ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་སྡེ་གཙོ་ཆེ་བ་རྣམས་སྙིང་པོའི་བཅུད་དུ་དྲིལ་བ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་གྱི་བདུད་རྩི་རང་སྐལ་དུ་ཇི་ལྟར་ནོས་པའི་ཚུལ།

From Dudjom Wiki
DJYD-KABUM-19-DZA-008
Wylie title nye brgyud zab mo gter gyi chos sde gtso che ba rnams snying po'i bcud du dril ba rin chen gter gyi mdzod chen po'i smin grol gyi bdud rtsi rang skal du ji ltar nos pa'i tshul DJYD-KABUM-19-DZA-008.pdf
Location bdud 'joms rin po che bka' 'bum
Volume 19, Text 8, Pages 297-465 (Folios 148a1 to 232a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Nye brgyud zab mo gter gyi chos sde gtso che ba rnams snying po'i bcud du dril ba rin chen gter gyi mdzod chen po'i smin grol gyi bdud rtsi rang skal du ji ltar nos pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 297-465. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rin chen gter mdzod skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [148a] ཨོཾ་སྭསྟི། གསང་སྔགས་སྔ་འགྱུར་རང་སྐད་བླ་མེད་ནང་རྒྱུད་ཡོ་ག་སྐོར་གསུམ་དུ་གྲགས་པ་ལ་བཀའ་གཏེར་གྱི་བབས་སོ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་སྡེ་གཙོ་ཆེ་བ་རྣམས་སྙིང་པོའི་བཅུད་དུ་དྲིལ་བ་རིན་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་གྱི་བདུད་རྩི་རང་སྐལ་དུ་ཇི་ལྟར་ནོས་པའི་ཚུལ་ལ། ཞིབ་པར་དབྱེ་ན། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་གི་སྡེ་ཚན་སོ་སོར་ཕྱེས་ནས་འགོད་པར་འོས་ཀྱང་། འདིར་ཡིག་ཚོགས་ཀྱི་ངལ་བས་སྤྲོས་པ་བསྐྱུངས་ཏེ་བཞུགས་བྱང་དཀར་ཆག་དཀྱུས་ལྟར་ཐོབ་ཡིག་བསྐྱུད་བྱང་ཙམ་དུ་སྤེལ་བ་ལ། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། བྱུང་ཁུངས་དེ་ལྡན་གྱི་གདམས་པའི་དཀར་ཆག ། དེ་ལས་བྱུང་བའི་གདམས་སྐོར་དངོས་ཀྱི་རྣམ་གྲངས་དང་གསུམ།

ཀ༽ དང་པོ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ་ལེའུ་ཞེ་གཅིག་པ། དེའི་དོན་བསྡུས་གསོལ་འདེབས་ཉང་རལ་ཉིད་ཀྱི་གསུང་། གུ་རུའི་རྣམ་ཐར་མཛད་པ་བཅུ་གཅིག་གི་ [148b] གསོལ་འདེབས་རཏྣ་གླིང་པའི་གསུང་། བཀའ་ཐང་དོན་བསྡུས་གསོལ་འདེབས་ཀུན་གཟིགས་མཁྱེན་བརྩེའི་གསུང་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་གིས་བརྒྱན་པ། གུ་རུའི་རྣམ་ཐར་རྒྱ་གར་ལུགས་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་ཆོག་གསུང་། གྲུབ་ཐོབ་གཏེར་སྟོན་རིམ་བྱོན་རྣམས་ཀྱི་རྣམ་ཐར་མདོར་བསྡུས། གཏེར་བརྒྱའི་རྣམ་ཐར་དོན་བསྡུས་གསོལ་འདེབས། མཚན་སྡོམ་གསོལ་འདེབས། འཇམ་མགོན་ཉིད་ཀྱི་ཞལ་གསུང་གསོལ་འདེབས་གཉིས་བཅས་འཇམ་མགོན་གསུང་ངོ་། ། ཁ༽ གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་པའི་ཟབ་ཆོས་ཇི་ལྟར་བཞུགས་པའི་དཀར་ཆག་དང་། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བརྒྱུད་ཡིག ། ལག་ལེན་བཅས་བཤོམས་བྱ་ཚུལ་བཅས་འཇམ་མགོན་གསུང་། ག༽ གསུམ་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་ལ། བསྐྱེད་པ་མ་ཧཱ་ཡོ་ག ། ལུང་ཨ་ནུ་ཡོ་ག ། རྫོགས་ཆེན་ཨ་ཏི་ཡོ་གའི་སྐོར་དང་གསུམ། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། དང་པོ་རྒྱ་ཆེ་རྩ་བར་གྱུར་པ་རྒྱུད་སྡེ་ [149a] ལ། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སྨིན་ལུགས་གཏེར་གཞུང་། སྨིན་གཏེར་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ། བརྒྱུད་འདེབས། ཕྲིན་ལས་ཀྱི་ཆོ་ག་གཏེར་ཆེན་གསུང་དང་རིན་ཆེན་རྣམ་རྒྱལ་གྱི་ལྷན་ཐབས་ནག་འགྲོས་སུ་རྗེ་གུ་ཎས་བསྡེབས་པ། སྒྲུབ་མཆོད་རྒྱས་པའི་ལག་ལེན་གུ་ཎའི་གསུང་། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་མཁྱེན་བརྩེའི་གསུང་། རིག་འཛིན་ཐུགས་ཐིག་གི་བྱིན་འབེབས་གཏེར་གཞུང་། གྲོལ་ལམ་གསུམ་གྱི་ལག་ལེན། དབང་ཆོག ། བསྙེན་ཡིག་བཅས་འཇམ་མགོན་གསུང་། རིམ་གཉིས་ཀྱི་རྩ་ཁྲིད། རྫོགས་རིམ་སྣང་བཞིའི་ཁྲིད། རྨི་ལམ་གྱི་ཁྲིད། གཅོད་ཁྲིད་རྣམས་ལོ་ཆེན་དྷརྨ་ཤྲཱིའི་གསུང་། །འཕོ་བའི་མན་ངག་ཕྲིན་ལས་ཆོས་སྒྲོན་གསུང་། ཀརྨ་གླིང་པའི་ཞི་ཁྲོའི་གསོལ་འདེབས། ལས་བྱང་ཚོར་ཆུང་བཅས་གཏེར་གཞུང་། བསྙེན་དམིགས་ཆགས་མེད་གསུང་། བདག་བསྐྱེད་པདྨ་མ་ཏིའི་གསུང་། དབང་གི་སྟ་གོན། དབང་འབྲིང་པོ་བཅས་འཇམ་མགོན་གསུང་། [149b] གཏོར་དབང་ཨ་རཱ་གའི་གསུང་། བསྙེན་ཡིག་འཇམ་མགོན་གསུང་། བར་དོའི་ཁྲིད་ཡིག་ཆགས་མེད་གསུང་། སྨིན་ལོའི་ཞི་ཁྲོའི་ཆོ་ག་ལ་མཁྱེན་བརྩེའི་ཁ་སྐོང་ཅན། བཀའ་སྲུང་སྡེ་བདུན་གསོལ་བསྡུས། ཡེ་ཤེས་དབབ་པ། མཆོད་བསྟོད་གཏེར་གཞུང་ལས་ཁོལ་ཕྱུངས། ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་ཞི་ཁྲོའི་ཕྲིན་ལས་མཁྱེན་བརྩེའི་གསུང་། ལྷ་དབང་། གནམ་ཆོས་ཞི་ཁྲོའི་གཏེར་གཞུང་། དེའི་བསམ་གཏན་ཆོ་ག་ཆགས་མེད་གསུང་། བདེ་ཆེན་གླིང་པའི་བཀའ་འདུས་ཞི་ཁྲོའི་ལས་བྱང་དང་། སྐོང་ཆོག་གཏེར་གཞུང་། སྨིན་བྱེད་མ་བུ་གབ་སྤྲད་འཇམ་མགོན་གསུང་། འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གཏེར་གཞུང་། གུར་དྲག་སྨད་ལས་རྟ་མགྲིན་ལ་སྦྱར་བའི་ཁ་བསྒྱུར། ཕྲིན་ལས་དང་དབང་གི་གསལ་བྱེད། གདམས་པའི་ས་བཅད་ཟིན་བྲིས་བཅས་འཇམ་མགོན་གསུང་། ང་༽ མཆོག་གླིང་རྣམ་ཐར་གསོལ་འདེབས་འཇམ་མགོན་གསུང་། ཞི་ཁྲོའི་བརྒྱུད་འདེབས་ཀརྨ་པ་ [150a] བཅུ་བཞི་པའི་གསུང་། སྐྱབས་སེམས་ཚོགས་བསགས་ལྡེབ་བྱང་། མཆོག་གྱུར་གླིང་པའི་ཟབ་བདུན་སྒྱུ་འཕྲུལ་ཟངས་བྱང་མའི་ཞི་བ་རྡོར་སེམས་ཐུགས་སྒྲུབ་ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཁྲོ་བོ་དམ་པ་རྒྱན་གྱི་སྒྲུབ་ཐབས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཞི་ཁྲོ་དོང་སྤྲུགས་ལས་བྱང་། སྨན་མཆོད། སྐོང་བཤགས། དབང་ཆོག་བཅས་མཆོག་གླིང་གསུང་། ཟབ་བདུན་སྒྱུ་འཕྲུལ་ཚེ་སྐོར་རྒྱས་པ་དང་གསོ་བ་གསུམ་ལྡན་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། མཆོག་གླིང་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གཏེར་གཞུང་སྐོར། ཕྲིན་ལས་དབང་ཆོག་བཅས་འཇམ་མགོན་གསུང་ངོ་། །

༈     །   གཉིས་པ་སྒྲུབ་སྡེ་ལ་རྩ་བ་སྒྲུབ་ཐབས་དང་།   ཡན་ལག་ལས་ཀྱི་ཆོ་ག་གཉིས།   དང་པོ་རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་ལ་རྩ་གསུམ་སྤྱིར་སྒྲུབ་པ་དང་།   བྱེ་བྲག་སོ་སོར་སྒྲུབ་པ་གཉིས་ཀྱི།   དང་པོ་རྩ་གསུམ་སྤྱིར་སྒྲུབ་པ་ལ།   སངས་རྒྱས་བླ་ [150b] མའི་རྩ་གསུམ་དྲིལ་སྒྲུབ་མཁྱེན་བརྩེ་རིན་པོ་ཆེའི་གཏེར་གྱི་གསོལ་འདེབས།   ཕྲིན་ལས།   བཀའ་གཏེར་སྤྱི་འགྲེ་སྨན་མཆོད།   དོན་དབང་།   ཚེ་དབང་བཅས་མཁྱེན་བརྩེ་ཉིད་ཀྱིས་མཛད་པ།   ཀརྨ་པ་རང་བྱུང་རྡོ་རྗེའི་དགོངས་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དབང་ཕྱུག་རྡོ་རྗེའི་གསུང་ལ་འཇམ་མགོན་ཆོག་ཁྲིགས།   བསྐྱེད་རྫོགས་དམིགས་རིམ་འཇམ་མགོན་གསུང་།   དྲིལ་སྒྲུབ་རྩ་ཚིག་ཆགས་མེད་གསུང་།   རཏྣ་གླིང་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་གཏེར་གཞུང་།   གསོལ་འདེབས།   གསང་ཁྲིད་བཅས་རཏྣ་ཉིད་ཀྱི་གསུང་།   སྒྲུབ་ཕྲིན་དང་སྨིན་བྱེད་འཇམ་མགོན་གསུང་།   རཏྣའི་ཡི་དམ་རྩ་གསུམ་དྲིལ་སྒྲུབ་གཏེར་གཞུང་།   རྒོད་ལྡེམ་ཡང་སྤྲུལ་དཔལ་ལྡན་འཇམ་དབྱངས་བླ་མའི་རྩ་གསུམ་གསོལ་འདེབས་ཀྱི་ལས་བྱང་འཇམ་མགོན་གསུང་།   མར་མེའི་སྐོང་བཤགས་གཏེར་གཞུང་།   ཕྲིན་ལས་རྩལ་དབང་རྗེས་གནང་འཇམ་མགོན་གསུང་།   བཀའ་སྲུང་སྒྲོལ་བྱེད་གསོལ་མཆོད།   མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས་ [151a] དུས་གསུམ་རྒྱལ་བའི་སྤྱི་སྒྲུབ།   དཀོན་མཆོག་གསུམ་གྱི་གསང་སྒྲུབ་བཅས་གཏེར་གཞུང་།   འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་དམ་ཆོས་དགོངས་པ་ཡང་ཟབ་རྩ་གསུམ་ས་བྱང་།   གཏོར་དབང་།   སྐོང་བཤགས་བཅས་ཆོས་གྲགས་གསུང་།   རིན་ཆེན་ཕུན་ཚོགས་དག་སྣང་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་གདམས་སྐོར་གཏེར་གཞུང་།   ཞལ་ཤེས་སྐོར་གཏེར་གཞུང་།    དྲིལ་སྒྲུབ་སོགས་ཆོས་གྲགས་གསུང་།   

ཅ༽ གར་དབང་ཞིག་གླིང་འོད་གསལ་སྒྱུ་མའི་ཐུགས་དམ་ཟབ་བདུན་རྩ་གསུམ་གཏེར་གཞུང་། བརྒྱུད་འདེབས། ཕྲིན་ལས་བྱང་བུ། གཟའི་བསྐང་གསོལ་བཅས་ཉིད་ཀྱི་གསུང་། རྩ་དབང་། ལྷ་སོ་སོའི་སྒྲུབ་ཐབས་རྗེས་གནང་བཅས་འཇམ་མགོན་གསུང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་མ་རྒྱུད་སྙིང་པོ་དོན་གསུམ་གྱི་གཏེར་འབྱུང་དང་གཏེར་གཞུང་། ལས་རིམ་ཟུར་འདེབས། དབང་ཆོག་འཇམ་མགོན་གསུང་། ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེའི་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བརྒྱུད་ [151b] འདེབས། དཀྱིལ་ཆོག ། ཕྲིན་ལས་སྙིང་པོ། སྲུང་མའི་མཆོད་ཕྲེང་ཉུང་ངུ་། བསྙེན་ཡིག ། བརྟན་བཞུགས་ཆོ་ག་བཅས་ཉིད་ཀྱི་གསུང་། དབང་ཆོག་སི་ཏུ་པདྨ་ཉིན་བྱེད་གསུང་། འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་ཡིག་ཆོས་གླིང་ཉིད་ཀྱི་གསུང་། ཀུན་བཟང་བདེ་ཆེན་རྒྱལ་པོའི་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་ལས་བྱང་ཉིད་ཀྱི་གསུང་། གཏོར་དབང་འཇམ་མགོན་གསུང་། མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་ཕྲིན་ལས་གཏེར་གཞུང་། དབང་ཆོག་ཚེ་དབང་བཅས་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་སྙིང་པོའི་རྒྱུད་བཞི་ལེའུ་བརྒྱད་པ། བརྒྱུད་འདེབས་འཇམ་མགོན་གསུང་། སྒྲུབ་ཐབས་གཏེར་གཞུང་། སྨན་མཆོད། དབང་ཆོག་བཅས་འཇམ་མགོན་གསུང་ངོ་། །

༈     །   གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ།   བླ་མ།   ཡི་དམ།   མཁའ་འགྲོ།   ཆོས་སྐྱོང་བཞི་ལས།   དང་པོ་བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་ལའང་ཕྱི་གསོལ་འདེབས།   ནང་ཞི་སྒྲུབ།    [152a] གསང་བ་དྲག་སྒྲུབ་གསུམ་གྱི།   དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལ།   བཟང་པོ་གྲགས་པས་གཏེར་ནས་སྤྱན་དྲངས་ཏེ་ཆོས་བདག་རྒོད་ལྡེམ་ལ་གཏད་པ་གསོལ་འདེབས་ལེའུ་བདུན་མ་དཔའ་བོ་གཙུག་ལག་དགའ་བས་ཞུས་དག་ཅན།   རྒོད་ལྡེམ་དག་སྣང་བརྡ་དོན་ལམ་ཟབ་ཀྱི་ཁྲིད་ཡིག་བྱང་བདག་གསུང་།   ལེགས་ལྡན་རྗེའི་སྐུ་གསུམ་ལམ་ཁྱེར་གཏེར་གཞུང་།   ངག་འདོན།   ཁྲིད་ཟིན་བཅས་པ་པདྨ་ཕྲིན་ལས་གསུང་།   ཚར་ཆེན་བློ་གསལ་རྒྱ་མཚོའི་དགོངས་གཏེར་ཨོ་རྒྱན་བླ་མའི་རྣལ་འབྱོར་དང་།   བརྒྱུད་འདེབས་བྱམས་པ་ཡོན་ཏན་གསུང་།   མ་ཏི་རཏྣའི་བླ་མ་ཡིད་ནོར་གསོལ་འདེབས་ལེའུ་བདུན་མ།   སྟག་ཤམ་བླ་མ་ནོར་བུའི་གསོལ་འདེབས་ལེའུ་བཞི་པ།   ཀློང་གསལ་སྙིང་པོའི་བཀའ་བརྒྱུད་ཀྱི་གུ་རུ་མཚན་བརྒྱའི་སྟོད་པ།   སྨིན་གཏེར་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་།   དྷརྨ་ཤྲཱིའི་གསུང་བླ་མཆོད་ལ་རྗེ་མཁྱེན་བརྩེའི་གསལ་ཁ་ཅན།   ཀཿཐོག་ཚེ་དབང་ནོར་བུའི་དགོངས་གཏེར་རྡོ་རྗེ་སློབ་དཔོན་སྒྲུབ་ [152b] པའི་རྩ་གཞུང་།   དམིགས་རྐང་།   བསྙེན་ཚད།   བཛྲ་གུ་རུ་ཉམས་སུ་ལེན་ཐབས་བཅས་ཉིད་ཀྱི་གསུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ།   རྩ་གསུམ་གསོལ་འདེབས།   སྨན་མཆོད།   དབང་ལེན་བཅས་མཁྱེན་བརྩེའི་གསུང་།   འཇམ་མགོན་རྡོ་རྗེ་འཆང་གི་རྩ་གསུམ་དགོངས་འདུས་དང་།   མཁྱེན་བརྩེའི་ཡང་གཏེར་དྲི་མེད་བླ་སྒྲུབ་ཟུང་གི་ཆ་ལག་ལམ་ཟབ་ལེའུ་བདུན་མ་སྔ་མའི་གཏེར་གཞུང་བཅས།   

ཆ༽ གཉིས་པ་ནང་ཞི་བར་སྒྲུབ་པའི་སྐོར་ལ་ཆོས་ལོངས་སྤྲུལ་གསུམ་གྱི། དང་པོ་བླ་མ་ཆོས་སྐུའི་སྒྲུབ་པ་ལ། གུ་རུ་ཆོས་དབང་གི་བླ་མ་ཆོས་སྐུ་རྡོ་རྗེའི་འཆང་གསང་བ་འདུས་པའི་ལས་བྱང་སྨིན་གཏེར་གསུང་། རྒྱུན་ཁྱེར་རྗེ་མཁྱེན་བརྩེའི་གསུང་། རྩ་དབང་རྒྱས་པ་འཇམ་མགོན་གསུང་། ལམ་ཁྱེར་གསུམ་གྱི་ཟིན་ཏིག་གཏེར་གཞུང་། བསྙེན་ཡིག་འཇམ་མགོན་གསུང་། སྙན་བརྒྱུད་ཞག་བདུན་མའི་གསལ་བྱེད་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་། གུར་སྒྲོམ་དཔེའུ་རིས། ཟབ་རྒྱ་དང་པོའི་སྒོམ་གནད། [153a] རིམ་ལྔའི་ཁྲིད་བཅས་པད་ཕྲིན་གསུང་། རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོའི་བླ་མ་བསྟན་གཉིས་སྐོར་གསུམ་མཁྱེན་བརྩེའི་ཡང་གཏེར་རྩ་གཞུང་། སྤྲོས་མེད་སྒྲུབ་པའི་ཕྲིན་ལས། དོན་དབང་། སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བྱེད་བཅས་འཇམ་མགོན་གསུང་། དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་། བྱང་གཏེར་རྒྱལ་ཆེན་མཆོད་ཐབས། གཏེར་གཞུང་ལེའུ་བདུན་པ། མཆོད་ཕྲེང་། དབང་ཆོག་འཇམ་མགོན་གསུང་རྣམས་སོ། །

༈      །   གཉིས་པ་བླ་མ་ལོངས་སྐུའི་སྒྲུབ་པ་ལ།   ཆོས་དབང་ཚེ་དཔག་མེད་རྫོགས་ཆེན་ཐེམ་མེད་གཏེར་གཞུང་།   ཉམས་ལེན་དང་བརྒྱུད་འདེབས་ངོར་ཆེན་གསུང་།   བརྒྱུད་འདེབས་ཁ་སྐོང་མཁྱེན་བརྩེའི་གསུང་།   ཉམས་ལེན་རྡོ་རྗེ་རྒྱ་མདུད་དབང་ཆོག་ཞ་ལུ་བློ་གསལ་བསྟན་སྐྱོང་གསུང་།   བྱང་གཏེར་དགོངས་པ་ཟང་ཐལ་གྱི་ལོངས་སྐུ་འཆི་མེད་འོད་སྣང་ཕྲིན་ལས་པད་ཕྲིན་གསུང་།   དབང་ཆོག་འཇམ་མགོན་གསུང་།   རཏྣ་གླིང་པའི་ཚེ་སྒྲུབ་ [153b] གསང་འདུས་ཀྱི་བརྒྱུད་འདེབས་ཉིད་གསུང་།   བརྒྱུད་འདེབས།   ཕྱི་སྒྲུབ་ལས་བྱང་བཀླག་ཆོག   །   ཟུར་འདེབས་བཅས་འཇམ་མགོན་གསུང་།   སྐོང་བ་རཏྣ་ཉིད་ཀྱི་གསུང་།   ནང་སྒྲུབ་འདོན་སྒོམ་ཕྱག་ལེན།   རྩ་བའི་དབང་ཆེན།   དོན་དབང་བཅས་འཇམ་མགོན་གསུང་ངོ་།   །
༈    །   གསུམ་པ་བླ་མ་སྤྲུལ་སྐུའི་སྒྲུབ་པ་ལ་དངོས་དང་།   ཞར་བྱུང་གཉིས་ཀྱི།   དང་པོ་ལ།   ཉང་རལ་ཉི་མའི་འོད་ཟེར་གྱི་བླ་མའི་ཡོངས་རྫོགས་ཀྱི་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་དང་།   དྲག་སྒྲུབ་བཅས་ཀུན་མཁྱེན་ཀློང་ཆེན་པའི་གསུང་།   སྟག་ལུང་སངས་རྒྱས་དབོན་པོའི་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས།   ལས་བྱང་།   དབང་ཆོག་བཅས་འཇམ་མགོན་གསུང་།   རྒྱ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་བརྒྱུད་འདེབས་འཇམ་མགོན་གསུང་།   གཏེར་གཞུང་།   དབང་ཆོག    །   རིམ་ལྔའི་ཁྲིད་ཡིག་བཅས་འཇམ་མགོན་གསུང་།   བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གསུང་རྒྱུན་མ།   དབང་འབྲིང་དང་གཏོར་དབང་འཇམ་མགོན་གསུང་།   མང་སོ་ [154a] བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེ་མཁྱེན་བརྩེའི་ཉེ་བརྒྱུད་ལས་བྱང་གཏེར་གཞུང་།   སྤུ་གྲི་རྣམ་གསུམ་དང་གིང་ཆེན་གཏོར་ཆོག    །   དབང་ཆོག    །   དོན་དབང་བཅས་འཇམ་མགོན་གསུང་།   

ཇ༽ སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ནོར། དེའི་སྒྲུབ་པ་དང་ལས་སྦྱོར། རྩ་གསུམ་སྲོག་འཁོར་བྲི་ཡིག ། ཡན་ལག་བདུན་པ། གསོལ་འདེབས་སོགས། བྱིན་འབེབས་བཅས་ལས་བྱང་ཚངས་སྒྲ་ལས་ཉེར་མཁོ་ཕྱུངས་པ། ལས་བྱང་མེ་ཏོག་ཕྲེང་མཛེས། རྒྱུན་ཁྱེར་སྨིན་གཏེར་དང་མཁྱེན་བརྩེའི་གསུང་ལ་འཇམ་མགོན་རྡོ་རྗེ་འཆང་གིས་གསལ་ཁ་ཅན། རྟ་ཤ་བཙན་གསུམ་གྱི་གསོལ་མཆོད་དང་། སྐོང་བསྐུལ་ཆགས་མེད་གསུང་། དོན་དབང་། གཏོར་མའི་བརྡ་དབང་། བསྙེན་ཡིག་བཅས་འཇམ་མགོན་གསུང་། རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་རིན་ཆེན་གཏེར་སྤུངས་ཀྱི་ལས་བྱང་ལེའུ་གསུམ་པ། ཟུར་འདེབས་བཅས་གཏེར་གཞུང་། [154b] དབང་ཆེན། དོན་དབང་བཅས་འཇམ་མགོན་གསུང་། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བརྒྱུད་འདེབས་ཉིད་གསུང་། ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། ཕྱག་ཆེན་ཁྲིད་བཅས་ནང་ཆེན་ཚོགས་གཉིས་ཀྱི་གསུང་། གཅོད་ཁྲིད་ཆགས་མེད་གསུང་། པདྨ་གླིང་པའི་བླ་སྒྲུབ་ནོར་བུ་རྒྱ་མཚོའི་ལས་བྱང་གཏེར་གཞུང་། རབ་འབྱམས་བཀའ་དབང་འཇམ་མགོན་གསུང་། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེའི་རིག་འཛིན་ཡོངས་འདུས་ཀྱི་ཕྲིན་ལས་དབང་ཆོག་བཅས་འཇམ་མགོན་གསུང་། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་བསམ་ལྷུན་གྱི་བརྒྱུད་འདེབས་པད་ཕྲིན་གསུང་། གཏེར་གཞུང་ལས་བྱང་། རྒྱུན་གཏོར་གཏེར་གཞུང་། གསལ་བྱེད་པད་ཕྲིན་གསུང་། མན་ངག་ཟིན་བྲིས་མཁྱེན་བརྩེའི་གསུང། ལས་བྱང་ལྷན་ཐབས། དབང་གི་ལྷན་ཐབས་བཅས་འཇམ་མགོན་གསུང་། ཉ༽ གར་དབང་ཞིག་པོ་གླིང་པའི་ཐུགས་ཆེན་ཆོས་སྡེ་བླ་མ་པདྨ་བཛྲའི་ལས་བྱང་ [155a] གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཞིག་གླིང་རྒྱལ་འདུས་དང་ཆོས་གླིང་ཐུགས་ནོར་གཉིས་འདུས་བླ་མའི་སྒོས་དབང་འཇམ་མགོན་གསུང་། ཤེར་འོད་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་བླ་མ་རིག་འཛིན་ཀུན་འདུས་ཀྱི་ཕྱིན་ལས་རྒྱལ་པ་གཏེར་གཞུང་། སྨན་མཆོད། བླ་སྒྲུབ་གདུང་བ་ཞི་བྱེད་ཀྱི་ཕྲིན་ལས། པདྨ་གུ་རུའི་ཕྲིན་ལས་བཅས་མཁྱེན་བརྩེའི་གསུང་། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་ཆོག་འཇམ་མགོན་གསུང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་སྐུ་གསུམ་རིགས་འདུས་གཏེར་གཞུང་། པད་ཕྲིན་དང་རྒྱལ་དབང་ལྔ་པའི་ཆོག་ཁྲིགས་སྐོར། དཔེའུ་རིས། དབང་ཆོག་འཇམ་མགོན་གསུང་། འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་འདེབས་ཚེ་ནོར་གསུང་ཁ་སྐོང་ཅན་དང་། གསོལ་འདེབས་ཞལ་གསུང་མ། བརྒྱུད་འདེབས་རྒྱས་པ། ལས་བྱང་བཅས་འཇམ་མགོན་གསུང་། བརྒྱུད་པའི་ཁ་སྐོང་ཀརྨ་མཁའ་ཁྱབ་རྡོ་རྗེས་མཛད་པ། རྩ་དབང་ཚེ་ནོར་གསུང་། ཚེ་དབང་ཆགས་ [155b] མེད་གསུང་། བསྙེན་ཡིག་མདོར་བསྡུས། ལས་བཞིའི་སྦྱིན་སྲེག་བཅས་འཇམ་མགོན་གསུང་། ཐུན་མོང་སྔོན་འགྲོའི་ཁྲིད་གཏེར་གཞུང་། ལྷ་ཁྲིད་གུ་རུའི་དགོངས་རྒྱན་ཚེ་ནོར་གསུང་། རྫོགས་རིམ་ཁྲིད་རིག ། སྔོན་འགྲོའི་འདོན་ཆ་བཅས་འཇམ་མགོན་གསུང་། བདུད་འདུལ་ནུས་ལྡན་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཐེམ་མེད་པདྨ་འབར་གྱི་བརྒྱུད་འདེབས་ཚེ་ནོར་གསུང་། སྒྲུབ་ཐབས། ཛཔྲ་བསྐུལ་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་བཅས། ༡༽ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བརྒྱུད་འདེབས་རྒྱས་བསྡུས། ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་ཟུང་བསྡེབས་འཇམ་མགོན་གསུང་། མཆོད་གཏོར་རྒྱས་བསྡུས་ཀྱི་ཐོ། རྩ་དབང་མ་བུ་འཇམ་མགོན་གསུང་། རིག་པའི་རྩལ་དབང་། ཁྲིད་ཡིག་བཅས་གཏེར་གཞུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་ཚེ་སྒྲུབ་དྭངས་མ་བཅུད་འདྲེན་གྱི་བརྒྱུད་འདེབས། ཕྲིན་ལས། དབང་ཆོག ། བསྙེན་སྒྲུབ་གསལ་བྱེད་བཅས་མཁྱེན་བརྩེའི་གསུང་། [156a] གནམ་ཆོས་པད་འབྱུང་སྒྲུབ་ཐབས་དབང་བཅས་གཏེར་གཞུང་། གཏེར་བདག་གླིང་པའི་བླ་མ་རིག་འཛིན་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན། ལས་བྱང་རྒྱས་པ། ཕྲིན་ལས་སྙིང་པོ། བུམ་སྒྲུབ། ལས་སྦྱོར། བསྙེན་ཡིག་བཅས་སྨིན་གཏེར་ཉིད་ཀྱི་གསུང་། རྩ་གསུམ་སྐང་གསོ་གཏེར་གཞུང་། དབང་ཆོག ། ཁྲིད་ཡིག་བཅས་སྨོན་ལོའི་གསུང་། སྟག་ཤམ་བླ་སྒྲུབ་ཡིད་བཞིན་ནོར་བུའི་སྔོན་འགྲོ་གཏོར་མ་ཆ་གཉིས། ལས་བྱང་ཆུང་བ་བཅས་གཏེར་གཞུང་། །མ་ཏི་དང་སྟག་ཤམ་པའི་བླ་མ་ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདྲེས་ཀྱི་རྩ་དབང་གཏོར་དབང་འཇམ་མགོན་གསུང་། ཆོས་གླིང་ཟབ་ལམ་ཐུགས་ཀྱི་ནོར་བུའི་བརྒྱུད་འདེབས་འཇམ་མགོན་གསུང་། ལས་བྱང་སྨིན་གཏེར་གསུང་། དབང་ཆོག་འཇམ་མགོན་གསུང་། རོལ་པའི་རྡོ་རྗེའི་བླ་མ་རྒྱལ་བ་ཀུན་འདུས་ཀྱི་སྐྱབས་འགྲོ། དཀར་བགེགས། ལས་བྱང་བཅས་གཏེར་གཞུང་། སྨན་མཆོད་ཉིད་ཀྱི་གསུང་། ཡང་སྨན་མཆོད། བཀའ་སྲུང་གཏོར་འབུལ་བཅས་རིག་འཛིན་གསུང་རབ་རྒྱ་ [156b] མཚོའི་གསུང་། གཏེར་སྲུང་གཏོར་འབུལ། གཏོར་མའི་སྲུང་འཁོར། དབང་བཞི་ཟབ་པའི་མཐར་ཐུག ། སྙན་བརྒྱུད་གུ་རུའི་སྤྲོས་མེད་དོན་སྒྲུབ་རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། དག་སྣང་སྲིན་ཡུལ་མ་གཏེར་གཞུང་དང་། ཟིན་བྲིས་འཇམ་མགོན་གསུང་། ཚེ་དབང་ནོར་བུའི་དགོངས་གཏེར་བསམ་པ་ལྷུན་གྲུབ་ཀྱི་རྩ་གཞུང་། བརྒྱུད་འདེབས་འཇམ་མགོན་གསུང་། དབང་སྒྲུབ་ལྷན་ཐབས། དབང་བཤད། དབང་ཆོག་བཅས་སི་ཏུ་པདྨ་ཉིན་བྱེད་གསུང་། ཐ༽ བསམ་ལྷུན་ཁྲིད་ཀྱི་ཟིན་བྲིས་འབར་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་གསུང་། འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པ། གབ་བྱང་བཅས་གཏེར་གཞུང་། རྩ་དབང་འཇམ་མགོན་གསུང་། པདྨ་དགྱེས་པའི་སྙན་བརྒྱུད་གུ་རུ་ཞི་བ་ཡིད་བཞིན་ནོར་བུའི་རྩ་གཞུང་ཕྲིན་ཆོག་བཅས། བརྒྱུད་འདེབས་དང་ལས་བྱང་། སི་ཏུ་པདྨ་ཉིན་བྱེད་ཀྱི་དགོངས་གཏེར་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་རྩ་གཞུང་། དབང་ཆོག་འཇམ་མགོན་གསུང་། [157a] མཆོག་གླིང་བླ་མ་དགོངས་འདུས་སྙིང་པོའི་གཏེར་གཞུང་། ཕྲིན་ལས། སྨིན་བྱེད་བཅས་འཇམ་མགོན་གསུང་། བླ་མ་བདུད་འདུལ་རྒྱལ་པོའི་སྒྲུབ་ཐབས་གཏེར་གཞུང་། ལྷན་ཐབས། དབང་ཆོག་བཅས་ཐེག་མཆོག་རྡོ་རྗེའི་གསུང་། ཟུར་བཟའི་བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་གི་ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་གུ་རུ་བདེ་བ་ཆེན་པོའི་སྒྲུབ་ཐབས་གཏེར་གཞུང་། ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་པོ་མཆོག་གླིང་ཉིད་ཀྱི་གསུང་། བརྒྱུད་འདེབས་འཇམ་མགོན་གསུང་། ཕྲིན་ལས་སྙིང་པོ། རྒྱུན་གྱི་བཀོལ་བྱང་། གསོལ་འདེབས་བར་ཆད་ལམ་སེལ་བཅས་གཏེར་གཞུང་། སྐོང་བ་གཡུ་ཞལ་མ། བསྙེན་ཡིག་བཅས་འཇམ་མགོན་གསུང་། སྔོན་འགྲོའི་ངག་འདོན། དོན་དབང་འབྲིང་པོ་དང་བསྡུས་པའི་ཆོ་ག་བཅས་མཁྱེན་བརྩེའི་གསུང་། ལྷ་དབང་བཀོལ་བྱང་། ཚེ་འགུགས་བཅས་གཏེར་གཞུང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ [157b] བསམ་པ་ལྷུན་གྲུབ་མའི་བརྒྱུད་འདེབས་འཇམ་མགོན་གསུང་། ཕྲིན་ལས་རྒྱས་པ་གཏེར་གཞུང་། སྨན་མཆོད་མཁའ་ཁྱབ་རྡོ་རྗེས་མཛད་པ། ཕྲིན་ལས་འབྲིང་པོ་དང་འཇམ་མགོན་གསུང་། བསམ་ལྷུན་གཏེར་གཞུང་། གཏེར་སྲུང་གསོལ་མཆོད་གཞུང་ལས་ཁོལ་ཕྱུང་། རྩ་དབང་རྒྱས་པ། དབང་ཆོག་འབྲིང་པོ། བསྡུས་པ་གཏོར་དབང་། ཚེ་དབང་བཅས་འཇམ་མགོན་གསུང་། མཁྱེན་བརྩེའི་དག་སྣང་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་བརྒྱུད་འདེབས་འཇམ་མགོན་གསུང་། སྒྲུབ་ཐབས་གཏེར་གཞུང་། མཆོད་ཕྲེང་། སྐོང་བཤགས་རྒྱས་པ་འཇམ་མགོན་གསུང་དང་། བསྡུས་པ་མཁྱེན་བརྩེའི་གསུང་། རྩ་དབང་འཇམ་མགོན་གསུང་། འཇམ་མགོན་རྡོ་རྗེ་འཆང་ཉིད་ཀྱི་རྩ་གསུམ་དགོངས་པ་འདུས་པའི་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་བརྒྱུད་འདེབས། རིག་འཛིན་རྒྱུན་གྱི་ཕྲིན་ལས། རྒྱུན་གྱི་རྣལ་འབྱོར། ཚེ་སྒྲུབ་བཅས་གཏེར་གཞུང་། དོན་དབང་ཆོག་བསྒྲིགས། ཚེ་དབང་ཆོག་བསྒྲིགས་བཅས་ཉིད་ཀྱི་གསུང་། ད༽ ། འཇམ་མགོན་བློ་གྲོས་མཐའ་ [158a] ཡས་ཀྱི་གསང་ཐིག་ཡབ་བཀའ་དང་ཡུམ་བཀའི་གཏེར་གཞུང་། བླ་སྒྲུབ་ཀྱི་ལས་བྱང་། ཚེས་བཅུའི་གསོལ་འདེབས། དབང་ཆོག། ཁྲིད་ཡིག་བཅས་ཉིད་ཀྱི་གསུང་། རཏྣའི་ཐུགས་སྒྲུབ་ཀྱི་ཚེས་བཅུའི་བསྐུལ་ཐབས་གཏེར་གཞུང་། གསང་ཐིག་ཡུམ་བཀའི་ཕྲིན་ལས། མཚོ་རྒྱལ་རྣམ་ཐར་གསོལ་འདེབས། བཀའ་སྲུང་སྔགས་སྲུང་མའི་གསོལ་མཆོད། ཚོགས་མཆོད་སྐབས་ཉེར་མཁོའི་སྐོང་ཆོག་གྲུབ་ཐོབ་ཐུགས་ཐིག་ལས་ཁོལ་ཕྱུངས། དབང་ཆོག ། ཁྲིད་ཡིག་རྣམས་ཉིད་ཀྱི་གསུང་། མེ་མཆོད་མཁའ་ཁྱབ་རྡོ་རྗེའི་གསུང་། འཇམ་མགོན་ཉིད་ཀྱི་དགོངས་གཏེར་ཚིག་བདུན་བླ་སྒྲུབ་ཀྱི་རྩ་བ་འདོན་ཐབས། དབང་བསྐུར། སྒྲུབ་ཐབས། ཕྲིན་ལས། དྲིལ་སྒྲུབ། བླ་མ་སྐུ་གསུམ་གྱི་ལས་སྦྱོར་རྣམས་གཏེར་གཞུང་། དབང་བསྐུར་དང་ཁྲིད་ཀྱི་ཟིན་ཐོ་ཉིད་ཀྱི་གསུང་། སྨིན་གྲོལ་གྱི་མཚམས་སྦྱོར་ལག་ལེན་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་མཛད་པ། མཚན་བརྒྱད་བཀྲ་ཤིས། ཚིག་བདུན་མཁའ་ [158b] འགྲོའི་ཕྲིན་ལས། སྐོང་བཤགས། དབང་བསྐུར་བཅས་གཏེར་གཞུང་། དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་ཏེ་མཁའ་ཁྱབ་རྡོ་རྗེས་མཛད་པ། བཀའ་སྲུང་བདེ་ཆེན་རྒྱལ་མོའི་གསོལ་མཆོད་གཏེར་གཞུང་བཅས།

༈     །   གཉིས་པ་ཞར་བྱུང་གཏེར་བྱོན་བླ་སྒྲུབ་སྣ་ཚོགས་པའི་སྐོར་ལ།   འཇའ་ཚོན་སྙིང་པོའི་དྭགས་པོའི་གསང་ལམ་བླ་སྒྲུབ།   སྨིན་བྱེད་ཆོས་གླིང་གསུང་།   བསྙེན་ཡིག་ཟིན་བྲིས་འཇམ་མགོན་གསུང་།   གནམ་ཆོས་ཌོམྦི་པ།   བིརྦ་པ།   ཕ་དམ་པ།   མི་ཏྲ་ཛོ་ཀི།   །རཏྣ་གླིང་པ་རྣམས་ཀྱི་སྒྲུབ་ཐབས་ལྔ་རྩ་གཞུང།   ཡོན་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་ཞལ་གཟིགས་མའི་ལས་བྱང་རྩ་གཞུང་།   དབང་ཆོག་འཇམ་མགོན་གསུང་།   འཇིགས་གླིང་ཀློང་སྙིང་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་།   ཀློང་ཆེན་བླ་སྒྲུབ་གཏེར་གཞུང་དང་།   སྨིན་བྱེད།   རིལ་སྒྲུབ།   བསྙེན་ཡིག   །   སྐོང་བཤགས།   མཆོད་ཕྲེང་རྣམས་མཁྱེན་བརྩེའི་གསུང་།   རིག་འཛིན་ [159a] སྲོག་འཁོར་གཏེར་གཞུང།   སྨིན་བྱེད་ཀྱི་མཚམས་སྦྱོར་མཁའ་ཁྱབ་རྡོ་རྗེས་མཛད་པ།   མཁྱེན་བརྩེའི་དག་སྣང་གྲུབ་ཐོབ་ཐུགས་ཐིག་གི་བརྒྱུད་འདེབས་འཇམ་མགོན་གསུང་།   ཕྲིན་ལས།   ཚེ་སྒྲུབ་བཅས་གཏེར་གཞུང་།   སྨིན་བྱེད་ལག་ལེན།   ཚེ་དབང་མཚམས་སྦྱོར་བཅས་འཇམ་མགོན་གསུང་།   ཁྲིད་ཡིག་གཏེར་གཞུང་།   མཆོག་གླིང་ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་དུ་སེམས་དཔའ་པདྨ་མྱུ་གུར་བཞེངས་ཚུལ་མཁྱེན་བརྩེའི་དག་སྣང་སྐུ་གསུམ་རིགས་དུས་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་།   ཕྲིན་ལས་རྩ་གཞུང་།   སྐོང་བཤགས་སྨོན་ལམ་བཅས་འཇམ་མགོན་གསུང་།   སྙིང་པོ་དོན་གྱི་གཏོར་དབང་མཁྱེན་བརྩེ་ཉིད་ཀྱི་གསུང་རྣམས་སོ།   །
༈     །   གསུམ་པ་གསང་བ་བླ་མ་དྲག་པོར་སྒྲུབ་པའི་སྐོར་ལ།   ཉང་གཏེར་དྲག་དམར་བདེ་གཤེགས་འདུས་པའི་ལས་བྱང་འཇམ་མགོན་གསུང་།   དྲག་འབྲིང་མེའི་སྤུ་གྲིའི་ཕྲིན་ལས།   དྲག་དམར་སྨིན་ལམ་འཇམ་མགོན་གསུང་།   མ་མགོན་སྡེ་བརྒྱད་མཆོད་ཕྲིན་པད་ཕྲིན་ [159b]  གསུང་།   དྲེགས་པའི་སྲོག་དབང་ཆགས་མེད་གསུང་།   བསྙེན་ཡིག་འཇམ་མགོན་གསུང་བཅས།   

ན༽ ཆོས་དབང་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་། བྱིན་རླབས་བྱེད་ཚུལ་འཇམ་མགོན་གསུང་། བྱང་གཏེར་ཐུགས་སྒྲུབ་སྔོན་འགྲོ་གཟེར་ལྔ་རྒྱལ་ཆེན་མཆོད་ཕྲིན་བགེགས་གཏོར་བཅས། ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་བཅས་གཏེར་གཞུང་། རྗེས་ཆོག་རྒོད་ལྡེམ་གསུང་རྒྱུན་མ། རྒྱུན་ཁྱེར། བསྙེན་ཡིག་བཅས་པད་ཕྲིན་གསུང་། སྨིན་ལམ་དབང་ཆེན། དབང་འབྲིང་པོ་གསེར་མཛོད་མ་བཅས་འཇམ་མགོན་གསུང་། མདུན་བསྐྱེད་གཏེར་གཞུང་། ཡང་ཏིག་གཅེས་སྒྲོན་ཁྲིད་རྩ་ཕྲིན་ལས་རབ་རྒྱས་གསུང་། ཁྲིད་གཞུང་པད་ཕྲིན་གསུང་། བྱང་གཏེར་དག་སྣང་ཚེ་གུར་སྦྲགས་མའི་སྒྲུབ་མཆོད་དབང་ཆོག་པད་ཕྲིན་གསུང་། རྡོར་གླིང་དྲག་པོ་ཆེ་བ་གཏེར་གཞུང་དང་དག་སྣང་གུང་བསྡེབས་སྙན་བརྒྱུད་གུར་དྲག་གི་ལས་བྱང་། དབང་ཆོག་བཅས་འཇམ་མགོན་གསུང་། རཏྣའི་གུར་དྲག་མེ་རླུང་འཁྱིལ་བའི་བརྒྱུད་འདེབས་ཉིད་ཀྱི་གསུང་། [160a] ལས་བྱང་གཏེར་གཞུང་ལ་འཇམ་མགོན་རྡོ་རྗེ་འཆང་གི་ཟུར་འདེབས་ཀྱིས་བརྒྱན་པ། དབང་རྒྱས་པ། འབྲིང་པོ་དོན་དབང་། བསྡུས་པ་གཏོར་དབང་བཅས་འཇམ་མགོན་གསུང་། འབྲུག་པ་པདྨ་དཀར་པོའི་དག་སྣང་དྲག་པོ་ཀཱི་ལ་ཡའི་རྩ་གཞུང་། བྱིན་རླབས་ཆོ་ག་འཇམ་མགོན་གསུང་། བསྙེན་ཡིག་ཆོས་ཀྱི་སྣང་བའི་གསུང་། རིག་འཛིན་ལེགས་ལྡན་རྡོ་རྗེའི་དྲག་པོ་དབུ་དགུའི་ཕྱི་སྒྲུབ་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་། ལས་བྱང་འཇམ་མགོན་གསུང་། སྲུང་མའི་མཆོད་ཕྲིན་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། བྱང་བདག་དབང་པོའི་སྡེའི་ཀརྨ་གུ་རུ་གཏེར་གཞུང་། ཕྲིན་ལས། སྲོག་གཏད། གཏོར་ནག་ལས་རིམ་བཅས་འཇམ་མགོན་གསུང་། བསྙེན་ཡིག་རྒྱལ་བ་ལྔ་པའི་གསུང་། མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ་མཁྱེན་བརྩེའི་ཉེ་བརྒྱུད་སྒྲུབ་ཐབས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། འབྲི་གུང་རིན་ཕུན་དགོངས་ཟབ་གྲོ་ལོད་ཧཱུྃ་སྒྲུབ་དབང་བསྐུར་འཇམ་མགོན་གསུང་། གར་དབང་ཞིག་གླིང་དྲག་པོ་གནམ་ [160b] ལྕགས་མེ་འཁོར་གྱི་ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། པ༽ འཇའ་ཚོན་དཀོན་སྤྱིའི་གུར་དྲག་གཏོར་དབང་ཆགས་མེད་གསུང་། འཇའ་ཚོན་གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་གསང་སྒྲུབ་གྲོ་ལོད་སྣང་བ་དབང་སྡུད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་། ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་གྲོ་ལོད་གནམ་ལྕགས་མེ་འཁོར་གྱི་ཕྲིན་ལས་དབང་བསྐུར་ལས་སྦྱོར་ཉིད་ཀྱི་གསུང་། བརྒྱུད་འདེབས་མཁྱེན་བརྩེའི་ཁ་སྐོང་ཅན། སྨན་མཆོད། ཟོར་བྱང་། བསྙེན་ཡིག་བཅས་ཉིད་ཀྱི་གསུང་། རྒྱ་ཅན་ཡང་གསང་ཀརྨ་དྲག་པོའི་ལས་བྱང་དབང་ཆོག་གཏོར་ཟློག་བཅས། བརྒྱུད་འདེབས། སྨན་མཆོད། བསྙེན་ཡིག་རྣམས་ཉིད་ཀྱི་གསུང་། གནམ་ཆོས་གུར་དྲག་ཕུར་མཇུག་གཏེར་གཞུང་། དབང་ཆགས་མེད་གསུང་། གཏེར་བདག་གླིང་པའི་དྲག་དམར་གྱི་བརྒྱུད་འདེབས། ལས་བྱང་། རྒྱུན་ཁྱེར། བསྙེན་ཡིག ། གཏོར་ཟློག་རྣམས་ [161a] སྨིན་གཏེར་ཉིད་ཀྱི་གསུང་། དབང་ཆོག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་བརྒྱུད་འདེབས་ཉིད་ཀྱི་གསུང་། སྔོན་འགྲོ་ཕྱི་གཏོར། བསྐྱེད་རྫོགས་འབྲིང་པོའི་ལས་བྱང་། རྩ་སྒྲུབ། ཐུན་མོང་ཛཔྲ་དགོངས། བསྐྱེད་རྫོགས་ཆུང་ངུའི་ཕྲིན་ལས། གསང་སྒྲུབ། ཚེ་སྒྲུབ། ཚེ་དབང་། འཆི་མེད་རྔ་སྒྲ་རྣམས་གཏེར་གཞུང་། དབང་ཆེན་དང་ཚེ་དབང་འཇམ་མགོན་གསུང་། སྡེ་བརྒྱད་མཆོད་གསོལ། དྲེགས་པའི་སྲོག་དབང་བཅས་གཏེར་གཞུང་། རྗེས་གནང་འཇམ་མགོན་གསུང་། དོན་དབང་ཛ་སྤྲུལ་གསུང་། བསྙེན་ཡིག་འཇམ་མགོན་གསུང་། སྟག་ཤམ་རྡོ་རྗེ་དྲག་རྩལ་གྱི་ལས་བྱང་། ཛཔྲ་བྱང་བཅས་གཏེར་གཞུང་། སྤྲོས་བཅས་ལྷ་དབང་ཆེན་མོ་འཇམ་མགོན་གསུང་། དྲེགས་པའི་སྲོག་དབང་གཏེར་གཞུང་། རྩ་དབང་གཏོར་དབང་འཇམ་མགོན་གསུང་། གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་གཏེར་གཞུང་། ཞིག་གླིང་རྒྱལ་འདུས་དང་། ཆོས་གླིང་ཐུགས་ནོར་ཟུང་གི་དྲག་སྒྲུབ་མེའི་འཁོར་ལོའི་ལས་བྱང་། [161b] དབང་བསྐུར་འཇམ་མགོན་གསུང་། ཆོས་གླིང་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་བརྒྱུད་འདེབས། ཕྲིན་ལས། གཏེར་སྲུང་བདུད་བཙན་ཀླུ་གསུམ། ཧཱུཾ་སྒྲུབ། བསྙེན་ཡིག་རྣམས་ཉིད་གསུང་། ཞལ་ཤེས་བཀའ་རྒྱ་མ་རྭ་སྟོན་གསུང་། སྐོང་བཤགས་སི་ཏུ་ཆོས་འབྱུང་གསུང་། དབང་ཆོག ། སྡེ་བརྒྱད་སྲོག་དབང་བཅས་འཇམ་མགོན་གསུང་། ཕ༽ པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་གི་ཡབ་ཀ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་ཀྱི་གསོལ་འདེབས། ཧཱུྃ་སྒྲུབ་ཟབ་མོ་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རོལ་རྡོར་མཚོ་གཏེར་ཁྲོ་རིལ་ཕུར་སྒྲུབ་གཏེར་གཞུང་། སྒེར་དབང་འཇམ་མགོན་གསུང་། མཚོ་གཏོར་དྲག་ཁྲོས་ལས་བྱང་སོགས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོའི་པདྨ་ཁྲག་འཐུང་འདུས་པའི་སྒྲུབ་ཐབས་གཏེར་གཞུང་། གཏོར་དབང་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་ཚེ་ཟབ་ཀྱི་དྲག་སྒྲུབ་བླ་མ་བཀའ་བརྒྱད་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་། སྨན་མཆོད་འཇམ་མགོན་གསུང་། [162a] དབང་ཆོག་མཁྱེན་བརྩེའི་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གྲོ་ལོད་སྒྲུབ་ཐབས། གཏོར་ཟློག་བཅས་ཉིད་ཀྱི་གསུང་། དབང་ཆོག་འཇམ་མགོན་གསུང་། ཆོས་རྒྱལ་རྡོ་རྗེའི་དྲག་མཐིང་གི་བརྒྱུད་འདེབས་ཚོགས་གཉིས་གསུང་། སྒྲུབ་ཐབས་ལས་ཚོགས་བཅས། ལས་བྱང་། ཟློག་པ། ཚོགས་ལྷག ། གཏེར་སྲུང་གཉན་རྒྱལ་གསོལ་ཁ་རྣམས་གཏེར་གཞུང་། དབང་ཆོག ། གཏོར་དབང་བཅས་འཇམ་མགོན་གསུང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གཏེར་གཞུང་། དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་ཏེ་ཀརྨ་མཁའ་ཁྱབ་རྡོ་རྗེས་མཛད་པ་རྣམས་སོ། །

༈     །   གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་སྒྲུབ་པའི་སྐོར་ལ།   སྤྱི་དང་བྱེ་བྲག་གཉིས།   དང་པོ་སྒྲུབ་སྡེ་སྤྱིར་སྒྲུབ་པ་ལ།   གཏེར་ཁ་གོང་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་བཀའ་བརྒྱད་བདེ་གཤེགས་འདུས་པའི་བརྒྱུད་འདེབས།   ལས་བྱང་།   སྔགས་བྱང་།   བསྐྱེད་རྫོགས་རྒྱས་བསྡུས་ཀྱི་མངོན་རྟོགས།   རྒྱུན་ [162b] ཁྱེར།   སྒྲུབ་ཁོག་རྣམས་སྨིན་གཏེར་གསུང་།   ལས་བྱང་སྙིང་པོ་བསྡུས་པ་རིན་རྣམ་གསུང་ལ་མཁྱེན་བརྩེའི་གསལ་བྱེད་ཅན།   མདངས་བསྐང་ཆུང་བ།   བདུད་རྩི་ཕུད་སྐོང་བཅས་གཏེར་གཞུང་།   ཞི་བའི་སྦྱིན་སྲེག   །   རྒྱས་པ་སྦྱིན་སྲེག་བཅས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་།   སྒྲུབ་དབང་ཆེན་མོའི་ལག་ལེན།   དོན་དབང་པདྨ་ཤེལ་ཕུག་མ་བཅས་འཇམ་མགོན་གསུང་།   རྣལ་འབྱོར་རྒྱུན་དབང་སྨིན་གཏེར་གསུང་།   བསྙེན་ཡིག་སྨིན་ལོའི་གསུང་།   དེ་ལས་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་མཁྱེན་བརྩེས་ཁོལ་དུ་ཕྱུངས་པ།   ཞི་བ་རྡོ་རྗེ་དབྱིངས་རིགས་བརྒྱའི་ཕྲིན་ལས།   དབང་ཆོག་བཅས་འཇམ་མགོན་གསུང་།   

བ༽ བདེ་འདུས་ཞི་བ་ཚེ་ལུང་བདུན་པའི་ཕྲིན་ལས་དབང་ཆོག ། ཁྲོ་བོའི་ཚེ་ལུང་བཅུ་གཉིས་པའི་ཕྲིན་ལས་དབང་རྣམས་འཇམ་མགོན་གསུང་། ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་གཏེར་གཞུང་། སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྤྱི་དོན་རྣམ་བཤད་འཇམ་མགོན་མི་ཕམ་པའི་གསུང་། གཏེར་ཁ་འོག་མ་གུ་རུ་ཆོས་དབང་གི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་ [163a] འཇམ་མགོན་གསུང་། ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ་གདུང་འཛིན་དབང་ཕྱུག་གསུང་ལ་མཁྱེན་བརྩེའི་ནག་འགྲོས་མ། སྐོང་ཟློག་འགྲེས་བྱང་གཏེར་གཞུང་། མགྱོགས་དབང་། བསྙེན་ཡིག་བཅས་འཇམ་མགོན་གསུང་། རིམ་ལྔ་གདན་ཐོག་གཅིག་མའི་ཁྲིད་གཏེར་གཞུང་། བྱང་གཏེར་རིག་འཛིན་རྒོད་ལྡེམ་གྱི་བཀའ་བརྒྱད་རང་བྱུང་རང་ཤར་གྱི་བརྒྱུད་འདེབས་དང་སྔོན་འགྲོ། ཕྲིན་ལས་འབྲིང་པོ་འཇམ་མགོན་གསུང་། སྔགས་ཀྱི་ཕྲིན་ལས། དྲིལ་སྒྲུབ་བཅས་གཏེར་གཞུང་། རྩ་དབང་འཇམ་མགོན་གསུང་། བསྙེན་ཐབས་པད་ཕྲིན་གསུང་། གནམ་ཞལ་དོན་ཁྲིད། རིམ་ལྔ་ཡེ་ཤེས་ཟང་ཐལ། རྫོགས་རིམ་ཐིག་རྣམ་བཅུ་རྣམས་གཏེར་གཞུང་། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་མཁྱེན་བརྩེའི་ཡང་གཏེར་སྙིང་པོའི་ཡང་བཅུད་ཀྱི་གསོལ་འདེབས་འབྲིང་པོ། ཕྲིན་ལས་ནར་མ། སྨོན་ལམ་བཀྲ་ཤིས་གཞན་ནས་ཁ་སྐོང་། དོན་དབང་། ཐུགས་ཁྲིད། སྐོང་བསྡུས། རྒྱུན་གྱི་ལས་སྦྱོར། བཀའ་སྲུང་མཆོད་བསྡུས་རྣམས་གཏེར་གཞུང་། བརྒྱུད་འདེབས་ [163b] རྒྱུན་ཁྱེར། མཆོད་ཕྲེང་། དབང་ཆོག་བཅས་འཇམ་མགོན་གསུང་། ལྷ་དབང་བཀོིལ་བྱང་མངོན་རྟོགས་ཁ་བསྒྱུར་བ། དཀྱིལ་འཁོར་བཀོད་པ་མཁྱེན་བརྩེའི་གསུང་། བསྙེན་སྒྲུབ་བྱ་ཚུལ་འཇམ་མགོན་གསུང་། པདྨ་གླིང་པའི་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་བརྒྱུད་པའི་གསོལ་འདེབས། ལས་བྱང་གཏེར་གཞུང་། མགྱོགས་དབང་འཇམ་མགོན་གསུང་། བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་མཁྱེན་བརྩེ་རིན་པོ་ཆེས་ཡང་གཏེར་ལས་ས་བོན་ཙམ་སྣང་བར་མཛད་པའི་བརྒྱུད་འདེབས་འཇམ་མགོན་གསུང་། ཕྲིན་ལས་ལམ་ཁྱེར་གཏེར་གཞུང་། མཆོད་ཕྲེང་གཞུང་ལས་འཇམ་མགོན་རིན་པོ་ཆེས་བཏུས་པ། རྫོགས་རིམ། དབང་ཆོག་འཇམ་མགོན་གསུང་། མ༽ འཇའ་ཚོན་སྙིང་པོའི་བཀའ་བརྒྱ་དངོས་གྲུབ་སྙིང་པོའི་ཕྲིན་ལས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཀློང་གསལ་སྙིང་པོའི་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་ལས་བྱང་ཆུང་བ་སྙིང་པོ་དོན་གྱི་གནས་གསལ་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། [164a] ཁྲིད་ཡིག ། རྒྱུན་གྱི་ལམ་ཁྱེར་བཅས་གཏེར་གཞུང་། གནམ་ཆོས་དགོས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་འགྲིགས། དབང་ཆོག་བཅས་ཆགས་མེད་གསུང་། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་གསོལ་འདེབས་ཉིད་ཀྱི་གསུང་། བསྙེན་སྒྲུབ་གཞུང་བསྲང་ཆེན་མོ་ལས་བྱང་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། མཁྱེན་བརྩེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཐིག་གི་ཁྲག་འཐུང་བདེ་གཤེགས་འདུས་པའི་གཏེར་གཞུང་། ལས་བྱང་། དབང་ཆོག ། སྒྲུབ་ཁོག ། སྨན་སྒྲུབ། སྲུང་ཟློག ། རྒྱུད་འགྲེལ། རིང་ལྔའི་ཁྲིད་ཡིག་རྣམས་འཇམ་མགོན་གསུང་། ཆོས་དབང་གསང་རྫོགས་ཀྱི་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་གཏེར་གཞུང་། མཆོག་གླིང་རྫོགས་ཆེན་བཀའ་འདུས་རྩ་བའི་སྙིང་ཐིག་གི་གཏེར་གཞུང་ཆ་ཚང་། བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བརྒྱུད་འདེབས། བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས། དབང་ཆོག་བཅས་འཇམ་མགོན་གསུང་། ཡི་དམ་བཀའ་འདུས་སྙིང་ [164b] པོའི་གཏེར་གཞུང་། ཕྲིན་ལས། དབང་ཆོག་བཅས་འཇམ་མགོན་གསུང་རྣམས་སོ། །

༈     །   གཉིས་པ་སྒྲུབ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་སྐོར་ལ།   འཇིག་རྟེན་ལས་འདས་པ་ལྔམ།   སོ་མཚམས་པ་གཅིག    །   འཇིག་རྟེན་པ་གཙོ་བོར་སྟོན་པ་གཉིས་ཏེ་བརྒྱད།   དང་པོ་འཇམ་དཔལ་སྐུའི་སྒྲུབ་པ་ལ་ཞི་ཁྲོ་གཉིས་ཀྱི།   དང་པོ་ཞི་བ་རྒྱུད་ཀྱི་ཡང་སྙིང་མཆན་ཅན།   སངས་གླིང་ཟབ་རྒྱ་དང་པོ་ཞི་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བློའི་མུན་སེལ་སྒྲོན་མེའི་སྒྲུབ་ཐབས།   གསང་སྒྲུབ་སོགས་གཏེར་གཞུང་།   དཔེའུ་རིས།   སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་།   ཟབ་རྒྱ་གཉིས་པ་ཞི་དྲག་ཕྱེད་མ་ཛམ་དམར་ལོངས་སྤྱོད་ཚེ་འཕེལ་གྱི་གཏེར་གཞུང་།   སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   

ཙ༽ ། བདུད་འདུལ་ཡི་དམ་དམར་ནག་འཇིགས་གསུམ་གྱི་འཇམ་དཔལ་རིགས་ལྔ་དབྱངས་ཅན་དམར་མོ་ལས་ཚོགས་བཅས་ [165a] གཏེར་གཞུང་། སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་འཇམ་དཔལ་ཞི་སྒྲུབ་གཏེར་གཞུང་རྣམས་སོ། །

༈    །   གཉིས་པ་འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ།   དུམ་པ་རྒྱ་ཞང་ཁྲོམ་གྱི་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས།   ལས་བྱང་།   རྒྱུན་ཁྱེར།   སྔགས་བྱང་བཅས་སྨིན་གཏེར་གསུང་།   མཆོད་བསྟོད་གསལ་སྒྲོན།   གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཁ།   བམ་རོའི་སྐོང་བ་བཅས་གཏོར་གཞུང་།   གཏོར་ཟློག་སྨིན་གཏེར་གསུང་།   དེའི་ལག་ལེན་དམར་ཁྲིད་འཇམ་མགོན་གསུང་།   བསྙེན་ཡིག    །   དེའི་ལྷན་ཐབས་བཅས་མི་ཕམ་གསུང་།   སྟོབས་ཆེན་མཆོད་རྟེན་ལག་ལེན་སྒྲོན་མ་བདུན་པ་པདྨ་འགྱུར་མེད་རྒྱ་མཚོའི་གསུང་།   པད་གནུབས་ཆུ་བོ་གཅིག་འདྲེས་དབང་ཆོག་འཇམ་མགོན་གསུང་།   ལྷ་རྗེ་གནུབས་ཆུང་གི་ཡང་ཟློག་མེའི་སྤུ་གྲིའི་གཏེར་གཞུང་།   ལས་བྱང་།   ཟུར་འདེབས།   ལྷན་ཐབས།   བསྙེན་ཡིག་རྣམས་ [165b] རྒྱལ་དབང་ལྔ་པའི་གསུང་།   ལག་ལེན་འཁྲུལ་འཁོར་གནད་སྒྱུ།   དེའི་ཁ་སྐོང་ཟབ་གནད་སྙིང་གི་མེ་ལོང་བཅས་འབུམ་རམ་ཨོ་རྒྱན་སྐལ་བཟང་གི་གསུང་།   གལ་འགག་གནད་གཟེར་ཁྲི་སྨན་ཆོས་མཛད་དོན་ལྡན་གསུང་།   གཏེར་བདག་གླིང་པའི་གཤིན་རྗེ་དྲེགས་འཇོམས་ཀྱི་བརྒྱུད་འདེབས།   ལས་བྱང་།   རྒྱུན་ཁྱེར།   ལས་བུམ་སྒྲུབ་པ།   དབང་ཆོག    །   བསྙེན་ཡིག་རྣམས་ཉིད་ཀྱི་གསུང་།   མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་གཤིན་རྗེའི་ཐུགས་ཐིག་གི་གཏེར་གཞུང་།   རྒྱུན་ཁྱེར་ཉིད་ཀྱི་གསུང་།   ཕྲིན་ལས།   གཏོར་ཟློག   །   དབང་ཆོག་བཅས་འཇམ་མགོན་གསུང་།   

ཚ༽ མཆོག་གླིང་ཟབ་བདུན་གཤིན་རྗེ་དྲག་སྔགས་ཀྱི་ཟབ་པ་གཤིན་རྗེ་ཚེ་བདག་ལྕགས་སྡིག་གི་ཤོག་དྲིལ་དང་པོ། གཉིས་པ། གསུམ་པ་བཅས་གཏེར་གཞུང་། བརྒྱུད་འདེབས་འཇམ་མགོན་གསུང་། དཀར་གཏོར་སོགས་སྔོན་འགྲོ། ཤོག་དྲིལ་བཞི་པ་གཏེར་གཞུང་། སྨན་མཆོད་འཇམ་མགོན་གསུང་། སྔགས་བྱང་གཏེར་གཞུང་ལས་ཁོལ་ཕྱུང་། སྐོང་བ། འགུགས་ [166a] བྱང་བཅས་འཇམ་མགོན་གསུང་། ཐུན་གཏོར། ཤོག་དྲིལ་ལྔ་པ་ནས་ཉེར་བཞིའི་བར་ཤོག་དྲིལ་རྣམས་གཏེར་གཞུང་། རྩ་དབང་སྟོང་སྲོག་འཁོར་ལོའི་བཅུད་འབེབས་འཇམ་མགོན་གསུང་། ཟངས་བྱང་གཤིན་རྗེའི་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཆོས་དབང་གཤིན་རྗེ་འཆར་ནག་ལས་བྱང་ཟློག་ཟོར་གཏེར་གཞུང་། ཟློག་ཟོར་ལག་ལེན་རིན་ཆེན་རྣམ་རྒྱལ་གསུང་། ཟོར་དབང་ཐུན་མོང་ཐུན་མིན་འཇམ་མགོན་གསུང་། སངས་གླིང་ཟབ་རྒྱ་གསུམ་པ་འཇམ་ནག་ཡང་ཟབ་ཐུགས་ཀྱི་ཚལ་པ་གྲིབ་འཇོམས་རྡོ་རྗེའི་ཕ་ལམ་གཏེར་གཞུང་། སྲུང་ཟློག་གུད་སྦས། གཤོར་དཀར་ནག་ཁྲ་གསུམ། རྨེ་རུ་རྩེའི་གཤོར་དམར་ཆུང་། གཤོར་གྱི་ཡིག་ཆུང་། ཕུང་བཤིགས་བྱང་དམར་པོ། སྤྱི་གཤོར་ནག་པོ་རྣམས་གཏེར་གཞུང་། ཞིག་གླིང་འཇམ་ནག་རྒྱུན་ཁྱེར་སྨིན་གཏེར་གསུང་། སངས་གླིང་འཇམ་ནག་བརྒྱུད་འདེབས། ཕྲིན་ལས། དྲིས་ལན། རྫས་ཐོ་བཅས་ཀཿཐོག་ཚེ་ནོར་གསུང་། གྲིབ་མདོས་ཆོས་གྲགས་ [166b] གསུང་། ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་། རཏྣའི་རྟ་གསང་གི་འཇིགས་བྱེད་མེའི་སྤུ་གྲིའི་བདག་མདུན་སྲུང་ཟློག་ཆགས་མེད་གསུང་། དབང་ཆོག་འཇམ་མགོན་གསུང་། གནམ་ཆོས་འཇིགས་བྱེད་གཏེར་གཞུང་། དེའི་འདོན་ཆ་ཆགས་མེད་གསུང་། གིང་ནག་མནན་པའི་རྣ་ཆ་བཀའ་གཏེར་གཉིས་ལྡན་ཟུར་མཁར་ལུགས་ཀྱི་ཕྲིན་ལས་མཉམ་ཉིད་རྡོ་རྗེའི་གསུང་། རྒྱུན་ཁྱེར་རྡོ་རྗེའི་གོ་ཆ། ལས་བྱང་དུག་རི། རྒྱུན་ཁྱེར་བསྡུས་པ་བཅས་ཆགས་མེད་གསུང་། ཕྲིན་ལས་འདོད་འཇོ་ཚེ་དབང་ཀུན་ཁྱབ་གསུང་། དབང་ཆེན། གཏོར་དབང་བཅས་འཇམ་མགོན་གསུང་། ཞང་ཁྲོམ་རིགས་གསུམ་འདུས་པ་ལས་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་ལས་བྱང་། བཅའ་གཞི་ལག་ལེན་ཤོག་དྲིལ་བཅས་ཆོས་གྲགས་གསུང་། ལས་བྱང་གནམ་ལྕགས་གོ་མཚན་ཆགས་མེད་གསུང་། གཅིག་ཆོག་གསུམ་གྱི་གདམས་པའི་རྒྱུན་ཁྱེར་ཀུན་ཁྱབ་གསུང་། དུག་དབང་། གཏོར་དབང་བཅས་འཇམ་མགོན་གསུང་། ཛ༽ འཇམ་དཔལ་ཤིན་ཏུ་ཁྲོས་པ་ནཱ་ག་རཀྴའི་སྐོར་ལ། ཉང་གཏེར་ [167a] ནཱ་ག་རཀྴའི་དྲག་སྒྲུབ་རྩ་བ། རིན་ཆེན་གླིང་པའི་ནཱ་ག་རཀྴའི་གཏེར་གཞུང་སྐོར། ཁྱུང་འཁོར་དཔེའུ་རིས། རྒྱུན་ཁྱེར་སྨིན་གཏེར་གསུང་། སྒྲུབ་ཐབས་དང་རྒྱུན་ཁྱེར་ཚེ་ནོར་དང་། ཞལ་རྒྱུན་ངག་དབང་ཆོས་ཀྱི་རྒྱ་མཚོའི་གསུང་། སྙན་བརྒྱུད་ཞལ་ཤེས། གནམ་ཆོས་ནཱ་ག་རཀྴའི་སྒྲུབ་ཐབས་ལས་ཚོགས་བཅས། སྐྱིད་གྲོང་ཐུགས་མཆོག་རྡོ་རྗེའི་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ནཱ་ག་རཀྴའི་གསང་སྒྲུབ། སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་རྣམས་སོ། །

༈     །   གཉིས་པ་པདྨ་གསུང་གི་སྒྲུབ་སྐོར་ལ་ཞི་དྲག་གཉིས།   དང་པོ་ཞི་བ་ལའང་རིགས་བདག་ཚེ་དཔག་མེད།   འོད་དཔག་མེད།   ཐུགས་རྗེ་ཆེན་པོ་གསུམ་གྱི།   དང་པོ་ཚེ་དཔག་མེད་ལ།   ཉང་གི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩི་བུམ་པའི་ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་།   བྱང་གཏེར་དྲག་མཐིང་ཚེ་སྒྲུབ་ལྕགས་སྡོང་མའི་གཏེར་གཞུང་།   ལྷ་མང་གི་དབང་ཆོག་དང་།   ལྷ་གཅིག་གི་རྒྱུན་ཁྱེར་བཅས་ས་སྐྱ་པ་ཀུན་དགའ་བཀྲ་ [167b] ཤིས་གསུང་།   རང་ཤར་ཚེ་ལྷ་ཡོངས་རྫོགས་གཏེར་གཞུང་།   ཕྲིན་ལས་སྨིན་བྱེད་འཇམ་མགོན་གསུང་།   སངས་གླིང་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་།   དོན་གྱི་པྲ་ཁྲིད་ཆགས་མེད་གསུང་།   རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ཕྲིན་ལས།   དབང་ཆོག་བཅས་འཇམ་མགོན་གསུང་།   རཏྣའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གཏེར་གཞུང་།   གསོལ་འདེབས་གཏེར་སྟོན་གྱིས་མཇུག་བསྐྱེད་པ།   ནང་སྒྲུབ་ཕྲིན་ལས་འཇམ་མགོན་གསུང་།   རྒོད་ལྡེམ་ལས་འབྲེལ་པད་གླིང་སངས་གླིང་སྟེ་གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་དབང་མདའ་འཕེལ་མའི་ཆོག་བསྒྲིགས་ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་གསུང་།   ཡང་ཆོག་ཁྲིགས་བཟང་པོ་རྒྱལ་མཚན་གསུང་།   ཟིན་བྲིས་མཁྱེན་བརྩེའི་གསུང་།   མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་གཏེར་གཞུང་།   གསང་སྒྲུབ་ཕྲིན་ལས།   དབང་ཆོག་བཅས་འཇམ་མགོན་གསུང་།   འབྲི་ [168a] གུང་རིན་ཕུན་དགོངས་ཟབ་ཚེ་སྒྲུབ་གཏེར་གཞུང་།   ཕྱི་སྒྲུབ་ཆོས་གྲགས་གསུང་།   ཕྱི་ནང་གསང་བའི་ཟབ་དབང་འཇམ་མགོན་གསུང་།   

