ཨོ་རྒྱན་རྡོ་རྗེ་ཐོགས་མེད་ཀྱི་གཏེར་ཆོས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཟབ་ཆོས་བདུན་པ་སྦས་ཡུལ་སྒོ་འབྱེད་ཡིད་བཞིན་འོད་འཕྲོའི་སྐོར་གྱི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-017
Wylie title o rgyan rdo rje thogs med kyi gter chos tshe sgrub 'od kyi drwa ba'i zab chos bdun pa sbas yul sgo 'byed yid bzhin 'od 'phro'i skor gyi thob yig DJYD-KABUM-20-WA-017.pdf
Location bdud 'joms rin po che bka' 'bum
Volume ', Text 17', Pages 335-346 (Folios 168a1 to 173b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. O rgyan rdo rje thogs med kyi gter chos tshe sgrub 'od kyi drwa ba'i zab chos bdun pa sbas yul sgo 'byed yid bzhin 'od 'phro'i skor gyi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 335-346. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rdo rje thogs med gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
Karchag page <ul><li>"]]dkarchagpage::+" is not a number.</li> <!--br--><li>Some use of "" in your query was not closed by a matching "".</li></ul>

Property "Volumepage" (as page type) with input value "DJYD-KABUM-Volume-14-PHA"]]" is not a number. Some use of "" in your query was not closed by a matching ""." contains invalid characters or is incomplete and therefore can cause unexpected results during a query or annotation process.

[edit]
༄༅། ། [168a] ཨོཾ་སྭསྟི། པད་འབྱུང་གཡུ་སྒྲ་ཟུང་འཇུག་དུ་འཇུག་པའི་རྣམ་རོལ་རིག་འཛིན་ཆེན་པོ་གར་དབང་ཚེ་མཆོག་རྩལ་ལམ་ཨོ་རྒྱན་རྡོ་རྗེ་ཐོགས་མེད་ཀྱིས་མདུང་ཆུ་ལྷོའི་གནས་ཆེན་ཁུ་ལུང་གི་བཙན་དམར་སྲོག་གི་སྤུ་གྲིའི་སྐུ་མཁར་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཟབ་ཆོས་བདུན་པ་སྦས་ཡུལ་སྒོ་འབྱེད་ཡིད་བཞིན་འོད་འཕྲོའི་སྐོར་ཐོབ་པ་ལ། སྨིན་བྱེད། གྲོལ་བྱེད། རྒྱབ་བརྟེན་གསུམ་ལས། དང་པོ་ལ། ཐོག་མར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་བྱིན་རླབས་དབང་གི་ཆོ་ག་སྐལ་བཟང་ཡིད་ཀྱི་འདོད་འཇོ་ལྟར་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས་དངོས་གཞིའི་བུམ་དབང་རྗེས་འབྲེལ། མཆོག་དབང་རྣམ་གསུམ་གཏོར་དབང་། བཀའ་གཏད། མཐའ་རྟེན་དང་བཅས། ༈ །བླ་མ་དྲག་པོ་དབང་དྲག་གྲོ་ལོད་ཀྱི་དབང་ཆོག་དྲེགས་བྱེད་ཟིལ་གནོན་བྱིན་རླབས་དཔལ་འབར་ལྟར་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པ་སྔོན་འགྲོས། དངོས་གཞི་བུམ་དབང་རྗེས་འབྲེལ། མཆོག་དབང་རྣམ་གསུམ། མཐའ་རྟེན་གཏོར་དབང་། [168b] བཀའ་གཏད་བཅས། ༈ །ཡི་དམ་ཞི་བ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་དབང་ཆོག་བྱིན་རླབས་མེས་པོའི་རལ་ཀླུང་ལྟར་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པ་སྔོན་འགྲོས། དངོས་གཞི་བུམ་དབང་། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བཅས། ༈ །ཡི་དམ་དྲག་པོ་དབང་ཆེན་རྟ་མཆོག་རོལ་པའི་དབང་ཆོག་དངོས་གྲུབ་འབྱུང་གནས་པདྨའི་ཕྲེང་མཛེས་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་དབང་བཞི་ཡོངས་རྫོགས། མཐའ་རྟེན་གཏོར་དབང་བཅས། ༈ །མཁའ་འགྲོ་ཞི་བ་ཡེ་ཤེས་མཚོ་རྒྱལ་བདེ་ཆེན་དཀར་མོའི་དབང་ཆོག་བྱིན་རླབས་གཟི་འབར་མཁའ་སྤྱོད་མྱུར་བགྲོད་རིན་ཆེན་ཐེམ་སྐས་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་དབང་བཞི་ཡོངས་རྫོགས་མཐའ་རྟེན་གཏོར་དབང་བཅས། ༈ །མཁའ་འགྲོ་དྲག་མོ་བདུད་འདུལ་དྲག་མོའི་དབང་ཆོག་ལོག་འདྲེན་ཀུན་འཇོམས་དངོས་གྲུབ་ཤིང་རྟ་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་དབང་བཞི་ཡོངས་རྫོགས། མཐའ་རྟེན་གཏོར་དབང་བཅས། ༈ །བླ་མ་ཞི་བའི་ནང་ [169a] སྒྲུབ་པདྨ་ཚེ་དཔག་མེད་ཀྱི་དབང་ཆོག་འཆི་མེད་རྡོ་རྗེའི་སྙིང་པོ་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་བུམ་དབང་། ཐབས་ཤེས་དམ་རྫས་གཏོར་དབང་། རྒྱས་གདབ་བཅས་ལེགས་པར་ཐོབ་བོ། །གཉིས་པ་གྲོལ་བྱེད་ཁྲིད་ལ། མ༽ སྤྲོས་བཅས་བསྐྱེད་རིམ་ལྷ་ཁྲིད་དང་། མ་རྟགས་ཅན་འདི་ལ་ཁྲིད་ལུང་གི་རྒྱུན་མེད། མཆན། སྤྲོས་མེད་རྫོགས་ཆེན་དོན་ཁྲིད་རྣམས་ཞིབ་རྒྱས་སུ་ནོས། ཁྲིད་ཡིག་ཡེ་ཤེས་ཟང་ཐལ་བདེ་གཤེགས་དབང་ཆེན་གྱིས་མཛད་པ་ལྟར། གསུམ་པ་རྒྱབ་བརྟེན་ལུང་ལ། རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་གཏེར་གཞུང་རྩ་བའི་སྐོར་ལ། ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཟབ་ཆོས་བདུན་པ་སྦས་ཡུལ་སྒོ་འབྱེད་ཡིད་བཞིན་འོད་འཕྲོའི་ལམ་བྱང་སྙིང་གི་མུན་སེལ་ལས་དཔལ་རྟ་མཆོག་རྒྱལ་པོ་བདེ་ཆེན་ཀུན་ནས་རོལ་པའི་རྒྱུད་ཀྱི་གླེང་གཞི། བསྟན་པའི་སྤྱི་ལུང་མདོར་བསྡུས། བསྟན་པ་གསོ་ཐབས། ལམ་བྱང་སྙིང་གི་མུན་སེལ། སྔོན་འགྲོ་དང་པོ་རྩ་གསུམ་གསོལ་འདེབས་རྒྱས་པ། རྩ་གསུམ་གསོལ་འདེབས་བསྡུས་པ། སྔོན་འགྲོ་གཉིས་པ་ཚོགས་མཆོད་གསོལ་འདེབས་བཀྲ་ཤིས་སྨོན་ལམ། བསང་མཆོད། [169b] གསེར་སྐྱེམས། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་སྒྲུབ་ཐབས་བྱིན་རླབས་གཏེར་མཛོད། དབང་ཆོག་སྐལ་ལྡན་འདོད་འཇོ། རྫོགས་ཆེན་དོན་བསྡུས། བླ་མ་དྲག་པོའི་སྒྲུབ་ཐབས་མེ་འོད་འབར་བ། བླ་མ་དྲག་པོའི་དབང་ཆོག །བསྲུང་བ་རྡོ་རྗེའི་གུར་ཁང་། ཡང་ཟློག་མེ་ཡི་འཁོར་ལོ། དམ་སྲི་གཟིར་མནན། ཡི་དམ་ཞི་བ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་སྒྲུབ་ཐབས་ཟླ་བའི་འོད་འཕྲོ། དབང་ཆོག །གཟུངས་ཆུ་སྒྲུབ་ཐབས། རྫས་སྨན་དཀར་པོའི་སྒྲུབ་ཐབས། ལོ་དགྲ་སྲུང་བའི་མན་ངག །ཡི་དམ་ཁྲོ་བོ་དབང་ཆེན་བདེ་མཆོག་རོལ་པའི་སྒྲུབ་ཐབས་པདྨའི་ལྕགས་ཀྱུ། དབང་ཆོག་པདྨའི་ཕྲེང་བ། རྫོགས་རིམ་བདེ་དྲོད་འོད་འབར། དབང་སྡུད་ལས་མཐའ། རྫས་རྒོད་ཁྲ་བོའི་སྒྲུབ་ཐབས། མཁའ་འགྲོ་ཞི་བ་ཡེ་ཤེས་མཚོ་རྒྱལ་བདེ་ཆེན་དཀར་མོའི་སྒྲུབ་ཐབས་མཁའ་སྤྱོད་མྱུར་ལམ། དབང་ཆོག་མཁའ་སྤྱོད་མ། ཐབས་ལམ་བདེ་ཆེན་མྱུར་ལམ། གྲིབ་སེལ་གྱི་ཆོ་ག །སུན་བཟློག་གི་ཆོ་ག་བསྡུས་པ། མཁའ་འགྲོ་དྲག་མོ་བདུད་འདུལ་དྲག་མོའི་སྒྲུབ་ཐབས་གྲི་གུག་འབར་བ། མགྱོགས་དབང་། བྱད་བཟློག ། [170a] ཟ་ཡིག་གི་མན་ངག །སྦས་ཡུལ་འགྲིམས་པའི་རྗེས་ཀྱི་ཆོས་དང་པོ་ལུང་བྱང་གཏད་རྒྱ་ནོར་བུའི་ཕྲེང་བ། རྗེས་ཀྱི་ཆོས་གཉིས་པ་གཏེར་སྲུང་གསོལ་མཆོད། ཐེམ་བྱང་འགྱུར་མེད་རྡོ་རྗེ། ཁ་བྱང་དྲན་པའི་མེ་ལོང་སྙིང་བྱང་བཅས། དབང་༽ བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་གུས་སྦས་ཡིག་ཆུང་། བླ་མ་དྲག་པོའི་གུས་སྦས་ཡིག་ཆུང་ལ་ནང་གསེས་སུ། སྒྲུབ་ཐབས་གུད་སྦས། བསྲེག་པའི་ཡིག་ཆུང་། རྡོ་རྗེའི་ལས་མཐའ་གུད་སྦས། རྒྱལ་འགོང་གི་ཟ་ཁ་སྤོ་བའི་ཡིག་ཆུང་། ཧཱུྃ་ཆོས་ཡིག་ཆུང་བཅས། ཡི་དམ་དྲག་པོ་དབང་ཆེན་བདེ་མཆོག་རོལ་པའི་གུས་སྦས་ཡིག་ཆུང་ལ་ནང་གསེས་སུ། ལྷ་མོ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས། རྫས་རྒོད་ཞལ་ཤེས་ཡིག་ཆུང་བཅས། མཁའ་འགྲོ་བདུད་འདུལ་དྲག་མོའི་གུད་སྦས་ཡིག་ཆུང་། ལོ་རྒྱུས་གཏེར་འབྱུང་མདོར་བསྡུས་དོན་གསལ། ༈ །ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བླ་མའི་རྣལ་འབྱོར། པདྨའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། བདུད་འདུལ་གྲོ་ལོད་སྒྲུབ་ཐབས་དང་། བཀའ་ནན་དམ་བསྒྲག རྫས་སྲུང་སྒྲུབ་ཐབས་བཅས། དག་སྣང་སྲོག་ཕུང་དང་དབང་དོན་ངོ་སྤྲོད་ [170b] བཅས་སོ། །གཉིས་པ་ཡན་ལག་ཁ་སྐོང་ཆོག་ཁྲིགས་ཀྱི་སྐོར་ལ། ལྷན་ཐབས་ཀྱི་དཀར་ཆག་ཀུན་སྣང་ཉིན་མོའི་དཔལ་སྦྱིན། དེས་གསལ་བ་ལྟར། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བྱིན་རླབས་གཟི་བྱིན་དཔལ་འབར། བླ་མ་དྲག་པོ་དབང་དྲག་གྲོ་ལོད་ཀྱི་དཀྱིལ་འཁོར་མཆོད་སྒྲུབ་གནམ་ལྕགས་ཐོག་མདའ་མེ་ཡི་འཁོར་ལོ། ཡི་དམ་ཞི་བ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་སྒྲུབ་ཐབས་བྱིན་རླབས་འོད་དཀར་མུ་ཁྱུད། ཡི་དམ་དྲག་པོ་དབང་ཆེན་རྟ་མཆོག་བདེ་ཆེན་རོལ་པའི་སྒྲུབ་ཐབས་སྣང་སྲིད་དབང་སྡུད་རིན་ཆེན་པདྨའི་ལྕགས་ཀྱུ། མཁའ་འགྲོ་ཞི་བ་ཡེ་ཤེས་མཚོ་རྒྱལ་བདེ་ཆེན་དཀར་མོའི་སྒྲུབ་ཐབས་རྒྱུད་མང་གླུ་དབྱངས་བཀླག་པས་དོན་འགྲུབ། མཁའ་འགྲོ་དྲག་མོ་བདུད་འདུལ་དྲག་མོའི་སྒྲུབ་ཐབས་ལོག་འདྲེན་ཀུན་འཇོམས་གྲི་གུག་ཕྲེང་མཛེས། པདྨ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་། ཡིད་བཞིན་འོད་འཕྲོ་རྩ་གསུམ་ཞི་ཁྲོའི་ཆོ་ག་ངག་འདོན་ཁྱེར་བདེ་ཁྲིགས་ཆགས་སུ་བསྡེབས་པ་བྱིན་རླབས་བུམ་བཟང་། བླ་མ་ཞི་བའི་དབང་ཆོག་སྐལ་བཟང་ཡིད་ཀྱི་འདོད་འཇོ། [171a] བླ་མ་དྲག་པོའི་དབང་ཆེན་དྲེགས་བྱེད་ཟིལ་གནོན་བྱིན་རླབས་དཔལ་འབར། ཡི་དམ་ཞི་བའི་དབང་ཆོག་བྱིན་རླབས་མེས་པོའི་རལ་ཀླུང་། ཡི་དམ་དྲག་པོའི་དབང་ཆོག་དངོས་གྲུབ་འབྱུང་གནས་པདྨའི་ཕྲེང་མཛེས། མཁའ་འགྲོ་ཞི་བའི་དབང་ཆོག་བྱིན་རླབས་གཟི་འབར་མཁའ་སྤྱོད་མྱུར་བགྲོད་རིན་ཆེན་ཐེམ་སྐས། མཁའ་འགྲོ་དྲག་མོའི་དབང་ཆོག་ལོག་འདྲེན་ཀུན་འཇོམས་དངོས་གྲུབ་ཤིང་རྟ། པདྨ་ཚེ་དཔག་མེད་ཀྱི་དབང་ཆོག་འཆི་མེད་རྡོ་རྗེའི་སྙིང་པོ། བླ་མ་ཞི་བའི་བསྙེན་ཡིག་པདྨའི་དགོངས་རྒྱ་ཀུན་གསལ་བཻཌཱུརྱའི་མེ་ལོང་། བླ་མ་དྲག་པོའི་བསྙེན་ཡིག་གསང་ཆེན་གབ་རྒྱ་འབྱེད་པའི་ལྡེའུ་མིག །ཡི་དམ་ཞི་བའི་བསྙེན་ཡིག་དགེ་ལེགས་སྣང་བའི་སྒོ་འབྱེད། ཡི་དམ་དྲག་པོའི་བསྙེན་ཡིག་པདྨ་རཱ་གའི་དོ་ཤལ། མཁའ་འགྲོ་ཞི་བའི་བསྙེན་ཡིག་ནོར་བུའི་བང་མཛོད། མཁའ་འགྲོ་དྲག་མོའི་བསྙེན་ཡིག་གནམ་ལྕགས་འཁོར་ལོ། ཚེ་དཔག་མེད་ཀྱི་བསྙེན་ཡིག་འཆི་མེད་མཆོག་སྦྱིན། ༈ །གུ༷་རུ་ཡིད་བཞིན་ནོར་བུའི་ལས་བྱང་འཇུག་བདེར་སྤེལ་བ་བྱིན་རླབས་ཆར་རྒྱུན། དེ༷འི་སྨན་མཆོད་སྲུང་ [171b] མའི་གཏོར་འབུལ་མདོར་བསྡུས། དབྃང་གི་ཆོ་ག་ཆུ་བོ་བཞི་ལྡན། བསྙེནྃ་ཡིག་སྦས་གསང་འབྱེད་པའི་ལྡེའུ་མིག། རྟགས་ཅན་འདི་རྣམས་སྔ་པོད་གུ་རུ་ཡིད་བཞིན་ནོར་བུའི་ཆོས་སྡེར་བཞུགས་ཀྱང་ཁ་སྐོང་ཆོག་ཁྲིགས་ཡིན་ཕྱིར་འདིར་བཞག་པ་ཡིན་ནོ། །རྩ་གསུམ་ཞི་ཁྲོའི་བཀའ་སྲུང་རེ་ཏི་མཆེད་བཞི་མཆོད་ཐབས་མདོར་བསྡུས། གཏེར་སྲུང་པེ་ཧར་མཆོད་ཐབས་མདོར་བསྡུས། པདྨ་བཀོད་ཀྱི་གནས་སྲུང་སྤྱི་གསོལ་འཇུག་བདེ། གནས་སྲུང་སྤྱི་གསོལ་མདོ་བསྡུས་བཅས་ལེགས་པར་ཐོབ། དེ་ལྟར་ཐོབ་པའི་བརྒྱུད་ཚུལ་ལ། བླ་མ་ཞི་དྲག་གི་བརྒྱུད་པ་ནི། ཆོས་སྐུ་ཚེ་བདག་སྣང་མཐའ། ལོངས་སྐུ་ཡེ་ཤེས་ལྔ་ལྡན