལ་ཆེམས། ལྕེ་བཙུན་ཞལ་ཆེམས་རྣམས་སོ། །གཉིས་པ་ཟངས་ཡིག་ཅན་ནི། སྤྲོས་གཅོད་དུམ་བུ་བཅུ་དྲུག་རྒྱབ་ཡིག། གནས་ཡིག་ཐེམ་མེད་གཉིས་གཉིས་ཏེ་ཆོས་ཚན་ཉི་ཤུ་དཔེ་ཚན་གཅིག་ཏུ་ [75a] བྱས་པ། ཕྲ་ཡིག་ཅན་ནི་ཟངས་ཡིག་གི་ཁོངས་སུ་གཏོགས་པའི་བུ་སྟེ། ཆགས་ཅན་རླུང་གི་པྲ་ཁྲིད། རིན་ཆེན་རླུང་གི་པྲ་ཁྲིད། ཡང་གབ་སྦས་པའི་དུམ་བུ། མདོ་བྱང་བསྡུས་པའི་སྒྲོན་མ། དམིགས་གཏད་གསལ་བའི་སྒྲོན་མ། རྟགས་ཀྱི་ཡི་གེ ། ཚད་ཀྱི་ཡི་གེ ། ཡི་གེ་དམར་རུའི་རྒྱབ་ཡིག་ལ་ནང་གསེས་གནད་ཡིག་བཅུ་དྲུག་དཔེ་ཚན་སྟོད་སྨད་གཉིས་གཉིས་སུ་ཚང་བ། ཐེམ་མེད་སྒྲོན་མ་དགུ་སྐོར། རང་བཞིན་གནད་དབབ་ འདི་ཡི་གེ་མ་བྱུང་། རྟེན་འབྲེལ་བསྡུས་པའི་སྒྲོན་མ། ཡང་སྙིང་བཅུད་དུམ། ཡང་སྙིང་འཕྲུལ་དུམ་རྣམས་སོ། །གསུམ་པ་དུང་ཡིག་ཅན་ལ། སྒྲོན་མ་སྣང་བྱེད། དེའི་རྒྱབ་ཡིག་གནད་ཡིག་གསང་བ། གནད་ཡིག་རྒྱུད་ཀྱི་ཁོང་སྙིང་སྡེབས་པ། རྒྱུད་བཅོ་བརྒྱད་ཀྱི་མ་བུ་ངེས་པའི་ཁ་བྱང་རྣམས་སོ། །བཞི་པ་གཡུ་ཡིག་ཅན་ལ་མ་ཡིག་རིན་པོ་ཆེ་གདུང་བཅད་པའི་སྐོར་ལ་ནང་གསེས་ལོ་རྒྱུས་རིན་པོ་ཆེའི་མདོ་བྱང་ནས་ཤཱ་རིའི་བུ་ཀརྨ་འོད་བཟང་གིས་སྟོན་པ་འོད་སྲུང་ལ་ཞུས་པའི་བར་ལ་ལེའུ་བཅུ་གཉིས། བུ་ཡིག་རིན་པོ་ཆེ་གསེར་གྱི་སྒྲོམ་བུའི་ནང་ [75b] གསེས་སེམས་གནད་བསྟན་པ། སྐབས་དོན་གཉིས་པ་ནས་བཀོད་པ་ཡོངས་སུ་རྫོགས་པའི་བར་སྐབས་དོན་བཅུ་གཉིས་ཡོད་པ། ཐོར་བུའི་སྐོར་ལ། ཆོས་ཐམས་ཅད་ཀྱི་མདོ་གཅེས་པའི་སྙིང་པོ། དཔེ་རྣམས་བསྡུས་པའི་སྒྲོན་མ། རྒྱུད་མེད་རྣམ་པར་དག་པའི་དགའ་རབ་ཀྱི་ཞལ་གདམས། འཆི་བ་བརྟག་པ། བསླུ་བ། སངས་རྒྱས་དགོངས་པ་མཐར་ཐུག་སོགས་ཤྲཱི་སེང་ཧའི་རྣམ་ཐར་བསྡུས་པ། ལྟ་བའི་སྙིང་པོ་ལ་ནང་གསེས་ཀྱི་ཆོས་ཚན་ངོ་མཚར་གད་མོ་བཅུ་གཉིས། ངོམ་ཚིག་དགུ ཁྱད་འཕགས་ཚིག་དགུ ། ཆེ་བ་བཅུ་དྲུག། ཁྱད་མེད་བདུན་པ་མཇུག་གདམས་དང་བཅས་པ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སོགས་ཡེ་ཤེས་མདོའི་རྣམ་ཐར་བསྡུས་པ། སྣང་བ་འདུས་པའི་བཅུད་ཕུད། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་སོགས་མཆིམས་ཕུ་བྲག་བཙན་དང་རག་གདོང་མར་བཅོལ་བ། གསང་བ་ཡང་ཞུན་པུསྟི་སྨུག་ཆུང་སྣང་བ་འདུས་པའི་བཅུད་ཕུར། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་སོགས་མཆིམས་ཕུ་བྲག་བཙན་དང་རག་གདོང་མར་བཅོལ་བ། གསང་བ་ཡང་ཞུན་པུསྟི་སྨུག་ཆུང་གི་ཐེམས་བྱང་། མན་ངག་དུམ་བུའི་དེམས་རྣམས་སོ། །གཉིས་པ་རྒྱ་ཆེ་བའི་སྐོར་ལ་མན་ངག་བརྒྱ་དང་བཅུ་དགུ་བཞུགས་པ་ལས་ཆ་ཤས་ཙམ་ཐོབ་པ་ནི། མན་ངག་ [76a] ངེས་པའི་ཁ་བྱང་བི་མ་ལས་མཛད་པ། དེ་ལས་བྱུང་བའི་ཆོས་སྡེའི་མན་ངག་དང་པོ་དུམ་དུམ་ཁྲིགས་དུམ་བུ་བདུན་ཅུ་རྩ་བཞི་པ། ཞེ་བཞི་པ་ཁྱུང་ཆེན་མཁའ་ལྡིང་། ཞེ་དགུ་པ་རྡོ་རྗེ་སེམས་དཔའ་དམིགས་དྲུག་གི་གཞུང་། དེའི་རྣམ་བཤད་བི་མ་ལས་རྒྱ་ཆེར་སྤྲོས་པ། སྤྲོས་བཅས་ཀྱི་དབང་ཆོག་ལྕེ་བཙུན་གྱིས་ཁྲིགས་སུ་མཛད་པ། ང་བཞི་པ་སྤྲོས་མེད་ཀྱི་དབང་ཆོག་རིན་ཆེན་བཀོད་པ། དེའི་ཊི་ཀ་བི་མ་ལས་མཛད་པ། དེའི་གནད་ཡིག། ང་དྲུག་པ་དབང་བསྐུར་རིམ་འཇུག་གི་དུས་བཤད་པའི་དུམ་བུ། ཤིན་ཏུ་སྤྲོས་མེད་ཀྱི་དབང་འཁོར་འདས་རུ་ཤན་དབྱེ་བའི་ལག་ལེན་པྲ་ཁྲིད་བི་མས་མཛད་པ། ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་སྒྲོན་མ་སྣང་བྱེད་དུམ་བུ་གསུམ་པ། ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་ཕྲ་ཐིག་སྣང་བྱེད་སྒྲོན་མ་དུམ་བུ་བཞི་པའོ། །རབ་ཏུ་སྤྲོས་མེད་ཡེ་ཤེས་འཆར་བའི་དབང་འགྲེལ་ནུས་པ་ཡིན་གྱི་མཐའ་ཅན། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་རྩ་བ། ང་བརྒྱད་པ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་དམ་ཚིག་རབ་དབྱེ། དགུ་བཅུ་པ་ལོ་རྒྱུས་ཆེན་ངོའི་སྟོད་ཆ་དང་། དེའི་སྨད་ཆ་ [76b] གནད་འབྱེད་བདུན་མ། གོ་གཅིག་པ་དགའ་ལྡན་གྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་ཏུ་བབས་པའི་ཀུན་ཏུ་བཟང་པོའི་འདས་རྗེས་ཀྱི་རྒྱུད་གསུམ། བརྒྱ་བཅུ་བཞི་པ་རང་གནས་ཆེན་པོ་རྒྱ་མཚོ་ཨར་གཏད་ཞེས་བྱ་བ་ལ་ནང་གསེས་བཅུད་ཕུར་གསུམ་གྱིས་མིག་གི་མཚན་ཉིད་གཏན་ལ་ཕབ། བཅུད་ཕུར་གསུམ་གྱི་རྒྱབ་ཡིག་གསང་བའི་མན་ངག། དེའི་རྒྱབ་ཡིག་གནད་བསྡུས་སྒྲོན་མེ་བི་མ་ལས་མཛད་པ། སྣང་བ་འདུས་པའི་གལ་མདོ། བདུད་རྩི་སྙིང་གི་ཐིག་པ། རིག་པའི་གནད་དོན་ལྟ་བ་སྟེ་དཔེ་ཚན་བཞི་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཐོད་རྒལ་གྱི་བོགས་འདོན་རྒྱ་མཚོ་ཨར་གཏད་ཀྱི་གནད་ཡིག་ལྕེ་བཙུན་གྱིས་མཛད་པ་རྣམས་དང་། གཞན་ཡང་བི་མ་ལའི་བསམ་གཏན་མིག་གི་སྒྲོན་མ། སྔགས་སྲུང་མ་མོ་རག་གདོང་མའི་དུས་གནད་ངེས་པ་བཅས། དེ་ལྟར་དབང་ཁྲིད་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། ཉང་ [77a] ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག། ཞང་སྟོན་བཀྲ་ཤིས་རྡོ་རྗེ། སྲས་མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཀུན་མཁྱེན་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་། མཚུངས་མེད་སྣ་ཚོགས་རང་གྲོལ། གསུང་སྤྲུལ་བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་ལའོ། །ཡང་ཀུན་མཁྱེན་ཆེན་པོ་ནས། ལྡན་སྒོམ་ཆོས་གྲགས། ངམ་སྟོན་ཉི་མ་འོད་ཟེར། སྤྲུལ་སྐུ་ཆོས་དབྱིངས་གྲགས་པ། བྱང་སེམས་བསོད་ནམས་དཔལ་འབྱོར། སྨན་རྩེ་བ་མ་ཏི་ངྷྭ་ཛ། སྣ་ཚོགས་རང་གྲོལ་མན་འདྲ། ཡང་ཀུན་མཁྱེན་ནས། བྱ་བྲལ་ཆོས་རྗེ། བདེ་ལེགས་རྒྱ་མཚོ་སོགས་ནས་སོ་སོར་བརྒྱུད་པའི་ཁྱད་པར་མི་འདྲ་བ་འགའ་ཙམ་ཡོད་པ་གཏེར་ཆེན་གསན་ཡིག་ཏུ་གསལ་ལ། ཡང་བདག་ཁྲིད་ཡོངས་རྫོགས་ཀྱི་བརྒྱུད་ཚུལ་གཅིག་ནི། ཀུ་མཱ་རཱ་ཛ་ [77b] ནས། རང་བྱུང་རྡོ་རྗེ། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རིན་པོ་ཆེ་ཤཱཀྱ་འབུམ། མཚུར་ཕུ་དོན་གྲུབ་འོད་ཟེར། ལོ་ཆེན་བསོད་ནམས་རྒྱ་མཚོ། སྨན་ཆུ་བ་ནམ་མཁའ་རིན་ཆེན། སྤྲུལ་སྐུ་གར་གྱི་དབང་ཕྱུག་ ། གྲུབ་མཆོག་གཏད་མེད་ཡོངས་གྲོལ། གོང་ལོ་གཞན་ཕན་རྡོ་རྗེ། བོན་ལུང་ཚུལ་ཁྲིམས་རྒྱལ་མཚན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེས་གཏེར་ཆེན་བླ་མ་ལའོ། །ཡང་དུམ་དུམ་ཁྲིགས་དང་དམ་ཚིག་རབ་དབྱེ་གཉིས་ཀྱི་ལུང་བརྒྱུད་ཀྱི་ཁྱད་པར་ནི། སོག་ཟློག་པ་ཡན་སྔར་ལྟར་ལས། དེ་ནས་མི་འགྱུར་དབང་གི་རྒྱལ་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེས་གཏེར་ཆེན་བླ་མ་ལའོ། །ཟབ་པ་པོད་བཞིའི་བརྒྱུད་ལུགས་གཅིག་ལ་ཀུན་མཁྱེན་ཆེན་པོ་ནས། བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་ཡིག་པ་ཚུལ་རྒྱལ། རྩེ་ལེ་རིག་འཛིན་ཆེན་པོ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་བླ་མ་ལའོ། [78a] དེ་ལྟར་བརྒྱུད་ཚུལ་ཀུན་འདུས་གཏེར་ཆེན་བླ་མ་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ངེས་དོན་བསྟན་འཛིན་བཟང་པོ། མཁས་གྲུབ་འཇིགས་མེད་ངོ་མཚར། མི་འགྱུར་ནམ་མཁའི་རྡོ་རྗེ། ཁྲག་འཐུང་རིག་པའི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། རྒྱལ་སྲས་མཆོག་སྤྲུལ་མདོ་སྔགས་བསྟན་འཛིན་ནོར་བུ། ཐུགས་རྗེའི་གཏེར་མཛོད་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་འཇིགས་མེད་ངོ་མཚར་ནས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ་ནས་གོང་བཞིན། ཡང་ན་མི་འགྱུར་ནམ་མཁའི་རྡོ་རྗེ། རྗེ་པདྨ་བཛྲ། བསྟན་འཛིན་ནོར་བུ་མན་གོང་བཞིན་ནོ། །གཉིས་པ་གཏེར་མ་ནི། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ལྷ་ལྕམ་པདྨ་གསལ་ལ་གཏད་རྒྱ་སྨོན་ལམ་དང་བཅས་པའི་སྒོ་ནས་གནང་སྟེ་ལྡང་ལྷ་ཁྲ་མོའི་བྲག་ཏུ་སྦས་པ། ཕྱིས་ལྷ་ལྕམ་ཉིད་ཀྱི་སྤྲུལ་པའི་རྣམ་རོལ་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་གདན་དྲངས་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཐིག་ [78b] ཏུ་གྲགས་པའི་སྐོར་ལ་སུམ་ལས། དབང་པོ་སྨིན་བྱེད་དབང་ནི། སྐོང་བཤགས་དང་སྟ་གོན་སྔོན་དུ་འགྲོ་བས། དངོས་གཞི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་བཅས་བུམ་དབང་ཆེན་མོ། གསང་དབང་། ཤེར་དབང་། ཚིག་དབང་མཐའ་རྟེན་གཏད་རྒྱ་དང་བཅས་པ་ལེགས་པར་ཐོབ། གཉིས་པ་ཁྲིད་ལ། སྙིང་ཐིག་གི་ཁྲིད་ཡིག་རྩ་བ་རྣམས་དང་། ཡང་ཐིག་གི་ཁྲིད་ཡིག་རིན་ཆེན་ཕྲེང་བ་ལྟོ་སྦྱར་བའི་སྟེང་ནས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་ཉམས་ཁྲིད་དུ་སྨིན་པར་ནོད། གསུམ་པ་རྒྱབ་བརྟེན་ལུང་ལ་སྐོར་ཚོ་དགུ་ལས། དང་པོ་ལོ་རྒྱུས་དཀར་ཆག་གི་སྐོར་ལ། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་རིན་ཆེན་ཕྲེང་བ། མཁའ་འགྲོ་སྙིང་ཐིག་གི་ལོ་རྒྱུས་པདྨ་ལས་འབྲེལ་རྩལ་གྱི་སྐྱེས་རབས་ལུང་བསྟན་དང་བཅས་པ། ཁ་བྱང་ཡང་ཐིག་གི་དཀར་ཆག་རྣམས་སོ། །གཉིས་པ་རྒྱུད་ཀྱི་སྐོར་ལ། བཏགས་གྲོལ་སྙིང་པོའི་རྒྱུད་ཚིག་བདུན་པ། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད། ཡང་ཏིག་གསེར་གྱི་འབྲུ་གཅིག་པའི་རྒྱུད། སངས་རྒྱས་ [79a] སྲས་གཅིག་སྤྱོད་པ་ས་བོན་གྱི་རྒྱུད། རང་བྱུང་རིག་པའི་རྒྱུད། འབྲས་བུ་རྩལ་དབང་རྒྱུད་ཀྱི་བཅང་ཐབས་གཞན་དོན་རྟགས་བརྟན་ཡོན་ཏན་འབྱུང་ཚུལ་ཆེ་བ་བསྟན་པ་བཅས་ཀྱི་རྩ་བ་འབྲས་བུ་ཡོངས་རྫོགས་རྒྱུད་ཀྱི་ནང་ཚན་ཡིན། ཕྱི་མ་འདི་རྣམས་འགྲེལ་པ་ཡིན། མཆན། ཡེ་རྫོགས་ཆེན་པོའི་རྒྱུད་དེ་མ་དྲུག་དང་། བཏགས་གྲོལ་ཏི་ཀ་གསལ་བྱེད་དོན་གྱི་སྙིང་པོ། གཅིག་ཤེས་ཀུན་གྲོལ་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དོན་གྱི་མེ་ལོང་། ཡང་ཏིའི་རྒྱུད་ཀྱི་ཊི་ཀ་གསལ་བྱེད་ཤེལ་གྱི་སྙིང་པོ། སྲས་གཅིག་གི་རྒྱུད་ཏི་ཀ་གསལ་བྱེད་ནོར་བུའི་ཕྲེང་བ། རང་བྱུང་རིག་པའི་རྒྱུད་ཏི་ཀ་གསལ་བྱེད་དུང་གི་སྤར་ཁབ། ཡོངས་རྫོགས་རྒྱུད་ཀྱི་ཏི་ཀ་གསལ་བྱེད་དྲི་མེད་སྙིང་པོ། རྩལ་དབང་ཏི་ཀ་རིག་པའི་སྒྲོན་མེ་འདི་ནི་བཏགས་གྲོལ་ཕྲན་དྲུག་གི་ཏི་ཀ་ཞེས་བྱ་བ་ལ་ནང་གསེས་ཀྱིས་དབྱེ་ན། རྩ་དབང་ནས་རྒྱུད་ཀྱི་ཆེ་བ་བསྟན་པའི་བར་གྱི་ཏི་ཀ་སོ་སོར་སྣང་ལགས། མཆན། བཅས་བུ་དྲུག་ཕྱི་མ་དང་བདུན་ནོ། །གསུམ་པ་ཕྲན་ཚེགས་ཀྱི་སྐོར་ལ། ལོ་རྒྱུས་བླ་མ་བརྒྱུད་པའི་རིམ་པ་ཨི་ཐིའི་མཐའ་ཅན། བཏགས་གྲོལ་སྙིང་པོའི་རྒྱུད་བཅད་ཐབས། རྒྱུད་ཀྱིས་གཞན་དོན་བྱ་ཐབས། རྒྱུད་ཀྱི་གྲོལ་རྟགས་ [79b] བསྟན་པ། རྒྱུད་འཆང་བའི་ཡོན་ཏན་འབྱུང་ཚུལ། རྒྱུད་ཀྱི་ཆེ་བ་བསྟན་པ། རྡོ་རྗེ་འཆང་གིས་དགའ་རབ་རྡོ་རྗེ་ལ་གདམས་པའི་སངས་རྒྱས་ཀྱི་འདས་རྗེས་དང་པོ། སངས་རྒྱས་དབང་པོ་སྟོབས་ཀྱིས་རྣམ་པར་གནོན་པས་དགའ་རབ་ལ་གནང་བ་སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ། རང་གྲོལ་རྡོ་རྗེ་འཆང་གིས་དགའ་རབ་ལ་གདམས་པའི་འདས་རྗེས་ཐ་མ་སྟེ་སངས་རྒྱས་ཀྱི་འདས་རྗེས་རྣམ་གསུམ། བཏགས་གྲོལ་སྙིང་པོའི་དོན་ཁྲིད་དང་བཅས་ཏེ་རྒྱུད་མ་བུ་ཕྲན་དང་བཅས་པ་ལ་ཉི་ཤུ་རྩ་གསུམ་ཡིན་ནོ། །བཞི་པ་དབང་སྒྲུབ་ལག་ལེན་གྱི་སྐོར་ལ། རིགས་ལྔའི་ཕྱི་སྒྲུབ། རིགས་ལྔའི་ནང་སྒྲུབ། སྤྲོས་བཅས་བུམ་དབང་དོན་གསལ་སྒྲོན་མེ། མཆོག་དབང་གོང་མ་གསུམ་བསྐུར་ཐབས་དབང་བཞི་གནད་ཕྲེང་དབང་ཁྲིད་ནོར་བུ་སྒྲོན་གསལ། དབང་གོང་མ་གསུམ་གྱི་ས་བཅད་རིན་ཆེན་དབང་གིས་མ་འགྲེལ། ཌཱ་ཀི་ལྔའི་མངོན་རྟོགས། དབང་གི་རྒྱབ་ཡིག་གསང་བའི་དུམ་བུ། ཁྱད་པར་དབང་ལྔ་ཞེས་པ་རིག་པའི་རྩལ་དབང་། བདེ་གཤེགས་རིགས་ལྔའི་མཆོད་འབུམ། མཁའ་འགྲོའི་ལས་བྱང་རྣམས་ [80a] ཏེ་མ་བཅུ་དང་། དབང་སྒྲུབ། བུམ་སྒྲུབ། དཀྱིལ་འཁོར་རྣམ་དག། རིགས་ལྔའི་ཚོགས་མཆོད། གཏོར་མ་འབུལ་བའི་རིམ་པ། ཌཱ་ཀིའི་ཚོགས་མཆོད་རྩར་ཕྲེང་། དབང་གསུམ་ཐོ་ཡིག། གསང་དབང་གི་ལྷན་ཐབས། ཤེས་རབ་ཡེ་ཤེས་དབང་གི་ལྷན་ཐབས། ཌཱ་ཀིའི་སྲོག་ཐིག་གནད་འབེབས། ཌཱ་ཀིའི་སྤྱི་གནད། བླ་རྡོ་རིན་ཆེན་ཐིག་པ། ཌཱ་ཀིའི་ནོར་སྒྲུབ་དང་བཅས་ཏེ་དུམ་བུ་བཅུ་གསུམ། ཀུན་བསྡོམས་པས་མ་བུ་ཉི་ཤུ་རྩ་གསུམ་མོ། །ལྔ་པ་ཁྲིད་ཀྱི་སྐོར་ལ། ཐོད་རྒལ་དོན་ཁྲིད་ནོར་བུའི་སྙིང་པོ། དེའི་ཊི་ཀ་གསལ་བྱེད་སྒྲོན་མེ། ཁྲིད་རྒྱབ་ལུང་གི་ཕྲེང་བ་སྟེ་མ་གསུམ་དང་། སྐུ་གསུམ་ལམ་ཁྲིད་ཀྱི་ལག་ལེན་པྲ་ཁྲིད་དུ་བསྟན་པ། རྟགས་ཚད་ཀྱི་ཡི་གེ་བཅས་བུ་གཉིས་ཏེ་མ་བུ་ལྔའོ། །དྲུག་པ་རྒྱབ་ཆོས་ཀྱི་སྐོར་ལ། མཁའ་འགྲོའི་སྙིང་ཐིག་ཆེན་མོ། དོན་གསལ་མེ་ལོང་ངམ་སྙིང་པོ་གསལ་བའི་མེ་ལོང་ཞེས་བྱ་བ། རྣལ་འབྱོར་བཞིའི་གདམས་པ། ཞུས་ལན་བདུད་རྩིའི་གསེར་ཕྲེང་། ཌཱ་ཀིའི་ཞལ་གདམས་གསང་བའི་དུམ་བུ་སྟེ་མ་ [80b] ལྔ་དང་། ངོ་སྤྲོད་མཐའ་བྲལ་ཀློང་ཡངས་གནད་ཀྱི་ཞལ་གདམས། ཞལ་གདམས་གནད་ཀྱི་ཕྲེང་བ། ཞལ་གདམས་གནད་ཐིག། ཌཱ་ཀིའི་ལམ་འབྲས་ཡང་ཟབ་གནད་ཀྱི་དུམ་བུ། རྡོ་རྗེ་ཆུ་འཐུང་བཅས་བུ་ལྔ་སྟེ་མ་བུ་བཅུ། བདུན་པ་བར་དོའི་གདམས་སྐོར་ལ། རྡོ་རྗེ་ལམ་གྱི་མཚན་ཉིད་ཞི་བ་བར་དོ། ཁྲོ་བོའི་བར་དོ་གནད་ཀྱི་སྒྲོན་མེ་སྟེ་མ་གཉིས་དང་། ངོ་སྤྲོད་ལམ་ཁྱེར་གྱི་ཞལ་གདམས་གནད་དུམ། བར་དོའི་ལམ་ཁྱེར་ཚིགས་བཅད་མ། འཆི་བ་བརྟག་བསླུའི་ཆོ་ག་སྟེ་བུ་གསུམ་བཅས་མ་བུ་ལྔའོ། །བརྒྱད་པ་སྙིང་ཐིག་ཆ་ལག་གི་སྐོར་ལ། གཏུམ་མོ་བདེ་བ་ལམ་ཁྱེར་གྱི་གསང་ཁྲིད། ཆུའི་བཅུད་ལེན། བདུད་རྩི་རྡོའི་བཅུད་ལེན་དང་གསུམ་མོ། དགུ་པ་བཀའ་སྲུང་གི་སྐོར་ལ། སྲོག་སྒྲུབ་སྲོག་ལེན་སྤུ་གྲི་ནག་མོའི་རྒྱུད་ལེའུ་བཅུ་པ། སྲོག་ལེན་ནག་མོའི་སྒྲུབ་ཐབས། གནད་ཡིག་སྤུ་གྲི་གསང་བའི་སྙིང་གཅིག། མ་མོའི་ལས་མཐའ་སྤུ་གྲི་སྙིང་གཅིག་བཅས་བཞིའོ། །དེ་ལྟར་ཁ་བྱང་དཀར་ཆག་ཏུ་འཁོད་པ་ཆོས་ཚན་བདུན་དང་། དེར་མིཐེམ་མེད་སྐོར་གསལ་ [81a] བ་ལ། རིག་པའི་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲད་པ། ཌཱ་ཀི་ཐོད་རྒལ་དུ་སྒྲུབ་པ་ཌཱ་ཀིའི་གསང་སྒྲུབ། བར་དོའི་ཞལ་གདམས་འདྲ་མིན་གཉིས། ཌཱ་ཀིའི་ཚེ་སྒྲུབ་འདྲ་མིན་གཉིས། གཏེར་སྲུང་ལྡང་ལྷའི་གསོལ་མཆོད་བཅས་སོ། །དེ་ལྟར་དབང་ལུང་ཁྲིད་དང་བཅས་པའི་བརྒྱུད་པ་ནི། དཔལ་ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། པདྨ་འབྱུང་གནས། རྒྱལ་ཡུམ་མཚོ་རྒྱལ། པདྨ་ལས་འབྲེལ་རྩལ། ཤྭ་བན་རྒྱལ་སྲས་ལེགས་པ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་ངག་གི་དབང་པོ། ཡེ་ཤེས་རབ་འབྱམས། མཁས་གྲུབ་བསམ་གཏན་པ། སྦྱིན་པ་བཟང་པོ། ཤཱཀྱའི་མཚན་ཅན། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་པོ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན། འདྲེན་མཆོག་ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། སྙི་བླ་པདྨ་བསྟན་འཛིན། བསྟན་འཛིན་དར་རྒྱས། རྫོགས་ཆེན་ [81b] བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། མཆོག་སྤྲུལ་བསྟན་འཛིན་ནོར་བུ། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །གཉིས་པ་ལའང་བུ་གཉིས་དང་། ཐུན་མོང་གི་གནད་བསྡུས་བསྟན་པ་གཉིས་ལས། ཐོག་མར་བུ་གཉིས་ཀྱི་དང་པོ་པཎ་ཆེན་བི་མ་ལའི་སྙིང་ཐིག་ཟབ་པ་པོད་བཞིར་གྲགས་པ་གང་དེ་པཎ་ཆེན་ཉིད་ཀྱི་རྣམ་འཕྲུལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཡང་ཟབ་མན་ངག་སྙིང་པོར་དྲིལ་བ་བླ་མ་ཡང་ཏིག་གམ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྐོར་ལ་སྨིན་གྲོལ་གཉིས་ལས། དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། རབ་ཏུ་སྤྲོས་མེད་དང་བཅས་པ་རྣམས་དབང་ཆོག་སོ་སོའི་སྟེང་ནས་ལེགས་པར་ཐོབ་བོ། །གཉིས་པ་ལ་རྩ་བ་དང་རྒྱབ་བརྟེན་གཉིས་ལས། དང་པོ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་ [82a] དོན་ཁྲིད་སྐོར་གསུམ་གྱི་གཞུང་བཞིན་ཐོབ་བོ། །གཉིས་པ་རྒྱབ་བརྟེན་ལུང་གི་རིམ་པ་ལ། ཁ་བྱང་ཉི་མའི་སྙིང་པོ་ལྟར་ལས། ལོ་རྒྱུས་རིན་ཆེན་ཕྲེང་བ། བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས། གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས། མཎྜལ་འབུལ་ཆོག་ཚོགས་གཉིས་སྤྲིན་ཚོགས་དང་གསུམ་མོ། །དབང་ཆོག་གི་སྐོར་བཞི་ལ། སྤྲོས་བཅས་དབང་ཆོག་ཚངས་པའི་དྲྭ་བ། སྤྲོས་མེད་དབང་ཆོག་རིན་ཆེན་དྲྭ་བ། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨ་དྲྭ་བ། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ་དང་བཞིའོ། །དེའི་ཡན་ལག་སྤྲོས་བཅས་མིང་རིམ་གསལ་བྱེད། སྤྲོས་མེད་བྱིན་རླབས་སྤྲིན་ཕུང་། ཤིན་ཏུ་སྤྲོས་མེད་གླིང་བཞིའི་རྒྱན་གྱུར་མཎྜལ། རབ་ཏུ་སྤྲོས་མེད་མཎྜལ་ཡིད་བཞིན་དྲྭ་བ་དང་བཞིའོ། །རྒྱ་མཚོ་སྐོར་གསུམ་ལ། དམ་ཚིག་རིམ་པ་རྣམ་གྲོལ་རྒྱ་མཚོ། ཚོགས་མཆོད་ཡིད་བཞིན་རྒྱ་མཚོ། བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་དང་གསུམ་མོ། །དོན་ཁྲིད་སྐོར་གསུམ་ལ། སྔོན་འགྲོ་སེམས་སྦྱོང་ [82b] བདུན་གྱི་དོན་ཁྲིད། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། ཡེ་བབ་སོར་བཞག་དོན་ཁྲིད་དང་གསུམ་མོ། །རྒྱབ་ཡིག་སྐོར་གསུམ་ལ། ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་དྲི་མེད། ཐོད་རྒལ་རྒྱབ་ཡིག་ཉི་ཟླ་གཟའ་སྐར། བཏགས་གྲོལ་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་དང་གསུམ་མོ། །ཡང་ཡིག་སྐོར་གསུམ་ལ། ཁྲེགས་ཆོད་ཡང་ཡིག་ནམ་མཁའི་ཀློང་ཡངས། ཐོད་རྒལ་ཡང་ཡིག་ནམ་མཁའ་ཀློང་གསལ། གཉིས་ཀའི་ཡང་ཡིག་ནམ་མཁའ་ཀློང་ཆེན་དང་གསུམ་མོ། །སྤྲིན་ཕུང་སྐོར་གསུམ་ལ། བདེ་སྟོང་བདུད་རྩི་སྤྲིན་ཕུང་། རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་། རྟོག་མེད་ནམ་མཁའ་སྤྲིན་ཕུང་དང་གསུམ་མོ། །སྒྲོན་མེ་སྐོར་གསུམ་ལ། གཞི་སྣང་ཡེ་ཤེས་སྒྲོན་མེ། དཔེ་དོན་གསལ་བྱེད་སྒྲོན་མེ། ཉམས་ལེན་གནད་ཀྱི་སྒྲོན་མེ་དང་གསུམ་མོ། །བདུད་རྩི་སྐོར་གསུམ་ལ། བདུད་རྩི་ལྗོན་ཤིང་། བདུད་རྩི་དྲི་མེད། བདུད་རྩི་རྒྱལ་པོ་དང་གསུམ་མོ། །འཁོར་ལོ་སྐོར་གསུམ་ལ། གནད་གསུམ་ཆོས་ཉིད་འཁོར་ལོ། ཉིན་མཚན་འོད་གསལ་འཁོར་ལོ། ཡང་ཟབ་ཡེ་ཤེས་འཁོར་ [83a] ལོ་དང་གསུམ་མོ། །གེགས་སེལ་སྐོར་གསུམ་ལ། ལུས་ཀྱི་གེགས་སེལ་བདུད་རྩི་ལྗོན་ཤིང་། སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད། རིག་པའི་གེགས་སེལ་ཡེ་ཤེས་དྲི་མེད་དོ། །ནོར་བུ་སྐོར་གསུམ་ལ། བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡི་དམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། མཁའ་འགྲོའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའོ། །སྙིང་པོ་སྐོར་གསུམ་ལ། ངེས་དོན་བྱང་ཆུབ་སྙིང་པོ། ཡང་ཟབ་ཡིད་བཞིན་སྙིང་པོ། འཕོ་བ་འོད་གསལ་སྙིང་པོའོ། །མེ་ལོང་སྐོར་གསུམ་ལ། ངོ་སྤྲོད་དྲན་པའི་མེ་ལོང་། འཆི་ལྟས་དྲན་པའི་མེ་ལོང་། འཆི་བསླུ་དྲན་པའི་མེ་ལོང་། །སྙན་བརྒྱུད་སྐོར་གསུམ་ལ། སྙན་བརྒྱུད་ཆུང་ངུ་ཡེ་ཤེས་རང་སྣང་། འབྲིང་པོ་འོད་གསལ་རང་སྣང་། སྙན་བརྒྱུད་ཆེན་མོ་ངེས་དོན་རང་སྣང་ངོ་། །སྤུ་གྲི་སྐོར་གསུམ་ལ། མ་མོའི་གསང་སྒྲུབ་སྙིང་གི་སྤུ་གྲི། གཟའ་རྒོད་གསང་སྒྲུབ་སྲོག་གི་སྤུ་གྲི ། དམ་ཅན་གསང་སྒྲུབ་སྲོག་གི་སྤུ་གྲི་དང་གསུམ་མོ། །དེ་ལྟར་ཁ་བྱང་ཉི་མའི་སྙིང་པོ་དང་ཆོས་སྡེ་ལྔ་བཅུ་རྩ་ལྔ་ཚང་བར་ལེགས་པར་ཐོབ་པའི་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་ [83b] སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནས་བརྟན་ལྡང་མ་ལྷུན་གྲུབ། ལྕེ་བཙུན་སེང་གེ་དབང་ཕྱུག། ཞང་སྟོན་བཀྲ་ཤིས་རྡོ་རྗེ། ཞང་མཁས་པ་ཉི་འབུམ། ཞང་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་ཤེས་རབ་རྒྱ་མཚོ། ཀུན་མཁྱེན་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། ཀུན་དགའ་རྒྱལ་མཚན་དཔལ་བཟང་། མཁས་གྲུབ་སྣ་ཚོགས་རང་གྲོལ། གྲུབ་མཆོག་བསྟན་འཛིན་གྲགས་པ། ཀུན་མཁྱེན་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། གྲུབ་མཆོག་ངག་དབང་པདྨ། རིག་འཛིན་ཨོ་རྒྱན་ཡོངས་གྲོལ། པདྨ་ཀུན་གྲོལ་རྣམ་རྒྱལ། [84a] ངེས་དོན་བསྟན་འཛིན་བཟང་པོ། རྗེ་བླ་མ་རིག་འཛིན་བཟང་པོ། པདྨ་དཀོན་མཆོག་དཔལ་བཟང་། དེས་གཉིས་ཀས་སྣ་ཚོགས་རང་གྲོལ། དེ་ནས་ཁྲག་འཐུང་རིག་པའི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། རིགས་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ཡེ་ཤེས་རྡོ་རྗེ་ལའོ། །ཡང་དབང་ལུང་གི་བརྒྱུད་ཚུལ་གཅིག་ནི། ངེས་དོན་བསྟན་འཛིན་བཟང་པོ་ཡན་སྔར་ལྟར་ལ། དེ་ནས་མཚུངས་མེད་འཇམ་དབྱངས་གྲགས་པ། མཁས་དབང་དགེ་ལེགས་ནོར་བུ། པདྨ་མངྒ་། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ་མན་གོང་བཞིན། ཡང་དབང་ལུང་གི་བརྒྱུད་ལུགས་གཅིག་ནི། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་མན་འདྲ། ཡང་སྣ་ཚོགས་རང་གྲོལ། ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་སོགས་འདྲ། ཡང་ན་ཀུན་མཁྱེན་ནས། ཕ་རྒོད་རྟོགས་ལྡན་རྒྱལ་པོ། ཐུགས་སྲས་ཆོས་རྗེ། རྡོ་རྗེ་སེང་གེ ། ཀུན་བཟང་ [84b] རྡོ་རྗེ་མན་འདྲ། ཡང་ལུང་ཁྲིད་དང་བཅས་པའི་བརྒྱུད་པ་ལུགས་གཅིག་ནི། ཀུན་མཁྱེན་ཆེན་པོ་ནས། བྱ་བྲལ་བཀྲ་ཤིས་འབྱུང་གནས། གུ་རུ་གཞན་ཕན་རྡོ་རྗེ། རིན་ཆེན་ནམ་མཁའི་མཚན་ཅན། །དམར་སྒོམ་འོད་གསལ་ཀློང་ཡངས། རྫོགས་ཆེན་པ་བསོད་ནམས་རིན་ཆེན། བྱ་ཁྱུང་པ་ངག་དབང་པདྨ། འཁྲུལ་ཞིག་བསོད་ནམས་དབང་པོ། ལྷ་བཙུན་ནམ་མཁའི་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ངག་དབང་པདྨ། ཨོ་རྒྱན་ཡོངས་གྲོལ། པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། མཚུངས་མེད་འཇམ་དབྱངས་གྲགས་པ། མཁས་མཆོག་དགེ་ལེགས་ནོར་བུ། བྱང་སེམས་སྣ་ཚོགས་རང་གྲོལ། རྒྱལ་སྲས་གཞན་ཕན་མཐའ་ཡས། དེ་གཉིས་ཀས་མཁན་པདྨ་བཛྲ། མདོ་སྔགས་བསྟན་འཛིན་ནོར་བུ་ནས་གོང་བཞིན། བྱེ་བྲག་ཡི་གེ་མེད་པའི་སྙན་བརྒྱུད་སྐོར་གསུམ་གྱི་བརྒྱུད་པ་ནི། ཉང་ཏིང་འཛིན་བཟང་པོ་ནས། སྦ་བློ་གྲོས་དབང་ཕྱུག། འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་གྲུབ་རྒྱལ་པོ། ལྕེ་བཙུན་སེང་གེ་དབང་ [85a] ཕྱུག། ཤངས་པ་རས་པ། ཟབ་དོན་ཆོས་འབར། དམ་པ་ཙ་རི་གྱེར་ཞིག། གཉན་སྟོན་ཤེས་རབ་རྩེ་མོ། ཡོན་སྒང་གི་སྤྲུལ་སྐུ་མཆེད་གཉིས། མིག་བཞི་པ་ནམ་མཁའ་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ་མན་སྔར་བཞིན། ཡང་དབང་བཞི་ཀའི་བརྒྱུད་ཚུལ་གཅིག་ནི་སྙིང་ཐིག་ཆེན་མོ་ལྟར་ལ། ཟབ་མོ་ཡང་ཏིག་དང་། མཁའ་འགྲོ་ཡང་ཐིག་གཉིས་དོན་བརྒྱུད་ཀྱི་ལུགས་ལྟར་ན་ཀུན་མཁྱེན་ཆེན་པོ་ནས། རིག་འཛིན་འཇིགས་མེད་གླིང་པ། གྲུབ་དབང་བྱང་ཆུབ་རྡོ་རྗེ། མི་འགྱུར་ནམ་མཁའི་རྡོ་རྗེ། རྗེ་པདྨ་བཛྲ་མན་གོང་བཞིན་ནོ། ༈ ། གཉིས་པ་རྫོགས་ཆེན་མཁའ་འགྲོ་ཡང་ཐིག་གི་སྐོར་ཐོབ་པ་ལ་སྨིན་གྲོལ་གཉིས་ལས། དང་པོ་ནི། སྐོང་བཤགས་དང་སྟ་གོན་སྔོན་དུ་འགྲོ་བས། རིན་ཆེན་དབང་གི་ཕྲེང་བ་ལྟར། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་རིན་པོ་ཆེ། ཁྲེགས་ཆོད་རིག་པའི་རྩལ་དབང་། རིག་འཛིན་གྱི་བྱིན་རླབས། ཐོད་རྒལ་རིག་པའི་རྩལ་དབང་དང་། སྒྲོན་མ་བཞིའི་ཉམས་ལེན་གྱི་ངོ་སྤྲོད་ [85b] རྒྱས་པ། བཏགས་གྲོལ་གྱི་དབང་། མཁའ་འགྲོ་དོན་དབང་། བཀའ་སྲུང་གི་དབང་གཏོར་མ་ལ་བརྟེན་ནས་འགྲོ་དོན་གྱི་གཏད་རྒྱ་དང་བཅས་རྒྱས་པར་ཐོབ་བོ། །གཉིས་པ་ལ། དབང་། ཁྲིད། རྒྱབ་ཆོས། ཡང་ཟབ། སྒྲུབ་ཐབས། གཞན་དོན། བསྟན་སྲུང་གི་སྐོར་དང་བདུན་ལས། ཐོག་མར་ཐེམ་བྱང་རིན་པོ་ཆེའི་ལྗོན་ཤིང་དང་། གཏེར་འབྱུང་ལོ་རྒྱུས་ཀྱིས་སྣ་དྲངས་ཏེ། དང་པོ་དབང་གི་སྐོར་ལ། རིན་ཆེན་དབང་གི་ཕྲེང་བ། བདག་འཇུག་པདྨ་ཀློང་ཡངས། ཚོགས་མཆོད་རྒྱ་མཚོའི་སྤྲིན་ཕུང་རྣམས་སོ། །གཉིས་པ་ལ་ཕྱག་འཚལ་དྲི་མེད་ཟླ་རྒྱལ། གསོལ་འདེབས་བདུད་རྩིའི་སྤྲིན་འཁྲི་གས། ཁྲིད་ཡིག་ནོར་བུ་ལུགས། ཁྲིད་ཡིག་ཉི་ཟླ་གཟའ་སྐར། ཚོགས་བསགས། ཟབ་མོ་རབ་འབྱེད། ཁྲིད་ཡིག་རྒྱས་པ་རིན་ཆེན་གསེར་ཕྲེང་རྣམས་སོ། །གསུམ་པ་ལ། ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་རབ་འབྱམས། ནམ་མཁའ་ཀློང་ཡངས། ནམ་མཁའ་དྲི་མེད། ཐོད་རྒལ་རྒྱབ་ཡིག་མན་ངག་རིན་ཆེན་གསེར་སྒྲོམ། ཚིག་དོན་རིན་པོ་ཆེའི་བང་ [86a] མཛོད། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། དེའི་ཁོག་ཕུབ་ས་བཅད་བསྡུས་དོན་གསལ་བ་ཉི་མའི་འོད་ཟེར། གསང་སྤྱོད་རྡོ་རྗེ་ལམ་བསྟན་རྣམས་སོ། །བཞི་པ་ལ། རིག་འཛིན་མཆོག་སྒྲུབ། བསྐྱེད་རིམ་ཡིད་བཞིན་ནོར་བུ། མཁའ་འགྲོ་བདེ་ཆེན་རྒྱ་མཚོ། རྫོགས་རིམ་ཡེ་ཤེས་འཁོར་ལོ། རླུང་དྲུག་རྡོ་རྗེའི་ཆིངས། རླུང་སྦྱོར་ཡེ་ཤེས་དྲྭ་བ། ཟབ་ལམ་བདེ་ཆེན་རྒྱ་མཚོ། འོད་གསལ་འཁོར་ལོ། གཞི་སྣང་ངོ་སྤྲོད། འོད་གསལ་སྦུབས་འཇུག སྒྲོན་མ་བཞི་སྐོར། ངེས་དོན་སྙིང་པོ། བྱིན་རླབས་ཐུགས་སྒྲུབ། འཁྲུལ་སྣང་གཞི་གྲོལ། རྨི་ལམ་སྦུབས་འཇུག དབྱིངས་སྣང་ངོ་སྤྲོད། ཟབ་དོན་གད་ཀྱི་ལྡེ་མིག། འོད་གསལ་པྲ་ཁྲིད། གསང་ལམ་རིན་པོ་ཆེའི་ངོ་སྤྲོད། ཟབ་དོན་སྙིང་པོ། ཀུན་འདུས་ངོ་སྤྲོད། བར་དོ་སྦུབས་འཇུག། བར་དོ་གནད་ཀྱི་སྒྲོན་མེ། གནད་གསུམ་སྣང་བའི་སྒྲོན་མེ། མཐོང་སྣང་འོད་ཀྱི་དྲྭ་བ། ཞལ་ཆེམས་དྲི་མ་མེད་པའི་འོད། ཞལ་ཆེམས་མཐར་ཐུག་གཅིག་མ། ཞལ་ཆེམས་གནད་ཀྱི་མེ་ལོང་རྣམས་སོ། །ལྔ་པ་ལ། [86b] རིགས་ལྔའི་སྒྲུབ་ཐབས་པདྨ་སྟོང་ལྡན། རིགས་ལྔའི་བཅུད་ལེན་བདུད་རྩིའི་ཐིགས་པ། བདུད་རྩིའི་སྤྲིན་ཕུང་། འཆི་བ་བརྟག་བསླུ། བཏགས་གྲོལ་རིན་ཆེན་སྙིང་པོ་རྣམས་སོ། །དྲུག་པ་ལ། སྲེག་སྦྱངས་འོད་ཀྱི་སྙེ་མ། གཞན་ཕན་འོད་ཀྱི་འཁོར་ལོ། ཕྱག་རྒྱ་བཞི་མཆོད། མཆོད་རྟེན་རབ་གནས། རབ་གནས་ཡེ་ཤེས་དྲི་མེད། མཐོང་སྣང་རིན་ཆེན་གསེར་གྱི་དྲྭ་བ་རྣམས་སོ། །བདུན་པ་ལ། གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། རཱ་ཧུ་ལའི་གསང་སྒྲུབ་དུག་གི་སྤུ་གྲིའི་བསྟོད་པ་གནད་ཡིག་དང་བཅས་པ། ཤན་པ་སྲོག་སྒྲུབ་ནག་མོའི་སྒྲུབ་ཐབས་དུག་མདའ་ནག་པོ། གནོད་སྦྱིན་ཤན་པ་དམར་ནག་གི་སྒྲུབ་ཐབས་མེ་རླུང་འཁྱིལ་པ་རྣམས་དང་། ཐེམ་བྱང་རྒྱས་པ་དཔག་བསམ་ལྗོན་ཤིང་བཅས་ཆོས་སྡེ་བདུན་ཅུ་རྩ་བཞི་ཡིན་པར་གསུངས་ནའང་། དེར་མི་གསལ་བའི་ཐེམ་མེད་འགའ་ཞིག་ཀྱང་མཆིས་སོ། །དེ་ལྟར་ཐོབ་པའི་དབང་ཁྲིད་ལུང་དང་བཅས་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ། ཤྲཱི་སེང་། ཨོ་རྒྱན་ [87a] ཡབ་ཡུམ། ཀུན་མཁྱེན་ཆེན་པོ། ཡེ་ཤེས་རབ་འབྱམས། བསམ་གཏན་པ། སྦྱིན་པ་བཟང་པོ། ཟབ་ལུང་སྤྲུལ་སྐུ། བསོད་ནམས་རིན་ཆེན། མཉམ་མེད་འགྲོ་མགོན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་པདྨ། ཡོངས་འཛིན་པདྨ་དར་རྒྱས་སམ། ཡང་ན་ངག་དབང་ཀུན་བཟང་ནས། འགྱུར་མེད་སྐལ་བཟང་འཕེལ་རྒྱས། པདྨ་ཀུན་གྲོལ་རྣམ་རྒྱལ། ནམ་མཁའ་ཚེ་དབང་མཆོག་གྲུབ། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ཡེ་ཤེས་རྡོ་རྗེ་ལ་བསྩལ་བའོ། །ཡང་ན་རྗེ་དཔོན་ནས། རིག་འཛིན་ཕྲིན་ལས་དབང་ཕྱུག། ཨ་ཏི་བསྟན་པའི་རྒྱལ་མཚན། འཇིགས་མེད་ཕྲིན་ལས་འོད་ཟེར། གཞོན་ནུ་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ་མན་གོང་བཞིན། ཡང་ན་ཀུན་མཁྱེན་ནས། བདེ་ལེགས་རྒྱ་མཚོ། [87b] ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། ཛ་ཡིག་པ་ཚུལ་རྒྱལ། རྩེ་ལེ་རིག་འཛིན་ཆེན་པོ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་དབང་བརྒྱུད་ལུགས་གཅིག་ལ། བདེ་ལེགས་རྒྱ་མཚོ་ནས། བྱ་བྲལ་ཆོས་རྗེ། སེམས་དཔའ་ཆེན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། འཇངས་པ་ཀུན་རྒྱལ། གར་གྱི་དབང་ཕྱུག། བློ་གྲོས་བཟང་པོ། པདྨ་རྒྱལ་མཚན་ནས་སྔར་བཞིན་ནོ། །གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མན་ངག་སྙིང་ཐིག་བཀའ་གཏེར་མ་བུ་ཐམས་ཅད་ཀྱི་གནད་བསྡུས་བཤད་བརྒྱུད་དང་སྙན་བརྒྱུད་གཉིས་སུ་ཕྱེས་ནས་ཕྱོགས་གཅིག་ཏུ་བཀོད་པ་རྫོགས་པ་ཆེན་པོ་ཟབ་མོ་ཡང་ཏིག་གི་ཆོས་སྡེ་ཇི་ལྟར་ཐོབ་པའི་ཚུལ་ལ་སྨིན་གྲོལ་གཉིས་ལས། དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཅས་དབང་ཆོག་ཆུ་བོ་རྣམ་བཞིའི་སྟེང་ནས་ལེགས་པར་ཐོབ། གཉིས་པ་ལ་བཤད་བཤད་བརྒྱུད་ཀྱི་དབང་བླ་མ་ཡང་ཏིག་གི་འཐུས། [88a] རྒྱུད་དང་། སྙན་བརྒྱུད་སྙན་བརྒྱུད་ཀྱི་དབང་གཞུང་བཞིན་བསྐུར་དགོས་གསུངས། མཆན། གཉིས་ལས། དང་པོ་ལ། སྔོན་འགྲོ། དབང་། ཁྲིད། རྒྱབ་ཆོས་ཏེ་སྐོར་ཚོ་བཞི་ལས། དང་པོ་སྔོན་འགྲོའི་སྐོར་ལ། ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བ། བརྒྱུད་པའི་ཕྱག་འཚལ་ཡིད་བཞིན་ནོར་བུ། གསོལ་འདེབས་བདུད་རྩིའི་ཆུ་རྒྱུན། །མཎྜལ་གྱི་ཆོ་ག་གླིང་བཞིའི་རྒྱན་གྱུར། གུ་རུ་བི་མ་ལ་སྒྲུབ་པའི་རིམ་པ། སྙིང་པོ་ཡེ་ཤེས་ཀྱི་བླ་མ་སྒྲུབ་པ་རྣམས་སོ། །གཉིས་པ་དབང་གི་སྐོར་ལ། སྤྲོས་བཅས་དབང་ཆོག་ཆུ་བོ། དེའི་གནད་ཡིག་མིང་གི་རིགས་འབྱེད། སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བོ། དེའི་གནད་ཡིག་བུམ་པའི་བརྡ་དོན། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་ཡེ་ཤེས་ཆུ་བོ། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་བྱིན་རླབས་ཆུ་བོ། དེ་དག་གི་ཡན་ལག་དམ་ཚིག་གསུམ་བཀོད་རྣམས་སོ། །གསུམ་པ་གདམས་ཁྲིད་ཀྱི་སྐོར་ལ། ཐུན་མོང་གི་སྔོན་འགྲོ་རིན་པོ་ཆེའི་པྲ་ཁྲིད། དངོས་གཞིའི་དོན་ཁྲིད་སངས་རྒྱས་མཉམ་སྦྱོར། གཞི་གནས་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ། རྒྱ་མཚོ་ [88b] ཨར་གཏད་ཀྱི་མུན་ཁྲིད་འོད་གསལ་འཁོར་ལོ་རྣམས་སོ། །བཞི་པ་རྒྱབ་ཆོས་ཀྱི་སྐོར་ལ། ཁྱུང་ཆེན་གཤོག་རྫོགས། འདིར་ཁྱུང་ཆེན་གཤོག་རྫོགས་ཟེར་བ་ཡོད་ཀྱང་ཁ་བྱང་དུ་མི་སྣང་བས་དཔྱད། གསང་བ་བླ་མེད་སྤྱི་གནས། ཟབ་མོ་བཅུད་བསྡུས། སྙིང་པོ་དོན་བསྡུས། འདི་ཡང་ཁ་བྱང་ལ་མེད། འོད་གསལ་སྙིང་པོ། ངེས་དོན་སྙིང་པོ། མཐར་ཐུག་དོན་གྱི་སྙིང་པོ། གཞི་ལམ་འབྲས་བུའི་གནས་གསལ་བ། རྣལ་འབྱོར་བཞིའི་རིམ་པ། ཟབ་མོ་པྲ་ཁྲིད། སྙིང་པོའི་ཡང་བཅུད། རིག་པ་བརྟུལ་བཞུགས་ཀྱི་སྤྱོད་པ། འཆི་བ་བརྟག་བསླུ་དུས་ཀྱི་གསལ་བྱེད། འདའ་ཁ་དོན་གྱི་མན་ངག། བཏགས་གྲོལ་སྙིང་པོ། ཟབ་དོན་སྙིང་པོ། ཚིག་དོན་སྙིང་པོ། གདམས་ཁྲིད་དོན་གྱི་མདོ་ཆིངས་རྣམས་སོ། །དེ་ལྟར་བཤད་རྒྱུད་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། གསང་བའི་བདག་པོ། །དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཡེ་ཤེས་མདོ། བི་མ་མི་ཏྲ། ཉང་ཏིང་འཛིན་བཟང་པོ། ཁྲི་སྲོང་ལྡེའུ་བཙན། ལྡང་མ་ལྷུན་རྒྱལ། [89a] ལྕེ་བཙུན་སེང་གེ་དབང་ཕྱུག། རྒྱལ་ང་ཞང་སྟོན། ཉི་མ་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ། བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའི་མཚན་ཅན། འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། ངག་དབང་པདྨ་། བསོད་ནམས་དབང་པོ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཡེ་ཤེས་ཕུན་ཚོགས། ཀརྨ་དབང་འབྱོར། རྣམ་གྲོལ་རྒྱལ་མཚན། རིག་འཛིན་ཚེ་དབང་ནོར་བུ། རྗེ་རཏྣ་བི་ཛ། ཁྲི་པདྨ་བསྟན་འཛིན། མཁན་ཆེན་ཨོ་ཌི་ཡ་ན། རྗེ་ཀརྨ་བི་ཛ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྗེ་གཞན་ཕན་མཐའ་ཡས། མཁན་པདྨ་བཛྲ་ནས་གོང་བཞིན་ནོ། །གཉིས་པ་སྙན་བརྒྱུད་ཐིག་ལེ་གསང་སྐོར་ལ་ཡང་། འཇུག་སྒོ། དབང་། ཁྲིད། རྒྱབ་ཆོས། བཀའ་སྲུང་གི་སྐོར་དང་ལྔ་ལས། དང་པོ་ལ། གདམས་ཁྲིད་དོན་གྱི་མདོ་ཆིངས། གསན་ཡིག་རྣམས་སུ་གདམས་ཁྲིད་དོན་གྱི་མདོ་ཆིངས་མ་བྱུང་བས་དཔྱད། མཆན། ཁ་བྱང་གནད་ཀྱི་མདོ་ཆིངས། སྙན་བརྒྱུད་གནད་ཀྱི་མདོ་ཆིངས། གསང་སྐོར་ [89b] བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་། གསོལ་འདེབས་དངོས་གྲུབ་ཆར་འབེབས། གསོལ་འདེབས་མི་འགྱུར་ལྷུན་གྲུབ་མ། གསོལ་འདེབས་དངོས་གྲུབ་ཀུན་འབྱུང་རྣམས་སོ། །ཕྱི་མ་འདི་གཉིས་ཁ་བྱང་དུ་མ་བྱུང་བས་དཔྱད། གཉིས་པ་ལ། གསང་སྐོར་དབང་གི་ལག་ལེན་གསལ་བའི་སྒྲོན་མེ། གསུམ་པ་ལ། མཆོག་གསང་ལམ་ཁྲིད་ཆེན་མོ། བཞི་པ་ལ། ཡེ་གྲོལ་སོར་བཞག། སྙན་བརྒྱུད་ཐུགས་ཀྱི་མེ་ལོང་། སྙན་བརྒྱུད་དོན་གྱི་མེ་ལོང་། ལག་ཁྲིད་སྙིང་པོ། སྙན་བརྒྱུད་རྒྱབ་ཆོས་ཆེན་པོ་ཟབ་དོན་གནད་ཀྱི་མེ་ལོང་རྣམས་སོ། །ལྔ་པ་ལ། བཀའ་སྲུང་དྲག་པོ་གསུམ་སྒྲིལ་གྱི་སྒྲུབ་ཐབས། བསྐང་གསོ་དངོས་གྲུབ་ཆར་འབེབས། ཐེམ་མེད་བཀའ་སྲུང་། འདི་གསན་ཡིག་ཏུ་ཡོད་ཀྱང་དཔེ་མ་བྱུང་བས་དཔྱད། དཀར་ཆག་ཉི་ཟླ་གཟའ་སྐར་དང་བཅས་པ་རྣམས་སོ། །དེ་ལྟར་སྙན་བརྒྱུད་ཆོས་སྡེ་བཅུ་གསུམ་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཡེ་ཤེས་མདོ། བི་མ་ལ། ཉང་བན། སྦས་བློ་གྲོས་དབང་ཕྱུག། འབྲོམ་ [90a] རིན་ཆེན་འབར། ལྡང་མ་ལྷུན་རྒྱལ། ལྕེ་བཙུན། ཤངས་པ་རས་པ། ཟབ་དོན་ཆོས་འབར། གྱེར་སྟོན་ཡབ་སྲས། གཉེན་སྟོན་ཤེས་རབ་རྩེ་མོ། ཡོན་ཏན་སྒང་གི་སྤྲུལ་སྐུ་རྣམ་གཉིས། མིག་བཞི་པ་ནམ་མཁའ་རྡོ་རྗེ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། སྨན་རྩེ་བ། རྒྱལ་སྲས་ཤེས་རབ་རྒྱལ་མཚན། གངས་རི་པ་ཚུལ་ཁྲིམས་སངས་རྒྱས། མངའ་རིས་པ་འོད་གསལ་མཆོག་དབྱངས། འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག། བསོད་ནམས་མཆོག་ལྡན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རྣམ་གྲོལ་རྒྱལ་མཚན་མན་འདྲའོ། །ཡང་ན་ཀུན་མཁྱེན་ནས། མདོག་ཁམས་པ་ཆོས་གྲགས། བསོད་ནམས་དཔལ་ལྡན། མཁའ་ཀློང་ཡངས་པ་མན་འདྲའོ། །ཡང་འདི་དག་གི་དབང་ལུང་ཡོངས་རྫོགས་ཀྱི་དོན་བརྒྱུད་ཐུན་མོང་མ་ཡིན་པ་ནི། ཀུན་མཁྱེན་ཆེན་པོ་ནས། རིག་འཛིན་འཇིགས་མེད་གླིང་པ། [90b] གྲུབ་དབང་བྱང་ཆུབ་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས་མན་གོང་བཞིན་ནོ། །ཡང་ན་རྒྱས་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ལུང་རྟོགས་བསྟན་པའི་ཉི་མ། ཁྱབ་བདག་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་བླ་མ་ཡང་ཏིག་ཁྲིད་སྐོར་བཅས། མདོ་སྔགས་བསྟན་འཛིན་ནོར་བུ་དང་། ལུང་རྟོགས་བསྟན་པའི་ཉི་མ་གཉིས་ཀས། རིག་འཛིན་ཆེན་པོ་སྐུ་གསུམ་གླིང་པ། ཁྱབ་བདག་དྲིན་ཆེན་བླ་མ་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་འཇིགས་བྲལ་ཡེ་ཤས་རྡོ་རྗེ་ལའོ། ། ༈ ། རྫོགས་ཆེན་ཡང་ཏིའི་སྐོར་ཐོབ་པ་ལ། རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ལོ་རྒྱུས། ངོ་སྤྲོད་རིན་ཆེན་གསེར་གྱི་ཐུར་མ། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་གསོལ་འདེབས། ཚོགས་ལས་ཉུང་བསྡུས། མན་ངག་སྙན་བརྒྱུད་ཀྱི་ངོ་སྤྲོད་ཡང་ཏིག་བཀའ་རྒྱ་མ། དབང་ཆོག་ནོར་བུ་དོན་གསལ། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་ཡིག་བཅས་ཀྱི་བརྒྱུད་པ་ནི། ཀཿཐོག་ [91a] པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཡན་ཉིད་ཀྱི་གསན་ཡིག་ལྟར་ལ། དེ་ལས་གྲུབ་ཆེན་ཆོས་དབྱིངས་རང་གྲོལ། གྲུབ་ཆེན་པདྨ་བདུད་འདུལ། ཡང་ཏིའི་བཀའ་བབས་གྲུབ་ཆེན་མེ་ལོང་རྡོ་རྗེ། ཁྱབ་བདག་བླ་མ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ཡེ་ཤེས་རྡོ་རྗེ་ལའོ།། །།