ཝ༽ གར་དབང་ཞིག་གླིང་བླ་མ་ནོར་བུ་པད་ཕྲེང་གི་ཚེ་སྒྲུབ་རྒྱལ་བ་འདུས་པའི་ཕྲིན་ལས་དབང་ཆོག ། ཤེར་འོད་གྲོལ་ཏིག་ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་རྣམས་འཇམ་མགོན་གསུང་། གྲོལ་ཏིག་གི་ཨ་ཧཾ་དྭངས་མ་གསུམ་ལྡན་གཏེར་གཞུང་། འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ལས་བྱང་། སྐོང་བ། དབང་ཆོག ། འཆི་བསླུའི་གཏོར་ཆེན། གླུད་རབ་བཅས་འཇམ་མགོན་གསུང་། བདུད་འདུལ་ཡང་གསང་རིག་འཛིན་ཀུན་འདུས་ཀྱི་ཚེ་སྒྲུབ་ཚ་བ་དམར་ཐིག་གི་ལས་བྱང་། ཚེ་འགུགས་བཅས་གཏེར་ཆེན། དབང་ཆོག་འཇམ་མགོན་གསུང་། སྨིན་གཏོར་རིག་འཛིན་ཐུགས་ཐིག་གི་ཚེ་སྒྲུབ་འཆི་མེད་ཡང་སྙིང་ཀུན་འདུས་གཏེར་གཞུང་། ལས་བྱང་། རྗེས་ཆོག ། རྒྱུན་ཁྱེར། བརྟན་བཞུགས། དབང་ཆོག་བཅས་ཉིད་ཀྱི་གསུང་། དབང་གི་མཚམས་སྦྱོར། [168b] བསྙེན་ཡིག་བཅས་དྷརྨ་ཤྲཱིའི་གསུང་། རྒོད་ལྡེམ་པས་རྡོར་སེམས་ཐུགས་ཀྱི་མེ་ལོང་སྐོར་ཡང་གཏེར་དུ་སྦས་པ་ཉིད་ཀྱི་རྣམ་སྤྲུལ་གར་དབང་ཟླ་བ་རྒྱལ་མཚན་གྱིས་སྤྱན་དྲངས་པ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། ཀློང་གསལ་སྙིང་པོའི་ཚེ་སྒྲུབ་ཡང་གསང་བླ་མེད་བརྒྱུད་འདེབས། བྱིན་འབེབས། ཕྲིན་ལས། ཚེ་འགུགས། ཚེ་འགུགས་བསྡུས་པ་བཅས་གཏེར་གཞུང་། དབང་ཆོག་ཛ་ཀ་ཀུན་བཟང་རྣམ་རྒྱལ་གསུང་། ཡོན་དགར་མི་འགྱུར་རྡོ་རྗེའི་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཡང་སྙིང་ནམ་སྙིང་ཚེ་སྒྲུབ་གཏེར་གཞུང་། དབང་གི་མཚམས་སྦྱོར་སི་ཏུ་པདྨ་ཉིན་བྱེད་གསུང་། སྟག་ཤམ་ཚེ་སྒྲུབ་པདྨ་གསང་ཐིག་དང་ལྕགས་དྲིལ་ཡང་སྙིང་བཅུད་བསྡུས་གསང་དྲིལ་ཟུང་འཇུག་གི་སྒྲུབ་ཐབས། དབང་ཆོག་བཅས་བསམ་གཏན་བསྟན་འཛིན་གསུང་། དབོན་སྲས་ཁྱུང་ཐོག་གི་ཀུན་བཟང་ཐུགས་ཐིག་ལས་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། བདེ་གླིང་ཀློང་གསལ་མཁའ་འགྲོ་སྙིང་ཏིག་གི་ཚེ་སྒྲུབ་རྡོ་རྗེ་ [169a] རྒྱ་མདུད་ཀྱི་བརྒྱུད་འདེབས། བདག་མདུན་བསྙེན་སྒྲུབ་དང་། བདག་འཇུག ། ཟབ་ཁྲིད་བཅས་ཚེ་ནོར་གསུང་། དབང་ཆོག་འཇམ་མགོན་གསུང་། རོལ་རྡོར་མཚོ་གཏེར་ཚེ་དཔག་མེད་ལྕགས་ཀྱི་བང་མཛོད་ཀྱི་ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཏའུ་རོག་རྗེ་གླིང་པའི་རྟ་མགྲིན་ཡིད་བཞིན་འབར་བའི་ཚེ་སྒྲུབ་གསང་བ་རྨད་བྱུང་མཁྱེན་བརྩེའི་ཉེ་བརྒྱུད་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། གར་དབང་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་བརྒྱུད་འདེབས་མི་བསྐྱོད་རྡོ་རྗེའི་གསུང་། ནང་སྒྲུབ་ལས་བྱང་གཏེར་གཞུང་ལ་ནམ་མཁའི་ཚེ་དབང་མཆོག་གྲུབ་ཀྱི་གསལ་ཁ་ཅན། ཛཔྲ་བསྐུལ། ཚེ་འགུགས་བཅས་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། ཟུར་མཁར་ཟླ་བའི་འོད་ཟེར་གྱི་ཐུགས་སྒྲུབ་བདེ་གཤེགས་སྙིང་པོའི་ཚེ་སྒྲུབ་རྡོ་རྗེ་སྙིང་པོ། དབང་ཆོག་བཅས་གཏེར་གཞུང་ཁྲིགས་བཀོད། དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་གྲུབ་མཆོག་རྩལ་གྱི་དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་རྒྱུན་བཟང་གཏེར་གཞུང་། ཟིན་བྲིས་ [169b] པད་སྤྲུལ་དཔལ་ལྡན་རྡོ་རྗེའི་གསུང་། བརྒྱུད་འདེབས་ཉིད་ཀྱི་གསུང་། བསྙེན་ཟིན་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཟངས་བྱང་མའི་ཚེ་དཀར་གྱི་བརྒྱུད་འདེབས། ལས་བྱང་ཟུར་འདེབས་བཅས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་། སྨན་མཆོད་འཇམ་མགོན་གསུང་། ཚེ་འགུགས་གཏེར་གཞུང་། ཕྲིན་ལས་རྒྱུན་ཁྱེར། དབང་ཆོག་བཅས་མཇལ་མགོན་གསུང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུ་ཚེ་དམར་གྱི་ལས་བྱང་། དབང་ཆོག ། བསྙེན་སྒྲུབ་ཟིན་བྲིས། བླ་བསླུའི་ཆོ་ག ། འགྲེས་བྱང་བཅས་འཇམ་མགོན་གསུང་། ཞ༽ མཆོག་གླིང་ཚེ་སྒྲུབ་རྡོར་ཕྲེང་གི་ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་བཅས་དེ་ཉིད་ཀྱི་ཕབ་འཕྲོ་ལུས་པ་འཇམ་མགོན་རྡོ་རྗེ་འཆང་གིས་གཏན་ལ་ཕབ་པ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་གྱི་ཟབ་ཁྲིད་ཉིད་ཀྱི་གསུང་རྣམས་སོ། ། གཉིས་པ་འོད་དཔག་མེད་ལ། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དག་སྣང་རྩ་བ་ལ། ཕྱིས་ཀློང་གསལ་གཏེར་བྱོན་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་དང་སྦྱར་བའི་སྒྲུབ་དབང་གནས་ལུང་མཇམ་མགོན་གསུང་། གནམ་ཆོས་བདེ་ཆེན་ཞིང་ [170a] སྒྲུབ་ཀྱི་སྔོན་འགྲོ་གཏེར་གཞུང། ཞིང་སྒྲུབ་འདོན་ཆ། མཆོད་ཕྲེང་། ཟིན་བྲིས་ལྷན་ཐབས། ཞིང་སྐྱོང་། ཟིན་བྲིས་རྒྱས་པ། དབང་ཆོག ། མཐའ་རྟེན་བཅས་ཆགས་མེད་གསུང་། སྟག་ཤམ་ཡི་དམ་དགོངས་འདུས་ལས་རིགས་བདག་འོད་དཔག་མེད་ཡེ་ཤེས་སེམས་དཔའི་བརྒྱུད་འདེབས་ཆོས་གླིང་གསུང་། སྒྲུབ་ཐབས། ཚེ་འགུགས། ཆོས་སྤྱོད་སྨོན་ལམ་བཅས་གཏེར་གཞུང་། ཚེ་དབང་། ནང་སྒྲུབ་དབང་བསྐུར་བཅས་འཇམ་མགོན་གསུང་། སྒྲུབ་ཐབས་པད་སྡོང་རྗེས་གནང་བཅས་གཏེར་གཞུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྑུ་འོད་དཔག་ཞིང་སྦྱོང་གི་ཆོ་ག་གཞན་ཕན་ཕྲིན་ལས། དབང་བསྐུར་གྲངས་གསོག་བཅས་མཁྱེན་བརྩེའི་གསུང་། རྗེས་འབྲེལ་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་གཏེར་གཞུང་། ཁྲིད་ཡིག་ཆོས་གྲགས་གསུང་། ཁྲིད་ཀྱི་ཟིན་ཐོ། འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས། དམིགས་རིམ་ཟིན་བྲིས་བཅས་མཁྱེན་བརྩེའི་གསུང་། འཕོ་འདེབས་ཐུགས་རྗེའི་ལྕགས་ [170b] ཀྱུ་ཆགས་མེད་གསུང་རྣམས་སོ། ། གསུམ་པ་ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་ཟབ་གཏེར་སྲོང་བཙན་ཞལ་གདམས་མ་ཎི་བཀའ་འབུམ་གྱི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུའི་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས། དབང་གི་ལག་ལེན་བཅས་འཇམ་མགོན་གསུང་། བསྐྱེད་རྫོགས་ཁྲིད་ཡིག ། ལས་ཚོགས་བསྡུས་པ་བཅས་ཆོས་གྲགས་གསུང་། ཐུན་མོང་མ་ཎིའི་ལས་ཚོགས་རྩ་གཞུང་། རྒྱུན་ཁྱེར་སྨིན་གཏེར་གསུང་། དོན་ཁྲིད། བརྒྱུད་འདེབས་བཅས་དྷརྨ་ཤྲཱིའི་གསུང་། ཉང་གཏེར་ཐུགས་ཆེན་འགྲོ་འདུལ་གྱི་བུམ་བཟང་ཁྲུས་ཆོག་གཏེར་གཞུང་། ནང་སྒྲུབ་ཕྲིན་ལས། དབང་ཆོག་མཁྱེན་བརྩེའི་ཉེ་བརྒྱུད་བཅས་འཇམ་མགོན་གསུང་། ཚེ་སྒྲུབ་གཏེར་གཞུང་། བཀའ་མ་གྲུབ་རྒྱལ་མ་དང་། གཏེར་མ་ཉང་ནས་བརྒྱུད་དེ་ཀརྨ་པ་ལ་བཀའ་བབ་པ་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྦ་ལྕགས་མའི་རྒྱ་གཞུང་རྡོ་རྗེ་སྙིང་པོས་མཛད་པ། བ་མཁལ་མའི་གཞུང་ཉང་གཏེར། གསོལ་འདེབས་ཀརྨ་པཀྴིའི་གསུང་། སྒྲུབ་ཐབས་ཞྭ་དམར་དཀོན་མཆོག་ [171a] འབངས་ཀྱི་གསུང་འཇམ་མགོན་རྡོ་རྗེ་འཆང་གི་བཀླག་ཆོག་མ། རྒྱུན་ཁྱེར། གནས་ལུང་། བསྙེན་ཡིག་ཟིན་བྲིས། གཏོར་དབང་བཅས་འཇམ་མགོན་གསུང་། ཟ༽ གུ་རུ་ཆོས་དབང་གི་ཐུགས་ཆེན་ཡང་སྙིང་འདུས་པའི་བརྒྱུད་འདེབས། ལས་བྱང་བཅས་འཇམ་མགོན་གསུང་། རྒྱུན་ཁྱེར་མཁྱེན་བརྩེའི་གསུང་། སྨིན་བྱེད། བསྙེན་ཡིག ། སྒྲུབ་ཁོག ། གནས་ལུང་རྒྱས་པ། གནས་ལུང་བསྡུས་པ། གནས་འདྲེན་མདོར་བསྡུས་བཅས་འཇམ་མགོན་གསུང་། ཉི་མ་སེང་གེའི་ཐུགས་ཆེན་པདྨ་ཞི་ཁྲོ་མཁྱེན་བརྩེའི་ཡང་གཏེར་རྩ་གཞུང་། བརྒྱུད་འདེབས། དབང་བསྐུར་ཟིན་བྲིས། དོན་དབང་གཏོར་དབང་ཁོལ་ཕྱུང་བཅས་འཇམ་མགོན་གསུང་། བྱང་ཆུབ་གླིང་པའི་ཀུན་བཟང་ཐུགས་གཏེར་ལས་ཐུགས་ཆེན་འགྲོ་འདུལ་ལྷ་དྲུག་པ་མཁྱེན་བརྩེའི་ཉེ་བརྒྱུད་སྒྲུབ་ཐབས་གཏེར་གཞུང་། སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། བྱང་གཏེར་ཐུགས་ཆེན་འགྲོ་བ་ཀུན་སྒྲོལ་གྱི་གསོལ་འདེབས། མངོན་རྟོགས། ཕྲིན་ལས། བཀའ་སྲུང་དབང་གི་མ་བདུན། སྨོན་ [171b] ལམ་བཅས་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་། དབང་ཆོག་འཇམ་མགོན་གསུང་། དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ། གར་དབང་ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ། སྟག་ཤམ་དགོངས་འདུས་འགྲོ་བ་ཀུན་སྒྲོལ་གསུམ་ཆུ་བོ་གཅིག་འདྲེས་ཕྱི་མའི་རྒྱུད། བསྡུས་དོན། མ་བསྒོམས་སངས་རྒྱས་གནད་དྲུག་བཅས་སྔ་མའི་གཏེར་གཞུང་། ཕྲིན་ལས་ལམ་ཁྱེར། དབང་ཆོག་བཅས་འཇམ་མགོན་གསུང་། དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ཡེ་ཤེས་འོད་ཀྱི་སྙིང་པོ་མཁྱེན་བརྩེའི་ཡང་གཏེར་གཞུང་ལེའུ་གསུམ་པ། བརྒྱུད་འདེབས། ཕྲིན་ལས། སྒྲུབ་ཁོག ། དོན་དབང་། གནས་ལུང་། བསྙེན་ཡིག་རྣམས་འཇམ་མགོན་གསུང་། སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ་གྱི་ཕྱི་རྒྱལ་པོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་མདོ་སྒྲུབ་རྗེས་གནང་རྟ་ནག་བཀའ་གཏད་བཅས་འཇམ་མགོན་གསུང་། གཟུངས་རིང་གཏེར་གཞུང་། ནང་ནོར་བུ་ལུགས་ཀླུ་སྒྲུབ་བཀའ་སྲོལ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དབང་ཆོག ། གསང་བ་ [172a] བླ་མེད་ལུགས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་པདྨ་གར་དབང་གཙོ་འཁོར་ལྔ་པའི་ཕྲིན་ལས་དབང་ཆོག ། མཆོག་དབང་གསུམ་གྱི་ཁ་འཕང་བཅས་འཇམ་མགོན་གསུང་། འ༽ ། རྡོ་རྗེ་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་གཞུང་། ལས་བྱང་གཏེར་གཞུང་། དབང་ཆོག ། ཚེ་དབང་བཅས་འཇམ་མགོན་གསུང་། རྡོར་གླིང་ཐུགས་ཆེན་ངན་སོང་ཀུན་སྐྱོབ་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་ལས་བྱང་། དབང་ཆོག་བཅས་འཇམ་མགོན་གསུང་། རཏྣའི་ཐུགས་ཆེན་གསང་བ་འདུས་པའི་ལས་བྱང་གཏེར་གཞུང་། ཐུན་བཟུང་ཛཔྲ་དགོངས། སྨིན་བྱེད་ཆེན་མོ། སངས་རྒྱས་སྟོང་དབང་། འབྲིང་པོ་གཏོར་དབང་། རྣལ་འབྱོར་རྒྱུན་དབང་རྣམས་འཇམ་མགོན་གསུང་། པད་གླིང་ཐུགས་ཆེན་མུན་སེལ་སྒྲོན་མེའི་ལས་བྱང་སྨིན་གཏེར་གསུང་། རྩ་དབང་། དབང་བསྐུར་གསུང་རྒྱུན་མ་བཅས་འཇམ་མགོན་གསུང་། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་བརྒྱུད་འདེབས། ལས་བྱང་བཅས་ [172b] གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། མངའ་རིས་ཚུལ་ཁྲིམས་བཟང་པོས་མཁྱེན་བརྩེ་ལ་ཉེ་བརྒྱུད་དུ་བསྩལ་བ་ཐུགས་ཆེན་གསོལ་འདེབས་ཀྱི་སྒྲུབ་ཐབས་རྩ་གཞུང་། ཐུགས་ཆེན་གསོལ་འདེབས་དགེ་སློང་པདྨ་དཀར་པོའི་གསུང་། རིག་གཏད་འཇམ་མགོན་གསུང་། ལེགས་ལྡན་རྗེའི་ཐུགས་ཆེན་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་། བསྙེན་ཡིག་པད་ཕྲིན་གསུང་། གར་དབང་ཞིག་གླིང་ཐུགས་ཆེན་འཁོར་བ་ལས་སྒྲོལ་གྱི་ལས་བྱང་འཇམ་མགོན་གསུང་། བཀའ་གཏེར་སྲུང་མའི་གསོལ་མཆོད། དབང་བསྐུར་རྒྱས་པ། གཏད་རྒྱའི་དབང་། དོན་དབང་རྣམས་འཇམ་མགོན་གསུང་། ཤེར་འོད་གྲོལ་ཐིག་ཐུགས་ཆེན་པདྨའི་དབང་ཕྱུག་གི་སྔོན་གཏོར། སྒྲུབ་ཐབས་བཅས་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་། འཇའ་ཚོན་ཐུགས་ཆེན་རྒྱལ་པོ་ལུགས་ངན་སོང་རང་གྲོལ་གྱི་བརྒྱུད་འདེབས་འཇམ་མགོན་གསུང་། ཕྱི་སྒྲུབ་ཕྲིན་ལས་གཏེར་གཞུང་ལ་འཇམ་མགོན་རྡོ་རྗེ་འཆང་གིས་གསལ་ཁ་ཅན། [173a] ཁྲུས་ཆབ་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་། ཆོས་ལོངས་སྤྲུལ་གསུམ་གྱི་བསྒོམ་བཟླས་རྒྱུན་ཁྱེར། ནང་སྒྲུབ་རྒྱུན་ཁྱེར། དབང་ཆོག ། གཤིན་པོ་རྗེས་འཛིན་རྣམས་འཇམ་མགོན་གསུང་། ཡ༽ ། བདུད་འདུལ་སྤྲུལ་སྐུའི་སྙིང་ཐིགགི་ཐུགས་ཆེན་ནམ་མཁའ་རྒྱལ་པོའི་ཕྱི་སྒྲུབ། གསང་སྒྲུབ་ཟུང་དང་། ཡང་གསང་། བཏགས་གྲོལ། གསོལ་འདེབས། ཕྲིན་ལས། དབང་གི་སྔོན་འགྲོ་དང་དབང་གཞུང་བཅས་གཏེར་གཞུང་། རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་འཇིག་རྟེན་དབང་ཕྱུག་ལྷ་དགུའི་བརྒྱུད་འདེབས། ཕྲིན་ལས། རྒྱུན་ཁྱེར། དབང་ཆོག་བཅས་མཁྱེན་བརྩེའི་གསུང་། བསྙེན་ཡིག་སྨིན་གཏེར་གསུང་། གནམ་ཆོས་ཐུགས་ཆེན་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་གཏེར་གཞུང་། དབང་ཆགས་མེད་གསུང་། གར་དབང་ཟླ་བ་རྒྱལ་མཚན་གྱི་ཐུགས་ཆེན་རྩ་གསུམ་སྙིང་ཐིག་གི་ཕྲིན་ལས། དབང་ཆོག ། ཚེ་སྒྲུབ་ཡིད་བཞིན་ལྷུན་གྲུབ་ཀྱི་ཉམས་ལེན་དབང་ཆོག་བཅས་འཇམ་མགོན་གསུང་། གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ [173b] ཀུན་འདུས་ཀྱི་སྒྲུབ་ཐབས་གསུང་རྒྱུན་ཅན། རྒྱུན་ཁྱེར། སྲུང་མ་སྤྱི་དང་བྱེ་བྲག་གཏོར་ཆོག་ཁོལ་ཕྱུང་། བསྙེན་ཡིག་རྣམས་སྨིན་གཏེར་ཉིད་ཀྱི་གསུང་། གནས་ལུང་། སྤྲོས་བཅས་བུམ་དབང་མཚམས་སྦྱོར་བཅས་དྷརྨ་ཤྲཱིའི་གསུང་། མཆོག་དབང་རྣམ་གསུམ། གཏོར་དབང་བཅས་མན་ཆེན་ཨོ་ཌི་ཡ་ནའི་གསུང་། སྔོན་འགྲོའི་ཁྲིད། དངོས་གཞིསི་ཁྲིད་བཅས་དྷརྨ་ཤྲཱིའི་གསུང་། ནང་སྒྲུབ་གར་དབང་ཚེ་དཔག་མེད་ཀྱི་གཏེར་གཞུང་། ཕྱི་སྒྲུབ་དབང་ཆོག ། འཆི་བསླུ། འབྱུང་ལྔའི་འཁོར་ལོའི་རབ་གནས་བཅས་སྨིན་གཏེར་ཉིད་ཀྱི་གསུང་། ཀློང་གསལ་སྙིང་པོའི་ཐུགས་ཆེན་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་། ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། དབང་བཞིའི་མཚམས་སྦྱོར་ཛ་སྤྲུལ་གསུང་། སྟག་ཤམ་སྤྱན་རས་གཟིགས་མི་ཏྲ་སྙིང་ཐིག་གི་བརྒྱུད་འདེབས། ལས་བྱང་བྲམ་ཟེའི་ལུགས། ཚོགས་འཁོར། རྩ་བའི་སྒྲུབ་ཐབས་རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཆོས་གླིང་ཐུགས་ཆེན་ཡིད་བཞིན་ནོར་མཆོག་སའི་སྙིང་ [174a] པོའི་ཕྲིན་ལས་ཉིད་ཀྱི་གསུང་། སློབ་མ་རྗེས་འཛིན་འཇམ་མགོན་གསུང་། ར༽ ། མཆོག་གླིང་ཐུགས་ཆེན་པདྨ་གར་དབང་སྒྱུ་འཕྲུལ་དྲྭ་བའི་སྐྱབས་སེམས། ནང་སྒྲུབ་ཕྲིན་ལས་གཏེར་གཞུང་། དབང་བཞི་རྡོ་རྗེ་སྤྱི་བླུགས། ཕྱིའི་སྨིན་གྲོལ། ནང་གི་སྨིན་གྲོལ་བཅས་འཇམ་མགོན་གསུང་། མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་ཐེག་དགུའི་སྤྱོད་རྒྱུད་འགྲོ་འདུལ་ལྷ་ལྔའི་སྒྲུབ་ཐབས་དབང་ཆོག ། གཤིན་ཆོག་བཅས་མཁྱེན་བརྩེའི་གསུང་། མཆོག་གླིང་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་གཏེར་གཞུང་། མ་ཎི་བསྐུལ་ཐབས་གཏེར་གཞུང་། བུམ་སྒྲུབ་ཀྱི་ཕྲིན་ལས་རྗེས་གནང་། གཏེར་བུམ་སྒྲུབ་པའི་ལས་བྱང་། བུམ་ལྔའི་དབང་བཅས་འཇམ་མགོན་གསུང་། ཞར་བྱུང་ཉེར་མཁོའི་ཆེད་དུ་བཞག་པ་ཕྱི་འགྱུར་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་ག ། རྗེས་གནང་བཅས་དྷརྨ་ཤྲཱིའི་གསུང་། ཐུགས་ཆེན་བཀའ་གཏེར་དུ་མའི་བཅུད་འདུས་དོན་ཁྲིད་ཚེ་དབང་ནོར་བུའི་གསུང་རྣམས་སོ། །

༈    །   གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ།   བཀའ་ [174b] གཏེར་གཉིས་ཀྱི།   དང་པོ་བཀའ་མ་ལ།   རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་།   གཉིས་པ་གཏེར་མ་ལ་དམར་ནག་གཉིས།   དང་པོ་པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་ལ།   རྐྱང་པོ་གྲགས་པ་དབང་ཕྱུག      །   སུམ་པ་བྱང་ཆུབ་ཚུལ་ཁྲིམས།   འབྲེ་ཤེས་རབ་འབར་གསུམ་ཚོགས་ཀྱི་གཏེར་བྱོན་འདར་འཕྱར་རིན་ཆེན་བཟང་པོ་ལ་བཀའ་བབ་པའི་རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་ཕྲིན་ལས་འཇམ་མགོན་གསུང་།   ཡབ་ཡུམ་རྐྱང་སྒྲུབ་ཚར་ཆེན་པདྨ་དྲག་རྩལ་གསུང་།   གཏེར་གཞུང་རྫོགས་རིམ་ཡེ་ཤེས་གསང་ལམ།   པདྨ་གསང་ལམ།   དབང་བཞིའི་དོན་ཁྲིད།   ཟིན་བྲིས་བླ་ཆེན་ཆོས་དཔལ་གསུང་།   དབང་ཆེན་ཡན་ལག་བཅས་འཇམ་མགོན་གསུང་།   གཏོར་དབང་འདར་པདྨ་བདུད་འདུལ་གསུང་ལས་མཁྱེན་བརྩེས་བཏུས་པ།   འཆི་མེད་ཚེའི་རྫོང་ཆུང་གི་ཉམས་ལེན་དང་ཚེ་དབང་ལྷན་ཐབས་བཀྲ་ཤིས་ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་།   སྔགས་བྱང་ཁོལ་ཕྱུང་།   བསྙེན་ཡིག་འཇམ་མགོན་གསུང་།   སྐྱེར་སྒང་ཆོས་ཀྱི་སེངྒེ་ [175a] ལ་གུ་རུས་དངོས་སུ་བསྩལ་བ་དང་།   སྙེ་བོ་སངས་རྒྱས་དབང་ཆེན་གྱི་གཏེར་བྱོན་ཟུང་འབྲེལ་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་བཅས་གཏེར་གཞུང་།   འཁོར་ལོའི་དཔེའུ་རིས།   ལས་བྱང་།   སྒྲུབ་ཐབས་རྣམ་བཤད་དམིགས་སྐོར་བདུན་པ་བཅས་ཏཱ་ར་ནཱ་ཐའི་གསུང་།   ལས་བྱང་ཟུར་འདེབས་འཇམ་མགོན་གསུང་།   ཉང་རལ་རྟ་མགྲིན་བདེ་གཤེགས་ཆིག་དྲིལ་གྱི་གཏེར་གཞུང་།   ཕྲིན་ལས་དབང་བསྐུར་བཅས་འཇམ་མགོན་གསུང་།   གྲུ་གུ་ཡང་དབང་རྩལ་གྱི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་གསོལ་འདེབས་སྤྱན་སྔ་ནམ་མཁའི་རྡོ་རྗེའི་གསུང་།   ཕྲིན་ལས་མངོན་རྟོགས་བསྡེབས་པ།   སྨན་མཆོད།   ལྷག་མ་དང་བྲོ་རབས།   གཏོར་འབུལ།   དྲག་སྔགས།   སྤུ་གྲིའི་མན་ངག     །   རྩ་བའི་བསྟོད་ཆེན།   བསྐུལ་བ།   སྒྲུབ་ཐབས་མན་ངག   རྟེན་གཏོར།   བསྙེན་ལུགས་གསུམ།   སྔགས་ཐེམས།   སྲེག་པ་མེའི་ལས་རྣམས་གཏེར་གཞུང་།   སྨིན་བྱེད།   དྲེགས་ཆེན་བཅོ་བརྒྱད་ཀྱི་རྗེས་གནང་།   ལས་བྱང་ [175b] འདོན་འགྲིགས་བཅས་འཇམ་མགོན་གསུང་།   

ལ༽ ། མངའ་བདག་མོན་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་མེ་འཁོར་མཁྱེན་བརྩེའི་དག་སྣང་ཉེ་བརྒྱུད་གཏེར་གཞུང་། སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་། བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྒྲུབ་ཐབས། ལས་བྱང་བཅས་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་། རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་ལས་བྱང་ཉིད་ཀྱི་གསུང་ལ་འཇམ་མགོན་ཁ་སྐོང་ཅན། དབང་རྒྱས་པ། གཏོར་དབང་བཅས་འཇམ་མགོན་གསུང་། ཉང་པོ་མཆོག་ལྡན་རྡོ་རྗེའམ་ལས་རབ་ཞིག་པོ་གླིང་པ་རྟ་མགྲིན་སྙིང་པོ་དོན་སྦྱོར་སྟག་ཤམ་ལ་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བབ་པའི་བརྒྱུད་འདེབས། འཕྲིན་ལས། དབང་ཆེན། ཟུར་འདེབས། གཏོར་དབང་རྣམས། འཇམ་མགོན་གསུང་། ཤེར་འདོད་གྲོལ་རིགས་བང་ཆེན་དྲེགས་པ་ཀུན་འདུས་ཀྱི་འདོན་ཆ། སྲུང་འཁོར་གུད་སྦས། བསྙེན་དབང་བཅས་གཏེར་གཞུང་། གསང་བ་གཅིག་སྒྲུབ་དབང་ཆོག་འཇམ་མགོན་གསུང་། འཇའ་ཚོན་སྙིང་པོའི་རྟ་ཕག་ཡིད་ [176a] བཞིན་ནོར་བུའི་བརྒྱུད་འདེབས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་། གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་སྒྲུབ་ཐབས་གཏེར་གཞུང་། སྟག་ཤམ་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ལས་བྱང་བསྡུས་པ། ཡིག་དྲུག་ལས་བྱང་བཅས་གཏེར་གཞུང་། སྤྱི་སྡོམ་རྩ་བའི་དབང་། རྩ་གསུམ་སྤྱིའི་རྗེས་གནང་བཅས་འཇམ་མགོན་གསུང་། མཁྱེན་བརྩེའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་གཏེར་གཞུང་། ཚེ་སྒྲུབ་རྒྱུན་ཁྱེར་ཉིད་ཀྱི་གསུང་། ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་། མཆོག་གླིང་ཟབ་བདུན་དབང་ཟབ་རྟ་མགྲིན་ཡང་ཕྱུང་དམར་པོའི་བརྒྱུད་འདེབས་འཇམ་མགོན་གསུང་། ལས་བྱང་གཏེར་གཞུང་། སྨན་མཆོད། སྐོང་བ་བཅས་འཇམ་མགོན་གསུང་། དབང་ཕྲེང་གཏེར་གཞུང་། གཏོར་ཟློག་མཆོག་གླིང་ཉིད་ཀྱི་གསུང་རྣམས་སོ། །

༈    །   གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པའི་རྡོ་རྗེའི་རིགས་སམ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ།   བྱང་སེམས་ [176b] ཟླ་བ་རྒྱལ་མཚན་གྱི་རྟ་ནག་སྒྲུབ་ཐབས་ལས་ཚོགས་རྗེས་གནང་བཅས་རྩ་གཞུང་།   སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་།   ཉང་གཏེར་རྟ་མགྲིན་ལྕགས་རལ་ཡང་ཕྱུང་ནག་པོའི་གཏེར་གཞུང་།   ལས་བྱང་སྨིན་གཏེར་གསུང་།   བསྙེན་ཡིག་རབ་འབྱམས་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་གསུང་།   སྲོག་དབང་འཇམ་མགོན་གསུང་།   ཆོས་དབང་རྟ་ནག་ལྕགས་རལ་གཏེར་གཞུང་།   རཏྣའི་རྟ་གསང་གི་རྟ་ནག་ལྕགས་རལ་སྒྲུབ་ཐབས་གཏེར་གཞུང་།   རྒྱུན་ཁྱེར་སྨིན་གཏེར་གསུང་།   སྲོག་དབང་འཇམ་མགོན་གསུང་།   གར་དབང་ཞིག་གླིང་གི་རྟ་ནག་ནཱ་ག་ཀླུ་འདུལ་གཏེར་གཞུང་།   བརྒྱུད་འདེབས་ཉིད་ཀྱི་གསུང་།   དབང་ཆོག་འཇམ་མགོན་གསུང་རྣམས་སོ།   །

ཤ༽ ། གསུམ་པ་ཡང་དག་ཐུགས་སུ་སྒྲུབ་པའི་སྐོར་ལ། ཞི་བ། ཁྲོ་བོ། རིགས་མཐུན་གསུམ་ལས། དང་པོ་ཞི་བ་རྡོར་སེམས་སྐོར་ལ། རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས་ཀྱི་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་གཏེར་གཞུང་། རོལ་རྡོར་མཚོ་གཏེར་རྒྱལ་འདུས་གསང་སྒྲུབ་རིགས་འདུས་རྡོར་སེམས་སྒྲུབ་ཐབས། འཕོ་བ། [177a] འཕོ་བའི་གསོལ་འདེབས་འགྲེས་བྱང་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་རྡོར་སེམས་སྙན་བརྒྱུད་ཀྱི་ཉམས་ལེན་གཏེར་གཞུང་། ཕྱི་ནང་གསང་བ་ཡང་གསང་གི་ཟབ་ཁྲིད་ཉིད་ཀྱི་གསུང་། མཆོག་གླིང་དམ་ཆོས་ཤོག་སྡེ་དྲུག་པའི་རྡོར་སེམས་ཐུགས་ཀྱི་སྙིང་པོ་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་། ཟབ་བདུན་རྒྱུས་ཟབ་ལྕགས་བྱང་མའི་རྡོར་སེམས་རྩ་སྒྲུབ་ཉི་ཟླའི་རྒྱ་ཅན། གསང་ཐིག་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྐྱབས་སེམས། གཏེར་གཞུང་། ཕྲིན་ལས་གནས་ལུང་། བུམ་དབང་བཅས་འཇམ་མགོན་གསུང་རྣམས་སོ། །

༈    །   གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀ་ལ།   གུ་རུ་ཆོས་དབང་གི་ཡང་དག་སྙིང་པོ་གསེར་ཞུན་མར་མེ་གཅིག་པའི་གཏེར་གཞུང་།     སྔོན་འགྲོ་ལས་བདུན་བཀའ་བརྒྱད་གསང་རྫོགས་ལས་ཁོལ་ཕྱུང་།   ལས་བྱང་།   བསྙེན་ཡིག་བཅས་སྨིན་གཏེར་གསུང་།   དབང་ཆོག་འཇམ་མགོན་གསུང་།   བྱང་ཆུབ་གླིང་པའི་ཀུན་བཟང་ཐུགས་གཏེར་སྒྲོན་མ་དྲུག་གི་ཡང་དག་ཞི་ཁྲོ་ཕུར་གསུམ་མཁྱེན་ [177b] བརྩེའི་ཉེ་བརྒྱུད་ཀྱི་ལས་བྱང་།   བཀའ་སྲུང་མ་མགོན།   དབང་ཆོག    །   ཚེ་སྒྲུབ་ཡང་གསང་འཆི་མེད་གྲུབ་པའི་སྒྲུབ་ཐབས།   དབང་ཆོག་རྣམས་འཇམ་མགོན་གསུང་།   རཏྣའི་ཡང་དག་ཐུགས་སྒྲུབ།   ཤེར་འོད་གྲོལ་ཏིག་ཡང་དག་ཐིག་ལེ་གཅིག་མ།   ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོའི་སྐོར་རྣམས་གཏེར་གཞུང་།   ཁྲིད་ཡིག་སྐོར།   དཀྱིལ་ཆོག་དང་།   སྒྲུབ་ཐབས།   སྦྱིན་སྲེག་བཅས་ཉིད་ཀྱི་གསུང་།   བསྙེན་ཡིག་འཇམ་མགོན་གསུང་།   མཁྱེན་བརྩེའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གཏེར་གཞུང་།   བརྒྱུད་འདེབས་མཆོག་གླིང་གསུང་།   རྒྱུན་ཁྱེར་མཁྱེན་བརྩེ་ཉིད་ཀྱི་གསུང་།    དབང་ཆོག་འཇམ་མགོན་གསུང་།   སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གཏེར་གཞུང་།   ཕྲིན་ལས།   དབང་ཆོག་བཅས་འཇམ་མགོན་གསུང་།   མཆོག་གླིང་ཟབ་བདུན་ལྕགས་བྱང་མའི་མཆོག་གྲུབ་བྱང་མའི་མཆོག་གྲུབ་ཀྱི་ཟབ་པ་ཡང་དག་ཐུགས་ཀྱི་སྙིང་པོ་གཏེར་གཞུང་།   བརྒྱུད་འདེབས་འཇམ་མགོན་གསུང་།   ཕྲིན་ལས་གཏེར་གཞུང་།   སྨན་མཆོད་འཇམ་མགོན་གསུང་།   སྐོང་ཆོག་གཏེར་གཞུང་།    [178a] སྨིན་བྱེད།   ཚེ་སྒྲུབ་དབང་ཆོག་བཅས་འཇམ་མགོན་གསུང་།   ཟངས་བྱང་མའི་ཡང་དག་སྒྲུབ་པ་མན་ངག་གཅིག་དྲིལ།   ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་མངོན་རྟོགས་བཅས་གཏེར་གཞུང་།   ཁ་སྐོང་མཆོད་ཕྲེང་།   དབང་ཆོག་ཚ་བ་རིན་རྣམ་གསུང་བཅས།   

ས༽ ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་མཁྱེན་བརྩེའི་གསུང་། དབང་ཆོག་གཏེར་སྲས་ཚེ་དབང་ནོར་བུའི་གསུང་། གསང་ཐིག་ཡང་དག་ཕྱག་རྒྱ་གཅིག་པའི་གཏེར་གཞུང་། ཚོགས་མཆོད། གཏོར་དབང་བཅས་འཇམ་མགོན་གསུང་རྣམས་སོ། །

༈    །   གསུམ་པ་རྗེས་འབྲེལ་ཐུགས་ཀྱི་རིགས་ཕྱག་རྡོར་སྐོར་ལ།   གྲྭ་པ་མངོན་ཤེས་ཀྱི་ཕྱག་རྡོར་དམར་པོའི་སྒྲུབ་དཀྱིལ་ཏཱ་ར་ནཱ་ཐའི་གསུང་།   རྒྱུན་ཁྱེར་མཁྱེན་བརྩེའི་གསུང་།   སྒྲུབ་ཐབས་སྒོམ་ལུང་འཇམ་མགོན་གསུང་།   གུ་རུ་ཤཱཀྱ་འོད་ཀྱི་ཕྱག་རྡོར་རྡོ་རྗེ་མེ་འབར་མཁྱེན་བརྩེའི་ཡང་གཏེར་ཉེ་བརྒྱུད་གཏེར་གཞུང་།   ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་།   ཆོས་དབང་སྒྲུབ་ཡིག་ཐོར་ [178b] བུ་བཅོ་བརྒྱད་ཀྱི་ནང་ཚན་བླ་མ་གསང་འདུས་ཐེམ་མེད་གཏུམ་པོ་སེང་སྒྲོག་མེ་ལྕེ་ཕྲེང་བ་གཏེར་གཞུང་།   བརྒྱུད་འདེབས་ལྕགས་ཟམ་བདུན་པ་ཡེ་ཤེས་ལྷུན་གྲུབ་ཀྱི་གསུང་།   ལས་བྱང་དང་དབང་ཆོག་ཁྲ་ཚང་བ་བློ་གྲོས་མཆོག་ལྡན་གྱི་གསུང་།   རྒྱུན་ཁྱེར་མཁྱེན་བརྩེའི་གསུང་།   བསྙེན་ཡིག་ཡེ་ཤེས་ལྷུན་གྲུབ་གསུང་།   ལས་འབྲེལ།   རྡོར་གླིང་།   པད་གླིང་གསུམ་འདུས་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ལས་བྱང་།   དབང་ཆོག     །   བསྙེན་ཡིག་བཅས་འཇམ་མགོན་གསུང་།   ཀླུ་ཆོག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་།   ཀླུ་གཏོར་སྨིན་གཏེར་གསུང་།   སངས་གླིང་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་གཏེར་གཞུང་།   ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་།   རཏྣའི་རྟ་གསང་ཐུགས་སྒྲུབ་གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་གཏེར་གཞུང་།   རྒྱུན་ཁྱེར།   དབང་བསྐུར་འཇམ་མགོན་གསུང་།   པད་གླིང་ཕྱག་རྡོར་གཏུམ་པོའི་ལས་བྱང་།   དབང་བཅས་གཏེར་གཞུང་།   དབང་ཆོག་པད་གླིང་བརྒྱད་པ་བསྟན་པའི་ཉི་མའི་གསུང་།   གར་དབང་ཞིག་གླིང་གི་ཕྱག་རྡོར་སྟོབས་པོ་ཆེའི་ [179a] གཏེར་གཞུང་།   བརྒྱུད་འདེབས་ཉིད་ཀྱི་གསུང་།   རྒྱུན་ཁྱེར་སྨིན་གཏེར་གསུང་།   ཕྲིན་ལས་དབང་ཆོག་འཇམ་མགོན་གསུང་།   ཟུར་མཁར་ཟླ་བའི་འོད་ཟེར་གྱི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་ཆ་ལག་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་ལས་བྱང་།   དབང་བསྐུར།   སྡེ་ལྔའི་མཆོད་ཕྲིན་བཅས་གཏེར་གཞུང་།   གཟའ་ཀླུའི་དུག་དབྱུང་ནག་འགྲོས་མ་རྣམས་སོ།   །
༈      །   བཞི་པ་བདུད་རྩི་ཡོན་ཏན་གྱི་སྐོར་ལ།   དངོས་དང་།   ཆ་མཐུན་གཉིས།   དང་པོ་བདུད་རྩི་སྨན་དངོས་ལ།   གཡུ་ཐོག་ཡོན་ཏན་མགོན་པོའི་སྙིང་གི་སྔོན་འགྲོ་ཕྱི་གཏོར།   གསང་སྒྲུབ་ཕྲིན་ལས།   བཀའ་སྲུང་སྡེ་དགུའི་རྒྱུན་གསོལ་བཅས་འཇམ་མགོན་གསུང་།   སྙིང་ཐིག་གསོལ་འདེབས་དང་།   བླ་སྒྲུབ་རྒྱུན་ཁྱེར་ཆགས་མེད་གསུང་།   ཕྱི་ནང་གསང་གསུམ་གྱི་ཟིན་བྲིས།   རྩ་དབང་རྒྱས་པ།   དོན་དབང་བཅས་འཇམ་མགོན་གསུང་།   

ཧ༽ ། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་དབང་བསྐུར། ལྷ་སྨན་མཆད་གསུམ་གྱི་སྒྲུབ་ཐབས་རྗེས་གནང་། དྲང་སྲོང་སེར་སྐྱ་སྤུན་གསུམ་གྱི་རིག་གཏད་རྣམས་ [179b] འཇམ་མགོན་གསུང་། རྩ་བའི་སྒྲུབ་ཐབས་ཆགས་མེད་གསུང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་ཆོས་གྲགས་གསུང་ལ་འཇམ་མགོན་གྱི་ཁ་སྐོང་ཅན། ཞང་བློན་གཏོར་བསྔོས་བསྡུས་པ་དཀོན་མཆོག་ཕྲིན་ལས་བཟང་པོའི་གསུང་། དབང་བསྐུར་འཇམ་མགོན་གསུང་། མཆོག་གླིང་དག་སྣང་དགོངས་གཏེར་ཟུང་འབྲེལ་འཆི་མེད་བི་མའི་སྙིང་ཐིག་གི་བླ་སྒྲུབ་གཏེར་གཞུང་། མཁའ་འགྲོ་སེང་གདོང་ཕྲིན་ལས། ཡེ་ཤེས་གསང་ལམ་སོགས་གདམས་ཁྲིད་སྐོར་རྣམས་གཏེར་གཞུང་། སྒྲུབ་ཐབས་དབང་བསྐུར་ཉིད་ཀྱི་གསུང་། མཁྱེན་བརྩེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོ་གཏེར་གཞུང་། ལས་བྱང་། སྐོང་བཤགས། དབང་ཆོག་བཅས་འཇམ་མགོན་གསུང་། རྡོར་འབུམ་ཆོས་ཀྱི་གྲགས་པའི་འཆི་མེད་བདུད་རྩི་བུམ་ཆེན་གྱི་གཏེར་གཞུང་། དཀར་ཆག ། བདུད་རྩི་བུམ་ཆུང་བཅས་གཏེར་གཞུང་། ལྷ་སྒོམ། ཛཔྲ་དགོངས། དབང་ཆོག ། སྦྱིན་སྲེག་བཞི་བྱང་བདག་གསུང་། སྲུང་བ་རྡོ་ [180a] རྗེའི་ཁྲབ་རིང་གི་ལག་ལེན་མཁྱེན་བརྩེའི་གསུང་། རྒྱུན་ཁྱེར། དབང་ཆོག་བཅས་འཇམ་མགོན་གསུང་། ར་མོ་ཤེལ་སྨན་ཡེ་ཤེས་ཞབས་ཀྱི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་མཁྱེན་བརྩེའི་ཡང་གཏེར་གྱི་བླ་སྒྲུབ་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་། ཡང་གཏེར་རྡོ་རྗེ་བདུད་རྩིའི་སྒྲུབ་ཐབས། ལས་ཚོགས་སྔགས་སྲུང་མའི་སྒྲུབ་ཐབས་བཅས་གཏེར་གཞུང་། བརྒྱུད་འདེབས་འཇམ་མགོན་གསུང་། ཨ༽ རྩ་བ་དང་ཡན་ལག་གི་དབང་བསྐུར་། ཡན་ལག་ལྷ་གསུམ་གྱི་བྱིན་རླབས། སྔགས་སུ་མའི་སྲོག་གཏད། སྒྲུབ་པའི་ཁོག་དབུབ། ཡན་ལག་ཟིན་བྲིས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་བཅས། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བདུད་རྩི་སྨན་སྒྲུབ་ཀྱི་དབང་ཆོག ། ལེགས་ལྡན་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་ལས་བྱང་། བསྙེན་པའི་དབང་རིམ་རྣམས་འཇམ་མགོན་གསུང་། བསྙེན་ཡིག་པད་ཕྲིན་གསུང་། ཚེ་འཁོར་སོགས་ཉེར་མཁོ། མཁྱེན་བརྩེའི་སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་གཏེར་གཞུང་། ཕྲིན་ལས་དབང་ [180b] བསྐུར་འཇམ་མགོན་གསུང་། དམ་རྫས་བདུད་རྩིའི་སྒྲུབ་ཐབས་སྨིན་གཏེར་གསུང་། ཞི་ཁྲོའི་སྔགས་བྱང་། ཉེར་མཁོའི་ཟིན་བྲིས་འཇམ་མགོན་གསུང་། ཆོས་དབང་བཀའ་བརྒྱད་གསང་རྫོགས་ཀྱི་སྨན་སྒྲུབ་ལས་ཚོགས་གཏེར་གཞུང་། སྨན་སྒྲུབ་མདོར་བསྡུས་བྱ་ཚུལ་མཁྱེན་བརྩེའི་གསུང་། མཆོག་གླིང་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་ཆ་ལག་སྨན་སྒྲུབ་བྱིན་འབེབས་འཇམ་མགོན་གསུང་རྣམས་སོ། །