སྤྲུལ་སྐུ་སྣང་སྲིད་ཟིལ་གནོན། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། སྒྲ་བསྒྱུར་གཡུ་སྒྲ་སྙིང་པོ། གཏེར་སྟོན་གར་དབང་ཚེ་མཆོག །པདྨ་ཟིལ་གནོན་མཆོག་རབ། ཁྱབ་བདག་པདྨ་བསྟན་དར། རྒྱལ་ཚབ་ནམ་མཁའ་ཚེ་དབང་། དེ་གཉིས་ཀས་དྲིན་ཅན་བླ་མ་པདྨ་དབང་རྒྱལ། དེས་བདག་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །ཡི་དམ་ཞི་བའི་བརྒྱུད་པ་ནི། ཆོས་སྐུ་སྣང་མཐའ། ལོངས་སྐུ་སྤྱན་གཟིགས། [172a] སྤྲུལ་སྐུ་སྲོང་བཙན་སྒམ་པོ། ཨོ་རྒྱན་པདྨ་འབྱུང་གནས། སྒྲ་བསྒྱུར་གཡུ་སྒྲ་སྙིང་པོ། གཏེར་སྟོན་རྡོ་རྗེ་ཐོགས་མེད་ནས་གོང་བཞིན། ཡི་དམ་དྲག་པོའི་བརྒྱུད་པ་ནི། གཏེར་འབྱིན་རིག་འཛིན་ཡན་གོང་ལྟར་ལ། དེ་ནས་རྒྱལ་ཡུམ་ཟླ་འོད་དབང་མོ། པདྨ་ཟིལ་གནོན་མཆོག་རབ་མན་གོང་ལྟར། མཁའ་འགྲོ་ཞི་བའི་བརྒྱུད་པ་ནི། གཏེར་ཆེན་ནས། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེ། པདྨ་ཟིལ་གནོན་མཆོག་རབ་མན་གོང་བཞིན། མཁའ་འགྲོ་དྲག་མོའི་བརྒྱུད་ཚུལ་ཡི་དམ་དྲག་པོ་མཚུངས་ལ། པདྨ་ཚེ་དཔག་མེད་ཀྱི་བརྒྱུད་པ་ནི་བླ་མ་ཞི་བ་ལྟར་རོ། །གུད་སྦས་ཡིག་ཆུང་སྐོར་དང་། གཏེར་འབྱུངལོ་རྒྱུས་བཅས་ཀྱི་ལུང་བརྒྱུད་ནི། གཏེར་འབྱིན་སྤྲུལ་སྐུ་ནས། རྒྱལ་ཡུམ་རིགས་འདུས་ཟླ་འོད་དབང་མོ། པདྨ་ཟིལ་གནོན་མཆོག་རབ། ཁྱབ་བདག་པདྨ་བསྟན་དར། འདྲེན་མཆོག་ནམ་མཁའ་ཚེ་དབང་། དེ་གཉིས་ཀས་རྒྱལ་ཚབ་དྲིན་ཆེན་བླ་མ་པདྨ་དབང་རྒྱལ། དེས་བདག་ལའོ། ། ༈ །སླར་ཡང་ཆོས་ཀྱི་བདག་པོ་སྐལ་བཟང་བདེ་གཤེགས་དབང་ཆེན་གྱིས་ཁ་སྐོང་ཆོག་ཁྲིགས་སྐོར་ལ། རྩ་གསུམ་ཞི་ [172b] ཁྲོ་བསྒྲུབ་པའི་སྔོན་འགྲོ་ས་ཆོག་སྟ་གོན་གྱི་རིམ་པ་ལག་ལེན་ཁོལ་ཕྱུང་། ཡི་དམ་ཞི་བ་འགྲོ་བ་ཀུན་འདུལ་གྱི་ཞི་བའི་སྦྱིན་སྲེག་ཉི་མའི་འོད་ཟེར། པདྨ་ཚེ་དཔག་མེད་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་བྱ་ཚུལ་བསྡུས་པ། བླ་མ་ཞི་བ་དང་ཡི་དམ་དྲག་པོ་གང་རུང་ལ་སྦྱར་ཆོག་དབང་གི་སྦྱིན་སྲེག་མདོར་བསྡུས། རྩ་གསུམ་ཞི་ཁྲོ་གང་རུང་ལ་སྦྱར་ཆོག་དྲག་པོའི་སྦྱིན་སྲེག་དགྲ་