རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་ནང་ཚན་དབང་དང་སྒྲུབ་ཕྲིན་མན་ངག་ལས་ཚོགས་ཐུན་མོང་མ་ཡིན་པའི་བཀའ་རྒྱ་ཅན་ཟུར་དུ་བཀོལ་བ་རྣམས་ཚང་བར་ཐོབ་པའི་ཚུལ།

From Dudjom Wiki
DJYD-KABUM-19-DZA-009
Wylie title rin chen gter gyi mdzod chen mo'i nang tshan dbang dang sgrub phrin man ngag las tshogs thun mong ma yin pa'i bka' rgya can zur du bkol ba rnams tshang bar thob pa'i tshul DJYD-KABUM-19-DZA-009.pdf
Location bdud 'joms rin po che bka' 'bum
Volume 19, Text 9, Pages 467-480 (Folios 233a1 to 239b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rin chen gter gyi mdzod chen mo'i nang tshan dbang dang sgrub phrin man ngag las tshogs thun mong ma yin pa'i bka' rgya can zur du bkol ba rnams tshang bar thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 467-480. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: gter mdzod bka' rgya ma'i skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [233a] ཨོཾ་སྭསྟི། ད་ནི་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་ནང་ཚན་དབང་དང་སྒྲུབ་ཕྲིན་མན་ངག་ལས་ཚོགས་ཐུན་མོང་མ་ཡིན་པའི་བཀའ་རྒྱ་ཅན་ཟུར་དུ་བཀོལ་བ་རྣམས་ཚང་བར་ཐོབ་པའི་ཚུལ་ལ།

ཨོཾ༽ ། ཡང་ཟློག་མེའི་སྤུ་གྲི་དང་ཟླ་གསང་གི་རྒྱུད་བཀའ་གཏེར་ཐུན་མོང་གི་བརྒྱུད་པའི་གསོལ་འདེབས་བསྡུས་པ། སྔོན་འགྲོ་གཏོར་མ་ཆ་གསུམ། འདི་བར་དཔེ་རིས་ཁག་གསུམ། ཡང་ཟློག་གི་ངག་འདོན་རྒྱུན་གྱི་ཉམས་ལེན་བཀོལ་ཞིང་བསྒྲིགས་པ། འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྲུང་ཟློག་བསྡུས་པ་རྒྱུན་ཁྱེར་འབྲི་གུང་རཏྣའི་གསུང་། གཏོར་བསྔོ་དང་འདོད་གསོལ། སྲུང་བའི་དུས་ཤམ་བུ་སོགས་སྔགས་བྱང་། འཇམ་དཔལ་གཤིན་རྗེ་ཡང་ཟློག་མེའི་སྤུ་གྲིའི་རྒྱུན་ཁྱེར་བསྐྱེད་རྫོགས་དང་ལས་ཕྲན་ཁ་བསྒྱུར་བཅས་འབྲི་གུང་དཀོན་བཟང་གི་གསུང་། ཡང་བཟློག་མེའི་སྤུ་གྲིའི་ཁ་སྐོང་ཚོགས་མཆོད། ལས་གཤིན་རྒྱུན་གཏོར་བསྡུས་པ་གནམ་ལྕགས་གཟི་འོད་འབར་བ། འཇམ་དཔལ་གཤིན་རྗེ་ཕྱག་རྒྱ་ཟིལ་གནོན་གྱི་རྫོགས་རིམ་རྡོ་རྗེ་བཞིའི་རྣལ་འབྱོར། ཡང་ཟློག་མེའི་སྤུ་གྲིའི་དབང་ [233b] ཆོག་བདུད་དཔུང་ཟིལ་གནོན། དེའི་ཚིག་དབང་ཁ་སྐོང་དང་། རྒྱུན་བཤགས་སྡོམ་བཟུང་ཁ་སྐོང་བཅས། ཟླ་གསང་འདུས་པའི་ཏནྟྲ་ནས་ཕྱུངས་པ་བཀའ་རྫོགས་མཆོད་རྟེན་གྱི་དབང་བསྐུར་གུད་སྦས། སློབ་མ་སྟ་གོན། ཕྱི་ནང་གི་ཆས་དབང་ཟབ་མོ། ཚེ་དབང་གི་ལྷན་ཐབས་གལ་པོ་ཆེ། གཤེད་དམར་གྱི་རྒྱུད་ལས་ཚེ་སྒྲུབ་ཀྱི་བཅུད་ལེན་དང་གསེར་འགྱུར་སྦྱོར་བ། འཇམ་དཔལ་གཤིན་རྗེའི་སྐོང་བཤགས་དངོས་གྲུབ་སྙེ་མ། ཡང་ཟློག་མེའི་སྤུ་གྲིའི་བསྙེན་སྒྲུབ་ཀྱི་ཞལ་གདམས་གུད་སྦས་དང་ཡང་ཟློག་གི་བསྲུང་བ་བསད་མནན་གྱི་ལས་སྦྱོར། ཡང་ཟློག་མེའི་སྤུ་གྲིའི་དཀྱིལ་ཆོག་མདོར་བསྡུས་འབྲི་གུང་དཀོན་མཆོག་བཟང་པོའི་གསུང་། ཟླ་གསང་གཞི་བསྙེན་གྱི་ཞལ་གདམས་གབ་སྦས། ཟླ་གསང་རྒྱུན་བསྙེན་གྱི་ཞལ་གདམས་ཤིན་ཏུ་གསང་བ། ཟླ་གསང་གཞི་བསྙེན་ལས་དོན་དྲུག་བསྙེན་པའི་སྡེབས་དང་མ་གྲུབ་ཨར་གཏད་དང་རུ་ཁུགས་ཀྱི་ལས་ཤིན་ཏུ་གསང་བ། ཟླ་གསང་ཚེ་སྒྲུབ་འཆི་བདག་འཇོམས་པ། ཚེ་སྒྲུབ་འཆི་བདག་འཇོམས་པའི་ཚེ་འགུགས། ཟིལ་གནོན་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཤིན་ [234a] ཏུ་ཟབ་པ། ཚེ་སྒྲུབ་འཆི་བདག་འཇོམས་པའི་ཁ་སྐོང་སྦྱིན་སྲེག ། ཚེ་སྒྲུབ་འཆི་བདག་འཇོམས་པའི་ཉེར་མཁོ་འཆི་བསླུའི་རིམ་པ་དང་ངག་འདོན་ས་བཅད། ཟ་ཡིག་ཡང་གསང་འབྲུ་གསུམ་དང་ཟ་ཡིག་སྐྱེས་མཆོག་རྫོང་ཆེན་མ་བཅས་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མ། དྲག་པོ་མངོན་སྤྱོད་ཀྱི་གཞུང་ཁ་གཅིག་ཏུ་ཙཀྲ་སོགས་འཁོར་ལོའི་གནད་ཡིག ། དྲག་པོ་མངོན་སྤྱོད་ཀྱི་རྒྱུད་དང་མན་ངག་རྣམས་ལས་མཱུརྔྷ་སྤྱིའི་གནད་ཡིག ། ཚེ་བདག་ཡང་སྙིང་འདུས་པ། ཡང་ཟློག་མེའི་སྤུ་གྲི་དྲག་སྔགས་གཟའ་གདོང་དམར་ནག་གི་སྲུང་ཟློག་བསད་མནན་གྱི་ཞལ་ཤེས་ཟབ་གནད་ཅན། དྲག་སྔགས་གཟའ་གོང་དམར་ནག་འཁོར་ལོ་ལ་བརྟེན་ནས་སྲུང་ཟློག་བསད་མནན་གྱི་ལག་ལེན་ཁྲིགས་སུ་བསྒྲིགས་པ། གནད་དབབ། དགུག་གཞུག་བྱང་གཅིག་མ་བཅས། འདི་ཡན་གྱི་ཆོས་ཚན་དམིགས་བསལ་མཛད་བྱང་མི་གསལ་བ་རྣམས་དཔལ་རིག་འཛིན་ཆོས་ཀྱི་གྲགས་པ་ལ་འཇམ་དཔལ་གཤིན་རྗེ་གཤེད་དངོས་ཀྱི་ཞལ་གཟིགས་ལུང་བསྟན་ཐོབ་སྟེ་བཀའ་བབས་པ་བཞིན་སྔོན་གྱི་རྒྱུད་དང་ཟབ་ [234b] གཏེར་འགའ་ཞིག་གི་བཅུད་ཕྱུངས་ཤིང་མན་ངག་གི་གསར་མཛོད་དགོངས་པའི་རྩལ་གྱིས་བཀྲལ་བའི་ཡིག་ཆ་ཁོ་ནའོ། །གཤིན་རྗེ་ཀིང་དམར་རླུང་སྒྲུབ་ཀྱི་གསལ་བྱེད་བསྟན་དགྲ་སྤྱི་གཞོམ་རྡོ་རྗེའི་ཐོག་ཆེན། ཁྲོ་ཆུ་དུག་གདོང་ནག་པོའི་དམིགས་གནད་དགྲ་བགེགས་རྡུལ་རློག་རྡོ་རྗེའི་ཐོག་ཆར། འཇོམས་བྱེད་འཆར་ཁ་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་གསལ་བྱེད་བསྟན་དགྲ་ཐ་ལ་བར་རློག་པ་རྡོ་རྗེའི་སྒྱོགས་ཆེན་བཅས་ལེ་ཚན་གསུམ་པོ་འདི་མི་ཕམ་རྣམ་པར་རྒྱལ་བའི་གསུང་ངོ་། ། ཨཱཿ༽ ། བཀའ་བརྒྱད་བདེ་འདུས་ལས་སྐུ་གསུང་ཐུགས་ལས་ཐམས་ཅད་ཀྱི་ཕྲེང་བའི་རྒྱུད་དང་། སྐུ་གསུང་ཐུགས་ཀྱི་ལས་ཐམས་ཅད་ཀྱི་ཕྲེང་བའི་རྒྱུད་ལས་གནོད་བྱེད་བྱའི་ལས་ཚོགས་སྐོར་བཅས་ཉང་གཏེར། མན་ངག་སྙིང་གཟེར་ནག་པོ་ལས། ཡང་གཅེས་བེ་ཅོན་རྒྱ་ཅན། ཡང་གཅེས་ཐོ་བའི་རྒྱ་ཅན། ཡང་གཅེས་ཕུར་པའི་རྒྱ་ཅན། ཡང་གཅེས་ཁ་ཊྭཱྃ་རྒྱ་ཅན། ཡང་གཅེས་རལ་གྲིའི་རྒྱ་ཅན། ཡང་གཅེས་གྲི་གུག་རྒྱ་ཅན་བཅས་ཆོས་དབང་གཏེར་བྱོན། མན་ངག་སྙིང་གཟེར་ནག་པོ་དྲག་སྔགས་ཀུན་གྱི་ཡང་ཞུན་གནད་ཀྱི་ [235a] ལྡེའུ་མིག་གསང་བའི་རྒྱ་མདུད། སྔགས་སྡེབས་སྙིང་གཟེར་ནག་པོའི་སྡེབས་ཀྱི་དཔེར་བརྗོད་གམྦྷི་ར་དྷརྨ་ཤྲཱིའི་བརྗེད་བྱང་། མན་ངག་སྙིང་གཟེར་ནག་པོའི་གཞུང་མེའི་སྤུ་གྲི་རྡོ་རྗེའི་ཕྱག་རྒྱ་ཅན་ཆོས་དབང་གཏེར་བྱོན། མན་ངག་སྙིང་གཟེར་ནག་པོའི་སྔགས་སྡེབས་སྤྱི་དོན་བཅུ་པའི་མན་ངག ། སྙིང་གཟེར་ནག་པོའི་ཡིག་ཆུང་ངན་སྔགས་ཀྱི་ལྡེའུ་མིག ། བླ་མ་དགོངས་འདུས་ཐེམ་ཡིག་མེད་པའི་སྐོར་མན་ངག་ཐོར་བུའི་ལས་ཚོགས་ཁོལ་དུ་ཕྱུངས་པ། མཁས་པ་བློ་ལྡན་མཆོག་སྲེད་མ་ཨོ་རྒྱན་ཡུལ་གྱི་མཁའ་འགྲོ་རྡོ་རྗེ་ཕག་མོས་དངོས་སུ་གདམས་པའི་ལས་ཚོགས་བརྒྱ་རྩ་པ་ནུས་ལྡན་རྡོ་རྗེའི་གཏེར་བྱོན། གུ་རུ་རྡོ་རྗེ་གྲོ་ལོད་ལས་ཡིག་རྒོད་སྲུང་བ་མུ་ཏིག་ཕྲེང་བ་ཡོན་དགེ་མི་འགྱུར་རྡོ་རྗེའི་གཏེར་བྱོན། ཁྲོས་མ་ནག་མོ་གསང་བ་བཀའ་སྲུང་གི་རྒྱུད། ཁྲོས་མ་ནག་མོ་སྤྲུལ་པའི་ཚངས་པས་གསུངས་པའི་རྒྱུད་མ་བུ་ཆ་ལག་དང་བཅས་པ། ཁྲོས་མ་ནག་མོའི་རྒྱུད་ལས་ཡང་སྤྲུལ་མུ་སྟེགས་དང་བདུད་དུ་སྤྲུལ་ནས་གསུངས་པའི་རྒྱུད་བཅས་རཏ་གླིང་གཏེར་བྱོན། དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ [235b] གི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་རང་སྣང་དབང་སྡུད། སྦ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བླ་རྡོ་ཙཀྲ། གུ་རུ་གནམ་ལྕགས་མེ་འབར་བདུད་འདུལ་རྡོ་རྗེ་རྩལ་གྱི་གསང་སྒྲུབ། ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་སྔགས་འཁོར། རྡོ་རྗེ་ཁྲོ་ལོད་ཀྱི་བསྟོད་གསོལ་ཚངས་པའི་སྒྲ་དབྱངས་བཅས་བདུད་འདུལ་གཏེར་བྱོན། དགོངས་གཏེར་ཟབ་མོའི་སྐོར་ལས་རྟ་མགྲིན་ཡང་གསང་ཧྲཱིཿགཅིག་མ་སྒྲུབ་ཐབས། ཌཱ་ཀི་གསང་ལམ་ཚེའི་སྒྲུབ་པ་སྤྲོས་མེད་སྙིང་པོའི་བཅུད་དྲིལ་དང་། ཌཱ་ཀིའི་གསང་ལམ་གསོལ་འདེབས་རིན་ཆེན་ཕྲེང་བ་བཅས་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་གཏེར་བྱོན། དཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུང་ལས་རིམ་བདུན་མའི་ཞལ་ཤེས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་མངོན་ཕྱུང་འགྲིགས་ཆགས་སུ་བཀོད་པ། དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་ལྕགས་རལ་ཅན་གྱི་གཏད་ཁྲོམ་གྱི་མན་ངག ། སེང་གདོང་མའི་བསྐྱེད་རྫོགས་མན་ངག་དང་ལས་སྦྱོར་འཁོར་ལོ། ཌཱ་ཀི་སེང་གེའི་གདོང་ཅན་གྱི་ཡང་ཟློག་ཙཀྲ་ཟབ་མོ། སེང་གདོང་མའི་ཡང་ཟློག་གི་བུ་ཡིག་སྤུ་གྲི་འབར་བ། སེང་གེའི་གདོང་ཅན་གྱི་ཙཀྲའི་ [236a] ཞལ་ཤེས། མཁའ་འགྲོ་སེང་གེའི་གདོང་ཅན་སྲུང་ཟློག་བསད་གསུམ་གྱི་རླུང་འཁོར་ལག་ཁྲིད། ཤར་སའི་ཨོ་རྒྱན་ཚེ་རིང་ཞལ་ལུང་དང་སེང་གདོང་མའི་འཁོར་ལོ་བཀའ་རྒྱ་མ་འབྲི་ཐབས། བདུད་འདུལ་དྲག་མོ་སེང་གདོང་མའི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་མཁའ་སྤྱོད་བདུད་རྩིའི་བཅུད་ཐིགས། །ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་པ་ཤིན་ཏུ་བསྡུས་པ། བསྟན་སྲུང་རཱ་ཧུ་ལའི་སྒྲུབ་པ་མུ་སྟེགས་ཀྱི་ལོག་མཐུ་གློ་བུར་ཐན་འགྱེད་དགྲ་ལ་ལྟས་ངན་གཏོང་ཐབས་རྣོ་མྱུར་ཐོག་རྒོད་བཅས་ཨ་རཱ་གའི་གསུང་། དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོའི་མཆོད་ཐབས་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱི་གསུང་། གློ་བུར་ཐན་འགྱེད་དུག་མདའ་ནག་པོ་བཻ་རོ་ཙ་ནའི་ཕྱག་ལེན་མ། བཀའ་སྲུང་གཟའ་མཆོག་རཱ་ཧུ་ལའི་གསོལ་མཆོད་བསྡུས་པ། སངས་རྒྱས་གླིང་པའི་གཏེར་ཁ་གཟའི་མཆོད་བསྟོད་དང་། རཏྣའི་ལུགས་ཀྱི་སྤྱན་འདྲེན་དང་སྐོང་བ་བཅས་གབ་སྤྲད་དེ་ཨ་རཱ་གས་བསྒྲིགས་པ། [236b] གཟའ་བདུད་སྒྲུབ་ཚུལ་གྱི་ཟིན་ཐོ་བརྒྱུད་ལྡན་བླ་མའི་མན་ངག་རྡོ་རྗེའི་གསུང་། མ་གཟའ་དམ་གསུམ་གྱི་ཆོ་འཕྲུལ་བསྐུལ་བ། རྩ་ཐོ་ལག་ལེན་གྱི་ཡིག་ཆུང་གུད་དུ་སྦས་པ། རཏྣའི་ལུགས་ཀྱི་དམ་ཅན་མགར་དམར་སེང་ཞོན་གྱི་དམིགས་རིམ་གོ་དོན་ཕྱོགས་གཅིག་ཏུ་བསྡེབས་པ་ཞལ་ཤེས་བལྟས་ཆོག་ཏུ་བཀོད་པ། ཐུགས་རྗེ་ཆེན་པོ་གསང་བ་འདུས་བའི་བཀའ་སྲུང་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས་བཅས་ཨ་རཱ་གའི་གསུང་། གཅོད་ཚར་དགྲ་བསྟན་འགྲིགས་ལས་མའི་ནེ་ངན་ཁྲོད་དུར་རྒྱལ་དམག་བཞུགས་སོ་ཞེས་ཁ་བྱང་ལུགས་ལྡོག་ཅན་རྡོ་རྗེའི་མིང་གིས་བྲིས་པ་བཅས།

ཧཱུྃ༽ ། གྲྭ་པ་མངོན་ཤེས་ཅན་གྱི་ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་སྐོར་ལ། ཐོག་མར་ལོ་རྒྱུས། ཛམྦྷ་ལ་དམར་པོའི་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པའི་ཟིན་བྲིས། ནང་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་མ། གསང་བ་གའུ་ལ་བརྟེན་ནས་སྒྲུབ་ཐབས། རྨུགས་འཛིན་དམར་པོ་ཙཀྲ་ལ་བརྟེན་ནས་སྒྲུབ་ཐབས། འཁོར་ལོ་བྲི་ཐབས། ཛམ་དམར་ལས་བྱང་བསྐང་བ་གསོལ་ཁ་བཅས་ [237a] ཕྱོགས་གཅིག་ཏུ་བསྒྲིགས་པ་དངོས་གྲུབ་གཏེར་མཛོད། སྒབ་འདྲེ་མནན་པའི་ཐབས། ཛམ་དམར་གྱི་རྒྱས་པ་དང་དབང་གི་སྦྱིན་སྲེག ། དབང་སྡུད་ཆིག་བརྒྱུད་བཀའ་རྒྱ་མ། ཛམྦྷ་ལའི་འཁོར་ལོ་སྒྲུབ་ཐབས། རྨུགས་འཛིན་དམར་པོའི་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་ཐབས། ཛམ་དམར་གྱི་གཏོར་ཆོག་ཉུང་བསྡུས། གནོད་སྦྱིན་ཛམ་ཁྲའི་ཟིན་བྲིས་བཅས་ཨ་རཱ་གའི་གསུང་། དབང་སྡུད་ཀྱི་གདམས་པ་ཉམས་སུ་ལེན་ཚུལ་རྡོ་རྗེ་ཐོགས་མེད་ཀྱི་གསུང་། མ་འོངས་དུས་མཐའི་འགྲོ་བ་ཀུན་དབང་སྡུད་ཟབ་མོའི་ལས་མཐའ་སངས་གླིང་གཏེར་གཞུང་། ཆོས་གླིང་ཛམ་དམར་སྐོར་ལ། ཛམྦྷ་ལ་ཆུ་སྦྱིན་ལ་བརྟེན་པའི་མན་ངག་ལྷན་ཐབས། ཛམྦྷ་ལ་དམར་པོའི་སྦྱིན་སྲེག་གི་ཆོ་ག་འཇུག་བདེ། གནོད་སྦྱིན་ཛམྦྷ་ལའི་མན་ངག་ལག་ལེན་སྦས་གསང་མིག་འགྱེད་གནད་ཀྱི་གསེར་ཐུར། ལས་མཐའི་རྣམ་གྲངས་སྦས་བཤད་ཁ་ཅིག ། ཛམ་དམར་ཟིན་བྲིས་ཀྱི་སྐོར་ལ་དོགས་པའི་གནས་རབ་ཏུ་ཕྱེ་བ་སྲེད་མེས་ཆུ་སྦུབས་མེ་འབར་རྒྱ་ཅན། ཛམ་དམར་རླུང་ [237b] འཁོར་སོགས་ཀྱི་དྲིས་ལན་གཉིས་པ་ཁྲག་འཛག་བྷ་གའི་རྒྱ་ཅན། དབང་སྡུད་འཁོར་ལོའི་དྲིས་ལན། དབང་ཕྱུག་དམར་པོའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་བཀའ་རྒྱ་ཅན་བཅས་གཏེར་ཆེན་ཆོས་གླིང་ཉིད་ཀྱི་གསུང་། རླུང་འཁྲུགས་སྐོར་ལ་ཕུང་བྱེད་ལས་ཀྱི་རླུང་དམར་གྱི་རྒྱུད། ཕུང་བྱེད་ལས་ཀྱི་རླུང་དམར་ཁམས་གསུམ་འཁྲུགས་བྱེད་རྩ་བའི་འཁོར་ལོ་ཆེན་མོ། གྲོང་ཁྱེར་དཀྲུགས་བྱེད་འཁོར་ལོ་འབྲིང་པོ། བཟའ་ཚང་ནང་དཀྲུགས་འཁོར་ལོ་ཆུང་བ། གབ་ཚིག་འདྲེའི་ཁང་བུ། ཐེམ་ཡིག་བཀའ་རྒྱ་ཅན། ཕུང་བྱེད་ལས་ཀྱི་རླུང་དམར་གྱི་ཞལ་གདམས་པྲ་ཁྲིད་གསལ་བ། ལོག་གནོན་གབ་པའི་པྲ་ཁྲིད། ཡང་གཅེས་གབ་རྫས་གནད་ཀྱི་ལྡེའུ་མིག ། རླུང་ལྷ་གནམ་ཐེའུ་དང་འགོང་པོ་སྤུན་དགུའི་བསྐུལ་བ་ལས་ཀྱི་སྤུ་གྲི