༈     །   གཉིས་པ་བདུད་རྩིའི་སྐོར་དུ་ཕྱོགས་གཏོགས་ཆ་མཐུན་བཅུད་ལེན་གྱི་རིགས་ལ།   རྒྱ་བན་རྡོ་རྗེ་དབང་ཕྱུག་གི་འོད་ལྡན་རྟག་ངུའི་བཅུད་ལེན་སོགས་ལུགས་གསུམ་འདུས་པའི་གཏེར་གཞུང་།   རྟག་ངུའི་བཅུད་ལེན་སྦྱོར་བ།   རྒྱ་སྐད་ཅན།   ཀུན་སྤངས་ཟླ་འོད་ཀྱི་དབང་ལག་བཅུད་ལེན་གཏེར་གཞུང་།   ཆོས་དབང་གཏེར་ཁ་བདུན་པ་བཅུད་ལེན་ཅོང་ཞིང་མའི་གཞུང་།   ཆོས་དབང་ཤུག་འབྲུའི་བཅུད་ལེན་གཞུང་ཞལ་ཤེས་བཅས་བོ་དོང་པདྨ་གར་དབང་གསུང་བཅུད་ལེན་བརྒྱ་རྩའི་བེ་བུམ་ལས་ཕྱུངས་པ།   བྱང་གཏེར་དགོངས་པ་ཟང་ཐལ་གྱི་བདུད་རྩི་ཅོང་ཞིའི་བཅུད་ལེན་རྩ་གཞུང་།   ཕྱག་ལེན་དམིགས་ [181a] རིམ་བཅས།   མཁྱེན་བརྩེའི་རྗེས་དྲན་སེང་གདོང་དཀར་མོའི་ཤུ་དག་དཀར་པོའི་བཅུད་ལེན་གཏེར་གཞུང་།   རླུང་གི་བཅུད་ལེན་གྲུབ་ཆེན་ཛ་ཧ་བཱི་རའི་གདམས་སྐོར་ལ་གསུམ་བྱུང་བའི་བཀའ་བབས་དང་པོ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་རྩ་གཞུང་ཁྲིད་ཡིག་སོགས།   རླུང་ཁྲིད་ལྷ་བཙུན་ངག་དབང་ཕུན་ཚོགས་གསུང་།   བཀའ་བབས་བར་པ་གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་རྩ་གཞུང་ཚིག་བཅད་མ།   ཁྲིད་ཡིག་དབང་ཕྱུག་རབ་བརྟན་གསུང་།   བཀའ་བབས་ཕྱི་མ་ཉི་ཟླ་ཀློང་གསལ་གྱི་ཟབ་ཆོས་འོད་ཕུང་རང་གྲོལ་གཏེར་གཞུང་།   སྨིན་བྱེད་འཇམ་མགོན་གསུང་རྣམས་སོ།   །

ཀི༽ ། ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྐོར་ལ། ཞི་བའི་ས་ཁོང་ཙམ་དུ་རྭ་སྟོན་སྟོབས་ལྡན་རྡོ་རྗེའི་སྟག་ཚང་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པ་རིགས་ལྔ་རྒྱན་གཅིག་གི་གཏེར་གཞུང་། གུ་རུ་ཆོས་དབང་གི་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲིའི་བརྒྱུད་འདེབས། སྐྱབས་སེམས་སྔོན་གཏོར། ལས་བྱང་རྣམས་སྨིན་གཏེར་གསུང་། རྒྱུན་གཏོར་གཏེར་གཞུང་། [181b] རྗེས་ཆོག ། རྒྱུན་ཁྱེར། སྒྲུབ་ཆེན་གསལ་བྱེད། གཏོར་ཟློག ། སྨད་ལས་རྡོ་རྗེའི་མེ་ཆར། གདབ་ཁ་དེ་ལས་ཁོལ་ཕྱུང་རྣམས་སྨིན་གཏེར་གསུང་། བསྙེན་ཡིག་དྷརྨ་ཤྲཱིའི་གསུང་། ལྷ་ཁྲིད་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། བྱང་གཏེར་ཕུར་པ་ལྕགས་ཁང་མ་དྲག་སྔགས་ལྷ་ནག་ཏུ་གྲགས་པ་སྤུ་གྲིའི་ཕྲིན་ལས། དབང་བསྐུར་བཅས་འཇམ་མགོན་གསུང་། སངས་གླིང་ཕུར་པ་ཐུགས་ཀྱི་སྙིང་ཁུའི་ཕྲིན་ལས་ལམ་ཁྱེར་གཏེར་གཞུང་། ཕྲིན་ལས། དབང་ཆེན་། དོན་དབང་བཅས་འཇམ་མགོན་གསུང་། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ཉིད་ཀྱི་གསུང་། ལས་བྱང་གཏེར་གཞུང་ལ་འཇམ་མགོན་གྱི་ཁ་སྐོང་ཅན། གསང་སྒྲུབ་རྫས་ཕུར་བྱིན་རླབས། དབང་ཆེན་བཅས་འཇམ་མགོན་གསུང་། ཁྲོ་བཅུ་སྲུང་མའི་དབང་མཚོན་འཁོར་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། པད་གླིང་ཕུར་པ་སྲོག་གི་སྤུ་གྲིའི་ལས་བྱང་ཉིད་ཀྱི་གསུང་། ཚེ་འགུགས་གཏེར་གཞུང་། དབང་ཆོག་པད་གླིང་བརྒྱད་པའི་གསུང་། བདུད་འདུལ་སྙིང་ཐིག་ཚེ་ཡང་ཕུར་གསུམ་ [182a] གྱི་ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་ཚོགས་མཆོད་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་ཕུར་ཆུང་གི་ཕྲིན་ལས་ཟློག་པ། ཟུར་འདེབས་བཅས་འཇམ་མགོན་གསུང་། ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ། དབང་ཆེན་བཅས་འཇམ་མགོན་གསུང་། ལྷ་དབང་དང་། ཕུར་བསྐྱེད་བཅས་གཏེར་གཞུང་། རྒྱུན་ཁྱེར། ཕུར་སྲུང་གསོལ་མཆོད། བསྙེན་ཡིག ། བཛྲ་ཀཱི་ལ་ཡའི་སྒོས་ལས་བྱང་དང་དབང་གི་བསྒྱུར་ཁའི་ཟུར་འདེབས་བཅས་འཇམ་མགོན་གསུང་། ཁི༽ ། མཁྱེན་བརྩེའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གཏེར་གཞུང་། ས་བཅད། བརྒྱུད་འདེབས། རྒྱུན་གྱི་རྣལ་འབྱོར་བཅས་ཉིད་ཀྱི་གསུང་། བསྙེན་སྒྲུབ་ཟིན་བྲིས། སྨིན་གྲོལ་འབོགས་པའི་ལག་ལེན་བཅས་འཇམ་མགོན་གསུང་། མཆོག་གླིང་ [182b] ཟབ་མདུན་མངོན་སྤྱོད་ཀྱི་ཟབ་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་མའི་བརྒྱུད་འདེབས་ཟླ་སྤྲུལ་ངེས་དོན་བསྟན་པ་རབ་རྒྱས་གསུང་། སྔོན་གཏོར། སྐྱབས་སེམས་ཡན་བདུན་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཁ་བསྒྱུར་བ། ལས་བྱང་། ཕུར་པ་བྱིན་རླབས་བཅས་གཏེར་གཞུང་། སྨན་མཆོད་ཟླ་སྤྲུལ་གསུང་། ཛཔྲ་ཁང་དབྱེ་ཞིང་བསྐུལ་བ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་ཁ་བསྒྱུར་བ། ཚེ་འགུགས་གཏེར་གཞུང་། སྨད་ལས་གཏོར་ཟློག་མཆོག་གླིང་ཉིད་ཀྱི་གསུང་། དབང་མཆོག་འཇམ་མགོན་གསུང་། གསང་ཐིག་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། ཚོགས་མཆོད། གཏོར་དབང་བཅས་འཇམ་མགོན་གསུང་རྣམས་སོ། །

༈    །   དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལ།   སྤྲུལ་སྐུ་ར་ཤག་ཆོས་འབར་བསོད་ནམས་རྡོ་རྗེའི་མ་མོ་སྒང་ཤར་མཁྱེན་བརྩེ་ལ་རིང་བརྒྱུད་ཉེ་བརྒྱུད་ཟུང་གི་བཀའ་བབས་པའི་བརྒྱུད་འདེབས།   ཕྲིན་ལས།   རྒྱུན་གྱི་ཕྲིན་ལས་སྙིང་པོ།   དབང་བསྐུར་རྣམས་འཇམ་མགོན་གསུང་།   མཁྱེན་བརྩེའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་གཏེར་གཞུང་།    [183a] མདོས་ཀྱི་ལས་འགྲིགས་ཉིད་ཀྱི་གསུང་།   སྒོ་དབྱེ།   ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་།   མཆོག་གླིང་ཟབ་བདུན་རྐྱེན་ཟློག་གི་ཟབ་པ་མངོན་རྫོགས་རྒྱལ་པོའི་བརྒྱུད་འདེབས་འཇམ་མགོན་གསུང་།   རྒྱུད་སོགས་གཏེར་གཞུང་།   གནས་གསུམ་བྱིན་རླབས་སོགས་ཕྲིན་ལས་ཁ་སྐོང་།   མདོས་བྱང་།   དབང་བསྐུར་རྣམས་འཇམ་མགོན་གསུང་།   བོ་དོང་ནམ་མཁའ་སངས་རྒྱས་མགོན་པོ་ལ་བ་རི་ལོ་ཙཱ་ནས་རིང་བརྒྱུད།   སེང་གདོང་དང་གུ་རུས་བསྩལ་བའི་ཉེ་བརྒྱུད་བཀའ་གཏེར་དག་སྣང་ཟུང་འབྲེལ་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་སྐོར་སངས་རྒྱས་མགོན་པོ་ཉིད་དང་།   པདྨ་གར་དབང་གི་རྩ་གཞུང་།   ཆགས་མེད་གསུང་སྒྲུབ་ཐབས་ལས་ཚོགས་རྗེས་གནང་སོགས་མཁྱེན་བརྩེའི་མན་ངག་གཅེས་བསྡུས།   ཁྲམ་ཤིང་དཔེའུ་རིས།   འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་སེང་གདོང་གཏོར་དབང་ཆགས་མེད་གསུང་།   ཀློང་གསལ་སྙིང་པོའི་སེང་ཧ་དམར་མོའི་གཏེར་གཞུང་།   ཕྲིན་ལས་སྲུང་ཟློག    །   བཀའ་གཏད་བཅས་འཇམ་མགོན་གསུང་།    [183b] ཆགས་མེད་ལ་རྨི་ལམ་དུ་མཁའ་འགྲོས་བསྩལ་བའི་སེང་གདོང་མཐིང་གའི་སྒྲུབ་ཐབས།   གཏོར་དབང་རྨི་ལམ་མ་ཉིད་ཀྱི་གསུང་།   མ་ཏི་རཏྣ་དང་སྟག་ཤམ་ཟུང་གི་བདུད་འདུལ་དྲག་མོ་དམར་ནག་གི་བྱིན་རླབས་གཅིག་འདུས་བརྒྱུད་འདེབས་སྟག་ཤམ་གསུང་།   ལས་བྱང་སྟག་ཤམ་གཏེར་གཞུང་།   གཏོར་འབུམ་ནམ་མཁའི་རྡོ་རྗེའི་གསུང་།   བཀའ་སྲུང་སྤྱང་ཞོན་གསོལ་ཁ་གཏེར་གཞུང་།   སྲོག་དབང་ཆེན་མོ་འཇམ་མགོན་གསུང་།   སྲུང་ཟློག་བསད་པའི་རྗེས་གནང་སྟག་ཤམ་གཏེར་གཞུང་།    དོན་དབང་འཇམ་མགོན་གསུང་།   བསྙེན་ཡིག   །   ཁྲིད་ཡིག་བཅས་ཆོས་གླིང་གསུང་ངོ་།   །

གི༽ རོལ་པའི་རྡོ་རྗེའི་ཕྱག་རྡོར་དྲེགས་འདུལ་གྱི་ཡུམ་བཀའ་སེང་གདོང་དམར་མོའི་ལས་བྱང་། ལས་བྱང་ཁོག་སྙིང་ལྷ་བསྐྱེད། སྨན་མཆོད། ཚོགས་འཁོར། སྐོང་བ། སྲུང་ཟློག་རྒྱུན་ཁྱེར་རྣམས་གཏེར་གཞུང་། རྗེས་གནང་གསལ་བྱེད། མཆོག་གླིང་དགོངས་གཏེར་བི་མའི་ཡང་གསང་མཁའ་འགྲོའི་ཕྲིན་ལས་གཏོར་ཟློག་བཅས་འཇམ་མགོན་གསུང་རྣམས་སོ། །

༈     །   བདུན་པ་ [184a] འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ།   སྡེ་དཔོན་སུམ་ཅུའི་གསོལ་མཆོད་ཆོས་དབང་བཀའ་བརྒྱད་གསང་རྫོགས་ལས་ཁོལ་ཕྱུང་།   ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་འཇམ་མགོན་གསུང་།   རོལ་རྡོར་གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ་བླ་མ་ཞི་བ་རྡོར་འཆང་ནས་ཁོལ་ཕྱུངས།   ཕྱི་སྒྲུབ་གཏེར་གཞུང་།   དབང་བསྐུར་འཇམ་མགོན་གསུང་།   མཆོག་གླིང་ཟབ་བདུན་མཆོད་བསྟོད་ཀྱི་གསང་བདག་དྲེགས་འདུལ་སྒྲུབ་ཐབས།   དབང་གཏེར་གཞུང་།   ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་།   མཆོད་བསྟོད་དྲེགས་པའི་སྒྲུབ་ཐབས།   མཆོད་བསྟོད་ཟུར་བྱང་།   དྲེགས་པའི་མཆོད་བསྟོད་ལྷ་དབང་བཅས་གཏེར་གཞུང་།   དབང་བསྐུར་འཇམ་མགོན་གསུང་རྣམས་སོ།   །
༈     །   བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ།   ཉང་གཏེར་དྲག་སྔགས་སྲིད་པའི་གཏེར་ཁྱིམ་རྩ་གཞུང་།   གཏེར་ཁྱིམ་སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད།   གཏེར་ཁྱིམ་རྒྱུན་གསོལ་བཅས་ཆོས་གྲགས་གསུང་།   དུ་གུ་བ་རིན་ཆེན་སེང་གེ་དང་གཙང་པ་རིང་མོ་ཤེས་ [184b] རབ་རིན་ཆེན་ཟུང་གི་དྲག་སྔགས་རྡོ་རྗེ་གཙུག་ལག་རྒྱུད་ཀྱི་རྒྱལ་པོ་གཏེར་གཞུང་མཆན་ཅན།   དེའི་ལས་བྱང་།   ཚོགས།   རྒྱུན་གསོལ་བཅས་ཆོས་གྲགས་གསུང་།   མཆོག་གླིང་ཟབ་བདུན་དྲག་སྔགས་ཀྱི་བརྒྱུད་འདེབས་ཀརྨ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེའི་གསུང་།   སྟོབས་ལྡན་དྲག་པོ་རྩ་སྒྲུབ།   མཆོད་ཕྲེང་བཅས་གཏེར་གཞུང་།   སྨན་མཆོད་ཐེག་མཆོག་རྡོ་རྗེའི་གསུང་།   བསྟོད་པ།   ལྷ་དབང་བཅས་གཏེར་གཞུང་།   དབང་བསྐུར་འཇམ་མགོན་གསུང་བཅས།   

ངི་༽ ། ངག་གི་རྡོ་རྗེའི་ཕྱག་རྡོར་དྲག་སྔགས་མའི་སྒྲུབ་ཐབས་གཏེར་གཞུང་། ཚེ་སྒྲུབ། དབང་བསྐུར། ཚེ་དབང་བཅས་འཇམ་མགོན་གསུང་། མཁྱེན་བརྩེའི་དག་སྣང་དྲང་སྲོང་ཞི་བའི་གདམས་སྐོར་སྒྲུབ་ཐབས་དབང་ལས་ཚོགས་བཅས་རྩ་གཞུང་། ཉང་གཏེར་ལོ་ཀྟིའི་རྩ་གཞུང་། ཆོས་དབང་ལོཀྟྲིའི་བརྒྱུད་འདེབས། ལས་བྱང་། ཁྲོ་བོའི་བསྟོད་པ། སྲུང་ཟློག་བསད་པའི་མན་ངག ། ཐུན་གཏོར། རྒྱུན་ཁྱེར་བཅས་སྨིན་གཏེར་གསུང་། ཆུ་གཏོར་ཆོས་གྲགས་གསུང་། གཏེར་སྲུང་མཆོད་པ་ལྔ་པའི་གསུང་ལས་ཁོལ་ཕྱུང་། འབྱུང་བཞིའི་ [185a] མཐའ་སྡུད་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། འགུགས་པ་རྟ་རྨིག་མ། སྲུང་ཟློག་གཏོར་ཟོར་ལས་རིམ། བསྙེན་ཡིག་བཅས་འཇམ་མགོན་གསུང་། རཏྣའི་གུ་དྲག་ལོཀྟྲིའི་ལོ་རྒྱུས་དང་སྒོམ་བཟླས་ཆགས་མེད་གསུང་། མཆོག་གླིང་ཟབ་བདུན་དྲང་སྲོང་ལོཀྟྲི་ཞི་དྲག་གི་སྒྲུབ་ཐབས་དབང་བཅས་གཏེར་གཞུང་། དྲང་སྲོང་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་རྣམས་སོ། །

༈     །   རྩ་བའི་གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྒྲུབ་པའི་སྐོར་ལ།   ཉང་རལ་ཉི་མ་འོད་ཟེར་གྱི་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལས་བྱང་དང་སྨོན་ལམ་དྷརྨ་ཤྲཱིའི་གསུང་།   སྨན་མཆོད།   ཆད་བརྟན།   རྗེས་མཆོད་བསྟོད།   སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག     །   མེ་དབང་དང་གཏུམ་མོ་ཞག་བདུན་མའི་ཁྲིད།   མགུར་ཚན་པ་གསུམ་དང་རས་འབུད་ལག་ལེན་རྣམས་དྷརྨ་ཤྲཱིའི་གསུང་།   མེ་མཆོད་ལྔ་པའི་གསུང་།   གནས་ལུང་རོ་བསྲེག་སྨིན་གཏེར་གསུང་།   ཚོགས་བསྡུས་ཨོ་ཌི་ཡ་ནའི་གསུང་ལས་ཕྱུང་བ།   བསྙེན་ཡིག    །   རྒྱུན་ཁྱེར་བཅས་ཕྲིན་ལས་ཆོས་སྒྲོན་ [185b] གསུང་།   བདུད་རྩི་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་དང་གསལ་བྱེད་བཅས།   དུར་ཁྲོད་བྱ་ཐབས།   དབང་བསྐུར་རྒྱས་པ་བཅས་འཇམ་མགོན་གསུང་།   ཆོས་དབང་སྒྲོལ་དཀར་ཚེ་སྒྲུབ།   ཆོས་དབང་དྷཱ་ཀི་གཙུག་རྒྱན་མཚོ་རྒྱལ་སྒྲུབ་ཐབས་ལེའུ་བཞི་པ་བཅས་གཏེར་གཞུང་།   ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས་མཁྱེན་བརྩེ་རིན་པོ་ཆེའི་ཡང་གཏེར་གྱི་དབང་བསྐུར།   གཏོར་དབང་།   ཕག་མོའི་ཕྲིན་ལས།   དཔའ་བོ་དཔའ་མོའི་སྒྲུབ་ཐབས།   མཆོད་སྐོང་།   ཚེ་སྒྲུབ།   ནོར་སྒྲུབ།   དབང་སྡུད།   ཟོར་ལས།   ཟབ་ཁྲིད་རྣམས་གཏེར་གཞུང་།   བརྒྱུད་འདེབས།   སྨན་མཆོད།   སྔོན་འགྲོ་དང་རིམ་གཉིས་རྒྱུན་གྱི་རྣལ་འབྱོར།   བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་གཏོར་འབུལ།   ཚོགས་སྐོང་འབྲིང་བསྡུས།   མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས།   འབྱུང་ལྔའི་སྐོང་གི་འགྲེས་བྱང་།   མཁའ་འགྲོའི་སྨྲེ་བཤགས་དྲི་མེད་བཤགས་རྒྱུད་ལས་ཁོལ་ཕྱུང་།   མཆོད་བསྟོད་ནོངས་བཤགས།   ལས་བྱང་དབང་སྒྲུབ་ཆེན་སོགས་ཀྱི་ཟུར་འདེབས་རྣམས་ [186a] འཇམ་མགོན་གསུང་།   ཉང་གཏེར་ཁྲོས་ནག་གི་བསྟོད་བསྐུལ་སྟོང་ཉིད་མ།   ཡོངས་རྫོགས་མདོས་སྐོང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་མཛད་པ།   ཚོགས་བསྡུས་གཏེར་གཞུང་བཅས་སོ།   །

ཅི༽ ། གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་གདན་དྲངས་པ་སླར་སྦས་ཤིང་། རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ཀྱིས་བཏོན་ནས་སླར་སྦས་པ་མཁྱེན་བརྩེའི་ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་གཏེར་གཞུང་། ཕྲིན་ལས་དབང་བསྐུར། སྒྲོལ་མ་གཡུལ་མདོས་བཅས་འཇམ་མགོན་གསུང་། སངས་གླིང་བླ་མ་དགོངས་འདུས་ཀྱི་མཁའ་འགྲོའི་ཕྲིན་ལས་ཚོགས་མཆོད་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རཏྣའི་རྟ་གསང་ཐེམ་མེད་མཚོ་རྒྱལ་སྐོར་གསུམ་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་། རྒོད་ལྡེམ་པས་སྤྱན་དྲངས་ཤིང་སླར་སྦས་པ་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་ཕག་མོ་ཟབ་རྒྱ་གཏེར་གཞུང་། གསོལ་འདེབས། ཕྲིན་ལས། དབང་ཆོག ། ཟབ་ཁྲིད་བཅས་འཇམ་མགོན་གསུང་། ཨེ་ [186b] སྤེལ་ལྕོག་པ་གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་ཡེ་ཤེས་འཁོར་ལོ་མཁྱེན་བརྩེའི་ཡང་གཏེར་གསང་ཆེན་ཐུགས་ཐིག་གཏེར་གཞུང་། བརྒྱུད་འདེབས། སྒྲུབ་ཐབས། དབང་བསྐུར་ལག་ལེན་བཅས་འཇམ་མགོན་གསུང་། གར་དབང་རྫོགས་ཆེན་གསང་བ་སྙིང་ཐིག་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གཏེར་གཞུང་། འདི་འོག་ཏུའང་བཞུགས། མཆན། རྩ་བ་དེ་ལ་བརྟེན་ཅིང་དག་སྣང་ཟུར་འབྲེལ་འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་དབང་ཆོག་ཚེ་དབང་ནོར་བུའི་གསུང་། བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཏེར་གཞུང་། ཚེ་དབང་འཇམ་མགོན་གསུང་། ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའ་ཕག་དམར་ཞལ་གཉིས་མའི་ལས་བྱང་རྩ་གཞུང་། སྨིན་བྱེད་མེ་དབང་བཅས་འཇམ་མགོན་གསུང་། གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིང་། གཅོད་ཡུལ་དཔའ་བོའི་ཐོལ་གླུ། གཅོད་ཀྱི་དགོངས་འགྲེལ་བཅས་རྩ་གཞུང་། སྨིན་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ [187a] གསང་བ་ཡེ་ཤེས་གཏེར་གཞུང་། དཀྱིལ་ཆོག ། དབང་། མེ་མཆོད་བཅས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། རྒྱུན་གྱི་ཉམས་ལེན་འཇམ་མགོན་གསུང་། ཆི༽ ། སྟག་ཤམ་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་མཚོ་རྒྱལ་ཚོགས་མཆོད་ལས་བྱང་། གསང་སྒྲུབ་ཁྲིད་ཡིག་ལས་ཚོགས་བཅས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཆོས་གླིང་བླ་མ་དྲག་པོའི་ཡུམ་བཀའ་ཁྲོས་མ་ནག་མོའི་སྒྲུབ་མཆོད་ཆ་ལག་བཅས་ཉིད་ཀྱི་གསུང་། རོལ་རྡོར་མཚོ་གཏེར་བླ་མ་རྒྱལ་འདུས་ཡུམ་བཀའ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། རྭ་སྟོན་ཐུགས་རྡོར་རྩ་གསུམ་དབང་ཆེན་འདུས་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་འཇམ་མགོན་གསུང་། འཇིགས་གླིང་ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་རྩ་སྒྲུབ་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། མཁྱེན་བརྩེའི་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲོལ་གཞུང་རྒྱས་པའི་རྩ་བ་རྡོ་རྗེའི་ [187b] ཚིག་རྐང་། བརྒྱུད་འདེབས་འཇམ་མགོན་གསུང་། ཕྲིན་ལས་གཏེར་གཞུང་། མཆོད་ཕྲེང་། སྨན་མཆོད་བཅས་འཇམ་མགོན་གསུང་། ཚེ་འགུགས་མཆོག་གླིང་གཏོར་གཞུང་། རྒྱུན་གྱི་རྣལ་འབྱོར་མཁྱེན་བརྩེ་ཉིད་ཀྱི་གསུང་། ཚོགས་བསྡུས། བདག་འཇུག ། རྒྱས་པའི་སྦྱིན་སྲེག ། རྩ་བའི་སྨིན་བྱེད། ཡང་ཟབ་ཚེའི་བྱིན་རླབས། ཐུན་མོང་ཚེའི་རྗེས་གནང་། བསྙེན་ཡིག་རྣམས་འཇམ་མགོན་གསུང་། དྷརྨ་ཤྲཱིའི་སྒྲོལ་མའི་མཎྜལ་བཞི་ཆོག་མཁྱེན་བརྩེའི་བཀླག་ཆོག་མ། མཆོག་གླིང་མཁའ་འགྲོ་དགོངས་འདུས་སྙིང་པོ་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱིའི་བར་ཆད་སེལ་བྱེད་སྒྲོལ་མ་འཇིགས་པ་ཀུན་སེལ་གཏེར་གཞུང་། དབང་ཆོག ། འཁོར་གྱི་ལྷ་བསྐྱེད། མཎྜལ་ཆོ་ག་བཅས་མཁྱེན་བརྩེའི་གསུང་། མཆོད་པ་རིན་ཆེན་སེམས་བཟུང་མོ་སྤྱོད་འཇུག་ལས་ཁོལ་ཕྱུང་། གཏོར་འབུལ་ཚེ་ནོར་སྒྲོལ་ཆོག་ལས་ཁོལ་ཕྱུང་། གནད་བསྐུལ་གསོལ་འདེབས་རཏྣའི་མཚོ་རྒྱལ་ནང་སྒྲུབ་ [188a] ལས་ཁོལ་ཕྱུང་། འགྲེས་བྱང་། མཆོག་གླིང་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏེར་གཞུང་། ཕྱི་སྒྲུབ་རིག་གཏད། ནང་སྒྲུབ་དབང་བསྐུར། གསང་སྒྲུབ་བྱིན་རླབས། དོན་ཁྲིད་བཅས་འཇམ་མགོན་གསུང་། མཆོག་གླིང་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྒྲུབ་སྐོར་གཏེར་གཞུང་། སྒྲུབ་ཐབས་ལྔའི་དབང་ཆིངས་འཇམ་མགོན་གསུང་། མཆོག་གླིང་མཁའ་འགྲོ་གསང་ཡེ་གཏེར་གཞུང་། ཕྲིན་ལས་ལས་ཚོགས་འཇམ་མགོན་གསུང་། ཞར་བྱུང་སྨིན་ལུགས་གཅོད་དབང་། གདན་ཐོག་གཅིག་མའི་མན་ངག ། དེའི་གདམས་ཁྲིད་དང་ཀེང་རུས་མེ་འབར་དམིགས་གནད་བཅས་སྨིན་གཏེར་གསུང་། ཁྲིད་ཡིག་དྷརྨ་ཤྲཱིའི་གསུང་རྣམས་སོ། ། ཇི༽ ། བཞི་པ་ཕྲིན་ལས་སྒྲུབ་པའི་བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་སྐོར་ལ། མགོན་པོ་ཕོ་རྒྱུད་དང་། ལྷ་མོ་སོགས་སྣ་ཚོགས་པ་གཉིས་ལས། དང་པོ་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལ། བཀའ་མ་རྒྱུད་མགོན་ལེགས་ལྡན་གྱི་སྒྲུབ་ [188b] ཐབས་རྒྱས་པ། སྒྲུབ་ཐབས་འབྲིང་པོ་བཅས་སྨིན་གཏེར་གསུང་། དབང་ཆོག་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་གསུང་། དེ་ལས་ཁོལ་ཕྱུང་དྲག་པོའི་རྗེས་གནང་། མཆོག་གླིང་ཟབ་བདུན་བཀའ་སྲུང་གཙོ་བོ་ལེགས་ལྡན་སྒྲུབ་ཐབས། ཕྲིན་ལས་རྣམས་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། དེའི་ལས་མགོན་སྲས་མཆོག་བེར་ནག་དང་རེ་ཏི་ཞལ་སྦྱོར་སྒྲུབ་ཐབས་གཏེར་གཞུང་། སྨིན་བྱེད་འཇམ་མགོན་གསུང་། ཉང་གཏེར་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གསང་ཁྲིད་གཏེར་གཞུང་། གོང་ནོན་ཡེ་ཤེས་པའི་སྒྲུབ་ཐབས། མདོས་ཆོག་བཅས་སྨིན་གཏེར་གསུང་། ཉང་གི་གཡུལ་མདོས་གཏེར་གཞུང་། ཟིན་བྲིས་སྒྲོན་མེ་སྐོར་གསུམ་གྱི་རྫས་གསོག་བཤམ་གྱི་ལག་ལེན། ཟུར་འདེབས་ལག་ལེན་བཅས་དྷརྨ་ཤྲཱིའི་གསུང་། མཆོག་གླིང་ཟབ་བདུན་ཕྱག་བཞི་པ་གཏེར་གཞུང་། དབང་བསྐུར་འཇམ་མགོན་གསུང་། གུ་རུས་འཁོན་ཀླུ་དབང་ལ་གནང་བ་བཀའ་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་འཇམ་མགོན་གསུང་། རྒྱ་པདྨ་དབང་ཕྱུག་གི་གུར་མགོན་ [189a] གཏེར་གཞུང་། མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་མགོན་པོ་ཕྱག་དྲུག་པ་གཏེར་གཞུང་། བཀའ་གཏད་འཇམ་མགོན་གསུང་། མཆོག་གླིང་ཕྱག་དྲུག་པ་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་གཏེར་གཞུང་། གཏོར་དབང་འཇམ་མགོན་གསུང་། གཙོ་བོ་ཆོས་དབང་དང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་རྣམས་ཀྱི་གཏེར་ཁ་གཅིག་འདུས་དཔལ་མགོན་མ་ནིང་གི་ལས་བྱང་སྨིན་གཏེར་གསུང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་མ་ནིང་ལས་བྱང་། བསྙེན་ཡིག་སྔགས་བཅས། བསྐང་གསོལ་ཆེན་མོ་བཅས་གཏེར་གཞུང་། སྲོག་དབང་ཆེན་མོ་འཇམ་མགོན་གསུང་། གཏོར་དབང་གཏེར་གཞུང་། ཕྲིན་ལས་མགོན་པོ་ཏྲཀ་ཤད་གནུབས་ཆེན་ནས་བརྒྱུད་པ་དྭགས་ལུགས། མ་ནིང་མ་པདྨའི་ལུགས་ཏེ་བཀའ་མ། འབྲོང་ཞལ་མ་དུང་རས་གཏེར་མ། བཀའ་གཏེར་ཟུང་འཇུག་སྐྱིད་དགའ་རབ་གཏེར་མ་ཤྭ་ནའི་ཞལ་ཅན་ཏེ་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་འཇམ་མགོན་གསུང་། ཉི༽ ། སྨིན་གཏེར་རིག་ [189b] འཛིན་ཐུགས་ཐིག་གི་བཀའ་སྲུང་དཔལ་མགོན་ཞལ་བཞི་གཏེར་གཞུང་། ལས་བྱང་། དྲག་གཏོར་བཅས་ཉིད་ཀྱི་གསུང་། གཏོར་དབང་འཇམ་མགོན་གསུང་། བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་མཆོད་ཕྲིན། སྐོང་བཤགས་བཅས་གཏེར་གཞུང་། དབང་ཆོག་པད་ཕྲིན་གསུང་། བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་གཏེར་མ་ཟུང་འཇུག་ཚོགས་བདག་ཁམས་བྱོན་མའི་མངོན་རྟོགས་གསང་བ་སྤུ་གྲི་ལྡི་རི་ཆོས་གྲགས་ཀྱི་གསུང་། སྔགས་འགྲིགས་བཻ་རོས་ལྡི་རི་ཆོས་གྲགས་ལ་གནང་བ། མཇུག་ཆོག ། གབ་ཐིག་འཁྲུགས་ཀྱི་མན་ངག་བཅས་ལྡི་རི་ཆོས་གྲགས་གསུང་། སྐོང་བསྡུས་ནམ་མཁའ་རིན་ཆེན་གསུང་མངའ་གསོལ་བཅས། སྨིན་བྱེད་འཇམ་མགོན་གསུང་། མཆོག་གླིང་ཟབ་མདུན་ཕུར་པའི་བཀའ་སྲུང་ཤྭ་ནའི་ཕྲིན་ལས་གཏེར་གཞུང་། གཏོར་དབང་འཇམ་མགོན་གསུང་། མཆོག་གླིང་ཆོས་སྐྱོང་དགོངས་འདུས་སྙིང་པོ་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། གར་དབང་ཞིག་གླིང་ཐུགས་ཆེན་འཁོར་བ་ལས་སྒྲོལ་གྱི་ [190a] སྲུང་མ་དཔལ་མགོན་ལྕམ་དྲལ་བདུན་ཅུའི་ལས་བྱང་། སྲོག་དབང་བཅས་གཏེར་གཞུང་རྣམས་སོ། །

༈     །   གཉིས་པ་ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་པའི་སྐོར་ལ།   སྡེ་བདུན་གྱི་སྐོང་གསོ་སྟོད་ལས་སྨད་ལས་དང་བཅས་པ་དངོས་གྲུབ་འབྱུང་གཏེར་ཀློང་ཆེན་པའི་གསུང་།   ནག་མོ་རལ་གཅིག་མའི་སྙིང་ཐུན་གསང་བའི་རྒྱུད།   རཏྣའི་རྟ་གསང་གི་སྔགས་སྲུང་མའི་ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་།   སྨིན་གླིང་རྡོར་སེམས་དང་ཨ་ཏིའི་སྔགས་སྲུང་མའི་ཕྲིན་ལས།   གཏོར་འབུལ།   རྗེས་གནང་བཅས་ཉིད་ཀྱི་གསུང་།   བཀའ་མ་སྤྱི་ལུགས་དང་།   པུ་རོང་པ་ཞང་བཙུན་དར་མ་རིན་ཆེན་གྱི་ཟབ་གཏེར་ཟུང་འབྲེལ་ཀཾ་ཚང་ལ་བཀའ་བབ་པ་ལྷ་མོ་རང་བྱུང་རྒྱལ་མོའི་གཞུང་མན་ངག་བེའུ་བུམ་གསེར་རྒྱ་ཅན་ལས་ཉེར་མཁོ་བཏུས་པ།   ཤེར་འོད་གྲོལ་ཏིག་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད།   སྲོག་དབང་།   གནམ་ཆོས་ཨ་ཕྱི་ཆོས་སྒྲོན་སྒྲུབ་ཐབས་བཅས་གཏེར་གཞུང་།   ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་མཁའ་འགྲོ་ཡང་ཏིག་རིན་ཆེན་ཤོག་འདྲའི་གཡུ་སྒྲོན་མའི་སྒྲུབ་ [190b] ཐབས་རྩ་གཞུང་།   གཡུ་སྒྲོན་མའི་ཕྲིན་ལས་སྨིན་གཏེར་གསུང་།   གནམ་ཆོས་གཡུ་སྒྲོན་མ་རིགས་དྲུག་གི་སྒྲུབ་ཐབས་དང་གསོལ་ཁ་གཏེར་གཞུང་།   གཡུ་སྒྲོན་མའི་གསོལ་མཆོད་བསྐང་བ་ཆགས་མེད་གསུང་།   ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད།   ཟུར་མང་སྙན་བརྒྱུད་ཀྱི་སྲོག་སྒྲུབ་མའི་མངོན་རྟོགས་རྗེས་གནང་བཅས།   གཟའ་བདུད་བསྐང་གསོལ་ཀུན་མཁྱེན་ཆེན་པོའི་གསུང་།   རཏྣའི་རྟ་གསང་གནོད་སྦྱིན་ཤན་པ་དམར་ནག་ཕྲིན་ལས་རྡོ་རྗེས་གནང་།   འཁོན་ལུགས་པུ་ཏྲ་མིང་སྲིང་གི་གཏོར་ཆོག་རྗེས་གནང་བཅས་འཇམ་མགོན་གསུང་།   ལྷ་བཙུན་བྱང་ཆུབ་འོད་ཀྱི་མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་ཀ་བཀོལ་མའི་གཞུང་།   ས་སྐྱའི་ཡང་ཕུར་བཀའ་སྲུང་དཀར་བདུད་སྒྲུབ་ཐབས་རྗེས་གནང་མཁྱེན་བརྩེའི་གསུང་།   སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་འཆི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས།   རྗེས་གནང་བཅས་ཉིད་ཀྱི་གསུང་།   རཏྣའི་ཐུགས་ཆེན་གསང་འདུས་ཀྱི་དམ་ཅན་མགར་དམར་གཏེར་གཞུང་།   ཀུན་སྐྱོང་གླིང་པའི་དམ་ཅན་མགར་ [191a] ནག་གི་རྒྱུད་གཏེར་གཞུང་།   ཀཾ་ཚང་དམ་ཅན་བེའུ་བུམ་ཕྱིང་ཁུག་ནག་པོ་ལས་གར་དབང་ལྔ་པ་དཀོན་མཆོག་འབངས་ཀྱི་གཅེས་བཏུས་རྩ་གཞུང་།   ཕྲིན་ལས་རྗེས་གནང་འཇམ་མགོན་གསུང་།   འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེའི་དམ་ཅན་རྡོར་ལེགས་གཏེར་གཞུང་།   རྗེས་གནང་འཇམ་མགོན་གསུང་།   མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་དམ་ཅན་ལྕམ་དྲལ་སྒྲུབ་ཐབས་དང་།   ཕྲིན་ལས་གཏེར་གཞུང་།   བཀའ་གཏད་འཇམ་མགོན་གསུང་།   ཤྭ་བན་རྒྱལ་སྲས་ལེགས་པའི་བདུད་མགོན་སེང་གདོང་གི་རྒྱུད་གཏེར་གཞུང་།   ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་སྒྲུབ་སྐོར་བེའུ་བུམ་དཀོན་མཆོག་འབངས་ཀྱི་གཅེས་བཏུས་བཅས།   

