བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། ཝ༽ · 35 Texts

From Dudjom Wiki
DJYD-KABUM-Volume-20-WA



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཐོབ་ཡིག་གླེགས་བམ་བར་མ། ཝ༽ པ་ནང་གསེས། ཨཱཿ༽ རྟགས་ཅན་འདིར། ལེ་ཚན་སུམ་ཅུ་སོ་ལྔ་ལ་ལྡེབ་གྲངས་ ༢༨༠ དང་། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༢༨༡ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ །མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲེལ་དུས་གསུ༷མ་དགེ་ལེགས་ཤོག། །།