ཁ་སྒྱུར་ལས་ཚོགས་ཉེས་བསྐྲད་དཀྲུགས་སྐོར། འཁྲུགས་བྱེད་ཕུང་སེལ་མཛེ་རྐང་མ། དཀྲུགས་བྱེད་ནག་པོ་བསྐྲད་པ་རྟ་རྒྱུག་མ། བསྐྲད་པ་མཁའ་ལྡིང་ནག་པོ། མངོན་སྤྱོད་ཀྱི་ཁ་སྐོང་ཞལ་གདམས། གཏད་རྒྱ་གསལ་སྒྲོན་དྲི་མ་བཀྲུ་བའི་ཞལ་གདམས་ [238a] བཅས་རཏ་གླིང་གཏེར་བྱོན། ཕས་རྒོལ་འཇོམས་བྱེད་རྩལ་ཆེན་ནག་པོ་སྦས་པ་གསལ་བྱེད་ཀྱི་གབ་ཡིག་ཧ་ལའི་སྒྲོམ་འབྱེད་ཉི་ཟླའི་རྒྱ་ཅན་འཇམ་མགོན་པདྨ་གར་དབང་གི་གསུང་། དབང་ཕྱུག་ཆེན་པོས་དགྲ་བོ་བཅིང་པའི་མན་ངག་ཐེབ་ལྡོག་ཞལ་ཤེས་བསྐུལ་བ་སྔགས་བྱང་དམོད་བཅོལ་བཅས། །དབང་ཕྱུག་ཆེན་པོའི་དགྲ་མནན་གྱི་ཆོ་ག ། དབང་ཕྱུག་ཆེན་པོའི་དགྲ་ཕམ་བདག་རྒྱལ་གྱི་ལིངྒ་བྲི་ཐབས། སྒྲུབ་ཐབས་གསང་རྒྱ་ཅན། དགྲ་ཇག་ཆོམ་རྐུན་བཅིང་ཐབས་ཟབ་མོ། རང་སྲུང་ཟབ་མོའི་མན་ངག ། བྲུབ་ཁྲུང་བསྐྱེད་ཆོག་འགུགས་འདྲེན་སོགས་སྨད་ལས་འདོན་འགྲིགས། བཅའ་ཐབས་ལས་འགྲིགས། དགྲ་བོ་འཇོམས་བྱེད། ལིང་ཁྲུས་ཆོ་ག ། ལིང་གའི་དཔེའུ་རིས། འགྲུབ་རྟགས་མཚན་མ་ངོས་འཛིན། ཐེབ་ལྡོག་རྩི་བ། སྔགས་བྱང་། རླུང་འཁོར་བྲི་ཐབས་བཅས། པད་གླིང་ལུགས་ཀྱི་གཏད་རུལ་གྱི་གདམས་པ་ཟུར་རྒྱན་བཅས། པད་གླིང་ཀློང་གསལ་ཆ་ལག་གནམ་ལྕགས་ཨུར་ [238b] མོའི་གཏད་ཟློག་སྦལ་པ་དཀར་ནག་གི་སྦྱོར་བ་ལག་ལེན་བཅས། དམ་ཉམས་མདོ་བྲུབ་སྒྲུབ་ཚུལ། ཤེར་སྙིང་ཡང་ཟློག་གི་དགྲ་བོ་རུ་ལོག་ཏུ་གསད་པ། ཡང་ཁ་བྱང་ལུགས་ལྡོག་ཏུ་བྲིས་པ་བཅས་ཨ་རཱ་གའི་གསུང་། ཨ་ཙ་ར་མོན་པ་ཁྲམ་རྒྱུག་གི་མན་ངག་གསང་བ་བཀའི་ལྡེའུ་མིག་དགྲ་སྲོག་དམར་ལེན་སྤུ་གྲིའི་རྒྱ་ཅན་རིག་འཛིན་ཚེ་དབང་ནོར་བུའི་གསུང་། ཨ་ཙ་ར་དམར་མོན་པ་ཁྲམ་རྒྱུག་གི་མན་ངག་གསང་བ་མཚོན་ཆའི་བང་མཛོད་དགྲ་སྲོག་དམར་ལེན་མཚོན་ཆའི་འཁོར་ལོའི་རྒྱ་ཅན། དེའི་ཞལ་ཤེས་མཚོན་ཆའི་བང་མཛོད་སྡོམ་པའི་མན་ངག་ཐ་རམ། ཙིཏྟ་ཁོལ་ཕྱུངས་ཤིན་ཏུ་གསང་བ་ཨུ་པ་དེ་ཤ་བཅས་རིག་འཛིན་ཚེ་དབང་ནོར་བུའི་གསུང་། གཏད་ཟློག་སྦལ་པ་དཀར་ནག་གི་སྦྱོར་བ་ཟངས་གླིང་དབང་ཕྱུག་ལུགས། གཏད་ཟློག་མཐུ་ལུང་ནག་པོ་སྲིད་པ་རྒྱད་འདེབས་ཧཱུྃ་ཆེན་ཀ་ལའི་གསུང་། མཁའ་འགྲོ་ཤ་ཟ་ཧོར་མོ་སྲོག་སྒྲུབ་སྤུ་གྲི་དམར་ནག་དགྲ་བོ་ཆམ་ལ་འབེབས་བྱེད། དེའི་རླུང་འཁོར་སྤུ་གྲི་རེག་གཅོད། ལྟས་ངན་ཐན་འགྱེད། རླུང་འཁོར་སྟག་གཡག་བྲི་ཐབས་བཅས། [239a] སྲོག་བདུད་མིང་སྲིང་གི་མན་ངག ། ཁྲག་གི་ལྦུ་བ་པདྨ་རྒྱལ་མཚན་གྱི་གསུང་། སྲོག་བདུད་མིང་སྲིང་གི་གཏོར་འབུལ་ཁྲག་གི་ལྦུ་བ་གོང་གསུང་། ཁྲག་རལ་མའི་འཁོར་ལོ་སྒྲུབ་སྐོར་བཅས་རྣམས་ཀྱི་ཡིག་ཆུང་ནམ་མཁའ་རིན་ཆེན་གྱི་གསུང་། དྲེགས་པ་གནམ་ས་གོ་ལྡོག་གི་མན་ངག ། དེའི་འཁོར་ལོའི་རབ་གནས་དང་དམིགས་རིམ་བཅས་ཨ་རཱ་གའི་གསུང་། དྲེགས་པ་ཉི་ཤུའི་རླུང་འཁོར་ཟིན་ཐོ་ཨ་རཱ་གའི་གསུང་། བདེ་ཆེན་གླིང་པའི་གཏེར་བྱོན་ཀློང་གསལ་ཐུགས་ཆེན་ལས་ཚོགས་གནོད་སྦྱིན་ནོར་བསྙག་སྒྲུབ་པ། དེའི་ལྷན་ཐབས་གབ་པ་མངོན་ཕྱུངས་མུན་པའི་སྒྲོན་མེ་ཆོས་སྐྱོང་མགོན་པོའི་གསུང་། ཐུབ་པ་ནག་པོའི་མན་ངག་ངར་མི་སྒོ་བརྡུང་བཅས་རཏ་གླིང་གཏེར་བྱོན། ཀིང་དམར་སྔགས་བྱང་། གནུབས་ལུགས་གཤིན་རྗེའི་སྲུང་བ་བྱིན་རླབས་འཁོར་ལོ་བྲི་གནད། ཐིག་འདེབས་ཞལ་ཤེས་བཅུད་ཐེམ་དམར་ཁྲིད། མནན་པ་རི་རབ་འཁོར་ལོའི་བྲི་གནད། ཟློག་པ་ཉར་ཆོག་འཁོར་ལོ་བྲི་གནད་བཅས་བྱང་པའི་ལུགས། གཤིན་རྗེ་ཟངས་སྦུབ་མའི་མན་ངག་ཆིག་བརྒྱུད་ [239b] སྲུང་བ། བྱད་ཟློག་ཟ་ཡིག་འཁྲུལ་ཞིག་ཀ་བཞི་མ། རཏྣའི་རྟ་གསང་ལས་ཕྲན་ཕུང་བྱེད་རྫས་སྦྱོར་རླུང་རྟ་ཁ་སྦུབས་ཀྱི་ངན་སྔགས་རྟ་དམར་མ། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མན་ངག་སྲུང་ཟློག་དུག་གི་འཁོར་ལོའི་ཞལ་གདམས་སྙིང་གི་ནོར་བུ་ཤིན་ཏུ་ཟབ་པའི་གདམས་པ། རཏ་གླིང་ཐུགས་གསང་ངན་ནེ་མའི་མན་ངག་ཐོར་བུ་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཡང་ཟློག་མེའི་སྤུ་གྲི་སོགས་སྒོས་ཀྱི་བརྒྱུད་རིམ་རྣམས་ནི་སོ་སོའི་ཐོབ་ཡིག་ལྟར་དང་། སྤྱིར་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི་བཀའི་བསྡུ་བ་པོ་འཇམ་མགོན་པདྨ་གར་དབང་གི་བར་དེ་ཉིད་ཀྱི་གསན་ཡིག་ལྟར་ལ། དེ་ནས་མཁན་ཆེན་ངག་དབང་ལེགས་གྲུབ། ཁྱབ་བདག་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་ཏོ། །མི་ཕམ་པའི་གསུང་རྣམས་མཛད་པ་པོ་དངོས་ལས་བདག་གི་བླ་མ་ལའོ།། །།