ཏི༽ ། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལས་བྱང་། སྔགས་བྱང་བཅས་གཏེར་གཞུང་། ལམ་ཁྱེར་ལས་བྱང་ཚེ་དབང་ནོར་བུའི་གསུང་། རྗེས་གནང་འཇམ་མགོན་གསུང་། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བཀའ་ [191b] སྲུང་དྲག་པོའི་སྡེ་བཞིའི་ལས་བྱང་གཏེར་གཞུང་། སྲོག་དབང་འཇམ་མགོན་གསུང་། ཉང་དང་པད་གླིང་སོགས་བཀའ་གཏེར་མན་ངག་ཟབ་བསྡུས་ཞིང་སྐྱོང་དུར་ཁྲོད་མ་མོའི་བེའུ་བུམ། དཔེའུ་རིས། ལས་བྱང་། སྐོང་མདོས་བཅས་སྨིན་གཏེར་གསུང་། གར་དབང་ཞིག་གླིང་གི་དགོངས་འདུས་ནོར་བུ་པད་ཕྲེང་གི་ཚེ་སྒྲུབ་རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་གཏེར་གཞུང་། མངོན་རྟོགས་དང་ལས་བྱང་ཉིད་ཀྱི་གསུང་། སྲོག་གཏད་འཇམ་མགོན་གསུང་། བརྟན་མ་བཅུ་གཉིས་མཆོད་ཚུལ་ས་ཆེན་ངག་དབང་ཀུན་དགའ་བློ་གྲོས་གསུང་། བརྟན་མའི་གསོལ་མཆོད་ཉུང་ངུ་སྨིན་གཏེར་གསུང་། ཉང་གི་སྐུ་ལྔའི་གསོལ་ཁ། ཕྲིན་ལས་དོན་བཅུ་མ་གཏེར་གཞུང་། མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ལས་གནོད་སྦྱིན་ཙིའུ་དམར་པོའི་གཏེར་གཞུང་། སྲོག་གཏད་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་། ཕྲིན་ལས་འཇམ་མགོན་གསུང་། བྱང་གཏེར་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་གཏེར་གཞུང་། བསྐང་གསོལ་ཉིད་ཀྱི་གསུང་། སྲོག་གཏད་རིན་ཆེན་རྣམ་རྒྱལ་གསུང་། [192a] སྒྲུབ་མཆོད་ཕྲིན་ལས་འཇམ་མགོན་གསུང་། བདུད་འདུལ་རྡོ་རྗེའི་རྨ་ཆེན་སྤོམ་རའི་གཏེར་གཞུང་། གནམ་ཆོས་སྤོམ་རའི་གཏེར་གཞུང་། གསོལ་མཆོད། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚེ་རིང་མཆེད་ལྔ་གཏེར་གཞུང་། གཏོར་འབུལ་འདོད་གསོལ། ཐུན་མང་གཏོར་དབང་བཅས་འཇམ་མགོན་གསུང་། བསྟན་སྐྱོང་སྡེ་དགུའི་ཕྲིན་ལས་དངོས་གྲུབ་རོལ་མཚོ། རྗེས་འབྲང་། གཏོར་མ་རུ་མཚོན་ཟུང་འཇུག་མན་ངག་རྣམས་སྨིན་གཏེར་གསུང་། མཆོག་གླིང་ཟབ་བདུན་རུ་མཚོན་འབུལ་ཆོག་གཏེར་གཞུང་། སྲུང་མའི་གྲིབ་སེལ་དྷརྨ་ཤྲཱིའི་གསུང་། སྨིན་གཏེར་སྔགས་སྲུང་མའི་འཁྲུགས་སྐོང་འགྱུར་མེད་པདྨ་དབང་རྒྱལ་གསུང་། འཁྲུག་སྐོང་རྒྱུན་ཁྱེར་ཆགས་མེད་གསུང་། རོལ་རྡོར་བྲག་གཏེར་འཁྲུགས་སྐོང་རྣམས་སོ། །རྗེས་འབྲེལ་དགོས་དབང་ཁྱད་པར་ཅན་དང་འབྲེལ་བར་བཞག་པ་པད་འབྱུང་རྣམ་ཐར་བོན་ལུགས་མཁྱེན་བརྩེའི་གསུང་། རྡོ་རྗེ་གླིང་པའི་ཡབ་སྲས་བཅུད་དྲིལ་གཏེར་གཞུང་དང་། ལས་བྱང་། ཚོགས། དབང་ཆོག་ [192b] གཡུང་དྲུང་བསྟན་རྒྱལ་གསུང་། སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཁ་ཚར་དང་གེགས་སེལ་གཏེར་གཞུང་བཅས། ཐི༽ ། ཀུན་གྲོལ་ལས་འཕྲོ་གླིང་པའི་རྩ་རླུང་མཁའ་འགྲོའི་གསང་མཛོད་ཆེན་མོའི་སྔོན་རྗེས་ཚིག་བཤད། ས་གཅོད་སོགས་གཏེར་གཞུང་ཡོངས་རྫོགས། མཁྱེན་བརྩེའི་རྗེས་དྲན་ཚེ་སྒྲུབ་བཻ་རེའི་ཐུགས་ཏིག་གཏེར་གཞུང་། བརྒྱུད་འདེབས། ཕྲིན་ལས་དབང་བསྐུར། མཆོག་གླིང་བོན་སྲས་དབང་དྲག་འབར་བ་གཏེར་གཞུང་། བརྒྱུད་འདེབས་བླ་ཁྲི་རྒྱལ་པོ་གཡུང་དྲུང་གསུང་། མཆོག་གླིང་རྨ་རྒྱལ་སྤོམ་ར་གཏེར་གཞུང་། དེ་གཉིས་ཀའི་དབང་དང་བཀའ་གཏད་ཀྱི་གསལ་བྱེད་འཇམ་མགོན་གསུང་རྣམ་སོ། །

༈    །   གཉིས་པ་ཡན་ལག་ལས་ཀྱི་ཆོ་ག་ལ།   བསྙེན་སྒྲུབ་ཀྱི་ཆོ་ག་སྤྱི་དང་།   བྱེ་བྲག་ལས་རབ་འབྱམས་སུ་སྒྲུབ་པ་གཉིས།   དང་པོ་བསྙེན་སྒྲུབ་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལ།   སྨིན་བྱེད།   བསྙེན་སྒྲུབ།   གཏོར་འབུལ།   ཚོགས་སྐོང་།   རབ་གནས།   གནས་ལུང་།   སྦྱིན་སྲེག་དང་བདུན།   དང་པོ་ལམ་གྱི་རྩ་བ་སྨིན་བྱེད་དབང་དང་ [193a] འབྲེལ་བ་ལ།   གསར་རྙིང་སྤྱི་འགྲོའི་དབང་བཤད་དྷརྨ་ཤྲཱིའི་གསུང་།   གནམ་ཆོས་གཟུངས་དབང་།   གནམ་ཆོས་བཀའ་སྲུང་སྤྱིའི་བཀའ་གཏད་བཅས་ཆགས་མེད་གསུང་།   ལྷ་སྤྱི་ལ་འཇུག་པ་སྐུ་གསུང་ཐུགས་དབང་མཁྱེན་བརྩེའི་གསུང་།   ཐུན་མོང་སྔོན་འགྲོའི་ཆོས་བཤད་སྨིན་གཏེར་གསུང་།   སྐྱབས་སྡོམ་འབོགས་ཆོག་ཆགས་མེད་གསུང་།   དབང་བསྐུར་སྤྱིའི་ལག་ལེན་འཇམ་མགོན་གསུང་རྣམས་སོ།   །

གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། ཉང་གི་ལས་ཚོགས་སྤྱི་ཆིངས་ནོར་ཕྲེང་། ཉང་གི་མན་ངག་གསེར་ཐུར། ཀློང་གསལ་རྡོ་རྗེ་སྙིང་པོའི་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས། གནམ་ཆོས་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས། སངས་གླིང་བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱོར་རྣམས་གཏེར་གཞུང་། བསྙེན་སྒྲུབ་སྤྱི་གཅེས་ཡིག་ཆུང་འབྲི་གུང་ཆོས་གྲགས་གསུང་། བསྐྱེད་རིམ་བསྙེན་སྒྲུབ་མཚམས་ཀྱི་སྤྱི་གནད་འཇམ་མགོན་གསུང་། རོལ་རྡོར་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་གསང་སྔགས་སྤྱི་ཆིངས་ལས་སྒྲུབ་པ་ [193b] སྤྱིའི་ཁོག་དབུབ། གནད་ཀྱི་ཞལ་གདམས་ཟུར་བཀོལ། སྒྲུབ་པ་ལས་བྱང་སྤྱི་གཅེས། རྩ་གསུམ་བླ་རྡོ་སྲོག་ཏིག ། རྫས་མཆོག་བྱ་ཐབས་རྣམས་གཏེར་གཞུང་། དམ་རྫས་རཀྟའི་སྒྲུབ་ཚུལ། སིནྡྷུ་ར་སྒྲུབ་པའི་མན་ངག་བཅས་མཁྱེན་བརྩེའི་གསུང་། སྲུང་མའི་དབང་པོ་རྗེས་འབྲང་བཅས་ཀྱི་སྲོག་འཁོར་བླ་རྡོར་མན་ངག་སྨིན་ལུགས་བློ་གསལ་རྒྱ་མཚོའི་གསུང་ལ་འཇམ་མགོན་གྱི་ཁ་སྐོང་ཅན། བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་སྤྱི་ལ་ཉེར་མཁོའི་སྒྲུབ་མཆོད་སྐོང་རྫས་གསལ་བྱེད་འཇམ་མགོན་གསུང་། ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དམ་སྲི་མནན་པ། བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་ཐེམ་མེད་བྱུར་སྲི་དམ་སྲི་མནན་པ། གནམ་ཆོས་མ་ཧཱ་བ་ལའི་སྒྲུབ་ཐབས་རྣམས་གཏེར་གཞུང་། དེའི་འདོན་ཆ་ཆགས་མེད་གསུང་། གོད་མནན་རི་རབ་སྟོབས་བརྗིད། ནོར་ལྷ་སྤྱིའི་སྒབ་འདྲེ་མནན་པ་པད་གླིང་གཏེར་མ་དང་། རྙིང་མ་བཀའ་མའི་གཤིན་རྗེ་གསལ་ཤིང་ནག་པོའི་རྒྱུད་ལས་བཏུས་པ་མཚོན་འཁྲུགས་ཕུང་སྲི་མནན་པ་མགར་སྟོན་འབུམ་མེའི་ཕྱག་ལེན་མ་བཅས། དམ་ཅན་ཞིང་ [194a] སྐྱོང་གཉིས་ཀྱི་སྒབ་འདྲེ་མནན་ཐབས་ཆགས་མེད་གསུང་། རོལ་རྡོར་བྲག་གཏེར་གཏུམ་པོ་དྲེགས་འདུལ་ཐེམ་མེད་སྒབ་འདྲེ་མནན་ཐབས། ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒབ་འདྲེ་མནན་པ། རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་ལས་ཕྲན་ས་དཔྱད། རོལ་རྡོར་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་གསང་སྔགས་སྤྱི་ཆིངས་ཀྱི་སྒྲུབ་གནས་ས་དཔྱད་རྣམས་གཏེར་གཞུང་། ས་ཆོག་མདོར་བསྡུས་ཆགས་མེད་གསུང་། དི༽ ། ས་བདག་ལྟོ་འཕྱེ་བརྟགས་ནས་མཆོད་པའི་ཆོ་ག་འབྲི་གུང་ཆོས་གྲགས་གསུང་། རཏྣའི་གཏེར་ཕྲན་དཀྱིལ་འཁོར་འགྲེལ་ཆུང་གཞུང་། དཀྱིལ་འཁོར་སྤྱིའི་ཐིག་ཚོན་རྩ་བ་དང་། འགྲེལ་པ་དྷརྨ་ཤྲཱིའི་གསུང་། སངས་གླིང་བླ་མ་དགོངས་འདུས་ཀྱི་ཞྭ་ཆོས། རཏྣའི་རྟ་གསང་མན་ངག་བེ་བུམ་ཞྭ་བཟོ། རཏྣའི་ཐུགས་སྒྲུབ་ཡང་འདུས་རྩ་གསུམ་མཆོད་ཕྲེང་རྣམས་གཏེར་གཞུང་། མཆོད་ཕྲེང་བསྡུས་པ་འཇམ་མགོན་གསུང་། གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་། གནམ་ཆོས་ལྷ་མོ་སྤྱིའི་ལས་བྱང་བཅས་གཏེར་གཞུང་། རྩ་གསུམ་སྤྱིའི་ལས་བྱང་རོལ་རྡོར་གསུང་། མཆོག་གླིང་ཟབ་བདུན་གྱི་ [194b] ཕྲིན་ལས་སྤྱི་ལ་དགོས་པའི་སྔོན་འགྲོ་སྤྱི་ཆིངས། མཇུག་གི་སྤྱི་ཆིངས་བཅས་གཏེར་གཞུང་། རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་ཆེན་ཁོག་དབུབ། མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་ཁོག་བཅས་འཇམ་མགོན་གསུང་། ཉུལ་ལེ་བསྐྲད་པ་སྤྱི་འགྲོ་མཁའ་ཁྱབ་རྡོ་རྗེས་མཛད་པ། གནམ་ཆོས་ཀུན་ཐུབ་རྒྱལ་མོའི་སྒྲུབ་ཐབས། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་རིག་འཛིན་བྱིན་འབེབས། ནམ་མཁའི་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་ལས་བྱིན་འབེབས། རོལ་རྡོར་བྲག་གཏེར་སྒྲུབ་པའི་ལས་སྤྱིའི་བྱིན་འབེབས་རྣམས་གཏེར་གཞུང་། ཆོས་སྤྱོད་ལམ་རིམ་ཆེན་མོ་ཀློང་ཆེན་པའི་གསུང་། ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་སྒྲོན་དང་། ཐུན་དྲུག་བསླབ་བྱ་བཅས་དྷརྨ་ཤྲཱིའི་གསུང་རྣམས་སོ། །

༈     །   གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་ག་ལ།   རྩ་གསུམ་དམ་ཅན་སྤྱི་གཏོར།   ཉང་གི་བཀའ་བརྒྱད་བདེ་འདུས་སོར་བཞག་སྤྱི་འགྲོའི་གཏོར་མ་ཆ་གསུམ་བཅས་སྨིན་གཏེར་གསུང་།   ཆོས་དབང་མ་ནིང་།   མཁའ་རི།   གཏེར་སྲུང་སྤྱི་གསོལ་གསུང་རྒྱུན་མ་བཅས།   བྱང་གཏེར་ [195a] བཀའ་གཏེར་སྲུང་མའི་གསོལ་བསྡུས་དང་།   རྫོགས་ཆེན་བཀའ་སྲུང་མ་གཟའ་དམ་གསོལ་མཆོད་བཅས་གཏེར་གཞུང་།   དྲག་པོ་སུམ་བསྒྲིལ་ལས་ཀྱི་བྱང་བུ་ཚེ་ནོར་གསུང་།   དམ་ཅན་སྡེ་བདུན་གྱི་བསྐང་གསོལ་རཏྣ་གླིང་པའི་གསུང་།   རཏྣའི་འདུས་པ་སྐོར་བཞིའི་བཀའ་གཏེར་སྲུང་མའི་གསོལ་བསྡུས་ཆགས་མེད་གསུང་།   རྩ་གསུམ་གཏོར་འབུལ་རྩེ་ལེ་སྣ་ཚོགས་རང་གྲོལ་གསུང་།   གནམ་ཆོས་རྩ་གསུམ་སྤྱིའི་གཏོར་བསྔོས་དང་སྐོང་བཤགས།   གནམ་ཆོས་དཀར་གཏོར་བཅས་གཏེར་གཞུང་།   ཀློང་གསལ་བཀའ་གཏེར་སྲུང་མའི་གཏོར་འབུལ་ཛ་ཀ་སྤྲུལ་སྐུ་འཇིགས་མེད་ཀུན་བཟང་རྣམ་རྒྱལ་གསུང་།   ཐུགས་དམ་བསྐང་གཏོར་ཆགས་མེད་གསུང་།   སྟག་ཤམ་བཀའ་གཏེར་སྲུང་མའི་གཏོར་འབུལ་ཆོས་གླིང་གསུང་།   རོལ་རྡོར་བྲག་གཏེར་བཀའ་གཏེར་སྲུང་མའི་གཏོར་འབུལ་ཉིད་ཀྱི་གསུང་།   རྩ་གསུམ་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་མཆོག་གླིང་གསུང་།   རོལ་རྡོར་བྲག་གཏེར་བཀའ་གཏེར་སྲུང་མའི་གཏོར་འབུལ་ཉིད་ཀྱི་གསུང་།   རྩ་གསུམ་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་མཆོག་གླིང་གསུང་།   མཆོག་གླིང་ཟབ་བདུན་གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏེར་གཞུང་།   ཟུར་འདེབས་ཟླ་ [195b] སྤྲུལ་གསུང་།   གཏོར་འབུལ་རིག་འཛིན་དགའ་སྟོན་འཇམ་མགོན་གསུང་རྣམས་སོ།   །
༈     །   བཞི་པ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་འཁོར་ནི་རྩ་གསུམ་སོ་སོའི་ཕྲིན་ལས་དང་འབྲེལ་བ་ཇི་སྙེད་ཅིག་བཞུགས་པ་ལས།   འདིར་སྤྱིར་བཏང་ཤེར་འོད་གྲོལ་ཏིག་རང་ལུས་ཨ་ནུའི་ཚོགས་མཆོད་གཏེར་གཞུང་དང་།   བཟའ་ཚོགས་ཀློང་ཆེན་པའི་བླ་མ་ཡང་ཏིག་ལས་ཕྱུང་བ་བཅས།   ཚོགས་བརྒྱ་གཏོང་བའི་ལག་ལེན་སྨིན་གཏེར་གསུང་།   རྡོར་སེམས་ཚོགས་མཆོད་ཚེ་ནོར་གསུང་།   ཚིག་བདུན་ཚོགས་སྐོང་སི་ཏུ་པདྨ་ཉིན་བྱེད་གསུང་།   རིག་འཛིན་ཡོལ་མོ་བ་བསྟན་འཛིན་ནོར་བུས་མཁྱེན་བརྩེ་ལ་དག་སྣང་དུ་བསྩལ་བའི་ཚོགས་མཆོད་ཀ་ཕྲེང་མ་དང་།   རྩ་གསུམ་སྐོང་བསྡུས།   རྩ་གསུམ་ཚོགས་བསྡུས་བཅས་ཉིད་ཀྱི་གསུང་།   རྡོར་གླིང་བཀའ་འདུས་རྩ་གསུམ་སྤྱི་སྐོང་གཏེར་གཞུང་།   རྩ་གསུམ་སྤྱི་སྐོང་ཚེ་ནོར་གསུང་གཙུག་ལག་དགའ་བའི་ཁ་སྐོང་ཅན།   ཆོས་དབང་གསང་རྫོགས་དང་།   བྱང་གཏེར་རང་ཤར་ལས་བྱུང་བའི་ཞི་ཁྲོ་ནརག་དོང་སྤྲུགས་སྐོང་ [196a] བཤགས།   བརྗོད་མེད་དོན་བཤགས་དྲི་མེད་བཤགས་རྒྱུད་ལས་ཁོལ་ཕྱུང་།   ཤེར་འོད་གྲོལ་ཏིག་ཆོས་ཉིད་ཀྱི་ཀློང་བཤགས།   རོལ་རྡོར་བྲག་གཏེར་སྤྱི་ཆིངས་ཐེམ་མེད་སྐོང་བཤགས་བཅས་གཏེར་གཞུང་།   སྐོང་ཟིན་ལྡེ་མིག་གཏེར་དབོན་སངས་རྒྱས་གསུང་དང་།   ཟུར་རྒྱན་འཇམ་མགོན་གསུང་རྣམས་སོ།   །
༈      །   ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པ་ལ།   སྔ་འགྱུར་སྤྱིའི་རབ་གནས་ཆོ་ག་རྒྱས་པ།   ཡོན་བསྒོའི་གཏོང་ཐུན།   གཏོང་ཐུན་སྙིང་པོ།   རབ་གནས་ལག་ལེན་གསལ་བྱེད་རྣམས་སྨིན་གཏེར་གསུང་།   རབ་གནས་ཆོ་ག་བསྡུས་པ་མཁྱེན་བརྩེའི་གསུང་།   བདེ་གཤེགས་སྤྱི་བསྟོད།   རྫས་བརྒྱད་སྣ་བདུན།   ཀློང་གསལ་ཡེ་ཤེས་རབ་འབར་གྱི་ཨརྒྷའི་ཆོ་ག་གཏེར་གཞུང་རྣམས་སོ།   །

ནི༽ ༈ ། དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱངས་ཐག་གི་མན་ངག་ལ། འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཆོག ། གསུང་ཆོག་ཕུང་པོ་སྲེག་སྦྱོང་མཆོད་རྟེན་སཱཙྪ་སོགས་ཀྱི་ལག་ལེན་བཅས་འཇམ་མགོན་གསུང་། [196b] བར་དོའི་ཆོས་བཤད་ཐོས་གྲོལ། སྤྱིར་བཏང་གཤིན་པོ་རྗེས་འཛིན་ཆོ་ག་བཅས་སྨིན་གཏེར་གསུང་། ལྷན་ཐབས་རིགས་དྲུག་གནས་སྦྱོང་མདོར་བསྡུས། ཡི་དམ་སྤྱིའི་ཤི་ཤོག་གསོན་ཤོག ། གནམ་ཆོས་ཞི་ཁྲོའི་གསོན་བྱང་བཞུ་ཐབས་བཅས་ཆགས་མེད་གསུང་། བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ལས་གྲི་འཁྲོལ་དང་སྦུབས་བཤིག་གཏེར་གཞུང་། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྙན་བརྒྱུད་གྲི་སྲི་གཅོད་པའི་གདམས་པ་ཉིད་ཀྱི་གསུང་། རཏྣའི་ཐུགས་གསང་གི་གྲི་འཁྲོལ་ཆགས་མེད་གསུང་། གཤིན་པོ་འདྲེར་མི་འོང་པ་རྟ་མགྲིན་ཡང་གསང་གཞུང་པོད་ལས་ཕྱུང་བ། མཆོག་གླིང་ཟབ་བདུན་ཕུར་པའི་གྲི་འདུལ་གཏེར་གཞུང་རྣམས་སོ། །

༈    །   བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་ལ།   གསང་བ་སྤྱིའི་ཞི་རྒྱས་ཀྱི་སྦྱིན་སྲེག་ཆོ་ག་སྨིན་གཏེར་གསུང་།   དེ་ལ་དྲག་པོའི་བསྒྱུར་ཁ་མཁའ་ཁྱབ་རྡོ་རྗེས་མཛད་པ།   རཏྣའི་མེ་མཆོད་གཏེར་གཞུང་།   རྡོར་སེམས་རྫས་གཅིག་སྦྱིན་སྲེག་རྟ་མགྲིན་མགོན་པོའི་གསུང་།   བསྙེན་སྒྲུབ་ཁ་སྐོང་རྫས་གཅིག་ལས་བཞིའི་མེ་མཆོད།    [197a] གནམ་ཆོས་མེ་ལྷའི་བཀའ་གཏད།   སྦྱིན་སྲེག་སྤྱིའི་ལག་ལེན་བཅས་འཇམ་མགོན་གསུང་རྣམས་སོ།   །
༈    །   གཉིས་པ་བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ།   མཆོག་དང་།   དང་པོ་མཆོག་གི་ཕྲིན་ལས་ལ།   ཀུན་མཁྱེན་ཆེན་པོའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ་དབང་བཅས།   པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཏིག་གི་བཏགས་གྲོལ་རྒྱུད་དྲུག་དང་།   ཀུན་མཁྱེན་ཆེན་པོའི་མཁའ་འགྲོ་ཡང་ཏིག་གི་བཏགས་གྲོལ་མན་ངག་དབང་བཅས།   སངས་གླིང་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་གྱི་བཏགས་གྲོལ་དཀར་པོ་ཆིག་ཐུབ།   དེའི་ཙཀྲ་བྲི་བའི་ཡིག་ཆུང་བཅས་གཏེར་གཞུང་།   བཏགས་གྲོལ་དབང་བསྐུར་ལག་ལེན་འཇམ་མགོན་གསུང་།   དགོངས་འདུས་མཐོང་གྲོལ།   ཙཀྲ་བྲི་ཐབས་བཅས་གཏེར་གཞུང་།   ལག་ལེན་གསལ་བྱེད།   བཏགས་གྲོལ་རྒྱུད་རྒྱུན་ཁྱེར་བཀླག་ཐབས་སྤྱི་འགྲོ་བཅས་འཇམ་མགོན་གསུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུའི་རྡོར་སེམས་གསང་སྔགས་ཐོས་གྲོལ་དང་།   པད་འབྱུང་གི་པདྨའི་སྙིང་ [197b] པོའི་རྒྱུད་བཀླག་ཐབས་བཅས་མཁྱེན་བརྩེའི་གསུང་།   བླ་མ་ལོངས་སྐུའི་གྲོལ་བ་བཅུ་གཅིག་ལག་ལེན།   རིག་འཛིན་པདྨ་འབྱུང་གནས་ཀྱི་ངོ་མཚར་ཆོས་དྲུག་གི་ལག་ལེན།   དེའི་ཐོས་གྲོལ་ཁོལ་ཕྱུང་བཅས་འཇམ་མགོན་གསུང་རྣམས་སོ།   །
༈     །   གཉིས་པ་ཐུན་མོང་གི་ཕྲིན་ལས་ལ།   ལས་སྣ་ཚོགས་པ་དང་།   བྱེ་བྲག་སོ་སོར་བསྒྲུབ་པ་གཉིས།   དང་པོ་ལ།   འཁོར་ལོ་སྔགས་འབུམ།   ལེགས་ཉེས་མཚན་བརྟགས།   ཕན་གནོད་ཀྱི་ལས།   གནས་ཆེན་བྱིན་འབེབས།   བསང་གསུང་།   མདོས་གླུད་དང་དྲུག   །   དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་སྐོར་ལ།   ཆོས་དབང་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་གཏེར་གཞུང་།   འཁོར་ལོ་བྲི་ཐབས།   སངས་གླིང་བླ་མ་དགོངས་འདུལ་ཀྱི་སྲུང་འབུམ་བརྒྱ་རྩ་བརྒྱད་པ་གཏེར་གཞུང་།   ཞལ་ཤེས་དང་རབ་གནས་མཁྱེན་བརྩེའི་གསུང་།   སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱི་གཙུག་ལག་གཏོ་བཅོས་སྲུང་འཁོར་བརྒྱ་རྩ་བརྒྱད་པ་གཏེར་གཞུང་།   འཁོར་ལོའི་ཞལ་ཤེས།   བྲམ་ཟེ་སྡོམ་པ་བཟང་པོ་ནས་རིམ་བཞིན་ཟུར་ལ་བཀའ་བབས་པ་མཁའ་འགྲོའི་ཕན་བྱེད་རླུང་འཁོར་བཅོ་བརྒྱད་ [198a] རྙིང་ཕྱོགས་རིག་འཛིན་རྣམས་ཀྱི་ཕྱག་བཞེས།   འཁོར་ལོའི་དཔེའུ་རིས་བྲམ་ཟེ་ཉིད་ཀྱིས་མཛད་པ།   སྲུང་འཁོར་སྤྱིའི་རབ་གནས་སྨིན་གཏེར་གསུང་།   སངས་གླིང་བླ་མ་དགོངས་འདུས་ཀྱི་སྔགས་འབུམ།   རྡོར་གླིང་བཟླས་ཆོག་སྔགས་འབུམ་དཀར་པོ་རྡོ་རྗེའི་གོ་ཁྲབ།   དེའི་ལས་ཚོགས།   ཀློང་གསལ་ཡེ་ཤེས་རབ་འབར་སྔགས་འབུམ།   རྡོ་རྗེ་གླིང་པའི་ཟ་ཡིག་ནོར་བུའི་བང་མཛོད་རྣམས་གཏེར་གཞུང་།   དེའི་ཞལ་ཤེས།   གཏེར་ཁ་དུ་མ་ལས་བྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་།   མཁའ་འགྲོ་སྐུ་ལྔའི་ཡི་གེ་ནད་གདོན་ཀུན་ཕན་བཅས།   ཀློང་གསལ་ཡེ་འབར་གོས་སྔོན་ཅན་གྱི་ཟ་ཡིག་གཏེར་གཞུང་།   ཡང་རྗེ་ཨོ་རྒྱན་གླིང་པའི་རྟེན་འབྲེལ་ཡང་སྙིང་འདུས་པ་གཏེར་གཞུང་རྣམས་སོ།   །
༈     །   གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པ་ལ།   ཤོ་རྒྱལ་སྲས་ལེགས་པ་དང་པད་གླིང་ཟུང་གི་གཡུ་སྒྲོན་མ་གཏེར་གཞུང་པྲ་དབབ་པའི་མན་ངག་གསལ་བྱེད་བློ་གསལ་གསུང་བཅས།   ལག་ལེན་གར་དབང་རྒྱ་མཚོའི་གསུང་།   ཉང་གི་ཐུགས་ཆེན་འགྲོ་འདུལ་ཕྱག་བཞིའི་མངོན་ཤེས་ [198b] སྒྲུབ་པ།   སངས་གླིང་བླ་མ་དགོངས་འདུས་རྨི་ལམ་བརྟག་པ།   མར་མེ་བརྟག་པ།   རཏྣའི་ཐུགས་གསང་ཚེ་ཚད་དང་གར་སྐྱེ་བརྟག་པ་རྣམས་གཏེར་གཞུང་།   རྨི་ལམ་བརྟག་པ་ཆགས་མེད་གསུང་།   ཐང་རྒྱལ་སྙན་བརྒྱད་ལྷ་མོ་བརྒྱད་རྩིས་གཤོང་ཆེན་གྱི་ཁྱད་ཆོས་དང་།   གླུད་ཆོག་བཅས།   ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་བརྟག་བསྒྲིལ་མན་ངག་མཁྱེན་བརྩེའི་གསུང་།   གནམ་ཆོས་དགོངས་གཏེར་བརྟག་པ།   རཏ་ཕུར་སྙིང་དྲུང་བཙན་པོའི་མོ་པྲ་སྒྲུབ་ཟིན་ཆགས་མེད་གསུང་རྣམས་སོ།   །

པི༽ ༈ ། གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པ་ལ། བསྟན་གཉིས་གླིང་པའི་ཕྱོགས་བཅུ་མུན་སེལ་གཏེར་གཞུང་། གར་འགྲོ་མགོ་ཐོན། ལམ་གཏོར་བཅས་ཆགས་མེད་གསུང་། པདྨ་གླིང་པའི་གཤིན་རྗེ་ཁ་ཐུན། མུ་སྟེགས་གུ་ལང་། ཕྲ་མེན་ཕག་ཤ་སྟེ་ནག་པོ་སྐོར་གསུམ་། མན་ངག་བེ་བུམ་གསོན་འདྲེ་ཁ་ཆིངས་ནས་བསམ་གཏན་ཉལ་ཆོག་བར་ལས་ཕྲན་ཉེར་དགུ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་རྟ་མགྲིན་ལས་ཚོགས་བརྒྱ་རྩ་བརྒྱད་པ། བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་མན་ [199a] ངག་གཏེར་བུམ། ཆོས་གླིང་ཐུགས་ཆེན་ས་སྙིང་སྦས་གནས་འགྲིམས་པའི་ཆ་རྐྱེན་གུ་རུ་ཡིད་བཞིན་ནོར་བུ་རྣམ་བཞིའི་སྐོར་རྣམས་གཏེར་གཞུང་། ཀློང་གསལ་སྙིང་པོའི་རྒྱལ་མཚན་རྩེ་མོའི་ཕྲིན་ལས་དབང་སྐུར་འཇམ་མགོན་གསུང་རྣམས་སོ། །

༈     །   བཞི་པ་གནས་ཆེན་བྱིན་འབེབས་དང་འབྲེལ་བ་ལ།   བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་པ་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་།   བྱང་གླིང་དཔལ་རྒྱལ་མཚན་ཀུན་བཟང་ཐུགས་གཏེར་རྡོ་རྗེ་ལྟེ་སྐོར་སྒྲོན་མ་ལྔ་པ་བཀའ་ནན་རབ་བརྗིད་བཅས་གཏེར་གཞུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཁྲུས་ཆོག    །   བཀའ་ནན་རབ་བརྗིད་བཅས་ཉིད་ཀྱི་གསུང་རྣམས་སོ།   །
༈    །   ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་ལ།   ཉང་གི་གནམ་ས་སྣང་བརྒྱད་བསང་གཏེར་གཞུང་།   འགྲེས་བྱང་།   ཕུད་རབ་རྒྱས་པ་ཀུན་མཁྱེན་ཀློང་ཆེན་པའི་གསུང་།   སྔོན་རྗེས་ངག་འདོན་ཉུང་བསྡུས།   སྡེ་བརྒྱད་བཅོས་ཐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་གསུང་།   གཙུག་ལག་རྩིས་ཀྱི་ལྷ་རྣམས་མཆོད་ [199b] ཐབས་དྷརྨ་ཤྲཱིའི་གསུང་།   ཀློང་ཆེན་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དང་།   རྒྱལ་སྲས་ལེགས་པའི་རྒྱགས་བརྔན་བཅས་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་ཆོག་ཁྲིགས།   ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་རི་བོ་བསང་མཆོད།   སྟག་ཤམ་པདྨ་ཡོངས་གྲོལ་གྱི་རྩ་གསུམ་བསང་མཆོད།   མཆོག་གླིང་བླ་མ་དངོས་གྲུབ་རྒྱ་མཚོའི་བསང་བརྔན་བཅས་གཏེར་གཞུང་།   བརྔན་མདོས་བཅས་ཐབས།   གཞི་བདག་རྟེན་བཀོལ་གཏེར་གཞུང་།   ལག་ལེན་འཇམ་མགོན་གསུང་།   ཆོས་དབང་བླ་མ་གསང་འདུས་ཀྱི་ཁུངས་ལ་བརྟེན་པའི་གསུངས་མཆོད་སྨིན་གཏེར་གསུང་།   མཆོག་གླིང་དཀར་དམར་གསུར་མཆོད་སྨོན་ལམ་བཅས།   ཡང་དཀར་དམར་གསུངས་རྐྱང་།   དེ་གཉིས་ཐུགས་ཆེན་དང་ཐུགས་སྒྲུབ་ལས་ཕྱུངས་ཏེ་འཇམ་མགོན་གསུང་ངོ་།   །
༈     །   དྲུག་པ་འཕྲལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ།   གནུབས་ལུགས་བརྒྱ་བཞིའི་ཆོ་ག་སྨིན་གཏེར་གསུང་།   གང་ཞིག་མཚན་མོ་སོགས་ཉེར་མཁོ།   སངས་རྒྱས་བླ་མའི་སྣང་བརྒྱད་ཆོ་ག་ཆགས་མེད་གསུང་།   ར་ཤག་བསོད་ནམས་རྡོ་རྗེའི་ [200a] རཀྴ་མདོས་བཅུའི་གཞུང་།   སྟོད་འཕྱོང་དང་སྨད་འཕྱོང་བཅས་གཏེར་གཞུང་།   ཉང་གཏེར་བརྟན་མ་བཅུ་གཉིས་མདོས་ཆགས་མེད་གསུང་།   བརྟན་མའི་ཚོགས།   རཏྣའི་ཐུགས་སྒྲུབ་བརྟན་མའི་སུན་ཟློག་གཏེར་གཞུང་།   བརྟན་མདོས་ལག་ལེན་ཟིན་བྲིས་འཇམ་མགོན་གསུང་།   རྒྱལ་པོ་དྲུག་མདོས་གཞུང་དང་།   སྨད་འཕྱོང་།   བཅའ་ཐབས་བསྐྱེད་བསྟིམ་དང་།   སྟོང་འཕྱོང་ལྷན་ཐབས་རྒྱལ་སྲས་ལེགས་པའི་གསུང་བཅས།   ར་ཤག་དང་གྲྭ་སྒོམ་ཟུང་གི་གཏེར་བྱོན་རྒྱལ་པོ་དཀར་པོ་དྲུག་མདོས་ཁྱེར་བདེ།   ཆོས་དབང་ཁ་འབར་མ་དཀར་ནག་ཁྲ་གསུམ་གཏེར་གཞུང་དང་།   དཀར་མོའི་ལག་ལེན་བྱང་བདག་གསུང་།   དེ་གསུམ་ཀའི་གཏོ་ཆོག་ལག་ལེན་འཇམ་མགོན་གསུང་བཅས།   

ཕི༽ རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གླིང་བཞི་སྲིད་པའི་སྤྱི་མདོས་གཏེར་གཞུང་། ཟིན་བྲིས་ཆགས་མེད་གསུང་། བན་པོ་དྲག་རྩལ་གཏེར་མ་བཙན་མདོས། ཁྱུང་པོ་དཔལ་དགེའི་གཏེར་མ་མ་མོའི་མདོས། བྱང་བདག་དག་སྣང་གཙུག་ལག་སྣང་སྲིད་ [200b] སྤྱི་སྐོང་གི་མདོས་ཆོག་ཟིན་བྲིས་བཅས། ཀློང་གསལ་བདེ་གཤེགས་ཡོངས་འདུས་ཀྱི་སྲིད་པ་ཁོད་སྙོམས་མདོས། དེའི་གླིང་བཞི་སྤྱི་མདོས་བཅས་གཏེར་གཞུང་། ཟིན་བྲིས་སྦྱིན་པ་རྒྱལ་མཚན་གསུང་། ཡེ་ཤེས་རབ་འབར་བདུད་མོ་ཁྲག་རལ་མའི་མདོས་གཏེར་གཞུང་། ཟིན་བྲིས་ཀློང་གསལ་ཉིད་ཀྱི་གསུང་། གནམ་ཆོས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ། གནམ་ཆོས་ལས་ཧུར་དྲག་མོ་དང་སྐག་ཟློག་རྣམ་དགུ་བཅས་གཏེར་གཞུང་། ལས་ཧུར་དྲག་མོ་སྐག་ཟློག་རྣམ་དགུ་བཅས་ཀྱི་དབང་བསྐུར་བཀའ་གཏད་འཇམ་མགོན་གསུང་། མདོསགཞུང་ཆགས་མེད་གསུང་། ཧ་ས་གརྦྷའི་སྒྲུབ་ཐབས་བཀའ་གཏད་འཇམ་མགོན་གསུང་། མདོས་ཆོག་ཆགས་མེད་གསུང་། དབང་ཕྱུག་ཟོར་མདོས་བཀའ་གཏད་འཇམ་མགོན་གསུང་། མདོས་ཆོག་ཆགས་མེད་གསུང་། མ་མོའི་ཁྲག་མདོས་བཀའ་གཏད་འཇམ་མགོན་གསུང་། མདོས་ཆོག་ཆགས་མེད་གསུང་། རོལ་རྡོར་བྲག་གཏེར་གཏུམ་པོ་དྲེགས་འདུལ་གྱི་ལྷ་ཆོག ། ཀླུ་ཆོག་བཅས་གཏེར་གཞུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྡེ་བརྒྱད་ [201a] ཁེངས་མདོས་འཇམ་མགོན་གསུང་། གུ་རུ་ཇོ་ཚེའི་གཏེར་མ་ཤ་བརྒྱ་ཟན་བརྒྱ། ལག་ལེན་འཇམ་མགོན་གསུང་། གུ་རུ་བསྟན་གཉིས་གླིང་པར་རྨི་ལམ་དུ་བསྩལ་བའི་ཕྱུགས་གླུད་རྫོང་། ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་ལན་ཆགས་ཆུ་བསྒྱུར་གཞུང་ལག་ལེན་བཅས། བཀའ་གཏེར་གཞུང་སྤྱིར་སྦྱར་བའི་གླུད་ཆོག་སྨིན་གཏེར་གསུང་། གླུད་གཏོར་བསྡུས་པ་བརྒྱ་རྩ་གཏོང་ཐབས་ཆགས་མེད་གསུང་། རོལ་རྡོར་གཏུམ་པོ་དྲེགས་འདུལ་ལས་ཕྲན་དམ་སྲི་གླུད་མདོས། ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གདོན་གསུམ་མདོས། གྲིབ་གླུད། རྟ་གླུད། ཕྱུགས་གླུད། ཤི་འདྲེ་གླུད་བསྔོ་བཅས་གཏེར་གཞུང་རྣམས་སོ། །

༈     །   གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ལ།   སྲུང་བ།   ཞི་བ།   རྒྱས་པ།   དབང་།   དྲག་པོ་དང་ལྔ།   དང་པོ་སྲུང་བའི་ལས་ཀྱི་སྐོར་ལ་བར་ཆད་སྤྱི།   འབྱུང་བཞིའི་འཇིགས་པ།   ཡུལ་འཁོར།   སད།   སེར་བ།   མི་ཕྱུགས་དལ་ཡམས།   དུག   །   ཆོམ་རྐུན།    མཚོན་ཆ།   བཀའ་བསྒོ།   སྤྲིངས་ཡིག་དང་བཅུ་གཅིག་ལས།   

