ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་ཐོབ་པའི་ཚུལ།

From Dudjom Wiki
DJYD-KABUM-20-WA-005
Wylie title zab chos zhi khro dgongs pa rang grol gyi skor thob pa'i tshul DJYD-KABUM-20-WA-005.pdf
Location bdud 'joms rin po che bka' 'bum
Volume 20, Text 5, Pages 175-184 (Folios 88a1 to 92b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab chos zhi khro dgongs pa rang grol gyi skor thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 175-184. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: kar gling gter chos zhi khro'i skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [88a] ཨོཾ་སྭསྟི། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་པར་འཕྲུལ་པ་གྲུབ་ཐོབ་དངོས་གྲུབ་རྒྱལ་པོའམ་གཏེར་སྟོན་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་ཐོབ་པའི་ཚུལ་ལ་གསུམ་ལས། དང་པོ་སྨིན་བྱེད་ལ། སྔོན་འགྲོ་རིན་ཆེན་གསལ་སྒྲོན་ལྟར་དངོས་སྟ་ཕྲལ་བ། དངོས་གཞི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སྤྲོས་བཅས་བུམ་དབང་ཆེན་མོ་འཕྲད་ཚད་རང་གྲོལ། གསང་དབང་། ཤེར་དབང་། ཚིག་དབང་སྟེ་མཆོག་དབང་གོང་མ་གསུམ། མཐའ་རྟེན་གཏོར་དབང་དང་མངའ་གསོལ། དབང་འབྲིང་པོ་འགྲོ་དྲུག་རང་གྲོལ། དབང་བསྡུས་པ་གཏོར་དབང་རེག་པ་དོན་ལྡ་རྣམས་ཀྱིས་སྨིན་པར་བྱས་ནས། གཉིས་པ་ཁྲིད་ལ། བར་དོ་དྲུག་གི་ཁྲིད་རིམ་ཟེར་འདེབས་ངོ་སྤྲོད་དང་བཅས་པ་ཉམས་ཁྲིད་མཐའ་རྒྱས་སུ་ནོས། གསུམ་པ་ལུང་ལ། ལོ་རྒྱུས། དབང་། བསྐྱེད་རིམ། རྫོགས་རིམ། ངོ་སྤྲོད། ཐབས་ལམ། བསྟན་སྲུང་དང་བདུན་ལས། དང་པོ་ལོ་རྒྱུས་ལ། ཐེམ་བྱང་ཟིན་ [88b] བྲིས་རྒྱ་བཙུན་ནམ་མཁའི་མཚན་ཅན་གྱིས་མཛད་པ། བྲམ་ཟེ་དུང་ཕྲེང་དང་འགྱོད་ཚངས་ཀྱི་རྒྱུད་འབྱུང་ཁུངས། དབང་བཞི་འཕྲད་ཚད་རང་གྲོལ་གྱི་བརྒྱུད་པའི་ལོ་རྒྱུས་དགེ་འདུན་རྒྱལ་མཚན་གྱིས་མཛད་པ། བརྒྱུད་པའི་ལོ་རྒྱུས་བསྡུས་པ་ནོར་བུའི་ཕྲེང་བ་ནམ་མཁའི་མཚན་ཅན་གྱིས་མཛད་པ། གཉིས་པ་དབང་ལ། དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་གསལ་བའི་སྒྲོན་མེ་རྒྱ་སྐད་ཅན། དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྤྲོས་བཅས་བུམ་དབང་ཆེན་མོ། དབང་བཞི་འཕྲད་ཚད་རང་གྲོལ་གྱི་གསང་དབང་བདེ་ཆེན་རང་གྲོལ་ལ་ནང་གསེས་སུ། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་སྟེ་དབང་གོང་མ་གསུམ་ཟབ་ཁྱད་ཅན། དཀྱིལ་འཁོར་རྣམ་དག་མཐོང་བ་རང་གྲོལ། དཔེའུ་རིས། དབང་བསྐུར་འབྲིང་པོ་གནས་སྤར་འགྲོ་དྲུག་རང་གྲོལ་སྤྱི་དོན་གསུམ་པ། གཏོར་དབང་རེག་པ་དོན་ལྡན་གཏེར་གཞུང་། གཏོར་དབང་དངོས་གྲུབ་ཀུན་འབྱུང་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པ། སྤྲོས་བཅས་བུམ་དབང་ཆེན་མོ་མཐའ་རྟེན་སྣ་བདུན་རྟགས་བརྒྱད་ཀྱིས་མངའ་གསོལ་བཅས། གསུམ་པ་བསྐྱེད་རིམ་སྐོར་ལ། ཆོས་ [89a] སྤྱོད་བག་ཆགས་རང་གྲོལ། ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་སེམས་ཉིད་རང་གྲོལ་གུ་རུ་ཉི་ཟླ་འོད་ཟེར་གྱིས་མཛད་པ། ལས་བྱང་ལྷན་ཐབས་སྐྱབས་སེམས་སོགས་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པ། ཞི་ཁྲོ་འདུས་པའི་ལས་བྱང་རྩར་འཕྲེང་ཚོར་བ་རང་གྲོལ་སྤྱི་དོན་བཅོ་བརྒྱད་པ། ལས་བྱང་ཆུང་བ་ཚོར་གྲོལ་སྙིང་པོ་སྤྱི་དོན་གསུམ་པ་ལ་ནང་གསེས་སུ་སྔོན་འགྲོ་ལེའུ་གསུམ། དངོས་གཞི་ལེའུ་བདུན། རྗེས་ལེའུ་བདུན་བཅས། ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོའམ་ཕྲིན་ལས་རང་གྲོལ་སྙིང་པོ་སྤྱི་དོན་གསུམ་པ། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས། དམ་པ་རིགས་བརྒྱར་ཕྱག་འཚལ་སྡིག་སྒྲིབ་རང་གྲོལ། ཞི་ཁྲོའི་ཕྱག་འཚལ་བསྡུས་པ། ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་སྤྱི་དོན་དྲུག་པ། བསྐང་བཤགས་ཉམས་ཆག་རང་གྲོལ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བསྒྲིགས་པ། བསྐང་བཤགས་ཉམས་ཆག་རང་གྲོལ་གྱི་ཚེ་འདས་གནས་སྤར་འགྲོ་དྲུག་རང་གྲོལ་སྤྱི་དོན་བཅུ་པ། སྦྱིན་སྲེག་ཕྲིན་ལས་རང་གྲོལ་གྱི་སྔོན་འགྲོ་སྟ་གོན་གྱི་རིམ་ [89b] པ། གཏེར་གཞུང་མེ་མཆོད་ཀྱི་ལས་བྱང་སྦྱིན་སྲེག་ཕྲིན་ལས་རང་གྲོལ། དཔེའུ་རིས། ཞི་བ་དང་། རྒྱས་པ། དབང་། དྲག་པོ་སྟེ། ལས་བཞིའི་སྦྱིན་སྲེག་གུད་དུ་བཏོན་པ་ལེ་ཚན་བཞི་དང་། དཔེའུ་རིས་བཞི། ལས་སྤྱི་དང་ལས་བཞིའི་ཡིག་ཆུང་བཅས་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པ་རྣམས་སོ། །བཞི་པ་རྫོགས་རིམ་གྱི་སྐོར་ལ། ས་བཅད་ལྡེའུ་མིག་རང་གྲོལ་གསལ་བར་བཀོད་པ་ཉི་ཟླའི་མཚན་ཅན་གྱིས་མཛད་པ། གསོལ་འདེབས་སྐུ་གསུམ་ཀློང་ཡངས། སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ། བར་དོའི་སྨར་ཁྲིད་ཉམས་ཁྲིད་དགོངས་པ་རང་གྲོལ་གྱི་སྔོན་འགྲོ་རང་རྒྱུད་འདུལ་བྱེད་ཀྱི་ལྷན་ཐབས་ཆོས་རྗེ་གླིང་པའི་ཞལ་གདམས་རྣམས་གུ་རུ་ཉི་ཟླ་འོད་ཟེར་གྱིས་ཡི་གེར་བཀོད་པ། སྔོན་འགྲོ་ཐུན་མོང་མ་ཡིན་པ། དེའི་ཁྲིད་རིམ་བཞིའི་ངག་འདོན་ཨོ་རྒྱན་ཆེན་པོའི་ཆོས་སྤྱོད་ནས་གསུངས་པ་དང་། བླ་མའི་གསུང་དཔང་དུ་བཞག་སྟེ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་མཛད་པ། དངོས་གཞི་རྫོགས་རིམ་བར་དོ་དྲུག་གི་ཉམས་ཁྲིད་དགོངས་པ་རང་གྲོལ་ལ། སྐྱེ་གནས་ [90a] བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ། རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་པ་རང་གྲོལ། བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ། འཆི་ཁ་བར་དོའི་ཁྲིད་ཡིག་དྲན་པ་རང་གྲོལ། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ། སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ་ཏེ་བར་དོ་དྲུག་གི་ཁྲིད་ཡིག་ཆེན་མོ་ཉམས་ཁྲིད་དགོངས་པ་རང་གྲོལ་ཚང་བ། དེ་དྲུག་གི་རྒྱབ་ཆོས་འཁྲུལ་པ་རང་གྲོལ་རྣམས་སོ། །ལྔ་པ་ངོ་སྤྲོད་ཀྱི་སྐོར་ལ། ངོ་སྤྲོད་ཐམས་ཅད་ཀྱི་སྔོན་འགྲོ་དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མ་ངོ་སྤྲོད་པ། ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་གྱི་ངོ་སྤྲོད་རྣམ་རྒྱལ་བཟང་པོས་བཀོད་པ། རིག་པ་མངོན་སུམ་དུ་ངོ་སྤྲོད་པ་གཅེར་མཐོང་རང་གྲོལ། རྫོགས་ཆེན་སྐུ་གསུམ་ངོ་སྤྲོད། སྒྲོན་མ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ། ཤེལ་རྡོའི་ངོ་སྤྲོད་མཐོང་བ་རང་གྲོལ། གཞིའི་འོད་གསལ་ངོ་སྤྲོད་ཀྱི་ལྷན་ཐབས་དང་། མར་མེའི་ངོ་སྤྲོད་གཉིས། ཆོས་ཉིད་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ། བར་དོའི་ཐོས་གྲོལ་གྱི་ངོ་སྤྲོད་ [90b] མཐོང་བ་རང་གྲོལ་གྱི་ལག་ལེན་རྣམས་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་ཟིན་བྲིས་སུ་བཀོད་པ། སྲིད་པ་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ། སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པའམ་མེ་ལོང་སྲིད་པ་རང་གྲོལ། དེའི་ལྷན་ཐབས་དབྱངས་སྙན་ལྷའི་གནྡྷེ། འཆི་ལྟས་མཚན་མ་རང་གྲོལ། དཔེའུ་རིས་འཆི་བསླུ་འཇིགས་པ་རང་གྲོལ་རྒྱ་སྐད་ཅན། འཆི་བསླུའི་འཁོར་ལོ་བྲི་ཐབས། དཔེའུ་རིས་དང་བཅས་པ། རྨི་ལམ་བར་དོ་ཐོས་གྲོལ་ཆོས་ཀྱི་ཆེ་བ་བསྐྱེད་བྱེད་ཅེས་གུ་རུ་ཉི་ཟླ་འོད་ཟེར་གྱིས་མཛད་པ། ཞི་ཁྲོ་འདུས་པའི་བཏགས་གྲོལ་ཕུང་པོ་རང་གྲོལ། དེའི་དོན་བསྡུས་རང་གྲོལ་སྙིང་པོ། བཏགས་གྲོལ་འཁོར་ལོ་རྒྱས་འབྲིང་བསྡུས་གསུམ་བྲི་ཐབས། དེ་གསུམ་ཀའི་དཔེའུ་རིས། བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན་ཟིན་བྲིས་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་མཛད་པ། རྫོགས་ཆེན་འཁོར་འདས་རང་གྲོལ་གྱི་རྒྱུད་ལས་བཏགས་གྲོལ་བཅང་ཐབས་ཀྱི་ལེའུ། སངས་རྒྱས་བྱང་སེམས་རྣམས་ར་མདའ་སྦྲན་པའི་སྨོན་ལམ་འཇིགས་པ་རང་གྲོལ། བར་དོའི་རྩ་ [91a] ཚིག །བར་དོའི་འཕྲང་སྒྲོལ། བར་དོའི་འཇིགས་སྐྱོབ་ཀྱི་སྨོན་ལམ་རྣམས་ཐོས་གྲོལ་གྱི་ཆ་ལག་གོ། །དྲུག་པ་ཐབས་ལམ་གྱི་སྐོར་ལ། འོག་སྒོ་བདེ་བ་ཆེན་མོའི་ཁྲིད་འདོད་ཆགས་རང་གྲོལ་ཞེས་བྱ་བ་ཡང་ཟབ་བཅུད་བསྡུས། འདོད་ཆགས་ལམ་ཁྱེར་རིགས་བརྒྱུད་བཞག་ཐབས། འོག་སྒོ་བདེ་ཆེན་རང་གྲོལ་གྱི་ཉམས་ཁྲིད་དགུ་སྦས་དོན་བསྡུས་ཟབ་ཁྲིད་བདེ་ཆེན་རང་གྲོལ་ཞེས་བྱ་བ་ཤིན་ཏུ་ཟབ་པའི་ཉིང་ཁུ་ཉི་ཟླ་འོད་ཟེར་གྱིས་མཛད་པ་བཅས། བདུན་པ་བསྟན་སྲུང་གི་སྐོར་ལ། ཞི་ཁྲོའི་བཀའ་སྲུང་དམ་ཅན་སྡེ་བདུན་གྱི་ཕྲིན་ལས་དགྲ་བགེགས་རང་གྲོལ་དང་། དེའི་མདངས་བསྐང་གདུག་པ་རང་གྲོལ་གཉིས་ཀའི་མཇུག་རྫོགས་ཚིག་ཅན། ཕུད་རབས་གསོལ་ཁ་འདོད་ཡོན་རང་གྲོལ་མཛད་བྱང་མེད་པ་ཚིག་ལྷུག །རྩ་གསུམ་གཏོར་བསྔོས་ལག་ལེན་དོན་བསྡུས་སྙིང་པོ་ཉི་ཟླ་འོད་ཟེར་གྱིས་མཛད་པ། ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་ལུང་བསྟན་བཀའ་རྒྱ་མ་རྣམས་སོ། །དེ་ལྟར་དབང་ལུང་ཡོངས་རྫོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། [91b] ཀུན་ཏུ་བཟང་པོ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སེངྷ་། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཀརྨ་གླིང་པ། དེའི་སྲས་གྲུབ་ཆེན་ཉི་ཟླ་ཆོས་རྗེ། འགྲོ་མགོན་ཉི་ཟླ་འོད་ཟེར། བཀའ་བབས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། འདི་ལས་བརྒྱུད་སྲོལ་སྔ་ཕྱི་བར་གསུམ་གྱི་ལུགས་མང་དུ་གྱེས་པ་ལས། སྟོད་བརྒྱུད་ལྟར་ན་བཀའ་བབས་ནས། བསོད་ནམས་འོད་ཟེར། བསོད་ནམས་དཔལ། བསོད་ནམས་མཆོག་སྐྱོང་། སྣ་ཚོགས་རང་གྲོལ། ཐུགས་སྲས་ཀུན་དགའ་གྲགས་པ། བསྟན་འཛིན་གྲགས་པ། དེ་གཉིས་ཀས་མཁས་གྲུབ་མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། འགྱུར་མེད་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། རྗེ་ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་ན་རྒྱལ་སྲས་རིན་རྣམ་ནས། རྗེ་དབོན་པདྨ་ཀུན་གྲོལ་ [92a] རྣམ་རྒྱལ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། ནམ་མཁའ་ཚེ་དབང་མཆོག་གྲུབ། མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ནས་གོང་བཞིན། ཡང་སྤྲོས་བཅས་བུམ་དབང་ཆེན་མོ་འཕྲད་ཚད་རང་གྲོལ་དང་། མཆོག་དང་གོང་མ་གསུམ་དང་བཅས་པའི་བརྒྱུད་ལུགས་གཅིག་ནི། གཏེར་བདག་གླིང་པ་ནས། མཁན་ཆེན་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། པདྨ་ཐེག་མཆོག་བསྟན་འཛིན་མན་འདྲ། ཡང་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ཁྱད་འཕགས་ལུགས་གཅིག་ནི། ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས། མཁས་གྲུབ་ལྷ་དབང་མཚན་ཅན། བསྟན་འཛིན་ཆོས་ཀྱི་རྒྱལ་པོ། སྤྲུལ་སྐུ་ཀརྨ་གུ་རུ། གར་དབང་པདྨ་རྒྱལ་མཚན། མཁས་གྲུབ་པདྨ་བློ་གྲོས། བྱང་སེམས་པདྨ་རྡོ་རྗེ། ལུང་ཟིན་ཁྱབ་བརྡལ་ལྷུན་གྲུབ། རིགས་དབང་ཀུན་བཟང་རྣམ་རྒྱལ། བླ་མ་རྡོ་རྗེ་དཔའ་བོ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མན་འདྲ། ཡང་ནམ་མཁའ་ཆོས་ཀྱི་ [92b] རྒྱ་མཚོ་ནས། རྒྱ་མ་མི་འགྱུར་བ། རྒྱལ་དབང་རིན་ཆེན་ཕུན་ཚོགས། རྣམ་འཇོམས་ཕུན་ཚོགས། པདྨ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། པདྨ་རྡོ་རྗེ། ཁྱབ་བརྡལ་ལྷུན་གྲུབ་མན་འདྲ། ཡང་གནས་མདོ་གསེར་ཕྲེང་སྨད་བརྒྱུད་ལྟར་ན། བཀའ་བབས་ནས། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ་། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་གྲགས། གྲུབ་བརྙེས་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་ངེས་དོན་དབང་པོ། དེས་བདག་ལའོ། །གཞན་ཡང་ཀཿཐོག་ཕྱོགས་དང་། ཞེ་རྫོགས་ཕྱོགས་ཀྱི་བརྒྱུད་པ་ཐམས་ཅད་བདག་གི་བླ་མ་ལ་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་ཡིན་ནོ།། །།