བགེགས་འཇོམས་བྱེད་མཚོན་ཆའི་འཁོར་ལོ། རབ་གནས་ཆོ་གའི་ཟིན་བྲིས་རབ་གསལ་ཉིན་བྱེད། རབ་གནས་ཆོ་ག་བཀྲ་ཤིས་སྙེ་མ། བདུད་འདུལ་དྲག་མོའི་སྲུང་ཟློག་བསད་པའི་ངག་འདོན་ཟིན་བྲིས་གནམ་ལྕགས་ཐོག་མདའ། བདུད་འདུལ་དྲག་མོའི་སྲུང་ཟློག་བསད་པའི་ལས་རིམ་ལོག་འདྲེན་བདུད་སྡེ་ཕྱེ་མར་བརླག་པའི་མཚོན་ཆའི་འཁོར་ལོ། སྲུང་ཟློག་བསད་གསུམ་གྱི་དམིགས་པའི་འཕྲུལ་འཁོར་ཀུན་གསལ་མེ་ལོང་། ཡི་དམ་ཞི་བའི་སྒོ་ནས་རབ་གནས་ཆོ་ག་རབ་གསལ་ཉིན་སྣང་། ཡི་དམ་ཞི་བའི་སྒོ་ནས་རྟེན་ཁྲུས་རི་ཁྲུས་བྱབ་ཁྲུས་བྱ་ཚུལ་ཉོན་མོངས་སྟོབས་སྦྱང་། ཡི་དམ་ཞི་བའི་སྒོ་ནས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ། བླ་མ་ [173a] དྲག་པོའི་སྒོ་ནས་བསད་པ་དོན་བརྒྱུད་སྤུ་གྲི་རེག་གཅོད། གྲོ་ལོད་ཀྱི་སྨད་ལས་གཏོར་ཟློག་བདུད་ལས་རྣམ་རྒྱལ། བླ་མ་དྲག་པོའི་སྒོ་ནས་དམ་སྲི་གཟིར་མནན། བླ་མ་དྲག་པོའི་སྒོ་ནས་བྱད་འགྲོལ་ཡེ་ཤེས་འཁོར་ལོ་བྱད་མ་རང་གཤེད། བདུད་འདུལ་དྲག་མོའི་སྒོ་ནས་སྲི་མནན་རི་རབ་ལྷུན་པོ་བཅས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཁྱབ་བདག་པདྨ་བསྟན་དར། དྲིན་ཅན་པདྨ་དབང་རྒྱལ། དེས་བདག་ལ་སྩལ་བའོ། ། ༈ །གཏེར་མིང་ཨོ་རྒྱན་རྡོ་རྗེ་ཐོགས་མེད་རྩལ་ཞེས་སམ་གར་དབང་ཚེ་མཆོག་རྩལ་ཞེས་འབོད་པས་ཕྱིའི་བྱས་རབས་བླུན་པོའི་རང་མཚང་རྗེན་སྟོན་ཁ་ན་སྣག་ཤོག་གྲོན་བྱེད། ནང་གི་བྱས་རབས་སྨྱོན་པའི་ལབ་འཆོལ། གསང་བའི་གཏམ་སྣ་ཚོགས་འཁྲུལ་སྣང་བརྒྱ་བྱིན་གྱི་གཞུ། རྣམ་གསུམ་ཟབ་མོའི་གཏེར་ལ་ཇི་ལྟར་སྤྱོད་པའི་ལོ་རྒྱུས་སྐལ་ལྡན་རྣ་བའི་དགའ་སྟོན་བཅས་ཀྱི་ལུང་བརྒྱུད་ནི། གཏེར་ཆེན་ཉིད་ནས། ཟིལ་གནོན་མཆོག་རབ། པདྨ་བསྟན་དར། རྗེ་པདྨ་དབང་རྒྱལ། དེས་སོ། །འདས་རྗེས་ཀྱི་རྣམ་ཐར་ཐར་པའི་གྲུ་གཟིངས་ [173b] སྒམ་པོ་པ་འགྲོ་མགོན་རྡོ་རྗེས་མཛད་པ། མྱ་ངན་འདས་པའི་སྐོར་རྒྱལ་ཡུམ་ཟླ་འོད་དབང་མོས་མཛད་པ་གཉིས་ཀྱི་ལུང་བརྒྱུད་མཛད་པ་པོ་ནས། ཟིལ་གནོན་མཆོག་རབ། པདྨ་བསྟན་དར། དྲིན་ཅན་པདྨ་དབང་རྒྱལ། དེས་བདག་ཛྙཱ་ན་ལ་དགྱེས་པར་སྩལ་བའི་སྐལ་བཟང་ཐོབ་པ་ཡིན་ནོ༎ ༎