དང་པོ་ནད་གདོན་བར་ཆད་སྤྱིར་ [201b] སྲུང་བ་ལ། རྒྱ་ཕུར་བུའི་རྭ་སྲུང་དུག་ཁྲག་བུམ་ཐང་མ། རྭ་སྲུང་སྐྱེར་ཆུ་མ། བུམ་ལྕགས་ཐུན་མོང་རྫས་སྲུང་བུམ་ཐང་གཏེར་མ་དང་། རྩ་བརྒྱད་པའི་ཟིན་བྲིས་བཅས་། རྫས་སྲུང་ཞལ་གདམས་བུམ་ལྕགས་དབྱེ་བ་གསལ་བྱེད། བུམ་ལྕགས་ཐུན་མོང་གི་རྗེས་གནང་དབང་བསྐུར་བཅས་བྱང་བདག་གསུང་། རྭ་བན་ཆོས་དཔལ་བཟང་པོ་ནས་སྒྲོལ་མ་བ་ཆོས་རྒྱལ་བར་བརྒྱུད་པའི་རྭ་དོང་སྙན་བརྒྱུད་རྫས་སྲུང་། གྲྭ་པ་མངོན་ཤེས་ཀྱི་འགོ་བའི་ལྷ་ལྔས་སྐྱོབ་པའི་མན་ངག་གཏེར་གཞུང་། གསོལ་མཆོད་ལྔ་པ་དང་། གསོལ་མཆོད་བསང་ཅན་འཇམ་མགོན་གསུང་བཅས། ཉང་གཏེར་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ། ཉང་གཏེར་སྲུང་འཁོར་ཀུན་ཐུབ་ཆེན་མོ་ཕྱག་ལེན་མ། ཤིང་བུ་དྲུག་གི་སྒྲིབ་ཤིང་། སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་མ། ཞང་ཁྲོམ་ཡིག་རྒོད་ཉེར་གཅིག་གི་སྲུང་བ། རྫས་སྲུང་ནག་པོ་དགུ་སྦྱོར་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ནས་བཏུས་པའམ་འགའ་ཞིག་གིས་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པ། རྫས་ཆེན་བཅོ་བརྒྱད་སྦྱོར་ཐབས། ཡིག་སྣ་ངན་པ་དང་། ཐོད་ངན་ [202a] ཀུན་ཐུབ་གནུབས་སྟོན་ཀུན་དགའ་གྲགས་ཀྱི་གཏེར་མ། དཔེ་སྣ་ངན་པ་ཀུན་ཐུབ་ཆགས་མེད་གསུང་། སངས་གླིང་བླ་མ་དགོངས་འདུས་ཀུན་ཐུབ་དྲུག་གི་སྲུང་བ་གཏེར་གཞུང་། དཔེའུ་རིས། དགོངས་འདུས་སྐྱོབ་བྱེད་སྲུང་བའི་འཁོར་ལོ་དྲུག ། དཔེའུ་རིས། རཏྣའི་གུར་དྲག་ཉེས་སེལ་སྲུང་བ་དང་འཛུལ་ཆོག ། རྟ་གསང་རྟ་ནག་གི་ཡིག་སྣ་ཐོད་ངན་རྫས་ངན་ཀུན་ཐུབ། ཀློང་གསལ་ཡེ་ཤེས་རབ་འབར་གྱི་སྡེ་བརྒྱད་སྲུང་བ་སོགས་ཚན་དགུ་པ། ལྷ་འདྲེའི་སྤྱི་འདུལ་སྲུང་བ། སྡེ་བརྒྱད་གདོང་ཟློག ། ཀུན་འདུས་སྲུང་ཟློག་རྫས་སྲུང་། སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས། རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་དང་ཟ་ཡིག ། རྡོ་རྗེ་བརྩེ་གས་པ་སྲུང་བའི་ལས་རིམ། འཇིགས་པ་བརྒྱད་སོགས་སྲུང་བ། དཔེའུ་རིས། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར། གནམ་ཆོས་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བ་རྣམས་གཏེར་གཞུང་། གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོ་བོར་གྱུར་པ་སྲུང་བ་ཐོར་བུ་ཕྱོགས་བསྡུས་ཀྱི་བེའུ་བུམ་མཁྱེན་བརྩེའི་གསུང་རྣམས་སོ། །

༈    །   གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བ་ལ།   ཀུན་སྐྱོང་ [202b]   གླིང་པ་སོགས་གཏེར་ཁ་དུ་མའི་འབྱུང་བཞིའི་འཇིགས་སྲུང་ཟབ་བསྡུས་ཆོས་གྲགས་གསུང་།   ཆོས་དབང་གཏེར་མ་སོགས་ཤྭ་འུད་སྲུང་བ་ཆུ་བསྒྱུར་ཟབ་བསྡུས།   འཇིགས་གླིང་ཀློང་སྙིང་དག་སྣང་གྲུ་སྲུང་རྩ་གཞུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འབྱུང་བཞིའི་འཇིགས་སྲུང་འཇམ་མགོན་གསུང་རྣམས་སོ།   །
༈     །   གསུམ་པ་ཡུལ་འཁོར་སྲུང་བ་ལ།   གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཡུལ་འཁོར་སྲུང་གི་དམག་ཟློག་གཏེར་གཞུང་ལག་ལེན་བཅས།   གར་དབང་ཞིག་གླིང་དམག་ཟློག་ཉེར་ལྔའི་སྤྱི་རུ་ཟློག་ཐབས་ཀྱི་རིམ་པ་སྡེ་ཚན་དུ་བྱས་པ།   རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲེང་།   སྒོ་སྲུང་དང་འཕྲང་སྲུང་གི་གཏོར་ཆོག     །   དྲག་བསྐུལ།   མདོས་ཆོག་རྣམས་གཏེར་གཞུང་།   སྐོང་གསོལ་སོག་ཟློག་པའི་དག་སྣང་མར་གྲགས་པ།   རྒྱལ་ཆེན་མཆོད་ཐབས་གཏོར་ཟློག་མདོས་རྣམས་ཀྱི་ལག་ལེན་རིན་ཆེན་རྣམ་རྒྱལ་གསུང་།   སྲོག་དབང་འཇམ་མགོན་གསུང་།   ཀློང་གསལ་རྡོ་རྗེ་སྙིང་པོའི་ཡུལ་འཁོར་སྲུང་གི་མཆོད་རྟེན་ལས་འཇུག   །   ངག་གི་རྡོ་རྗེའི་ཕྱག་རྡོར་གཏུམ་པོའི་དམག་ཟློག་ [203a] རྒྱལ་ཆེན་སྡེ་བཞིའི་སྒྲུབ་ཐབས་གཏེར་གཞུང་རྣམས་སོ།   །
༈     །   བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ།   ཨ་ཙ་ར་དམར་པོས་ཉང་ཡེ་ཤེས་འབར་ལ་གནང་བ་རྡོ་འཁོར་གདམས་སྐོར།   ཨ་ཙ་ར་དམར་ཆུང་ལུགས་ཀྱི་ཐོག་སེར་སྲུང་བ།   བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་སེར་སྲུང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་བཅས་གཏེར་གཞུང་།   ཟིན་བྲིས་པད་ཕྲིན་གསུང་བཅས།   

བི༽ ། གནམ་ཆོས་སེར་སྲུང་ཁྲོ་བོ་རྡོ་རྗེ་མཆུའི་ལས་བྱང་། ཟིན་བྲིས་བཅས་ཆགས་མེད་གསུང་། ཐོག་སྲུང་མི་ཉག་གྲགས་འབྱུང་གཏེར་མ། གཟའ་ཐོག་རྦབ་གསུམ་སྲུང་བ་བ་རི་ལོ་ཙཱའི་ལུགས། ཆོས་དབང་། ལས་གླིང་ཐོག་སྲུང་སོགས་གཅེས་བསྡུས། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་བཅུའི་ནང་ཚན་ཆར་གཅོད་ཁྲོམ་ལྔ་ཕུ་བརྒྱད་མ་རྣམས་སོ། །

༈     །   ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་བ་ལ།   བྱང་གཏེར་ཐུགས་སྒྲུབ་སད་སྲུང་གཉིས།   ལོ་གླུད་བཅས་གཏེར་གཞུང་།   སད་སྲུང་མན་ངག་ཟབ་དགུ་བསྡུས་པ་བྲག་དམར་ཀུན་བཟང་བློ་གྲོས་གསུང་རྣམས་སོ།   །
༈     །   དྲུག་པ་མ་མོ་ [203b] འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ཀྱི་ནད་ཡམས་སྲུང་བ་ལ།   སྐལ་ལྡན་བྱིས་པས་གཉན་གག་ལྷོག་གཟེར་སྲུང་བ་གུ་གེ་ཆིག་དྲིལ་མན་ངག་ལག་ལེན།   སྔགས་བྱང་།   ཉང་གཏེར་རིམས་སྲུང་།   མཁའ་འགྲོ་དབུ་མས་གུ་རུ་རིན་པོ་ཆེར་ཕུལ་བའི་རིམས་སྲུང་།   བཛྲ་མ་ཏིའི་གཏེར་བྱོན་རྫོགས་ཆེན་མཁའ་ཀློང་འོད་འཕྲོའི་ཆ་ལག་རིམས་སྲུང་ཟབ་མོ་དང་།   དེའི་བསྒོམ་བཟླས་རྒྱུན་ཁྱེར།   སངས་རྒྱས་ཡིག་རྒོད་ཉི་ཤུས་རིམས་སྲུང་།   ཐང་རྒྱལ་ལ་ཕག་མོས་གནང་བའི་རིམས་སྲུང་།   ཀླུ་སྒྲུབ་ལུགས་ནག་པོ་དགུ་སྦྱོར་རྫས་སྔགས་བ་རི་ལུགས་སོགས་བཀའ་གཏེར་གཉིས་ལྡན།   གག་ལྷོག་གཉན་རིམས་སྲུང་བ་ལྷོ་བྱང་གཏེར་ཁ་གཉིས་ལྡན།   ཇོ་བོ་ནས་བརྒྱུད་པའི་རིམས་སྲུང་ལག་བླང་མ།   ཇོ་བོའི་འབྲུམ་སྲུང་ཉང་གཏེར་འབྲུམ་སྲུང་རྡོ་རྗེ་མ།   འགོ་ནད་སྲུང་བ་བླ་མ་པདྨའི་གདམས་པ།   རིན་ཆེན་ཕུན་ཚོགས་ཀྱི་རིམས་སྲུང་ཟ་ཡིག་རྣམས་ལ།   རྟོག་མེད་རང་སྲུང་མཚོན་འཁོར་པད་གླིང་གཏེར་མ་ཟུར་མཁར་ཆོས་རྗེའི་གསུང་།   དཔེའུ་རིས།   གཟའ་སྲུང་མ་བུ་དགུ་འཁྱམས་སུ་གྲགས་པ་རཏྣའི་མཚན་ཅན་གྱི་གཏེར་མ།   ཉི་མ་མདུང་གང་ཆགས་མེད་གསུང་བཅས།    [204a] བྱང་གཏེར་ཐུགས་སྒྲུབ་མིག་ནད་སྲུང་བ།   ཁམས་པ་མེ་ཟོར་གྱི་ཕྱུགས་ནད་སྲུང་བའི་ཙཀྲ།   གོར་སྲུང་སྤྱི་དོན་བཞི་པ།   བྱང་གཏེར་ཐུགས་སྒྲུབ་གོར་ནད་སྲུང་གསོ།   ལས་གླིང་གློ་གོར་ཧོན་གསུམ་སྲུང་བ།   ཁ་ཚ་སྲུང་བ།   རཏྣའི་གཏེར་ཕྲིན་ལུག་ནད་སྲུང་གཅོད།   གོར་སྲུང་ཟབ་ཁྱད་ཅན་དང་།   ཕྱུགས་ནད་བཅོས་པ་གྲྭ་མངོན་ཕྱག་ལེན་མ།   སྟག་ཤ་མ་ཌཱ་ཀིའི་སྙན་བརྒྱུད་ཀྱི་ཕྱུགས་སྲུང་གོད་གཅོད།   སྟག་ཤམ་པདྨ་སྙིང་ཐིག་གི་ཕྱུགས་ནད་བཅོས་ཐབས་བཅས་གཏེར་གཞུང་།   རྟ་ཕྱུགས་རིགས་ལ་ཕན་ཐབས་མན་ངག་ཟབ་བསྡུས།   ནོར་ལ་གློ་རྩི་བླུད་ཐབས་སོགས་ཕྱུགས་སྲུང་ཉེར་མཁོ་རྣམས་སོ།   །
༈     །   བདུན་པ་བྱེ་བྲག་དུག་ནད་སྲུང་བ་ལ།   རྒོད་ལྡེམ་དུག་དབང་རྡོ་རྗེ་ལམ་གཏེར་གཞུང།   ཕྱག་ལེན་བྱང་བདག་གསུང་བཅས།   ལྕང་སྨན་དོན་གྲུབ་དར་གྱི་དུག་སྲུང་རྡ་རིམ་གཏེར་གཞུང་དང་།   རཏྣའི་གུར་དྲག་དུག་སྲུང་ཡིད་ནོར་ཟུང་གི་ཕྱག་ལེན་ཟབ་ཏིག་བྱེ་རིང་ལས་བྱུང་བ་དང་།   རོང་སྨན་ཉི་མའི་འོད་ཀྱི་དུག་སྲུང་གཏེར་གཞུང་བཅུས།   དུག་སྲུང་གསེར་གཟུགས་སྙན་བརྒྱུད་མའི་ལོ་རྒྱུས་གདམས་ངག་དྷརྨ་ [204b] སྭཱ་མའི་གསུང་།   སྒོམ་བཟླས་མཁྱེན་བརྩེའི་གསུང་བཅས་རྣམས་སོ།   །
༈     །   བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བ་ལ།   བྱ་མོང་བརྩོན་འགྲུས་གྲགས་ཀྱི་སྒྲོལ་མའི་དགྲ་ཇག་འཆི་བ་ར་རུ་མའི་གཞུང་།   གསལ་བྱེད་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་བཅས།   ལག་ལེན་དམར་ཁྲིད།   བྱང་གཏེར་ཐུགས་སྒྲུབ་བལ་མོའི་འཇིག་ཆིངས་སྒྲིབ་ཤིང་བཅས་གཏེར་གཞུང་།   རྐུན་ཆིངས་ཚེ་རིང་མས་མི་ལ་ལ་ཕུལ་བ།   དམ་ཅན་དགྲ་ཆིངས་ནམ་སྙིང་གིས་པདྨར་ཕུལ་བ།   ཡང་ཕྱག་ལེན་འདྲ་མིན་ཅན།   ལྷ་བཙུན་ཇག་ཆིངས།   རཏྣའི་རྟ་གསང་ཇག་ཆིངས་དང་།   གནོད་བྱེད་སྐྲོད་པ་གཏེར་གཞུང་།   བཀའ་མའི་ཐུབ་ནག   །   རཏྣའི་གུར་དྲག་དང་གནམ་ཆོས་ཇག་ཆིངས་གཏེར་གཞུང་བཅས།   གནམ་ཆོས་འོད་ཟེར་ཅན་མའི་དབང་ཆོག   །   གསར་རྙིང་མང་པོའི་བཅུད་བསྡུས་དགྲ་ཆིངས་འཁོར་ལོ་བཅས་ཆགས་མེད་གསུང་རྣམས་སོ།   །
༈    །   དགུ་པ་མཚོན་ཆ་སྲུང་བ་ལ།   ཚེ་བརྟན་རྒྱལ་མཚན་གྱི་མཚོན་སྲུང་།   བྱང་གཏེར་ཐུགས་སྒྲུབ་གོ་ཆ་བརྒྱད་ཀྱི་མན་ངག    །   རཏྣའི་གུར་དྲག་མཚོན་སྲུང་རྣམས་གཏེར་གཞུང་།   དེའི་ལག་ [205a] ལེན་མཁྱེན་བརྩེའི་གསུང་བཅས།   མཚོན་སྲུང་དར་མདུང་མ།   སྒོམ་བཟླས་རལ་གྲི་མ།   བྱང་གླིང་སྔགས་རྒོད།   རྒྱ་ཟི་ནག་པོའི་མཚོན་སྲུང་ལུགས་གཉིས་བཅས་རྣམས་སོ།   །
༈     །   བཅུ་པ་བདེན་ཚིག་བཀའ་བསྒོས་སྲུང་བ་ལ།   སྨིན་གཏེར་དྲག་དམར་བཀའ་བསྒོ་ཉིད་གསུང་།   བཀའ་བསྒོ་བྱིན་རླབས་ཆགས་མེད་གསུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གྲོ་ལོད་བཀའ་བསྒོ་འཇམ་མགོན་གསུང་རྣམས་སོ།   །
༈    །   བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་ལ།   རཏྣའི་གུ་དྲག་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེ།   ཀློང་གསལ་སྤྲིང་ཡིག་བཅས་གཏེར་གཞུང་རྣམས་སོ།   །
༈    །   གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ།   བར་ཆད་སྤྱི།   ནད།   གདོན།   གྲིབ།   བྱད་ཕུར།   སྣོད་བཅུད།   སྡིག་སྒྲིབ་ཞི་བ་དང་བདུན།   དང་པོ་བགེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བ་ལ།   སྤྲུལ་སྐུ་བ་མཁལ་སྨུག་པོའི་བར་ཆད་ལམ་སེལ།   མང་ལམ་བཟང་པོ་གྲགས་པའི་སྲི་ཟློག་འཁོར་ལོ་འབར་བ་གཏེར་གཞུང་།   བཅའ་བཤམ་འདོན་སྒོམ་ཟིན་བྲིས་དང་།   ངག་འདོན་པད་ཕྲིན་གསུང་།    [205b] བཅས་བཤམས་ངག་འདོན་བཀླག་ཆོག་མ་དང་།   ཙཀྲ་བཅའ་ཚུལ་མཁྱེན་བརྩེའི་གསུང་བཅས།   ལྷ་བཙུན་རིག་འཛིན་སྲོག་སྒྲུབ་གསོལ་འདེབས་དུས་མིན་འཆི་ཟློག་གི་གཞུང་།   ཁ་སྐོང་བཅས།   ཆོས་གླིང་རྣམ་འཇོམས།   དུག་སེལ་མ།   ཕུར་པ།   འཇམ་དཔལ་ནག་པོ་སྟེ་བར་ཆད་སེལ་བའི་ལྷ་བཞི་གཏེར་གཞུང་།   དེ་བཞིའི་རྒྱུན་གྱི་རྣལ་འབྱོར།   རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་ལྷན་ཐབས་བཅས་ཉིད་ཀྱི་གསུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྲི་འདུལ་རཀྴ་ཐོད་ཕྲེང་སྒྲུབ་ཐབས་ཉིད་ཀྱི་གསུང་།   ཕྲིན་ལས་དབང་བསྐུར།   སྲུང་ཟློག་བཅས་འཇམ་མགོན་གསུང་།   ཟློག་བྱང་རྒྱས་པ་བསད་པ་བཅས།   ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་མི་གཡོ་བ་གཏེར་གཞུང་།   ཕྲིན་དབང་འཇམ་མགོན་གསུང་།   ལྷ་བཙུན་སྔོན་མོའི་ཞི་བྱེད་ལྷ་མོ་སྐོར་བདུན་སླར་སྦས་པའི་ཤོག་སེར་མཆོག་གྱུར་གླིང་པས་བཞེས་ཏེ་མཁྱེན་བརྩེ་ལ་ཕུལ་ཞིང་གཏན་ལ་ཕབ་པའི་གཏེར་གཞུང་།   ཕྲིན་ལས།   དབང་སྐུར།   སྦྱིན་སྲེག    །   བྱབ་ཁྲུས།   བྱད་འགྲོལ།   འཆི་བསླུ་བཅས་འཇམ་མགོན་གསུང་ [206a] རྣམས་སོ།   །
༈   །   གཉིས་པ་ནད་ཞི་བའི་སྐོར་ལ།   ཀློང་གསལ་རྡོ་རྗེ་སྙིང་པོའི་སྨན་བླའི་ཆོ་ག་དབང་བསྐུར་འཇམ་མགོན་གསུང་།   གནམ་ཆོས་སྨན་ཆོག   །   གཏོར་དབང་།   ཤོག་བཀྲའི་མཚམས་སྦྱོརབཅས་ཆགས་མེད་གསུང་དང་།   གནམ་ཆོས་བྱིན་རླབས་ཤོག་བཀྲ་བཅས།   པད་གླིང་ཀུན་བཟང་དགོངས་འདུས་ལོ་གྱོན་མའི་སྒྲུབ་ཐབས་གཏེར་གཞུང་།   བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལོ་གྱོན་མའི་གཏེར་གཞུང་།   དམིགས་ཟིན་དང་གསོལ་འདེབས་ཉིད་ཀྱི་གསུང་།   དབང་ཆོག་འཇམ་མགོན་གསུང་།   གནམ་ཆོས་ལོ་གྱོན་གཏོ་སྒྲུབ་ཟིན་བྲིས།   བཀའ་གཏེར་ཟུང་འཇུག་དབང་ཆོག་བཅས་ཆགས་མེད་གསུང་།   སྟག་ཤམ་ལོ་གྱོན་གཏེར་གཞུང་བཅས།   

མི༽ ། ཉང་གི་ཐུགས་རྗེ་ཆེན་པོའི་མིག་འབྱེད་རྩ་བ་དང་། གསལ་བྱེད་བརྒྱུད་འདེབས་བྱང་བདག་གསུང་བཅས། ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་ཐུགས་ཆེན་མིག་འབྱེད་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ནད་བདག་སྟོབས་འཇོམས་ [206b] གཏེར་གཞུང་། མན་ངག་ཆོག་ཁྲིགས་འཇམ་མགོན་གསུང་། ཐུགས་སྒྲུབ་སྲུང་བ་བདུད་རྩི་བུམ་ཆུང་གཏེར་གཞུང་། ཁྱུང་ནག་བསད་སྔགས་དང་འཁོར་ལོ་བྲི་ཐབས། ཆོས་དབང་གཉན་རིམས་ལྷོག་བཅོས། རྒྱ་ཞང་ཁྲོམ་གྲེ་ཐོར་བཅས། རཏྣའི་རྟ་གསང་ལས་ཚོགས་རིན་ཆེན་གཏེར་བུམ། ཐུགས་གསང་དབྱུག་བཅོས། ར་མོ་ཤེལ་སྨན་དམུ་ཆུའི་བཅོས། པད་གླིང་རྫོགས་ཆེན་ཀློང་གསལ་ཆ་ལག་རྒྱུག་འགྱེལ་གསོ་ཐབས་བདུད་རྩི་བུམ་པ་རྣམས་གཏེར་གཞུང་། གྲུབ་ཆེན་ཐང་རྒྱལ་དག་སྣང་རིལ་བུ་དཀར་དམར་རྩ་གཞུང་། སྒོམ་ལུང་འབོགས་ཚུལ་ཕྱག་ལེན་མཁྱེན་བརྩེའི་གསུང་། ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཐང་རྒྱལ་གསུང་། གྲོ་ཤུལ་བདེ་ཆེན་གླིང་པའི་གསོ་དཔྱད་བདུད་རྩི་ཚེ་བུམ་གཏེར་གཞུང་། ཁྱི་སྨྱོན་བཅོས་ཐབས་ཆགས་མེད་གསུང་དང་། གནམ་ཆོས་གཏེར་མ་བཅས། མིད་འབྱར་གྱི་རིགས་བཅོས་ཐབས་སྔགས་དང་མེ་བཙའ་རྫས་སྦྱོར་སྐོར་གནམ་ཆོས་མི་འགྱུར་རྡོ་རྗེའི་གསུང་། དེ་ཉིད་ཀྱི་མནལ་ལམ་དག་སྣང་སྐོར། ས་ནད་བཙའ་འབུའི་བཅོས་སྲུང་ཆགས་མེད་གསུང་རྣམས་སོ། །

༈    །   གསུམ་ [207a] པ་གདོན་ཞི་བའི་སྐོར་ལ།   ཉང་གི་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྩ་གཞུང་།   རྗེས་གནང་འཇམ་མགོན་གསུང་།   །བྱང་གཏེར་བཀའ་བརྒྱད་རང་ཤར་གྱི་ཁྱུང་ཆེན་ཡོངས་རྫོགས་གཏེར་གཞུང་།   དབང་བསྐུར་འཇམ་མགོན་གསུང་།   བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏེར་གཞུང་།   ཕྲིན་ལས་རྒྱལ་དབང་ལྔ་པ་དང་།   བྱིན་རླབས་མཁྱེན་བརྩེའི་གསུང་།   པདྨ་ལས་འབྲེལ་རྩལ་གྱི་རྟ་མགྲིན་མཉེན་པོ་ལྷ་གསུམ་གྱི་ལས་བྱང་དང་།   དབང་ཆོག་ཁྲི་ཆེན་པདྨ་དབང་རྒྱལ་གསུང་།   རཏྣའི་གུར་དྲག་ཁྱུང་ནག་ཡོན་ཏན་སྒྲུབ་པ་གཏེར་གཞུང་།   མཆོག་ལྡན་མགོན་པོའི་སྙན་བརྒྱུད་གཉེན་པོ་ལྷ་ལྔ་མཁྱེན་བརྩེའི་དག་སྣང་གཏེར་གཞུང།   ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་།   མ་ཏིའི་བདུད་འདུལ་དྲག་མོའི་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   ར་ཞི་པདྨ་རིག་འཛིན་གྱི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གཏེར་གཞུང་།   དབང་ཆོག་འཇམ་མགོན་ [207b] གསུང་།   སྟག་ཤམ་ཡི་དམ་དགོངས་འདུས་ཁྱུང་ཁྲའི་སྒྲུབ་ཐབས།   ལས་མཐའ་བདུན་པ་བཅས་གཏེར་གཞུང་།   ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་།   རོལ་རྡོར་གཏུམ་པོ་དྲེགས་འདུལ་ཁྱུང་ཁྲ་གཏེར་གཞུང་།   དབང་ཆོག་འཇམ་མགོན་གསུང་།   པདྨ་བདེ་ཆེན་གླིང་པའི་ཀློང་གསལ་མཁའ་འགྲོའི་སྙིང་ཐིག་གི་དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་དཔལ་ལྡན་ཆོས་སྐྱོང་གསུང་།   ལས་བྱང་།   གསང་སྒྲུབ་ལས་ཚོགས་བཅས་གཏེར་གཞུང་།   དབང་བསྐུར་འཇམ་མགོན་གསུང་།   བདུད་འཇོམས་རོལ་པ་རྩལ་གྱི་ཁྱུང་དམར་མེ་གཤོག་གཙོ་བོར་བྱས་པའི་མ་ཏིའི་སྟག་ཤམ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་ཀཿཐོག་ཆོས་ཀྱི་རྡོ་རྗེའི་གསུང་།   འཇིགས་གླིང་ཀློང་སྙིང་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྒྲུབ་ཐབས་གཏེར་གཞུང་།   ཕྲིན་ལས་བཀླག་ཆོག      །   བྱིན་རླབས་བཅས་འཇམ་མགོན་གསུང་།   ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གསང་བདག་ཉི་མ་མདུང་གང་སྒྲུབ་ཐབས།   དབང་བསྐུར།   གཟའི་གདོན་བཀྲོལ་བཅས་རྩ་གཞུང་།   དཔེའུ་རིས།   དབང་ཆོག་འཇམ་མགོན་གསུང་།   མཆོག་གླིང་ [208a] ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གསང་བདག་རྡོ་རྗེ་བེ་ཅོན་གྱི་གཏེར་གཞུང་།   སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་བཅས།   

ཙི༽ ། ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ་འདོན་འགྲིགས་བཅས། གྲུབ་ཆེན་འདར་འཕྱར་ལུགས་གཟའི་དུག་དབྱུང་དང་བྱད་གྲོལ། དྲང་སྲོང་གི་ནད་གསོ་ཐབས་བཀའ་གཏེར་དུ་མའི་བཅུད་བསྡུས་བྱ་ཁྱུང་པ་ངག་དབང་པདྨའི་གསུང་གདམས་པ་མ་བུ་བདུན་པ། པད་གླིང་ཕྱག་རྡོར་གཏུམ་པོའི་གཟའ་ཀླུའི་དུག་སྦྱོང་རྩ་བ། གཟའ་ཀླུའི་དུག་སྦྱོང་གདོན་འགྲོལ་ཁྲུས་ཆོག་སྨིན་གཏེར་གསུང་། གཟའ་ཡུམ་དབང་ཁྲུས་འབྲི་གུང་ཆོས་གྲགས་གསུང་། ཀློང་གསལ་རྡོ་རྗེ་སྙིང་པོའི་སེང་གེ་སྒྲའི་སྒྲུབ་ཐབས། དབང་ཆོག་འཇམ་མགོན་གསུང་། ཀླུ་སྒྲུབ་གཏེར་གཞུང་། གདོན་བཀྲོལ་ཀློང་གསལ་ཉིད་ཀྱི་གསུང་། ཡེ་ཤེས་རབ་འབར་ཞི་སྦྱོང་དང་། དྲག་སྦྱོར་གཏེར་གཞུང་། ཆོས་གླིང་གཏུམ་པོ་སེང་སྒྲོག་སྦྲགས་མའི་གསོལ་འདེབས། སྒྲུབ་ཐབས། དབང་ཆོག ། བྱབ་ཁྲུས། གདོན་བཀྲོལ་བཅས་ཉིད་ཀྱི་གསུང་། རོལ་རྡོར་གཏུམ་པོའི་ལས་ཚོགས་གདོན་འཁྲོལ་དང་དུག་ [208b] སྦྱོང་། གཟའ་ཆོག ། དམ་སྲི་གསོན་འདྲེ་འདུལ་ཐབས། ལྷ་ཀླུ་གཟའི་གདོན་འགྲོལ་ངར་གླུད་ཀྱི་ཆོ་གའི་ཁ་སྐོང་བཅས་རྣམས་གཏེར་གཞུང་ངོ་། །

༈    །   བཞི་པ་གྲིབ་དང་མི་གཙང་བ་གཙོར་གྱུར་ཞི་བའི་སྐོར་ལ།   སྔ་འགྱུར་བི་མའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབ་པ་ལྷ་བཅུ་དྲུག་པའི་རྩ་གཞུང་།   གཟུངས་ཆོག་རིག་གཏད་ཁྲུས་ཆོག་འཇམ་མགོན་གསུང་།   བ་རི་ལུགས་རྣམ་འཇོམས་མཐིང་ཀའི་སྒྲུབ་ཐབས་ཁྲུས་ཆོག་སྨིན་གཏེར་གསུང་།   ཨོ་ཌཱི་ཡ་ནའི་ནག་འགྲོས་ལ་འཇམ་མགོན་གྱིས་ཞལ་བསྒྱུར་ཕྲན་བུ་ཅན།   གནམ་ཆོས་རྣམ་འཇོམས་ལྗང་གུའི་སྒྲུབ་ཐབས།   གནམ་ཆོས་ཆོས་ལུགས་མི་གཙང་ཉེས་སྲུང་བཅས་གཏེར་གཞུང་།   བདུད་འདུལ་སྤྲུལ་སྐུའི་སྙིང་ཐིག་གི་རྣམ་འཇོམས་ཁྲོ་ནག་གསོལ་འདེབས་ཉིད་ཀྱི་གསུང་།   ལས་བྱང་།   དབང་ཆོག་བཅས་འཇམ་མགོན་གསུང་།   ཀློང་གསལ་བི་མའི་ཆོས་སྡེ་རྣམ་འཇོམས་དཀར་པོའི་གཏེར་གཞུང་།   སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   གྲྭ་མངོན་གཏེར་མ་འཁོན་སྦྱོང་མན་ངག་ཁྱད་པར་ཅན།   ཉང་གཏེར་འཁོན་སྦྱོང་བྱིན་རླབས་ཅན་ [209a]  ཁྲུས་ཀྱི་ཕྱག་ལེན་དང་།   འཁོན་སྦྱོང་ལག་པའི་འདུ་བྱེད་བཅས།   དཔེའུ་རིས།   ཉང་ལུགས་ཁྲོ་མོ་རྨེ་བརྩེགས་སྒྲུབ་ཐབས་དབང་ཁྲུས་བོ་དོང་པདྨ་གར་དབང་གསུང་གཏོར་རྒྱུན་རྒྱ་མཚོ་ནས་ཕྱུངས་པ།   ཆོས་དབང་མཁའ་འགྲོ་རྨེ་བརྩེགས་སྒྲུབ་ཐབས་བུམ་ཁྲུས་ཅན་གཏེར་གཞུང་།   བླ་མ་གསང་འདུས་ཀྱི་མཁའ་འགྲོའི་གྲིབ་སེལ་འཇམ་མགོན་གསུང་།   སྨེ་བརྩེགས་ཞལ་གཅིག་ཕྱག་གཉིས་པའི་ཁྲུས་ཆོག་སྨིན་གཏེར་གསུང་།   ཤེར་འོད་གྲོལ་ཏིག་དམ་གྲིབ་ཉེས་པ་ཀུན་སེལ་དང་།   གནས་ཁང་གི་ཉམས་གྲིབ་ཞི་བ་བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་གཏེར་གཞུང་།   གྲིབ་སེལ་གྱི་མན་ངག་སྙིང་པོ་བསྡུས་པ་མཁྱེན་བརྩེའི་གསུང་།   འཇའ་ཚོན་མ་ནིང་མཁའ་འགྲོའི་གྲིབ་སེལ་འཇམ་མགོན་གསུང་།   ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲོ་བོ་སྨེ་བརྩེགས་དང་།   ཁྲོ་མོ་སྨེ་བརྩེགས།   ཡེ་ཤེས་རབ་འབར་གྱི་གྲོབ་དང་མི་གཙང་སེལ་ཐབས་བཅས་གཏེར་གཞུང་།   སྨེ་བརྩེགས་ཀྱིས་རང་གི་གྲིབ་སེལ།   གཞན་གྱི་གྲིབ་སེལ།   ཉམས་གྲིབ་སེལ་བ་གསར་གྱི་ཕ་ཝཾ་བཅས་ཆགས་མེད་གསུང་།   ཕག་མོ་སྨེ་བརྩེགས་སྒོམ་ [209b] བཟླས་ཚེ་ནོར་གསུང་།   ཨེ་ནེ་རིང་ནུབ་དགོན་པ་ངག་དབང་རྡོ་རྗེའི་སྨེ་བརྩེགས་སྒྲུབ་དབང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྨེ་བརྩེགས་གཏེར་གཞུང་།   སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   སྦྱིན་སྲེག་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེའི་གསུང་རྣམས་སོ།   །
༈    །   ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ།   སྔ་འགྱུར་བི་མའི་ལུགས་ཀྱི་གདུགས་དཀར་རྒྱལ་དབང་རང་བྱུང་རྡོ་རྗེ་ལ་བཀའ་བབ་པའི་རྩ་གཞུང་།   རིག་གཏད་འཇམ་མགོན་གསུང་།   རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་འཇམ་དཔལ་གཤིན་རྗེ་གཤེད་ཚེ་བདག་ལྕགས་འདྲའི་བྱད་འགྲོལ་གསེར་གྱི་ལྡེའུ་མིག་གཞུང་རྩ་བ།   སྐུ་གསུང་ཐུགས་འཁོར།   ཟ་ཡིག་རྫོང་ཆེན་མ་རྣམས་གཏེར་གཞུང་།   སྒྲུབ་ཐབས་ངག་འདོན་སྨིན་གཏེར་གསུང་།   བྱིན་རླབས་སྙིང་པོ་བསྡུས་པ་སྨིན་གཏེར་གསུང་ལ་འཇམ་མགོན་གསལ་ཁ་ཅན།   བྱད་འགྲོལ་ལག་ལེན་ནག་འགྲོས་ཨོ་རྒྱན་རྣམ་གྲོལ་གསུང་།   ཨྱཻ་རིང་།   བུམ་རྫས་བསགས་ཐབས་དང་ལག་ལེན།   རྒྱུན་ཁྱེར་མཁྱེན་བརྩེའི་གསུང་།   ཉང་གཏེར་བྲག་དམར་ལས་ཚོགས་ངག་མནན་འགྲོལ་ [210a] བ།   གནུབས་དང་བ་རི་ཟུང་འབྲེལ་མཁའ་འགྲོའི་བྱས་པ་བཤིགས་པའི་འཁོར་ལོ།   མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱིས་བླ་ཆེན་དྲན་པ་ནམ་མཁའ་ལ་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་བཅས།   ཀློང་གསལ་རྡོ་རྗེ་སྙིང་པོའི་གདུགས་དཀར་གཙོ་རྐྱང་ཕྲིན་སྒྲུབ་དབང་བསྐུར་འཇམ་མགོན་གསུང་།   མཆོག་གླིང་ཟབ་མདུན་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གཏེར་གཞུང་།   དབང་ཆོག    །   གཏོར་ཟློག   །   ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྡོ་རྗེ་གཙུག་གཏོར་བྱད་འགྲོལ་སྲུང་བ་བཅས་འཇམ་མགོན་གསུང་རྣམས་སོ།   །
༈    །   དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བ་ལ།   སངས་གླིང་བླ་མ་དགོངས་འདུས་གཞན་དོན་ལས་ཚོགས་ཀྱི་དྲུག་པ་ཉེས་པ་ཀུན་སེལ།   ཤེར་འོད་གྲོལ་ཏིག་ས་བདག་ཉེས་སེལ།   རོལ་རྡོར་དག་སྣང་སྣང་སྲིད་ཞི་བ་དཀར་པོ་རྣམས་གཏེར་གཞུང་།   ལག་ལེན་ཟིན་བྲིས་ཨོ་རྒྱན་ལྷུན་གྲུབ་དང་།   ཡོངས་གྲུབ་རྡོ་རྗེའི་གསུང་།   ཉང་གཏེར་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་བཀྲ་ཤིས་གཏེར་བུམ་བཅའ་ཐབས།   བྱང་གཏེར་མངའ་དབང་རིན་ཆེན་འབར་བའི་ [210b] ཆ་ལག་བུམ་གཏེར་ཡིད་བཞིན་བཅས་ཆོག་བཅས་གཏེར་གཞུང་།   རཏ་ཕུར་ལས་ཚོགས།   བཀྲ་ཤིས་རྟེན་འབྲེལ་ཆེན་མོའི་བུམ་པའི་ལག་ལེན།   ཀློང་གསལ་ཡེ་ཤེས་རབ་འབར་དང་བི་མའི་ཆོས་སྐོར་སོགས་ལས་བོད་ཁམས་བདེ་བྱེད།   ཉེས་སེལ་དབང་བུམ།   རྟེན་འབྲེལ་རི་དབང་།   ནཱ་ག་གསུམ་གྱི་སྤྱི་བཅོས་རྣམས་ཀྱི་སྒྲུབ་ཐབས་ལག་ལེན་བཅས་འཇམ་མགོན་གསུང་།   རྭ་སྟོན་ཐུགས་མཆོག་རྡོ་རྗེའི་རྩ་གསུམ་དབང་ཆེན་འདུས་པའི་བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས།   ལས་བྱང་།   སྔགས་བྱང་བཅས་གཏེར་གཞུང་།   གནམ་ཆོས་ས་བདག་འཁྲུགས་བཅོས།   བརྟན་མའི་བསང་།   ས་བདག་བསང་།   ཤིང་རྩི་འབུལ་བ་བཅས་རྣམས་ཆགས་མེད་གསུང་།   ས་སྙིང་བརྟན་མ་སྦྲགས་སྒྲུབ་གཏེར་བུམ་བསྡུས་པ།   གཏེར་བུམ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་མདོར་བསྡུས་བཅས་མཁྱེན་བརྩེའི་གསུང་རྣམས་སོ།   །
༈     །   བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བ་ལ།   ཆོས་དབང་བཀའ་འགྱུར་སྙིང་པོ་བསྡུས་པ།   ཆོས་དབང་ཐུགས་ཆེན་འཁོར་བ་དོང་སྤྲུགས་བཅས་གཏེར་གཞུང་།   ལས་བྱང་།   རྒྱུན་ [211a] གྱི་རྣལ་འབྱོར།   དབང་ཆོག་བཅས་འཇམ་མགོན་གསུང་།   ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་གནས་གསར་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གི་གསུང་།   འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་ག     །   གནམ་ཆོས་དགོངས་གཏེར་ཀུན་རིག་ཆོ་ག     །   དབང་ཟིན་བཅས་ཆགས་མེད་གསུང་།   ཀློང་གསལ་རྡོ་རྗེ་སྙིང་པོའི་མི་འཁྲུགས་པའི་ཆོ་ག་དབང་བསྐུར་གནས་ལུང་འཇམ་མགོན་གསུང་།   རྒྱུད་ལས་འབྱུང་བའི་རིགས་དྲུག་སྲེག་སྦྱོང་ཚེ་ནོར་གསུང་།   མཆོག་གླིང་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གཏེར་གཞུང་།   དབང་བསྐུར་ཟུར་འདེབས།   ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་ཕྲིན་ལས་དབང་བསྐུར་གནས་ལུང་བཅས་འཇམ་མགོན་གསུང་།   མཆོག་གླིང་ཐུགས་ཆེན་འཁོར་བ་དོང་སྤྲུགས་གཏེར་གཞུང་།   དབང་བསྐུར་རྒྱས་པ།   མགྱོགས་དབང་།   བྱང་ཆོག་བཅས་ཉིད་ཀྱི་གསུང་།   བརྒྱུད་འདེབས་འཇམ་མགོན་གསུང་།    [211b] རིགས་གསུམ་སྙིང་ཐིག་གི་འཁོར་བ་དོང་སྤྲུགས་ཕྲིན་ལས་དབང་ཆོག་གནས་ལུང་བཅས་མཁྱེན་བརྩེའི་གསུང་རྣམས་སོ།   །

གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། ཚེ། ཤེས་རབ། བསོད་ནམས། ལོ་ཏོག ། རིགས་བརྒྱུད། བསྟན་པ་རྒྱས་པ་དང་དྲུག ། དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པ་བྱེད་པ་ལ། ཉང་གཏེར་འཆི་མེད་ཚེའི་པྲ་བརྟག་བསྟན་པ་གཞུང་ལག་ལེན་བཅས། ཆོས་དབང་གཏེར་ཕྲན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་སཱཙྪ་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག ། ལྷ་བུ་ཚེ་འཛིན་འཁོར་ལོ་བྲི་ཐབས་གཏེར་རྙིང་འགའ་དང་། གསར་མ་ཛེ་ཏ་རའི་མན་ངག་ལས་བྱུང་བ། སངས་གླིང་བླ་མ་དགོངས་འདུས་ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ། པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་འཆི་བ་བརྟག་བསླུ། ཚེ་འཁོར་པྲ་བརྟགས། གཏའ་སྡོམ་རྣམས་གཏེར་གཞུང་། དཔལ་ལྡན་རྡོ་རྗེའི་ཉེ་བརྒྱུད་འཆི་མེད་རྡོ་རྗེའི་སྲོག་ཤིང་རྒྱལ་དབང་ལྔ་པའི་གསུང་། སྒྲུབ་ཐབས་དབང་ཆོག་མཁྱེན་བརྩེའི་གསུང་། གྲུབ་ཆེན་ཟླ་བ་པའི་ཉེ་བརྒྱུད་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་བཞེད་སྲོལ་ཚེ་སྒྲུབ་རྗེས་གནང་འཇམ་ [212a] མགོན་གསུང་། ལེགས་ལྡན་རྗེའི་ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ནམ་མཁའ་ཟས་ཟའི་རྩ་གཞུང་། བཅུད་ལེན་གསལ་བྱེད་མཁྱེན་བརྩེའི་གསུང་། འབྲི་གུང་ཆོས་གྲགས་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་ལོ་རྒྱུས། སྒྲུབ་ཐབས། བྱིན་རླབས་བཅས་ཉིད་ཀྱི་གསུང་། བརྒྱུད་འདེབས་མཁྱེན་བརྩེའི་གསུང་། ཀློང་གསལ་རྡོ་རྗེའི་སྙིང་པོའི་རྣམ་རྒྱལ་མའི་ཕྲིན་ལས་རྗེས་གནང་ཚེ་དབང་འཇམ་མགོན་གསུང་། དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་གཏེར་གཞུང་། ཚེ་སྒྲུབ་རྗེས་གནང་འཇམ་མགོན་གསུང་། བཀའ་གཏེར་དག་སྣང་གསུམ་འབྲེལ་ཆོས་གླིང་ཉེ་བརྒྱུད་ཐང་རྒྱལ་ཚེ་སྒྲུབ་དབང་ཆོག་ཉིད་ཀྱི་གསུང་། རོལ་རྡོར་བྲག་གཏེར་ཕྱག་རྡོར་ཐེམ་མེད་འཆི་བ་བརྟག་བསླུ་བཅུད་ལེན་གཏེར་བཅས། ཛི༽ ། ལོང་པོ་བཀྲ་ཤིས་ཚེ་བརྟན་གྱི་ལམ་ཟབ་བླ་སྒྲུབ་ཆ་ལག་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། ཟུར་མཁར་དྲི་མེད་གླིང་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ཀྱི་ལས་བྱང་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། བྲག་གསུམ་བསྟན་འཛིན་ [212b] ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་སྒྲུབ་ཐབས་དབང་དང་ལས་ཚོགས་བཅས་གཏེར་གཞུང་། དཔའ་རི་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ལྷ་མོ་ཙཎྜ་ལཱིའི་རྩ་བསྙེན་འཆི་མེད་བཅུད་དྲིལ་གཏེར་གཞུང་། བརྒྱུད་འདེབས། སྒྲུབ་ཐབས་བཅས་ཉིད་ཀྱི་གསུང་། སྨིན་བྱེད། རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གི་དག་སྣང་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུང་རྩ་གཞུང་། བྱང་གཏེར་ལྕགས་སྡོང་མའི་ཚེ་འགུགས་བཅས། རིག་འཛིན་དྲུག་པ་ཁམས་གསུམ་ཟིལ་གནོན་གྱི་དག་སྣང་ཚེ་སྒྲུབ་ཉི་མའི་སྙིང་པོའི་གཞུང་དང་། སྨིན་བྱེད་འཇམ་མགོན་གསུང་བཅས། རིག་འཛིན་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་གྲུབ་ཀྱི་དག་སྣང་རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གཞུང་། ལྷུན་གྲུབ་རབ་བརྟན་གྱི་ཤོག་སེར་དང་དགོངས་གཏེར་ཟུང་འབྲེལ་འཆི་བདག་དཔུང་འཇོམས་གཞུང་། དབང་བསྐུར་འཇམ་མགོན་གསུང་། མཁྱེན་བརྩེའི་དག་སྣང་པདྨ་ཚེའི་སྙིང་ཏིག་གི་ཚེ་ཡུམ་ཙཎྜ་ལཱིའི་རྩ་གཞུང་། དབང་ཆོག་འཇམ་མགོན་གསུང་། དགོངས་གཏེར་འཕགས་མའི་སྙིང་ཏིག་གི་ཆ་ལག་རྣམས་གཟུངས་སྒྲུབ་སྟོང་མཆོད་འཇམ་མགོན་གསུང་། [213a] བྱང་གཏེར་དགོངས་པ་ཟང་ཐལ་གྱི་གཤིན་རྗེ་འཆི་བདག་ཟློག་པ་པདྨ་ཕྲིན་ལས་གསུང་། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཆི་བསླུ་ཉིད་ཀྱི་གསུང་། སློབ་དཔོན་སྒེག་པའི་རྡོ ་རྗེའི་བླ་བསླུ་བཅུ་གསུམ་གཞུང་ལག་ལེན་འཇམ་མགོན་གསུང་། བླ་འགུགས་སྔགས་དམིགས། ཟློག་བྱང་། སྔ་འགྱུར་བླ་བསླུ་པདྨས་མངའ་བདག་ལ་གནང་བ། ས་ལུགས་ཕྱག་ལེན། བླ་འགུགས་སྐལ་ལྡན་ཡར་ལུང་སྤྲུལ་སྐུ་ཆོས་ལྡན་པའི་གསུང་བླ་འབོད། པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་བླ་བསླུ་གཏེར་གཞུང་། འཇའ་ཚོན་མ་ནིང་ཞི་ལས་མཁའ་འགྲོའི་སུན་ཟློག་འཇམ་མགོན་གསུང་། ལྷ་བཙུན་རིག་འཛིན་སྲོག་སྒྲུབ་མཁའ་འགྲོའི་སུན་ཟློག་རྩ་གཞུང་། ཆོས་དབང་བཀའ་བརྒྱད་གསང་རྫོགས་ཆ་ལག་ཆུ་སྦྱིན་སྟོང་ཟློག ། འཆི་བསླུ་བསྡུས་པ་སློབ་དཔོན་པདྨའི་གསུང་། སྒེག་རྡོར་བླ་བསླུའི་གླུད་བསྔོ་བཅས། འཇའ་ཚོན་དཀོན་སྤྱིའི་བརྟན་བཞུགས་འབུལ་ཆོག་འགྱུར་མེད་རིན་ཆེན་རྣམ་རྒྱལ་གསུང་། རྟགས་བརྒྱད་འབུལ་བ། དེའི་ཚོགས་ལ་སྦྱར་རྒྱུའི་སུན་ཟློག་བསྡུས་པ་ཆགས་མེད་ [213b] གསུང་། སྤྱི་འགྲོའི་སུན་ཟློག་དང་བརྟན་བཞུགས་མདོར་བསྡུས་མཁྱེན་བརྩེའི་གསུང་། རྫས་བརྒྱད་འབུལ་བ། མཆོག་གླིང་ཐུགས་སྒྲུབ་ཚེ་དམར་དང་། ཀློང་གསལ་ཚེ་སྒྲུབ་ཡང་གསང་བླ་མེད་ཟུང་གི་ཚེ་ཐར་གཏོང་ཐབས་འཇམ་མགོན་གསུང་རྣམས་སོ། །

༈     །   གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པ་ལ།   ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སེར་པོའི་སྒོས་སྒྲུབ།   ཆོས་དབང་བླ་མ་གསང་འདུས་ཀྱི་བློ་ལྡན་མཆོག་སྲེད་སྒོས་སྒྲུབ།   རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་འཇམ་དཔལ་དམར་སེར་བློའི་མུན་སེལ།   སངས་གླིང་བླ་མ་དགོངས་འདུས་རྣོ་སོ་ངར་འདོགས་ཀྱི་འཇམ་དབྱངས་བློ་འཕེལ་ཤེས་རབ་རལ་གྲི་རྣམས་གཏེར་གཞུང་།   དཔེའུ་རིས།   རྗེས་གནང་འཇམ་མགོན་གསུང་།   མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་འཇམ་དབྱངས་ཐུགས་སྒྲུབ་གཏེར་གཞུང་།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་སེང་ཕྲིན་ལས་དབང་བསྐུར་ལས་ཚོགས་འཇམ་མགོན་གསུང་།   རྒྱུན་ཁྱེར་མཆོག་གླིང་ཉིད་ཀྱི་གསུང་།   རཏྣའི་གཏེར་ཕྲན་ཕག་དཀར་གཞུང་།   རཏྣའི་དབྱངས་ཅན་ [214a] དཀར་མོ་གཏེར་གཞུང་།   བསྟོད་པ་ཉིད་གསུང་།   གཏོར་འབུལ་འདོད་གསོལ་བཅས།   ཤེར་འོད་གྲོལ་ཏིག་ཤེས་རབ་བློ་འཕེལ་གཏེར་གཞུང་།   དབྱངས་ཅན་དཀར་མོ་ཉིད་ཀྱི་གསུང་བཅས།   ཀློང་གསལ་རྡོ་རྗེ་སྙིང་པོའི་ཕག་དཀར་གཏེར་གཞུང་།   སྒྲུབ་ཐབས་དབང་ཆོག་འཇམ་མགོན་གསུང་།   མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་གི་ཕག་དཀར་ཤེས་རབ་གསལ་བྱེད་གཏེར་གཞུང་།   ཕྲིན་ལས།   རྒྱུན་ཁྱེར།   མེ་མཆོད།   སྦྱིན་སྲེག་གི་ཉེར་མཁོ་བཅས་ཉིད་ཀྱི་གསུང་།   སྨིན་བྱེད་འཇམ་མགོན་གསུང་།   ཕྱི་འགྱུར་པཎྜི་ཏ་མ་ཏིའི་འཇམ་དཀར་གྱི་སྒྲུབ་ཐབས།   བསྟོད་པ་སྒེག་རྡོར་དང་མ་ཏི་ཉིད་ཀྱི་གསུང་།   ལོ་རྒྱུས།   རྗེས་གནང་ཁྲོ་ལོ་བྱམས་པའི་དཔལ་དང་།   རྩ་སྒྲུབ་ལས་ཁ་ཚར་བཞི་རྒྱ་སྟོན་གསུང་།   སྒྲུབ་ཐབས་བསྡུས་པ་དང་།   བསྟོད་ཚིག་ཁ་སྐོང་མཁྱེན་བརྩེའི་གསུང་བཅས།   དམ་པ་རྒྱ་གར་གྱི་ལུགས་སྨྲ་སེང་སྒྲུབ་ཐབས་ལས་ཚོགས་རྩ་གཞུང་དང་།   སྒྲུབ་ཐབས་ཉུང་གསལ་མཁྱེན་བརྩེའི་གསུང་།   སྒྲུབ་ཐབས་སྙན་པོའི་རོལ་མོ་འཇམ་མགོན་གསུང་བཅས།    [214b] བྲམ་ཟེ་ཕུར་བུའི་ལུགས་དབྱངས་ཅན་དཀར་མོའི་སྒྲུབ་ཐབས་ཉིད་གསུང་།   ལས་སྦྱོར་དྲང་སྲོང་མངོན་ཤེས་ཅན་དང་།   བསྟོད་པ་བྲམ་ཟེ་ཕུར་བུ་ཉིད་ཀྱི་གསུང་།   སྒྲུབ་ཐབས་དང་བསྟོད་པ་ཀློང་ཆེན་པའི་གསུང་།   སྒྲུབ་ཐབས་རྗེས་གནང་དང་སྦྱིན་སྲེག་སྨིན་གཏེར་གསུང་།   སྒྲུབ་ཐབས་ངག་འདོན་མཁྱེན་བརྩེའི་གསུང་བཅས་རྣམས་སོ།   །

ཝི༽ ༈ ། གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པ་ལ། རཏྣ་ཐོད་ཕྲེང་རྩལ་ལ་བརྟེན་ནས་ཚེ་གཡང་འགུགས་པའི་ཕྲིན་ལས་ལྷ་བཙུན་དག་སྣང་མཁྱེན་བརྩེའི་གསུང་། ཟུར་མཁར་དྲི་མེད་གླིང་པའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་པདྨ་རྒྱལ་པོའི་བརྒྱུད་འདེབས། ལས་བྱང་། བསེ་རག་རྫོང་ཐབས་བཅས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་གསུང་། སྤུ་གྲི་མཆེད་གསུམ་གཏེར་གཞུང་། དབང་ཆོག ། བསྙེན་ཡིག ། རྒྱས་པའི་སྦྱིན་སྲེག་བཅས་ཡེ་ཤེས་ལྷུན་གྲུབ་གསུང་། ནོར་སྒྲུབ་གླང་འཁོར་བྲི་ [215a] ཐབས་གཏེར་གཞུང་། གཡང་འགུགས་ཟིན་བྲིས་ཡེ་ཤེས་ལྷུན་གྲུབ་གསུང་བཅས། ཆགས་མེད་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱི་དགོངས་གཏེར་པདྨའི་རྒྱལ་པོའི་གཡང་སྐྱབས། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་ནོར་སྒྲུབ་ཉིད་ཀྱི་གསུང་ལ་འཇམ་མགོན་ཁ་སྐོང་ཅན། ལས་ཚོགས་གསལ་བྱེད། གཡང་བསང་བཅས་འཇམ་མགོན་གསུང་། དབང་ཆོག་ཚེ་དབང་ནོར་བུའི་གསུང་། ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་འདུས་པ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཛམ་དཀར་ཚེ་གཡང་ཁ་སྦྱོར་གཏེར་གཞུང་། ཚོགས་མཆོད་ངག་དབང་ཚོགས་གཉིས་གསུང་། གྲྭ་མངོན་ཛམ་དམར་སྒྲུབ་ཐབས་ལས་ཚོགས་གཏེར་གཞུང་། ལས་བྱང་དང་། ཆུ་སྦྱིན་སྨིན་གཏེར་དང་། རྒྱུན་ཁྱེར་ཆུ་སྦྱིན་བཅས་པད་ཕྲིན། སྦྱིན་སྲེག་དྷརྨ་ཤྲཱི་རྣམས་ཀྱི་གསུང་། སྐོང་བ་དང་གཡང་འགུགས་འཇམ་མགོན་གསུང་། བལ་པོ་ཨ་ཧཱུྃ་འབར་གྱི་ཡཀྵ་ཛམ་བྷ་ལ་ནག་པོ་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པའི་གཏེར་གཞུང་། བརྒྱུད་འདེབས། ལས་ [215b] བྱང་། སྲོག་དབང་བཅས་འཇམ་མགོན་གསུང་། ཆོས་དབང་གི་པདྨ་གཡང་འབུམ་། སྨོན་ལམ་བཀྲ་ཤིས་བཅས་གཏེར་གཞུང་། ཆོས་དབང་ཛམ་དཀར་གཏེར་གཞུང་། གཙོ་རྐྱང་ཕྱི་ནང་གསང་སྒྲུབ་དང་ལྷ་དགུའི་སྒྲུབ་ཐབས་མཁྱེན་བརྩེའི་གསུང་། ཆོས་དབང་ཛམ་དམར་གཏེར་གཞུང་། ཆོས་དབང་ཛམ་ནག་ཆུ་སྦྱིན་མཁྱེན་བརྩེའི་གསུང་། ལས་འབྲེལ་པད་གླིང་ཟུང་གི་ཕྱག་རྡོར་དྲེགས་འདུལ་གཉིས་འདུས་ལས་འབྲེལ་ཛམ་དམར། བྱང་གཏེར་རང་ཤར་གྱི་ནོར་ལྷ་ཡོངས་རྫོགས་གཏེར་གཞུང་། དབང་དང་རྗེས་གནང་འཇམ་མགོན་གསུང་། བྱང་གཏེར་ཐུགས་སྒྲུབ་ཆོས་ཚ་བཅོས་བརྒྱད་པ་ཛམ་ལྗང་གཏེར་གཞུང་། གཏོར་འབུལ་མཁྱེན་བརྩེའི་གསུང་། རཏྣའི་ཀློང་གསལ་སྙིང་ཐིག་གི་ཕྱི་ཛམ་སེར། ནང་ཛམ་དམར། གསང་བ་ཛམ་ནག་ཙིཏྟ་རིན་ཆེན་སྲོག་སྒྲུབ་དང་། ཛམ་སེར་རིན་ཆེན་གཏེར་སྒྲུབ། བསྟོད་པ་ཕྲིན་བཅོལ་བཅས། ཀློང་གསལ་རྡོ་རྗེ་སྙིང་པོའི་ཛམ་སེར་གཏེར་གཞུང་། བསྙེན་སྒྲུབ་ཆོ་ག་མཁྱེན་བརྩེའི་གསུང་། གནམ་ཆོས་ཛམ་ལྷ་རིགས་དགུ་སོ་སོ་དང་། རིགས་དགུ་འཁོར་མང་གཅིག་ [216a] བསྡུས། ཛམ་སེར། ཛམ་ནག་བཀའ་རྒྱ་མར་གྲགས་པ། །ཛམ་དམར་ཛམ་ལྷ་ཉེར་གཅིག ། ཛམ་ལྷ་སྤྱིའི་ལས་བྱང་རྣམས་གཏེར་གཞུང་། གཏོར་འབུལ་ཆགས་མེད་གསུང་། གུ་རུས་ལྷ་སྲས་བར་པ་ལ་གདམས་པ་བཀའ་མ་དང་། གཉལ་པ་ཉི་མ་ཤས་རབ་ཀྱི་གཏེར་བྱོན་རྣམ་སྲས་སེར་ཆེན་ལྷ་དགུ་སྤྲིན་གསེབ་མ་ཚར་ཆེན་ཡབ་སྲས་ཀྱི་བེའུ་བུམ་ལས་འབྱུང་བ། ཁྲོ་ཕུ་ལོ་ཙཱ་དང་གཉལ་པ་ཉི་མ་སེང་གེའི་གཏེར་མ་ཡང་གསང་མདུང་དམར་ཅན་གྱི་རྒྱུད་དང་། སྒྲུབ་སྐོར་གཉགས་དབོན་གྱི་བེའུ་བུམ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་རྣམ་སྲས་སེར་ཆེན་གྱི་ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་གཏེར་གཞུང་། ཟུར་འདེབས། རཏྣའི་རྟ་གསང་རྣམ་སྲས་མདུང་དམར་གྱི་ཕྲིན་ལས། སྲོག་དབང་འཇམ་མགོན་གསུང་། པད་གླིང་བླ་མ་ནོར་རྒྱམ་གྱི་རྣམ་སྲས་ཡང་གསང་བླ་མེད་གཏེར་གཞུང་། འཇའ་ཚོན་མ་ནིང་རྒྱས་ལས་སེར་པོ་སྐོར་གསུམ་གྱི་གཡང་སྐྱབས་འཇམ་མགོན་གསུང་བཅས། ། ཞི༽ ། མཆོག་གླིང་རྣམ་སྲས་རིགས་གསུམ་གཏེར་གཞུང་། གྲྭ་མངོན་ཞང་ [216b] བློན་གཏོར་ཆོག་སྨིན་གཏེར་གསུང་། གནམ་ཆོས་ཨ་པར་ཛི་ཏའི་སྒྲུབ་པ། ཚོགས་བདག་སྒྲུབ་ཐབས་དང་གསོལ་ཁ། རེ་མནྟའི་སྒྲུབ་ཐབས། གསོལ་ཁ་རྣམས་གཏེར་གཞུང་། རྟ་གཟུངས་ཆོ་ག ། ཟིན་བྲིས། རེ་མནྟའི་སྐོང་གསོ། མངའ་གསོལ། གཏོར་འབུལ། རྟིལ་བསང་། རྟ་གླུད་བསྡུས་པ་རྣམས་ཆགས་མེད་གསུང་། གནམ་ཆོས་རྟ་གཟུངས། རྟ་གླུད་བཅས་གཏེར་གཞུང་། ཀུ་བེ་རའི་སྒྲུབ་ཐབས་དམིགས་ཟིན་ཆགས་མེད་གསུང་། ཁམས་པ་ཀུན་དགའ་བསྟན་འཛིན་གྱི་རྨ་རྒྱལ་སྤོམ་ར་གཏེར་གཞུང་། ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ལ་བཀའ་བབ་པའི་བཀའ་གཏེར་ཟུང་འཇུག་ཤ་ཟ་མཁའ་འགྲོ་དབྱུག་གུ་མཆེད་གསུམ་གྱི་སྒྲུབ་ཐབས་ཆེ་ཆུང་། བསང་། མཆོད་ཐབས། བསྟོད་པ། བསྐུལ་བ་རྣམས་ཉིད་ཀྱི་གསུང་། འདི་རྣམས་ཀྱི་རྩ་གཞུང་གཏོར་ཆོག་ཨ་རཱ་གའི་གསུང་དང་། ཆུ་གཏོར། དེའི་ཟིན་བྲིས། གུད་སྦས་དང་། ཟིན་བྲིས། བསྙེན་ཡིག ། སྲོག་གཏད་རྣམས་བསྟན་འཛིན་ཕྲིན་ལས་ཉིད་ཀྱི་གསུང་། བསེ་རག་བཀར་ཡས་ [217a] ཆགས་མེད་གསུང་། མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཀུན་འཁྱིལ་མཆེད་གསུམ་གཏེར་གཞུང་། རྗེས་གནང་མཁྱེན་བརྩེའི་གསུང་། ཟུར་མཁར་ཨ་ཇོ་དཔལ་པོ། འབྲེ་ཤེས་རབ་འོད། ཉི་མ་སེང་གེ་གསུམ་ཚོགས་ཀྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་འཁོར་ལོའི་མན་ངག་གཞུང་ལག་ལེན་བཅས། བལ་པོ་ཨ་ཧཱུྃ་གི་གླང་ཆེན་བཅས་ཆོག ། སངས་གླིང་བླ་མ་དགོངས་འདུས་ཐོད་བརྟགས། ཐོད་སྒྲུབ། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཐོད་བརྟགས། ཐོད་སྒྲུབ། ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་གཡང་འགུགས་རྣམས་གཏེར་གཞུང་། བྱང་གཏེར་མངའ་བསྐྱེད་ནོར་བུའི་བང་མཛོད་ཀྱི་མངའ་དབང་རིན་ཆེན་འབར་བའི་གཏེར་གཞུང་། མཐའ་དཔྱོད་བྱང་བདག་གསུང་། དབང་ཆོག་ལག་ལེན་འཇམ་མགོན་གསུང་། སྲོག་ལུས་དབང་ཐང་ཀླུང་རྟ་བསྐྱེད་པའི་གཏོ་ཆོག་འབྱུང་རྩིས་ལས་བཏུས་པ་རྣམས་སོ། །

༈     །   བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ལ།   པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ཆར་འབེབས་རྒྱ་ནག་ཆུ་འཁོར་མ།    [217b] ཌོ་མྦི་ཧེ་རུ་ཀའི་ལུགས་ཀྱི་ཆར་འབེབས་བཅས་གཏེར་གཞུང་།   དྲག་རྫས་སྨིན་གཏེར་ཕྱག་བཞེས།   བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་རིན་ཆེན་ཁང་བུའི་ལུད་སྦྱོར་སོགས།   གནམ་ཆོས་ས་སྙིང་སྒྲུབ་ཐབས་བཅས་གཏེར་གཞུང་།   གནམ་ཆོས་ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་གཏེར་གཞུང་དང་།   མཆོད་ཐབས་ཆགས་མེད་གསུང་།   གནམ་ཆོས་ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་གཏེར་གཞུང་།   སྒྲུབ་ཐབས་གསལ་བྱེད་དང་།   བསྐང་གསོལ།   གཡང་སྐྱབས་བཅས་ཆགས་མེད་གསུང་།   སངས་གླིང་བླ་མ་དགོངས་འདུས་ཆར་འབེབས་བདུད་རྩི་བུམ་ཆུང་དང་།   འཇའ་ཚོན་སོགས་ཀྱི་ཆར་འབེབས་ཟབ་བསྡུས་ཆགས་མེད་གསུང་།   ཆར་འབེབས་ཉེར་མཁོ་དང་།   སྤྲིན་མདོའི་དོན་བསྡུས་གསོལ་འདེབས་བདེན་སྟོབས།   འབུ་སྲིན་གདུག་པ་ཞི་བྱེད་བསང་རྒྱས།   འབྲིང་།   བསྡུས་གསུམ།   ཁ་བསྒྱུར།   ཟིན་བྲིས།   སྤྲིང་ཡིག་བཅས་ཆགས་མེད་གསུང་།   ཆར་འབེབས་སྔགས་བྱང་།   ཀླུ་ལ་བདེ་བ་སྦྱིན་པའི་སྔགས་གཟུངས་འདུས་ཝཾ་ཡིག་ལས་ [218a] བཤུས་པ།   སྟག་ཤམ་ཌཱ་ཀིའི་སྙན་བརྒྱུད་བདུད་འདུལ་དྲག་མོའི་རྒྱས་ལས་སའི་ལྷ་མོ་བརྟན་མ་གཏེར་གཞུང་།   གསལ་བྱེད་འཇམ་མགོན་གསུང་།   ཐུགས་ཀྱི་རྡོ་རྗེའི་བཀའ་གཏེར་ཟུང་འཇུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ཆར་འབེབས་དགོངས་གཏེར།   ལོ་གླུད་འགོང་པོ་གྲུ་འདེད་ཉིད་ཀྱི་གསུང་།   དགོངས་གཏེར་རྟ་མགྲིན་ལས་ཚོགས་བཙའ་འདེད།    བཙའ་སྲུང་མན་ངག་དང་བསང་འཇམ་མགོན་གསུང་།   ཞིང་ལྷ་བསྟོད་པའི་མཆོག་གསོལ་ཆགས་མེད་གསུང་།   ཞིང་ལྷ་ཚངས་པའི་གཡང་སྐྱབས་དང་ཚོགས་མཆོད།   གཏོར་མའི་དཔེའུ་རིས།   ལོ་གླུད་བཅས་ཆགས་མེད་བཞི་པ་བསྟན་འཛིན་ཕྲིན་ལས་གསུང་།   ལོ་ཐོག་ལ་ཕན་པའི་གདམས་ངག་མཁྱེན་བརྩེའི་གསུང་།   ལོ་ཐོག་རྒྱས་པའི་སྨོན་ལམ་ཐང་རྒྱལ་དང་ཆགས་མེད་གསུང་རྣམས་སོ།   །
༈     །   ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་བརྒྱུད་རྒྱས་པར་བྱེད་པ་ལ།   ཆོས་དབང་བླ་མ་གསང་འདུས་ཀྱི་ཐེམ་མེད་ལྷ་བུ་བཙོན་འཛིན།   རྡོར་གླིང་གཏེར་ཕྲན་གཅེས་ཕྲེང་ལྷ་མོ་བུ་རྫི་མའི་རྟེན་མདོས།   སངས་གླིང་ [218b] བླ་མ་དགོངས་འདུས་རྨང་པོ་སྲིད་སྤེལ་གྱི་ཆོས་དྲུག་གི་སྲིད་འབེབས་སྲིད་འཚོ་སོགས་གཏེར་གཞུང་།   མཆོག་གླིང་ཟབ་བདུན་ཚེ་ཟབ་ཀྱི་རིན་ཆེན་མཁའ་འགྲོ་སོ་སོར་འབྲང་མ་གཏེར་གཞུང་།   དབང་ཆོག་འཇམ་མགོན་གསུང་རྣམས་སོ།   །
༈      །   དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པ་ལ།   སངས་གླིང་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག    །   རྗེས་གནང་བཅས་གར་དབང་ཞིག་གླིང་གསུང་།   གནས་བཅུའི་མཆོད་ཆོག་མཁྱེན་བརྩེའི་གསུང་།   འཇའ་ཚོན་སཱཙྪ་ལ་བརྟེན་ནས་འགྲོ་འདུལ་བསྟན་པ་རྒྱས་པའི་ལག་ལེན།   ཀློང་གསལ་རྡོ་རྗེ་སྙིང་པོའི་བྱམས་པ་མགོན་པོའི་ཆོ་ག་དབང་བསྐུར་བཅས་འཇམ་མགོན་གསུང་།   གནམ་ཆོས་ཐུབ་དབང་གནས་བརྟན་འཁོར་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས་དབང་བཅས་གཏེར་གཞུང་།   གནམ་ཆོས་དགེ་འདུན་འདུ་འཁོར་གཏེར་གཞུང་དང་།   བྲི་ཐབས་འདོད་གསོལ་བླ་མ་དགོངས་འདུས་ལས་བཏུས་པ།   དབང་སྒྲུབ་དང་དབང་བཤད་ཆགས་མེད་གསུང་།   རྩ་གསུམ་འདུས་པའི་ [219a] སྒྲུབ་མཆོད་ཆགས་མེད་གསུང་སྤྲུལ་ཀརྨ་བདེ་ཆེན་སྙིང་པོའི་གསུང་།   མང་དགེ་རྡོ་རྗེ་འཆང་དགེ་ལེགས་ཡར་འཕེལ་གྱི་ཐུབ་ཆོག་གསེར་ཞུན་མ་རྩ་འགྲེལ་རྣམས་སོ།   །
༈      །   བཞི་པ་དབང་གི་ལས་ཀྱི་སྐོར།   ཆོས་དབང་བླ་མ་གསང་འདུས་ཀྱི་པདྨ་རྒྱལ་པོའི་སྒོམ་སྒྲུབ་གཏེར་གཞུང་།   རོང་ཟོམ་པཎྜི་ཏའི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་མན་ངག་མཁྱེན་བརྩེའི་ཡང་གཏེར་གྱི་གཞུང་།   ཕྲིན་ལས་དབང་བསྐུར་འཇམ་མགོན་གསུང་།   བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་མི་ཕམ་གསུང་།   སངས་གླིང་དབང་སྡུས་ནོར་བུ་སྐོར་གསུམ་གཞུང་ལས་བྱང་གསལ་བྱེད་བཅས།   གར་དབང་ཞིག་གླིང་བདེ་མཆོག་དམར་པོའི་གཏེར་གཞུང་།   གསོལ་འདེབས་ཉིད་ཀྱི་གསུང་།   སྨིན་བྱེད་འཇམ་མགོན་གསུང་།   ཚེ་དབང་ནོར་བུའི་སྒྲོལ་མའི་དམར་མོའི་གཏེར་གཞུང་།   ངག་འདོན་འཇམ་མགོན་གསུང་།   ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་གཏེར་གཞུང་དང་གསལ་བྱེད་ཉིད་ཀྱི་གསུང་།   དབང་ཆོག་འཇམ་མགོན་གསུང་།   མཆོག་གླིང་ཟབ་བདུན་ [219b] རྩ་གསུམ་ཚེ་ཟབ་ཀྱི་པདྨ་མཁའ་འགྲོའི་ཕྱི་སྒྲུབ།   ནང་སྒྲུབ།   གསང་སྒྲུབ།   གཏོར་འབུལ།   སྦྱིན་སྲེག  །རླུང་འཁོར་དང་སཱཙྪའི་ལས་སྦྱོར།   དབང་སྡུད་རྫས་སྒྲུབ།   དབང་བསྐུར་རྣམས་གཏེར་གཞུང་།   ཕྲིན་ལས་ཀྱི་སྔོན་འགྲོ།   ཚོགས་མཆོད་སོགས་རྗེས་རིམ།   སྐོང་བ།   དབང་ཆོག     ཕྱི་ནང་གསང་སྒྲུབ་བསྙེན་ཡིག    །   མེ་མཆོད་རྣམས་འཇམ་མགོན་གསུང་།   ཆོས་གླིང་ཛམ་དམར་གསང་བ་སྲོག་སྒྲུབ་གཏེར་གཞུང་།   གསང་སྒྲུབ་ཀྱི་མཆོད་ཕྲེང་ཉིད་ཀྱི་གསུང་།   རྗེས་གནང་སྲོག་གཏད་འཇམ་མགོན་གསུང་།   ལས་མཁན་དབང་ཕྱུག་དམར་པོའི་རྗེས་གནང་ཆོས་གླིང་ཉིད་ཀྱི་གསུང་།   གུ་རུ་ཇོ་ཚེའི་རླུང་ཞགས་ཀུན་གྱི་ཟབ་ཏིག་གཏེར་གཞུང་དཔེའུ་རིས་བཅས།   བྱང་གཏེར་ཁམས་གསུམ་དབང་སྡུད་རྟེན་འབྲེལ་ཆོས་བདུན་གྱི་ལྷ་ཆེན་བསོད་ནམས་དཔལ་འབར་རླུང་ཞགས་གཏེར་གཞུང་།   འདོན་ཟིན་དང་མེ་མཆོད་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གསུང་བཅས།   

འི༽ ། གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ལྷ་ཆེན་དབང་ཕྱུག་ཆེན་པོའི་ [220a] གཏེར་གཞུང་། རྗེས་གནང་། མེ་མཆོད་བཅས་ཉིད་ཀྱི་གསུང་། མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་ལྷ་ཆེན་གཏེར་གཞུང་། དབང་ཆོག་འཇམ་མགོན་གསུང་། མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཆེན་གཏེར་གཞུང་། བཀའ་གཏད་འཇམ་མགོན་གསུང་རྣམས་སོ། །

༈     །   ལྔ་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ།   སྤྱི་དང་བྱེ་བྲག་གཉིས།   དང་པོ་སྤྱིར་འགྲོ་བ་ལ།   བཀའ་གཏེར་ཟུང་འཇུག་གནུབས་ལུགས་གཤིན་རྗེ་ཧྲཱིཿདམར་རྩ་གཞུང་།   གསལ་བྱེད་བྱང་བདག་གསུང་།   གྲུ་གུ་ཡང་དབང་གཏེར་བྱོན་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གདམས་སྐོར་མ་བུ།   བྱང་བདག་དབང་པོའི་སྡེའི་གསལ་བྱེད་ཆོག་ཁྲིགས་སྐོར།   བཀའ་གཏད་སྒམོ་ལུང་འཇམ་མགོན་གསུང་།   སྟག་སྡེའི་དབོན་སྟོན་གུ་རུ་ཧཱུཾ་འབར་གྱི་གཟའ་བདུན་མོན་པ་ཀེ་ཏ་ཀའི་གཞུང་གསལ་བྱེད་བཅས།   བསྙེན་སྒྲུབ་ལས་གསུམ་གྱི་གྱེར་སྒོམ་འཇམ་མགོན་གསུང་།   རཏྣའི་རྟ་གསང་གི་གཤིན་རྗེ་ཚེ་བདག་ནག་པོའི་སྲུང་ཟློག་བསད་གསུམ་ལས་སྦྱོར་གཏེར་གཞུང་།   མཆོག་གླིང་ཟབ་བདུད་ཚེ་ཟབ་ལས་ [220b] ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་གཏེར་གཞུང་།   དབང་ཆོག་འཇམ་མགོན་གསུང་རྣམས་སོ།   །
༈      །   གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་སྒྲུབ་པ་ལ།   སྲུང་བ།   ཟློག་པ།   བསད་པ།   མཐའ་སྡུད་བཞི།   དང་པོ་སྲུང་བ་རྡོ་རྗེའི་མཁར་དུ་གཞུག་པ་ལ།   ཆོས་དབང་གཏེར་བྱོན་བྱད་མ་འབུམ་ཐུབ་ཀྱི་སྲུང་འཁོར་ལག་ལེན་བཅས།   རང་སྲུང་གནུབས་ལུགས་བཀའ་མ་ཨ་པ་རཱ་ཛི་ཏིའི་རྩོད་རྒྱལ་རྡོ་འཁོར་མན་ངག་ལབ་སྟོན་ནམ་མཁའ་རིན་ཆེན་གསུང་།   མན་ངག་ལས་མཐའ།   འཁོར་ལོའི་དཔེའུ་རིས།   རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན་ཆིངས་གསུམ་གཏེར་གཞུང་།   གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད།   ལྷ་ཆེན་དབང་ཕྱུག་ལ་བརྟེན་པའི་བཙན་པོ་ཁ་ཆིངས་རྣམས་སོ།   །
༈     །   གཉིས་པ་ཟློག་པ་བྱད་མ་རང་གཤེད་འབེབས་པ་ལ།   སྟག་ཤམ་གུ་རུ་ཞི་བའི་ཟློག་པ་གཏེར་གཞུང་།   བཀའ་བརྒྱད་གཏོར་ཟློག་ཁྲོ་རོལ་ཤིན་ཏུ་བསྡུས་པ།   དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་བཅས་ཆགས་མེད་གསུང་།   མཆོག་གླིང་བོད་ཁམས་བདེ་ཐབས་ཆོས་བཅུའི་གཤིན་རྗེ།    [221a] རྟ་མགྲིན།   ཕུར་པ།   མགོན་པོ་སྟེ་བསྟན་པ་སྲུང་བའི་ཆོས་བཞི་གཏེར་གཞུང་།   གནུབས་ལུགས་གཤིན་རྗེ་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་སྲུང་ཟློག་བསད་མནན་རྒྱུན་གྱི་རྣལ་འབྱོར་བྱང་བདག་དབང་པོའི་སྡེའི་གསུང་།   ཡང་ཟློག་གནུབས་ཀྱི་གོང་ཁུག་མ།   རཏྣའི་ཡང་ཟློག་རྡོ་རྗེའི་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ།   རཏྣའི་གཏེར་ཕྲན་མཁའ་འགྲོའི་ཡང་བཟློག་གནམ་ལྕགས་སྤུ་གྲི་དང་།   ཡང་ཟློག་དུག་གི་སྤུ་གྲི་བཅས་གཏེར་གཞུང་།   གནུབས་ལུགས་ཡང་ཟློག་ཨ་ཐང་ནག་པོ།   གུ་རུ་པདྨ་སིདྡྷིས་ཡང་ཟློག་སྔགས་ཀྱི་ཤན་པ།   ཤྲཱི་སིངྷས་གཤིན་རྗེའི་ཡང་ཟློག་བཀའ་རྒྱ་མ།   ཤེར་འོད་གྲོལ་ཏིག་གཤིན་རྗེའི་ཡང་ཟློག་གཏེར་གཞུང་།   ཞང་ཁྲོམ་ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་མན་ངག་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གསུང་།   ཆོས་དབང་རཏྣའི་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་སྨིན་གཏེར་གསུང་།   བདེ་གླིང་ཡང་ཟློག་རྡོ་རྗེ་ཕ་ལམ་འཁོར་ལོ་བྲི་ཡིག་བཅས་གཏེར་གཞུང་ཡང་ཟློག་ཉེར་མཁོའི་ཞལ་ཤེས་ཆོས་ཀྱི་འབྱུང་གནས་ [221b] གསུང་།   བདེ་གླིང་ཡང་ཟློག་གི་རྒྱུན་ཁྱེར་ཚེ་ནོར་གསུང་།   དེའི་གསལ་བྱེད་ཚེ་བདག་ཡང་ཟློག་ཚེ་ནོར་གསུང་ལ་སི་ཏུའི་ཞལ་ལུང་ཚེ་དབང་ཀུན་ཁྱབ་ཀྱི་ཁ་སྐོང་ཅན།   དེའི་གསལ་བྱེད་གཏེར་ཁ་གསུམ་འདུས་ཡང་ཟློག་རྡོ་རྗེ་ཕ་ལམ་སྲུང་ཟློག་བསད་པའི་ལག་ལེན་འཇམ་མགོན་གསུང་།   ང་རྒྱལ་བྱ་བ་དང་།   སྔོན་གཏོར།   བཀའ་བསྒོ།   སྲུང་འཁོར།   བྱིན་འབེབས་བཅས།   འདོད་གསོལ་སྨོན་ལམ་རྟ་ནག་གི་པདྨ་དབང་ཆེན་ཁ་བསྒྱུར་བ་དང་།    འབྲི་གུང་ རིན་ཕུན་དང་།   ལྔ་པའི་གསུང་བཅས།   མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་སེང་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་འདེབས་འཇམ་མགོན་གསུང་།   ཕྲིན་ལས་ཟློག་པ་མཆོག་གླིང་ཉིད་ཀྱི་གསུང་།   བསྒོམ་བཟླས་མཁྱེན་བརྩེའི་གསུང་།   སྐོང་བ།   གཏོར་དབང་།   འཆི་བསླུའི་བཀའ་གཏད་བཅས་འཇམ་མགོན་གསུང་།   

