སྤྲུལ་སྐུ་ཨོ་རྒྱན་གླིང་པའི་གཏེར་མ་པདྨ་བཀའ་ཐང་གི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-007
Wylie title sprul sku o rgyan gling pa'i gter ma pad+ma bka' thang gi thob yig DJYD-KABUM-20-WA-007.pdf
Location bdud 'joms rin po che bka' 'bum
Volume 20, Text 7, Pages 193-195 (Folios 97a1 to 98a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Sprul sku o rgyan gling pa'i gter ma pad+ma bka' thang gi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 193-195. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: o rgyan gling pa'i gter bka' thang skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། །[97a] ཨོཾ་སྭསྟི། སྤྲུལ་སྐུ་ཨོ་རྒྱན་གླིང་པས་ཡེར་ལུང་ཤེལ་བྲག་པདྨ་ཤེལ་ཕུག་གི་སྒོ་སྲུང་ཁྱབ་འཇུག་གི་ཐུགས་ཀ་ནས་སྤྱན་དྲངས་པའི་གུ་རུའི་རྣམ་ཐར་པདྨ་བཀའི་ཐང་ཡིག་ལེའུ་བརྒྱ་དང་བརྒྱད་པའི་ལུང་ནོས་པའི་བརྒྱུད་པ་ནི། སྣང་མཐའ། ཐུགས་རྗེ་ཆེན་པོ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ཨོ་རྒྱན་གླིང་པ། རིན་ཆེན་གླིང་པ། བདེ་ལེགས་རྒྱ་མཚོ། བློ་གྲོས་རྒྱ་མཚོ། བྱང་སེམས་ཆོས་རྗེ། བསམ་གྲུབ་རྒྱལ་པོ། མཁའ་ཀློང་ཡངས་པ། བློ་གྲོས་རྒྱལ་མཚན། སྣ་ཚོགས་རང་གྲོལ། དེས་བསྟན་འཛིན་གྲགས་པ་དང་ཀུན་དགའ་གྲགས་པ་གཉིས། གཉིས་ཀས་མདོ་སྔགས་བསྟན་འཛིན་བཟང་པོ། དམ་ཆོས་བཟང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། ཡང་ན་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ནས། སྲས་རྡོ་རྗེ་རྒྱལ་མཚན། ཀུན་བཟང་རྩེ་པ། རབ་བརྟན་རྡོ་རྗེ། བྱམས་ལྡིངས་པ། བྱམས་ལྡིངས་དབོན་པོ། གཡའ་བཟང་པ་རྡོ་རྗེ། སྨན་ཆུ་བ་ནམ་མཁའ་རིན་ཆེན། ནམ་མཁའ་ཚེ་བརྟན། བློ་གྲོས་ [97b] བཟང་པོ། གཞན་ཕན་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། དེ་ནས་གཅུང་ཡིད་བཞིན་ལེགས་གྲུབ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། སངས་སྤྲུལ་ངེས་དོན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་ཕྲིན་ལས་ཆོས་སྒྲོན་ནས། དགེ་སྦྱོང་ཨོ་རྒྱན་ཕུན་ཚོགས། སྒ་རྗེ་བ་བཀྲ་ཤིས་རྒྱ་མཚོ། འགྱུར་མེད་ཤེས་རབ་བསྟན་དར། རྡོར་འཛིན་ཤེས་རབ་བསྟན་དར། རྡོར་འཛིན་བདེ་ཆེན་ཆོས་འཛིན། དེས་བདག་ལའོ། །བུ་ཚལ་གསེར་ཁང་གླིང་གི་སྒོའི་གཡས་མདུན་རུས་སྦལ་འོག་ནས་སྤྱན་དྲངས་པའི་ལྷ་འདྲེ་བཀའི་ཐང་ཡིག་ལེའུ་ཉེར་བཞི་པ། བསམ་ཡས་རྡོའི་སེང་གེ་ནས་སྤྱན་དྲངས་པའི་རྒྱལ་པོ་བཀའི་ཐང་ཡིག་གམ་སྣང་སྲིད་གཏན་ལ་འབེབས་པའི་ཐང་ཡིག་ཆེན་མོ་ལེའུ་བཅུ་དགུ་པ། ཁམས་གསུམ་ཟངས་ཁང་གླིང་ནས་སྤྱན་དྲངས་པའི་བཙུན་མོ་བཀའ་ཡི་ཐང་ཡིག་ལེའུ་ཉེར་གཉིས་པ། གཞུང་ [98a] ལ་གཏེར་གནས་མི་གསལ་ཡང་གསན་ཡིག་ཏུ་དགེ་རྒྱས་ལི་མ་གླིང་ནས་སྤྱན་དྲངས་པའི་ལོ་པཎ་བཀའི་ཐང་ཡིག་ལེའུ་སོ་ལྔ་པ། ཡར་ལུང་ཤེལ་གྱི་བྲག་ཕུག་ནས་སྤྱན་དྲངས་པའི་བློན་པོ་བཀའི་ཐང་ཡིག་ལེའུ་སོ་གཉིས་པ་བཅས་ཐོབ་པའི་བརྒྱུད་པའང་གོང་གི་གུ་རུའི་རྣམ་ཐར་བཀའ་ཐང་དང་མཚུངས་སོ།། །།