ཡི༽ ། ལྷོ་བྲག་ཡང་དབེན་རི་ཁྲོད་པ་སེང་གེའི་ཤེར་ཕྱིན་རྒྱལ་བའི་བཀའ་མཐུ་གཏེར་གཞུང་། བདག་སྲུང་རྣལ་འབྱོར་བྱང་བདག་སྲུང་། བ་རི་ནས་རིང་བརྒྱུད་བཀའ་གཏེར་ཟུང་འབྲེལ་ཆོས་སྐུ་འོད་འབར་མ་པད་ [222a] ཕྲིན་གསུང་། ཟངས་གླིང་དབང་ཕྱུག་དང་ཞང་ཁྲོམ་རྡོ་རྗེ་འོད་འབར་གཏེར་ཁ་ཟུང་འཇུག་གཏད་ཧྲུལ་སྦལ་པ་ཁ་སྦྱོར་གཞུང་ལག་ལེན་བཅས། གཤིན་རྗེའི་ལས་མཐའ་གཏད་ཧྲུལ་ནག་པོ་ཟངས་གླིང་གི་ལུགས་བཀའ་གཏེར་གཉིས་ལྡན་གཞུང་ས་སྐྱ་པ་ཀུན་བློའི་ཡིག་ཆས་བརྒྱན་པ། རཏྣའི་གཏད་ཟློག་རྒྱལ་པོ་བཀའ་རྒྱ་མ་གཏེར་གཞུང་། གནུབས་ལུགས་གནམ་ལྕགས་ངུར་མོའི་གཏད་ཟློག་སྦལ་བ་དཀར་ནག ། གཏད་རུལ་དམར་པོ་ཁྱུང་པོའི་མན་ངག ། གཏད་སྲུང་སྐོིར། ཐུགས་རྗེ་ཆེན་པོའི་སྒོ་ནས་མི་ཁ་ཟློག་པ་ཆགས་མེད་གསུང་། སྟག་ཤམ་གཤིན་རྗེའི་འཐབ་རྩོད་མི་ཁ་ཟློག་པ། ཉང་གཏེར་མི་ཁ་དགྲ་ཟློག ། ཀློང་གསལ་ཡེ་འབར་སྨྲ་ངན་མི་ཁའི་ཟློག་པ། ཁྱུང་གྲགས་རྡོ་རྗེའི་མི་ཁ་ཐལ་རྡེབ། གནུབ་ལུགས་དབང་ཕྱུག་མི་ཁ་ཟློག་པ། མི་ཁ་དགྲ་བསྒྱུར་གྱི་གཏོ་ཨ་ཡ་བོན་པོ་ལྷ་འབུམ་ [222b] གཏེར་མ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཤིན་རྗེའི་བཀའ་སྡོད་མགོ་གསུམ་གྱི་མི་ཁ་སྲུང་ཟློག་འཇམ་མགོན་གསུང་། ལྟས་ངན་ཟློག་པའི་མན་ངག་ཆོས་དབང་ཕྱག་བཞེས་མ། ཐན་ཟློག་ཤིང་བྱང་མ། སྟག་ཤམ་ཡིད་མ་དགོངས་འདུས་ཁྱུང་གི་ལྟས་ངན་བརྒྱད་ཅུའི་ཟློག་མདོས་གཏེར་གཞུང་རྣམས་སོ། །

༈     །   གསུམ་པ་བསད་པ་ཉམས་པ་བདུན་རྒྱུད་གཅོད་པ་ལ།   བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ནག་བསད་པ་སྟག་བྱང་མ་ལྔ་པའི་ཞལ་ལུང་འཇམ་མགོན་གསུང་།   སྔགས་བྱང་གུད་སྦས།     མཁྱེན་དགོངས་དམོད་བཅོལ་ཞལ་ཤེས་བཅས།   དཔེའུ་རིས།   བླ་མ་གྲུམ་པ་དང་།   ཡོན་བདག་ནག་པོ་མཁར་གཉིས་ཀྱི་གཟའ་བདུད་ནམ་མཁའི་ཧོམ་ཁུང་གི་ལོ་རྒྱུས།   སྒྲུབ་ཐབས།   ལས་མཐའ།   མེ་ལོང་རྡོ་རྗེ་ལ་རཱ་ཧུ་ལས་ཕུལ་བ་ཞལ་གདམས་གནད་ཀྱི་ཤོག་དྲིལ་བླ་མ་ཕྱག་རྡོར་བའི་གཏེར་བྱོན།   སྔགས་པ་པདྨ་དབང་ཆེན་གྱི་སྤུ་གྲི་ནག་པོ།   དགེ་བཤེས་དབང་ཤག་གི་ངན་སྔགས་མུ་སྟེགས་རྡེའུ་ནག་པོ།   ཤེས་རབ་མེ་འབར་གྱི་གཟའ་དང་རེ་ཏིའི་ཆོ་འཁྲུལ།   ཁམས་པ་ཁྲ་ [223a] མོའི་གཏེར་མ་སྙིང་རི་ལུགས་ཕྱི་ལམ་བཅད་པ་དྲང་སྲོང་ཆིག་ཤུར་བསྙེན་སྒྲུབ་ལས་གསུམ་ལག་ཁྲིགས་བྱང་བདག་གསུང་རྣམས་སོ།   །
༈     །   བཞི་པ་མཐའ་སྡུད་འབྱུང་བ་བཞི་ལ་གཏད་པ་ལ།   ས་ཆུ་མེ་རླུང་བཞི།   དང་པོ་སྲུང་བའི་མཐའ་སྡུད་མནན་པའི་ལས་ལ།   བཀའ་གཏེར་གཉིས་ལྡན་ཀིང་ཀང་དམར་པོའི་རྩ་གཞུང་།   ཀིང་ཀང་དམར་ཆུང་ལས་བྱང་བྱང་བདག་གསུང་།   དམོད་བྱང་།   ཀིང་དམར་ལག་ལེན་བློ་གསལ་རྒྱ་མཚོའི་གསུང་།   ཀིང་དམར་རླུང་སྒྲུབ་གཞུང་ལག་ལེན་ཞལ་ཤེསཞིག་གླིང་གསུང་།   དེའི་ལག་ལེན་ཞལ་ཤེས་ཨ་ལོ་ཀརྨ་ཀུན་མཁྱེན་གསུང་།   ཀིང་དམར་རླུང་སྒྲུབ་ལས་བྱང་ཆོས་གྲགས་གསུང་།   ཀིང་དམར་གང་ལའང་སྦྱར་རུང་བའི་ཚོགས་མཆོད་ཆགས་མེད་གསུང་།   འགུགས་པ་རྩ་རྒྱུད་མ།   དགྲ་མནན་ལག་ལེན།   གནམ་ཆོས་ཀིང་ཀང་དམར་བྱེད་སྒྲུབ་ཐབས་གཏེར་གཞུང་།   ཀིང་ནག་ཕ་རོལ་རྒོལ་འཇོམས་བཀའ་གཏེར་གཉིས་ལྡན་གྱི་དགྲ་བྲུབ་ཀྱི་ལག་ལེན།   ཚོགས་མཆོད་སོགས་བཅས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་ [223b] གསུང་།   ཀིང་ནག་སྲུང་ཟློག་བསད་གསུམ་གྱི་ལས་གཞུང་ཕྲིན་ལས།   ཀིང་ཀང་དམར་ནག་གི་སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་བཅས་ཚེ་དབང་ཀུན་ཁྱབ་གསུང་།   འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀིང་ཀང་དམར་ནག་གླང་རུ་མའི་མན་ངག་གནད་དྲིལ་ཟིན་བྲིས།   བྱང་གཏེར་ཕུར་པའི་སྲི་མནན་ཡི་དམ་དྲག་པོ་གང་ལའང་སྦྱར་དུ་རུང་བའི་ལག་ལེན་འདོན་འགྲིགས་བཅས་འཇམ་མགོན་གསུང་།   བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་བཅུ་གཉིས་པ་འགོང་པོ་ཨར་གཏད་གཏེར་གཞུང་།   མན་ངག་ལག་ལེན་རྣམ་གསལ།   ཡི་དམ་སྤྱི་ལ་སྦྱར་དུ་རུང་བ་དགྲ་བགེགས་མནན་པའི་ལས་རིམ་བཅས་འཇམ་མགོན་གསུང་རྣམས་སོ།   །
༈     །   གཉིས་པ་ཆུ་ལ་གཏད་པའི་ལས་ལ།   ལས་འབྲེལ་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་ཀླུ་གཏད་གཏེར་གཞུང་།   ལག་ལེན་དམར་བྱང་ཙམ་མོ།   །
༈     །   གསུམ་པ་བསད་པའི་མཐའ་སྡུད་མེ་ལ་སྲེག་པའི་ལས་ལ།   མངོན་སྤྱོད་ཕྲིན་ལས་མཐའ་དག་གི་ནུས་འབྱིན་སྲེག་པ་ཧོམ་གྱི་གཟེར་ཁ་འཇམ་མགོན་གསུང་ཙམ་མོ།   །
༈     །   བཞི་པ་ [224a] རླུང་ལ་བསྐུར་བའི་ལས་ལ།   ཟློག་པའི་མཐའ་སྡུད་འཕང་བ་ཟོར་གྱི་མན་ངག་སྔར་ཡི་དམ་དྲག་པོའི་ཕྲིན་ལས་དང་འབྲེལ་བར་ཅི་རིགས་སོང་ཟིན་ལ།   ཞང་ཁྲོམ་རྡོ་རྗེ་འབར་གྱི་རླུང་འཁྲུགས་འབུམ་གྱི་ཡང་སྙིང་གཤིན་རྗེའི་སྲོག་སྒྲུབ་གཏེར་གཞུང་།   ལག་ལེན་བཅས།   དཔེའུ་རིས་བཅས་སོ།   །

རི༽ ། སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། གུ་རུ་ཆོས་དབང་གི་ཆོས་དྲུག་སྲས་མཁར་མ་གཏེར་གཞུང་། སློབ་དཔོན་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་མཆོག་གླིང་ཉེ་བརྒྱུད་ཀྱི་ལོ་རྒྱུས། གཏེར་འབྱུང་། ཁྲིད་གཞུང་སོགས། གསང་དབང་། ཞེ་སྡང་རྡོ་རྗེ། འདོད་ཆགས་རྡོ་རྗེ། གཏི་མུག་རྡོ་རྗེ། ཕྲག་དོག་རྡོ་རྗེ། ང་རྒྱལ་རྡོ་རྗེ་རྣམས་གཏེར་གཞུང་། ཕྲིན་ལས། དབང་ཆོག་བཅས་འཇམ་མགོན་གསུང་། བདུད་འདུལ་དང་ཀློང་གསལ་གཏེར་ཁ་གཉིས་འདུས་གཏུམ་མོའི་མེ་དབང་ངེས་དོན་དབང་པོའི་གསུང་། དེའི་རྩ་རླུང་ཐིག་ལེའི་ཁྲིད་ཡིག་འཇམ་མགོན་གསུང་། མཆོག་གླིང་ལུང་ཆེན་རྡོ་རྗེ་བཀོད་པ་བཀའ་འདུས་ [224b] ཆོས་ཀྱི་རྒྱ་མཚོའི་གསོལ་འདེབས་ཉིད་གསུང་། སྒྲུབ་ཐབས། རྣལ་འབྱོར་རྒྱུན་གྱི་ཉམས་ལེན་བཅས་གཏེར་གཞུང་། སྨན་མཆོད། རྩ་བའི་དབང་ཆོག་འཇམ་མགོན་གསུང་། མདོ་ལུང་ལྔའི་དགོངས་པའི་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་གཏེར་གཞུང་། དོན་དབང་འཇམ་མགོན་གསུང་། ཟབ་བདུན་ཟངས་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་གཏེར་གཞུང་། གཏོར་དབང་འཇམ་མགོན་གསུང་། ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པ་གཏེར་གཞུང་། ཕྲིན་ལས། དབང་ཆོག་བཅས་འཇམ་མགོན་གསུང་། ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་གཏེར་གཞུང་རྣམས་སོ། །

༈     །   སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ།   སེམས་སྡེ།   ཀློང་སྡེ།   མན་ངག་སྡེ་གསུམ།   དང་པོ་ཕྱི་སེམས་སྡེ་ལ།   དྲི་མེད་ཀུན་དགའི་ཕྱག་ཆེན་དམར་ཁྲིད་མཁྱེན་བརྩེའི་ཡང་གཏེར།    རཏྣའི་ཕྱག་ཆེན་ཉི་མའི་སྙིང་པོའི་ཞུས་ལན།   ཐེམ་བྱང་སོགས་གཏེར་གཞུང་།   བརྒྱུད་འདེབས་ཉིད་ཀྱི་གསུང་།   མཆོག་གླིང་རྫོགས་ཆེན་སྡེ་གསུམ་ [225a] གྱི་ཕྱི་སྐོར་སེམས་སྡེའི་བླ་མའི་བསྐྱེད་རིམ་བྱང་བུ་མཁྱེན་བརྩེའི་གསུང་།   བསྐྱེད་རྫོགས་གནད་དྲིལ་གཏེར་གཞུང་།   དབང་ཆོག་རྣམས་སོ།   །
༈      །   གཉིས་པ་ཀློང་སྡེ་ལ།   གཏེར་མའི་ཕྱོགས་འདིར་རང་རྐང་ཐུབ་པ་སྔོན་ཆད་ཆེར་བྱོན་པར་མི་སྣང་ཞིང་།   མཆོག་གླིང་གཏར་བྱོན་རྫོགས་ཆེན་སྡེ་གསུམ་གྱི་སྐོར་རྣམས་འཇམ་མགོན་བཀའི་བསྡུ་བ་པོས་གསན་བཞེས་གྲུབ་པ་མ་བྱུང་བས་རེ་ཞིག་མ་བཞུགས་པར་སྣང་ལ།   སླད་ནས་དེའི་སྨིན་གྲོལ་གྱི་རྒྱུན་དང་།   གཞན་ཡང་གཏེར་བྱོན་ཁུངས་ཐུབ་རིགས་འབྱུང་ན་འདིར་བཞུགས་དགོས་པའི་ཞལ་གདམས་རྗེས་སུ་བསྩལ་བར་མཛད་དོ།   །
༈      །   གསུམ་པ་གསང་བ་མན་ངག་གི་སྡེ་ལ།   ཨ་ཏི།   སྤྱི་ཏི།   ཡང་ཏི་སྟེ་སྙིང་ཐིག་སྐོར་གསུམ།   དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཐིག་ལ།   བི་མ།   པདྨ།   བཻ་རོ།   རྣམ་གསུམ་དགོངས་པ་གཅིག་དྲིལ་ཏེ་བཞི།   དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ལ།   ལྡང་མ་ལྷུན་རྒྱལ་གྱི་གཏེར་བྱོན་རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུན་ལས་བྱུང་བ་རྫོགས་ [225b] ཆེན་རྒྱུད་བཅུ་བདུན་གྱི་དབང་ཆོག་དང་།   བཀའ་སྲུང་ཁྲོས་མའི་དབང་ཆོག་ཞིག་གླིང་གསུང་།   སྔགས་སྲུང་སྐོར་གསོལ་གཏེར་གཞུང་།   བི་མའི་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་མངོན་སུམ་བྱིན་གྱིས་བརླབས་ནས་དགོངས་གཏེར་དུ་བསྩལ་བ་ཀརྨ་སྙིང་ཐིག་ཏུ་གྲགས་པ་ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་རྩ་གཞུང་བཅས།   

ལི༽ ། གར་དབང་རྫོགས་ཆེན་གསང་བ་སྙིང་ཐིག་གཏེར་གཞུང་། བརྒྱུད་འདེབས། ལས་བྱང་། དཀྱིལ་འཁོར་རྣམ་དག་རྣམས་ཉིད་ཀྱི་གསུང་། ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་གི་བི་མ་ལའི་ཟབ་ཏིག་མཁྱེན་བརྩེའི་རྗེས་དྲན་རྩ་གཞུང་། བརྒྱུད་འདེབས། སྨིན་བྱེད། ཁྲིད་ཡིག་བཅས་འཇམ་མགོན་གསུང་། སྔོན་འགྲོའི་ངག་འདོན་མཁྱེན་བརྩེ་ཉིད་ཀྱི་གསུང་རྣམས་སོ། །

༈     །   གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ།   ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བརྒྱུད་པའི་བྱིན་རླབས་གཅིག་འདུས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་གཏེར་མཁའ་འགྲོ་ཡང་ཏིག་གི་རིན་ཆེན་ཤོག་སྐྱའི་དབང་ཕྲེང་།   མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག   །    [226a] བརྒྱུད་འདེབས།   སྲོག་སྒྲུབ་དང་ལྡང་ལྷའི་གཏོར་འབུལ་བཅས་སྨིན་གཏེར་གསུང་།   བྱང་གཏེར་དགོངས་པ་ཟད་ཐལ་གྱི་ཞི་ཁྲོའི་ཕྲིན་ལས།   བྱང་གཏེར་རྫོགས་ཆ་ཀ་དག་རང་བྱུང་རང་ཤར་གྱི་རིག་པའི་རྩལ་དབང་།   རྡོར་གླིང་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་ཞི་ཁྲོའི་སྒྲུབ་ཐབས་དབང་ཆོག    །   རྡོར་གླིང་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྲིན་ལས།   དབང་ལྔ་བསྐུར་བའི་ལག་ལེན།   ཁྲིད་འཆད་ཐབས་རྣམས་འཇམ་མགོན་གསུང་།   །ཉམས་ཁྲིད་སྔོན་འགྲོ་དང་།   ཐོད་རྒལ།   བར་དོ།   འཕོ་བ།   གཅོད།   གེགས་སེལ།   གཏུམ་མོ།   འོད་གསལ་བུམ་འཇུག་བཅས་གཏེར་གཞུང་རྣམས་སོ།   །

ཤི༽ ། རིན་ཆེན་གླིང་པའི་རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་གཏེར་གཞུང་། དབང་བཞི། སྔོན་དངོས་རྗེས་ཀྱི་ཁྲིད་རིམ་བཅས་འཇམ་མགོན་གསུང་། རཏྣ་གླིང་པའི་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་རྟ་མགྲིན་ལས་བྱང་གཏེར་གཞུང་། སྒོ་འབྱེད་རྩ་གསུམ་གཏོར་དབང་། བསྐྱེད་རིམ་དབང་བསྐུར་རྣམ་གསུམ། རྫོགས་རིམ་དབང་ཆོག [226b] ཆོས་སྤྱོད་དང་གསོལ་འདེབས། ཁྲིད་ཡིག་བཅས་རཏྣ་ཉིད་ཀྱི་གསུང་། ཀུན་མཁྱེན་ཆེན་པོའི་ཟབ་གཏེར་ཡང་གཏེར་དུ་སྦས་པ་དང་། པདྨ་གླིང་པ་ཉིད་ཀྱི་ཟབ་གཏེར་དངོས་བཅས་སྤྱན་དྲངས་ནས་མ་བུ་ཟུང་དུ་བསྡེབས་པ་རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོའི་ལས་བྱང་། སྨིན་བྱེད་ཀུན་གྱི་སྙིང་པོ་བཅས་འཇམ་མགོན་གསུང་། དོན་ཁྲིད་པད་གླིང་གསུམ་པ་ཚུལ་རྡོར་གསུང་། སྔོན་འགྲོ་ཆོས་སྤྱོད་ངག་འདོན་གཏེར་གཞུང་ལས་བཏུས་པ། གནམ་ཆོས་ཐུགས་ཆེན་བྷུ་སུ་ཀུའི་སྒྲུབ་ཐབས་ལས་ཚོགས། རྫོགས་ཆེན་ཁྲིད་ཡིག་སངས་རྒྱས་ལག་བཅང་བཅས་གཏེར་གཞུང་། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་འཇམ་མགོན་གསུང་། ཁྲིད་ཡིག་བདུད་འདུལ་ཉིད་ཀྱི་གསུང་། ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ངག་འདོན་དང་། བརྒྱུད་འདེབས་གཏེར་གཞུང་ཟུང་བཅས། ཁྲིད་རིམ་འཇམ་མགོན་གསུང་བཅས། སི༽ ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ཕྲིན་ལས་དབང་བསྐུར། རྫོགས་རིམ་འོད་གསལ་ [227a] རྫོགས་ཆེན་ཁྲིད་ཡིག་བཅས་འཇམ་མགོན་གསུང་རྣམས་སོ། །

༈      །   གསུམ་པ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་བཀའ་སྲོལ་ལ།   རྡོར་གླིང་།   ཀུན་སྐྱོང་གླིང་པ།   སྟག་ཤམ་བསམ་གླིང་གསུམ་ཀའི་རྡོར་སེམས་སྙིང་ཐིག་རྩ་གཞུང་ཞུ་དག་ཕེར་ཞིང་ཆུ་བོ་གཅིག་འདྲེས་ཀུན་སྐྱོང་གླིང་པའི་གཏེར་གཞུང་།   ཆོས་སྤྱོད།   རྡོར་སེམས་རྩ་གསུམ་ལས་བྱང་བཅས་ཚེ་དབང་ནོར་བུའི་གསུང་།   གཏེར་ཁ་གསུམ་འདུས་དབང་ཆོག་འཇམ་མགོན་གསུང་།   དབང་གོང་མ་ཐོད་རྒལ་དབང་སྟག་ཤམ་གཏེར་གཞུང་།   མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་གསང་སྐོར་ཡི་དམ་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་འདེབས་འཇམ་མགོན་གསུང་།   བསྐྱེད་རིམ་བྱང་བུ་མཁྱེན་བརྩེའི་གསུང་།   དབང་ཆོག་འཇམ་མགོན་གསུང་རྣམས་སོ།   །
༈     །   བཞི་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ལ།   བྱང་གཏེར་དགོངས་པ་ཟང་ཐལ་གྱི་དོན་ཁྲིད་བུ་འབོར་བཀྲ་ཤིས་རྒྱ་མཚོའི་གསུང་།   སྨིན་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་གཏེར་གཞུང་།   ལྷན་ཐབས་མི་འགྱུར་ [227b] དཔལ་སྒྲོན་གསུང་།   ཁྲིད་ཡིག་མི་འགྱུར་དཔལ་སྒྲོན་གྱི་ཞལ་རྒྱུན་ཁྱུང་རས་ཀྱིས་བྲིན་བྲིས་བཏབ་པ།   མཆོག་གླིང་སྙིང་ཐིག་བདུན་གྱི་དགའ་རབ་སྙིང་ཐིག་ལས་ཞི་བ་རྡོར་སེམས་བརྒྱུད་འདེབས་མཁྱེན་བརྩེའི་གསུང་།   ཞི་སྒྲུབ་གཏེར་གཞུང་།   སྒྲུབ་ཐབས་ཕྲིན་ལས་མཁྱེན་བརྩེའི་གསུང་།   ཞི་བའི་དབང་ཆོག་འཇམ་མགོན་གསུང་།   ཞི་བའི་བསྐྱེད་རྫོགས་ཉམས་ལེན་ཁྲིད་ཡིག་མཁྱེན་བརྩེའི་གསུང་།   དགའ་རབ་སྙིང་ཐིག་གི་ཁྲོ་བོ་ཡང་དག་སྒྲུབ་པ་གཏེར་གཞུང་།   ཁྲོ་བོའི་དབང་ཆོག་འཇམ་མགོན་གསུང་།   ཕྱི་རྡོར་སེམས།   ནང་མཉམ་སྦྱོར།   གསང་བ་ཡང་དག་གསུམ་ཀའི་སྨིན་གྲོལ་རྒྱབ་བརྟེན་གྱི་རྩ་ཐོ་རྣམས་སོ།   །
༈     །   གཉིས་པ་མན་ངག་སྡེའི་རྒྱུད་དོན་ཟབ་མོ་སྤྱིའི་གནད་སྟོན་པ་སྤྱི་ཏི་ཡོ་གར་གྲགས་པ་ལ།   སྤ་གྲོ་བ་ཚེ་རིང་རྡོ་རྗེའི་སྤྱི་ཏིའི་གཏེར་གཞུང་།   ཕྲིན་དབང་གི་ལག་ལེན་འཇམ་མགོན་གསུང་རྣམས་སོ།   །

ཧི༽ ། གསུམ་པ་ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཡང་ཏི་ཡོ་གར་གྲགས་པ་ལ། ཆོས་དབང་རྫོགས་ཆེན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དབང་ཆོག ། [228a] ཁྲིད་ཆེན་བརྒྱད་ཆིག་དྲིལ་གྱི་ཁྲིད་ཡིག ། སྔོན་འགྲོའི་འདོན་ཆ་བཅས་འཇམ་མགོན་གསུང་། དུང་མཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གཏེར་གཞུང་། བརྒྱུད་འདེབས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱི་གསུང་། ཕྲིན་ལས། དབང་བསྐུར། ཟུར་འདེབས་བཅས་འཇམ་མགོན་གསུང་། དབང་གོང་མ་གུད་སྦས་སོག་ཟློག་པའི་གསུང་། ཁྲིད་ཡིག་འཇམ་མགོན་གསུང་། མུན་ཁྲིད་དམིགས་རིམ། མུན་ཁྲིད་ཀུན་བཟང་ངེས་དོན་དབང་པོའི་གསུང་། མུན་ཁྲིད་ཞལ་ཤེས་འཇམ་མགོན་གསུང་། མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་གཏེར་གཞུང་། ཚུལ་ཁྲིམས་རྣམ་དག་གཟུངས་སོགས་ཉེར་མཁོ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་ཚིག་གི་དུམ་བུ་རྫོགས་ཆེན་ལྟར་བཀྲལ་བ་མཁྱེན་བརྩེའི་གསུང་། ཐུགས་ཆེན་པདྨ་གར་དབང་སྙིང་ཐིག ། གསང་བདག་སྙིང་ཐིག ། རིགས་གསུམ་བསྐྱེད་རྫོགས་ཁོག་དབུབ། རིགས་གསུམ་འདུས་པའི་ཕྱག་འཚལ་རྣམས་གཏེར་ [228b] གཞུང་། རིགས་གསུམ་བསྟོད་པ་རྒྱུད་སྡེ་ལས་ཕྱུངས་པ། རིགས་གསུམ་འགྲོ་འདུལ་ཕྲིན་ལས་གཏེར་གཞུང་། སྨྲེ་བཤགས། ཀློང་བཤགས། རིགས་གསུམ་ལས་ཐོ། སྲུང་མ་དུད་སོལ་མའི་མཆོད་བྱང་བཅས་གཏེར་གཞུང་། རིགས་གསུམ་སྤྱི་དང་བྱེ་བྲག་གི་བཤོམ་དང་ཕྲིན་ལས། དབང་བསྐུར་སྤྱི་དང་བྱེ་བྲག་སོ་སོའི་ཆོ་ག་བཅས་འཇམ་མགོན་གསུང་། ཁྲེགས་ཆོད་དོན་ཁྲིད། ཐོད་རྒལ་སྦྱར་བའི་རིམ་པ་བཅས་མཆོག་གླིང་ཉིད་ཀྱི་གསུང་། ཐེག་དགུའི་སྒོམ་རིམ་ཟིན་བྲིས་མཁན་པོ་རིན་ཆེན་དར་རྒྱས་གསུང་། སངས་གླིང་བླ་མ་དགོངས་འདུས་པུསྟི་ལུང་དབང་གཏེར་གཞུང་རྣམས་སོ། ། ཨི༽ ། ཐ་མར་དགེ་བའི་སླད་དུ། ཡོ་ག་གསུམ་གྱི་སྙིང་པོ་གཅིག་དྲིལ་ཉང་རལ་ཉི་མ་འོད་ཟེར་གྱི་གསང་སྔགས་ལམ་རིམ་གཏེར་གཞུང་། ལོ་རྒྱུས། བརྒྱུད་འདེབས། ཁྲིད་ཡིག་བཅས་ཇོ་ནང་ཀུན་དགའ་གྲོལ་མཆོག་གསུང་། གུ་རུ་པདྨས་མཛད་པའི་འགྲེལ་པ་རིན་ཆེན་ཕྲེང་བ། ལག་ཁྲིད་བཅས་རྩ་གཞུང་། བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་ [229a] གཏེར་རྔོག་པ་བཀའ་བརྒྱུད་ལ་བཀའ་བབས་པ་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ལོ་རྒྱུས། བརྒྱུད་འདེབས། ཁྲིད་ཡིག་བཅས་ཀུན་དགའ་གྲོལ་མཆོག་གསུང་ལས་ཕྱུངས་པ། ཉང་གཏེར་བླ་མ་དམར་ཁྲིད་དུ་གྲགས་པ་སྤྲོས་མེད་ཀུ་སཱ་ལིའི་ཉམས་ལེན་གསང་སྒྲུབ་ཞལ་གདམས་ཟབ་པའི་མཐར་ཐུག་ནང་གསེས་ཅན་གཏེར་གཞུང་། རཏྣའི་གཏེར་ཕྲན་ཞལ་གདམས། མཆོག་གླིང་སྙིང་པོ་སྐོར་ལྔའི་ཞལ་གདམས་སྙིང་པོ་འདུས་པ། མཆོག་གླིང་བསྟན་པ་སྤྱིའི་སྨོན་ལམ། བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཀུན་བཟང་སྨོན་ལམ། ལྷོ་གཏེར་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་སྨོན་ལམ། ཤར་གཏེར་སངས་གླིང་དགོངས་འདུས་ཀྱི་སྨོན་ལམ་བཀྲ་ཤིས་སྒྲོན་མེ་རྣམས་གཏེར་གཞུང་བཅས། ། ཨོཾ༽ ། དེ་རྣམས་ཐམས་ཅད་ཀྱི་རྩ་བའི་ཁོག་དབུབ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་རིག་འཛིན་འགྱུར་མེད་རྡོ་རྗེས་བཀའ་བསྡུ་མཛད་པའི་སྔོན་བྱོན་ཟབ་གཏེར་གཙོ་ཆེ་བ་རྣམས་ཀྱི་སྙིང་པོ་འདུས་པ་སྒྲུབ་འདོད་འཇོ་བུམ་བཟང་གི་ [229b] བརྒྱུད་ཡིག ། རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ལ་སྤྱི་ཆིངས་ཀྱིས་བསྟན་པ་ལྟར། གུ་རུ་ཆོས་དབང་གི་བླ་མ་གསང་འདུས་ཀྱི་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ཟླུམ་པོ་བཞི་དབང་ནས། ལས་འབྲེལ་རྩལ་གྱི་ལྷ་ཆེན་སྒྲུབ་ཐབས་རྗེས་གནང་གི་བར་དབང་བཀའ་ལེའུ་ཚན་ལྔ་བཅུ་ང་དགུ་ལ། བརྒྱུད་པའི་བཀའ་སྲོལ་དང་ཆོ་གའི་ཁྱད་པར་ལས་ནང་གསེས་ཀྱི་དབྱེ་བ་དྲུག་ཅུ་རྩ་བདུན་བཞུགས་པ། དེའི་དཀའ་གནད་དྲིས་ལན་དྷརྨ་ཤྲཱིས་མཛད་པ། ཚེ་བདག་རྣོན་པོ་ནང་གཅོད་ཀྱི་གཞུང་གི་བསྟོད་རིང་ཁོལ་ཕྱུང་། དབང་གི་བསྒྱུར་ཁ་ཅན། ཡེ་ཤེས་མགོན་པོ་ལེགས་ལྡན་གྱི་དྲག་པོའི་རྗེས་གནང་མཚོན་ཆ་གཏད་པ་གཙང་ཤོད་པའི་དབང་ཆོག་ལས་ཕྱུངས་པ། རྟ་ཕྱག་རྣམས་ཀྱི་གཏོར་དབང་གི་བཀའ་བསྒོ། ཆོས་སྐྱོང་རྣམས་ཀྱི་སྲོག་གཏད་རྗེས་གནང་གི་བཀའ་བསྒོ་རྒྱས་བསྡུས་བཅས་ལོ་ཆེན་དྲིལ་ལན་ལས་ཕྱུངས་པ་རྣམས་སོ། ། ཨཱཿ༽ ། ཟབ་གཏེར་བཀའི་བསྡུ་བ་པོ་འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཉིད་ [230a] ཀྱི་ཐུན་མོང་ཕྱིའི་རྣམ་ཐར་ནོར་བུ་སྣ་ཚོགས་མདོག་ཅན། ནང་གི་རྣམ་ཐར་རྟོགས་བརྗོད་སྨིག་སྒྱུའི་བདུད་རྩི་བཅས་འཇམ་མགོན་ཉིད་ཀྱི་གསུང་དང་། མཛད་པ་ཐ་མའི་རྣམ་ཐར་ངོ་མཚར་ནོར་བུའི་སྣང་བ་བླ་མ་བཀྲ་ཤིས་ཆོས་འཕེལ་གྱི་གསུང་། རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་རྣམ་ཐར་འཇམ་མགོན་གུ་ཎའི་གསུང་།

ཧཱུྃ༽ ། དེ་ཐམས་ཅད་ཀྱི་རྒྱབ་ཆོས་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་གཏེར་གཞུང་། དེའི་འགྲེལ་པ་ཡེ་ཤེས་སྣང་བར་རབ་ཏུ་རྒྱས་པ་འཇམ་མགོན་གསུང་། ཆོས་མཛོད་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་བཅས་མཚུར་སྤར་དུ་གླེགས་བམ་བཅུ་ཕྲག་དྲུག་ལ་གསུམ་གྱིས་ལྷག་པར་བཞུགས་དང་། ཁམས་སྤར་དུ་ཕྱིས་སུ་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཞལ་སྐོང་གསར་བསྣན་གྲས། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྤྱི་དོན་ལེགས་བཤད་འཇམ་མགོན་མི་ཕམ་པའི་གསུང་། འཇམ་དབྱངས་མཁྱེན་བརྩེའི་དགོངས་གཏེར་ཁྲི་སྲོང་བླ་སྒྲུབ་ཀྱི་གཞུང་རྩ་བ་དབང་ [230b] ཆོག་བཅས། འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་ཡིག་འཇམ་མགོན་གུ་ཎའི་གསུང་བཅས་སྤར་དུ་འཁོད་པ་དང་། སྤར་དུ་འགོད་མི་རུང་བ་གཏེར་མཛོད་བཀའ་རྒྱ་མའི་སྐོར་གླེགས་བམ་གསུམ་གྱི་བཞུགས་བྱང་ཟུར་གསལ་ལྟར་ཚང་ལ་མ་འཁྲུལ་བར་ལེགས་པར་ཐོབ་བོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཟབ་ཆོས་བཀའི་བསྡུ་བ་པོ་ཡན་བརྒྱུད་ཡིག་དཀར་ཆག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལྟར་ལ། དེ་ནས་རྣམ་ཐར་ཆེན་མོར་གསལ་བ་བཞིན་གཏེར་རྙིང་སྐོར་ཕལ་མོ་ཆེ་དང་། ཡང་གཏེར། སྙན་བརྒྱུད། རྗེས་དྲན་སོགས་དང་། མཁྱེན་བརྩེ་ཉིད་ཀྱི་དགོངས་གཏེར་དང་། ས་གཏེར་གྱི་སྐོར། བཀའ་འབུམ་ཡོངས་རྫོགས། མཆོག་གླིང་གཏེར་གསར་སྐོར་བཅས་བདག་གི་རིགས་བདག་འགྱུར་མེད་དངོས་དོན་དབང་པོས། བསྡུ་བ་པོ་དང་ལྷན་ཅིག་རྗེ་མཁྱེན་བརྩེ་དངོས་ཀྱི་ཞལ་སྔ་ནས་གསན་པ་ཡིན་ལ། བྱིངས་རྣམས་བསྡུ་བ་པོ་ཉིད་ལས་གསན། སྤྱིར་ཡང་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཞབས་པད་བགྲང་བྱ་བཅུ་ཕྲག་ལྷག་པར་བསྙེན་ནས་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ལས་སློབ་ [231a] དང་། དཔེ་གཉེར། ཁྲིད་གཉེར་སོགས་ཀྱིས་ཞབས་འདེགས་བརྩོན་བཞིན་པར་སྨིན་གྲོལ་རྒྱབ་བརྟེན་མན་ངག་ཕྱག་བཞེས་དང་བཅས་པ་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པ་ཡིན་གསུང་། ཡང་དབང་ཁྲིད་ལུང་བཅས་བསྡུ་བ་པོ་ནས། ཞེ་ཆེན་རབ་འབྱས་མཆོག་སྤྲུལ་ལྔ་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་དེ་ལས་ཀྱང་ལན་གཅིག་གསན། མི་ཕམ་པའི་གསུང་རྣམས་མཛད་པ་པོ་རང་ཉིད་ལས་གསན། བཀའ་རྒྱ་མའི་སྐོར་ཡོངས་རྫོགས་ཀྱི་ལུང་བརྒྱུད་འཇམ་མགོན་གུ་ཎ་ནས། མཁན་ཆེན་ངག་དབང་ལེགས་གྲུབ། དེས་བདག་བླ་མ་ལ་སྟེ། འཁོར་ལོའི་མགོན་པོ་འགྱུར་མེད་ངེས་དོན་དབང་པོ་གང་གི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་ཐུན་མིན་རྗེས་གནང་ཕྲན་ཚེགས་རིགས་ཚོམ་བུ་ལ་བརྟེན་པ་ལས་གཞན་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་ཁོ་ན་ལ་བརྟེན་པར་མཛད་ཅིང་། དེའང་བླ་མ་གསང་འདུས། བྱང་གཏེར་ [231b] ཐུགས་སྒྲུབ་དྲག་པོ་རྩལ། ཉང་གི་བཀའ་བརྒྱད་སོགས་སྒྲུབ་སྐོར་གཙོ་ཆེ་བ་རྣམས་ལ་དངོས་སྟ་ཞག་གིས་བཅད། བྱིངས་རྣམས་དངོས་སྟ་སྦྲེལ། མཆོག་དབང་དང་། རིག་པའི་རྩལ་དབང་། ཡན་ལག་སྲུང་མའི་བཀའ་གཏད་གུད་བཀོལ་ཡོད་རིགས་རྣམས་གབ་སྤྲད། ཆོག་ཁྲིགས་དང་མཚམས་སྦྱོར་མེད་པའི་དབང་རྣམས་སྤྱི་འགྲོའི་མཚམས་སྦྱོར་ལ་སྐབས་བབ་ལོ་རྒྱུས་ཀྱིས་འབྲེལ་བསྡེབས། དབང་ཁྲིད་སྦྲེལ་དགོས་རྣམས་གཏེར་གཞུང་གི་ཁྲིད་རིམ་དཀྱུས་སུ་སྦྲེལ། ཁྲིད་ཀྱི་སྐབས་སུ་སྨིན་གཏེར་གསུང་ཐུན་མོང་སྔོན་འགྲོའི་ཆོས་བཤད་ཀྱིས་ཐོག་དྲངས་ཏེ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་རིམ་སྐོར་ནས་བཟུང་། ཉང་གི་བླ་མ་དམར་ཁྲིད་བར་གྱི་ཁྲིད་རྣམས་བཤད་ལུང་གི་ཚུལ་དང་། རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོ་འཇམ་མགོན་འགྲེལ་ཆེན་སྟེང་ནས་སྨིན་ཁྲིད་ཟླ་གཅིག་མའི་དབང་དུ་མཛད་ནས་ཡིད་ཚིམ་པར་ནོས། དེའང་བཀའི་བསྡུ་བ་པོ་ཉིད་ཀྱི་བརྒྱུད་ཡིག་དང་། བཅས་ཤོམ་ལག་ལེན་སྐབས་སུ་ཇི་ལྟར་གདམས་པར་མཛད་པ་བཞིན་གཏེར་མཛོད་སྨིན་གྲོལ་འཆད་ཉན་སྐབས་ཉང་གཏེར་བཀའ་ [232a] བརྒྱད་བདེ་འདུས་དབང་ཆེན་གྱིས་ཁོག་ཕུབ་དགོས་པ་ཡིན་ཀྱང་ཡིག་ཚོགས་ཆེ་བའི་སྟབས་ཀྱིས་དཔེ་རྒྱུན་གཏེར་མཛོད་དཀྱུས་སུ་མ་བཞུགས་ཤིང་། ཕལ་ཆེར་ཞིག་ལ་དཔེ་མ་འཛོམས་པས་དབང་ཆེན་གྱི་རྒྱུན་ཆད་ལ་ཉེ་བ་དང་། སེམས་ཀློང་མན་ངག་སྡེའི་རྒྱུད་ཀྱི་དངོས་དོན་སྔོན་མེད་ཟབ་གཏེར་གསང་བའི་གཅེས་ནོར་མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་སྐོར་རྣམས་སྐབས་སོ་སོར་བཞུགས་སུ་གསོལ་འོས་བཀས་གདམས་པ་ཉིད། བརྒྱུད་འཛིན་སུས་ཀྱང་ཕྱག་ཏུ་བཞེས་མ་ཐུབ་པར་དགོངས་པ་ལམ་ལུས་སུ་སོང་སྟབས་དཔེ་དང་སྨིན་གྲོལ་གྱི་རྒྱུན་ཤིན་ཏུ་དཀོན་པར་གྱུར་པ་ལས། ཁོ་བོས་འབད་པས་བཙལ་ཏེ་ཡོངས་སུ་རྫོགས་པར་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བ་ཡིན་ནོ།། །།