རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ་གྱི་སྐོར་ཇི་ལྟར་ཐོབ་པའི་ཚུལ།

From Dudjom Wiki
DJYD-KABUM-21-ZHA-008
Wylie title rdo grub gsum pa 'jigs med bstan pa'i nyi ma'i gsung 'bum gyi skor ji ltar thob pa'i tshul DJYD-KABUM-21-ZHA-008.pdf
Location bdud 'joms rin po che bka' 'bum
Volume 21, Text 8, Pages 147-173 (Folios 74a1 to 87a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo grub gsum pa 'jigs med bstan pa'i nyi ma'i gsung 'bum gyi skor ji ltar thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 147-173. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rdo grub bstan nyi'i bka' 'bum skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [74a] ཨོཾ་སྭསྟི། སྔ་འགྱུར་བསྟན་པ་རྒྱ་མཚོའི་ཤིང་རྟ་ལྷ་སྲས་རྣམ་རོལ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་སྐུ་ཕྲེང་གསུམ་པ་གཏེར་ཆེན་བདུད་འཇོམས་གླིང་པའི་གདུང་སྲས་ཐུ་བོ་འཇིགས་མེད་བསྟན་པའི་ཉི་མ་དཔལ་བཟང་པོའི་གསུང་འབུམ་གྱི་སྐོར་ཇི་ལྟར་ཐོབ་པའི་ཚུལ་ལ། གླེགས་བམ་ ཨོཾ༽ ལ། ཐོག་མར་བསྟོད་ཚོགས་ཀྱི་སྐོར་ལ། རྒྱལ་བ་ཚེ་དཔག་ཏུ་མེད་པ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ། ཡང་ཚེ་དཔག་མེད་ལ་བསྟོད་པ་བཀྲ་ཤིས་པདྨ་རྒྱས་པའི་སོགས། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་སྒོ་ནས་བསྟོད་པ་བྱང་མས་ཆས་སྙོགས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཨུཏྤལ་གཞོན་ནུ་ལྟ་བུའི་སྤྱན་རས་ལ་བསྟོད་པ་བུང་བ་རོལ་པའི་གླུ་དབྱངས། འཕགས་པ་རྟ་མགྲིན་ལ་ཐུན་མོང་གི་རྣམ་ཐར་དང་མཐུན་པར་ཆ་ཙམ་བསྟོད་པ་ཀུན་དགའི་རྒྱུད་མང་། ཡང་འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་ཕུན་ཚོགས་ཆོས་དབྱིངས་སྒེག་མོའི་བཞིན་ལ་སོགས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཆ་ལེ་ཆོ་ལེ། འཇིག་རྟེན་དབང་ཕྱུག་གིས་ཆོ་འཕྲུལ་ [74b] ཆེན་པོ་བསྟན་པའི་བརྗེད་ཐོ་ཆུ་སྟོད་ཟླ་བའི་དགའ་སྟོན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཞན་དོན་ཕུན་ཚོགས་ཀྱི་སྐུ་ལ་བརྟེན་ཏེ་རང་གི་དོན་གཉིས་ཕུན་ཚོགས་འགྲུབ་ཚུལ་དང་སྦྱར་བའི་བསྟོད་པ་སྨོན་ལམ་དང་བཅས་པ། འཇམ་མགོན་ཞལ་བཟང་བལྟ་བའི་སྨོན་ལམ་ཚིགས་སུ་བཅད་པ། བླ་མ་རྗེ་བཙུན་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་རྣམ་པར་རྒྱལ་བའི་རྔ་སྒྲ། རྗེ་བཙུན་སྒྲོལ་མ་ལ་ཐུགས་དམ་བསྐུལ་བ་ན་མ་ཨརྱ་ཏཱ་རེ། སྒྲོལ་མའི་ཕྱག་མཐིལ་སོགས། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས་དང་འབྲེལ་བའི་ཚིགས་སུ་བཅད་པ་དཔའི་བོའི་ཡིད་འཛིན། འཆི་མེད་ཙཎྜ་ལིའི་སྐུ་རྡོ་རྗེ་གསང་བ་བསམ་གྱིས་མི་ཁྱབ་པའི་ཆ་ཤས་རགས་རིམ་ཙམ་ཞིག་ཉུང་ངུའི་ངག་གིས་བསྔགས་པ་རྡོ་རྗེ་སྒྲ་མའི་རྒྱུད་མང་། ཡང་སྒྲོལ་མ་ལ་བསྟོད་པ་སྙིང་རྗེའི་དབང་ཕྱུག་སོགས། འཇིགས་པ་བརྒྱད་སྐྱོབས་མའི་བསྟོད་བསྐུལ་འཇིགས་མེད་རྔ་སྒྲའི་དབྱངས་སོགས། ཡང་སྒྲོལ་མ་ལ་ཐུགས་དམ་བསྐུལ་བ་རྣམ་པར་དཀར་བའི་ལེགས་བྱས་སོགས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་དཔྱིད་ [75a] ཀྱི་ཕོ་ཉ། ཀུན་མཁྱེན་རིག་འཛིན་བླ་མ་འཇིགས་མེད་གླིང་པ་ལ་བསྟོད་པ་དད་བརྒྱའི་པདྨོ་རྒྱས་བྱེད་བདུད་རྩིའི་ཟིམ་ཆར། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་རྟོགས་བརྗོད་དང་འབྲེལ་བར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དཔག་བསམ་ལྗོན་པའི་མེ་ཏོག །རིགས་བདག་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྗེས་དྲན་གྱི་བསྟོད་ཚིག་གང་གི་རྨད་བྱུང་སོགས། འཕགས་པ་སྤྱན་རས་གཟིགས་དགེ་སློང་གི་གཟུགས་སུ་རྣམ་པར་རོལ་པ་ལ་ཅུང་ཟད་བསྔགས་པའི་ཚིག་གི་ཕྲེང་བ་པདྨ་དཀར་པོའི་ཆར། གྲུབ་དབང་བསོད་ནམས་དཔལ་དགེའི་རྣམ་ཐར་བསྟོད་ཚིག་ན་མོ་གུ་རུ། གང་གི་མཚན་ཡང་སོགས། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསོལ་འདེབས་ཕྱི་ནང་རིག་གཞུང་རྒྱ་མཚོའི་ཕ་རོལ་སོགས། རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་བསྔགས་པ་རྒྱལ་ཀུན་ཡེ་ཤེས་སྐུ་ཅན་སོགས། ཡང་བསྟོད་ཚིག་ཁ་བའི་རི་ངོགས་སོགས། དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་གསང་བ་ལ་བསྔགས་པ་ཟབ་དོན་རྡོ་རྗེའི་ཀ་མ་ཀཱ། སྟོན་པ་སངས་རྒྱས་ལ་བསྔགས་པ་ [75b] ཆོས་ཉིད་བཟོད་པའི་སྣང་བ་སོགས། བསྟན་པའི་བདག་པོ་རྣམ་འདྲེན་བཞི་པའི་རྣམ་ཐར་དྲན་པའི་བསྟོད་པ་མིའམ་ཅི་རབ་དགའི་གླུ་ཕྲེང་། འཕགས་པ་འཇམ་དཔལ་དབྱངས་ལ་བསྟོད་པ་ཡེ་ཤེས་སྒྱུ་མ་འབར་བའི་སོགས། ཡང་འཇམ་དཔལ་ལ་བསྟོད་པ་མིག་ཡོར་ལྟ་བུའི་གཟུགས་ཀྱིས་སོགས། ཡང་བསྟོད་པ་འདི་ནི་ལང་ཚོས་རྒྱགས་པ་སོགས། ཡང་བསྟོད་ཚིག་ཐོལ་བྱུང་མ་བསྐལ་པ་བྱེ་བ་མང་པོ་སོགས། འཇམ་དཔལ་གཞོན་ནུར་གྱུར་པའི་ཡོན་ཏན་གྱི་ཆེ་བ་ལ་བསྔགས་པའི་རབས་བར་ཤི་ཀའི་མེ་ཏོག་གི་ཆུན་འཕྱང་། ཡང་འཇམ་དཔལ་ལ་བསྟོད་པ་མེ་ཏོག་ཆུན་འཕྱང་འཛིན་པའི་སོགས། ཡང་བསྟོད་ཚིག་རྒྱལ་ཀུན་གསང་བ་ཟབ་མོའི་ཡེ་ཤེས་སོགས། ཡང་འཇམ་དཔལ་དབྱངས་ལ་བསྟོད་བསྐུལ་མཆོག་གི་ཡེ་ཤེས་ཆུ་གཏེར་སོགས། ཡང་བསྟོད་ཚིག་མཐའ་བཞིའི་མཚན་མ་ཞི་བའི་སོགས། ཡང་འཇམ་དཔལ་དབྱངས་ལ་གདུང་བསྐུལ་སོར་མོའི་ཞགས་པ་ནང་དུ་བསྡུས་ནས་སོགས། ཡང་བསྟོད་ཚིག་གང་གི་ཞབས་སེན་ཟླ་གཞོན་གསར་པའི་སོགས། ཡང་བླ་མ་འཇམ་དཔལ་ལ་བསྟོད་པ་ [76a] ཨ་དང་དབྱངས་བཞིས་སྦྱར་བ་ཟླ་བྲལ་བླ་མ་ཁྱབ་བདག་སོགས། ཡང་མགོན་པོ་འཇམ་དཔལ་དབྱངས་ལ་སྨྲེ་སྔགས་ཀྱིས་གསོལ་བ་འདེབས་པ་ཇི་ལྟ་ཇི་ལྟར་གུས་པས་སོགས། ཡང་བསྟོད་ཚིག་མཁྱེན་གཉིས་ཡེ་ཤེས་དམ་པའི་སོགས། འཕགས་པ་འཇམ་དཔལ་གྱི་འོད་ལ་ཆེད་དུ་བརྗོད་པ་གློག་གི་སྒྲོན་མ་འབར་བའི་འོད་ཟེར་སོགས། ཡང་འཇམ་དཔལ་ལ་བསྟོད་པ་སྐབས་གསུམ་གནས་ཀྱི་ལྷ་མོ་སོགས། ཡང་བསྟོད་ཚིག་སྤྲོས་མཚན་རྟོག་པའི་དྲྭ་བ་སོགས་དང་། དེའི་མཐའ་བརྟེན་ཡོད་མེད་ཡིན་མིན་སོགས་མི་ཕམ་གསུང་ངོ་། །འཇམ་དཔལ་དོན་དམ་པའི་ཚུལ་ལ་ཆེད་དུ་བརྗོད་པ་གང་དུ་གཉིས་སྣང་མཚན་མའི་སོགས། ཡང་འཇམ་དཔལ་དོན་དམ་པའི་ཚུལ་ལ་ཆེད་དུ་བརྗོད་པ་ཤེས་བྱ་མཁྱེན་ལ་གེགས་བྱེད་སོགས། ཡང་འཇམ་དཔལ་དོན་དམ་པའི་ཚུལ་ལ་ཆེད་དུ་བརྗོད་པ་ཀུན་རྟོག་སྤྲོས་པའི་གྲྭ་ཟུར་སོགས། སློབ་དཔོན་ཆེན་པོ་ལ་བསྟོད་སྨོན་དྲི་མེད་སིནྡྷུའི་རྒྱ་མཚོར་སོགས། ཡང་སློབ་དཔོན་ཆེན་པོ་ལ་བསྟོད་པ་མཐིང་མདོག་འོད་བརྒྱས་མཛེས་པ་སོགས། [76b] མཁན་ཆེན་བོ་དྷི་སཏྭ་ལ་བསྟོད་པ་འཕགས་པ་ཡུལ་ཆོས་ཀྱི་འདུན་ཁང་སོགས། སློབ་དཔོན་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ཤིན་ཏུ་ཞི་བ་ཆོས་ཉིད་སོགས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་བསྟོད་པ་ལེགས་བྱས་ལམ་བཟང་སྲོང་བའི་སོགས། རྗེ་མི་ཕམ་རིན་པོ་ཆེ་ལ་བསྟོད་པ་རྒྱལ་བསྟན་མདོ་དང་སྔགས་ཀྱི་སོགས། ལེགས་ལྡན་ནག་པོ་ཆེའི་ཞལ་ལ་བསྟོད་པ་ཕུན་ཚོགས་དམ་པ་གཉིས་ཀྱི་སོགས། བཀྲ་ཤིས་ཚེ་རིང་མཆེད་ལྔ་བསྟོད་པ་ཧྲཱིཿ ཛ་ལནྡྷ་རའི་བ་གམ་སོགས། བླ་མའི་རྣལ་འབྱོར་སྐོར་ལ། སྡོམ་བརྩོན་ཤྲཱིའི་མིང་ཅན་ལ་གནང་བའི་བླ་མའི་རྣལ་འབྱོར། དགེ་བའི་བཤེས་གཉེན་པདྨ་བདེ་ཆེན་ལ་གནང་བའི་བླ་རྣལ། ཆོས་གྲགས་ལ་གནང་བའི་བླ་རྣལ། དད་ལྡན་མགོན་པོ་རྡོ་རྗེ་ལ་གནང་བའི་བླ་རྣལ། བཙུན་པ་གསང་སྔགས་ལ་གནང་བའི་བླ་རྣལ། བླ་མ་ལྷ་དབང་ལ་གནང་བའི་བླ་རྣལ། གུ་རུའི་ཐུགས་དམ་བདེན་བསྐུལ་ཨེ་མ་ཧོཿ ཀ་དག་སྐྱེ་མེད་སོགས། རིགས་དབོན་བསོད་ནམས་དཔལ་ལྡན་གྱི་བརྗེད་ཐོར་གནང་བའི་ཚིག་བདུན་འབྲུ་འགྲེལ། གསོལ་འདེབས་དང་སྨོན་ལམ་གྱི་སྐོར་ལ། [77a] དགེ་སློང་དམ་ཆོས་འོད་ཟེར་ལ་གནང་བའི་གསོལ་འདེབས། སྒྲུབ་བརྩོན་བླ་མ་བསོད་ནམས་ཡེ་ཤེས་ལ་གནང་བའི་གསོལ་འདེབས། དྷཱི་པུ་མཆོག་སྤྲུལ་རིན་པོ་ཆེ་ལ་གནང་བའི་གསོལ་འདེབས། འཇིགས་མེད་བསམ་གཏན་ལ་གནང་བའི་གསོལ་འདེབས། ཤྲི་བན་ལ་གནང་བའི་གསོལ་འདེབས། དད་ལྡན་འདི་བོའི་ཀུན་ཁྱབ་ལ་གནང་བའི་གསོལ་འདེབས། བློ་བཟང་ལ་གནང་བའི་གསོལ་འདེབས། དད་ལྡན་ཁྲོ་རྒྱལ་ལ་གནང་བའི་གསོལ་འདེབས། སྒྲོལ་མའི་གསོལ་འདེབས་རྒྱལ་བ་ཀུན་གྱི་ཐུགས་རྗེ་སོགས། བླ་མ་དམ་པ་བསོད་ནམས་དོན་གསལ་ལ་གནང་བའི་གསོལ་འདེབས། གུ་རུའི་གསོལ་འདེབས་སྐྱབས་ཀུན་འདུས་ཞལ་སོགས། དོན་གཉེར་ཅན་ལ་གནང་བའི་བླ་མ་སྤྱིའི་གསོལ་འདེབས། འཇིགས་དཔལ་ལ་གནང་བའི་གསོལ་འདེབས། ཁྲོ་སྐྱབས་ཤེས་རབ་ལ་གནང་བའི་སྨོན་ལམ། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་མི་ཤིགས་ནཱ་དའི་རོལ་མོ། རང་དོན་དུ་སྨོན་ལམ་བཏབ་པ་བཀའ་དྲིན་མཉམ་མེད་སོགས། རིག་ལྷ་ལ་གནང་བའི་ [77b] སྨོན་ལམ། མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་གནང་བའི་སྨོན་ལམ། མཆོ་སྐྱེས་ཕྲིན་ལས་རྒྱས་པའི་སྨོན་ལམ་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས། དད་ལྡན་དགྲ་བླ་ཕན་དར་ལ་གནང་བའི་སྨོན་ལམ། བཙུན་པ་ཚེ་བརྟན་ལ་གནང་བའི་གསོལ་འདེབས། ནག་ཐཱ་དབོན་པོ་འཇིགས་ཚེ་ལ་གནང་བའི་གསོལ་འདེབས། དགེ་ཚུལ་བློ་གྲོས་དཔལ་བཟང་ལ་གནང་བའི་སྨོན་ལམ་ཕྱོགས་བཅུ་ན་བཞུགས་པའི་སོགས། དཔལ་ལྡན་བླ་མ་ལ་མོས་ཤིང་དྭངས་བའི་བློ་གྲོས་ལས་བྱུང་བའི་རྡོལ་ཐབས་ཀྱི་ཅ་ཅོས་བསྟོད་ཅིང་གསོལ་བ་འདེབས་པ་ཙནྡན་ནགས་ཀླུང་། གསོལ་འདེབས་འདིའི་ཤོ་ལོ་ཀ་བརྒྱ་དང་བཞི་མན་དཔེ་མ་ཚང་། བྷོ་ཊའི་ཡུལ་གྱི་སློབ་དཔོན་ཆེན་པོ་མཉྫུ་ཤྲཱི་དྷརྨ་མི་ཏྲའི་ཞབས་ཀྱི་རྟོགས་པ་མདོ་ཙམ་དུ་བརྗོད་པ་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར། མཚུངས་བྲལ་རྒྱལ་བའི་མྱུ་གུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་བདུད་རྩིའི་ཟིལ་ཐིགས། བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཉམས་སུ་ལེན་ཚུལ་ཁྲིད་ཡིག་ཏུ་བྱས་པ་གྲུབ་པ་མཆོག་གི་དཔལ་སྟེར། [78a] བླ་རྣམ་ལ་ཉེ་བར་མཁོ་བའི་ཡི་གེ་པདྨ་འོད་དུ་བགྲོད་པའི་ཐེམ་སྐས། ཆོ་ག་ངག་འདོན་སོགས་ཀྱི་སྐོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་བྱིན་རླབས་ཅན་མང་པོ་མདོ་སྡེ་ལས་བཏུས་པ་ཐོས་པ་དོན་ལྡན་ངག་གི་རོལ་མོ། འཕགས་པ་ཕུང་པོ་གསུམ་པའི་མདོ་སྡེ་བཀླག་ཆོག་ཏུ་བཀོད་པ་བསོད་ནམས་ཡིད་བཞིན་རིན་པོ་ཆེའི་སྤྲིན། ཐུབ་དབང་གནས་བརྟན་འཁོར་བཅས་མཆོད་པའི་ཆོ་ག་འཕགས་པ་དགྱེས་པའི་རོལ་མོ། འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་པ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ། འཇམ་དབྱངས་འོད་ཟེར་ལ་གནང་བའི་འཕགས་པ་འཇམ་དཔལ་སྒྲུབ་ཐབས། མདོ་སྔགས་དང་། ཚུལ་བཟང་ལ་གནང་བའི་འཕགས་པ་འཇམ་དཔལ་སྒྲུབ་ཐབས། བླ་མ་དམ་པ་མཁའ་སྤྱོད་ལ་གནང་བའི་འཇམ་དབྱངས་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་རང་འཕགས་པར་གསལ་པའི་སོགས། ཡང་ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ཞལ་ཤེས་སྡུག་བསྔལ་རང་གྲོལ་འདྲ་བཏོན་ན་ནི་སོགས། ཁྱི་སོ་ཐར་ལ་གནང་བའི་ཐུགས་ [78b] རྗེ་ཆེན་པོའི་གསོལ་འདེབས་མ་ཎི་འདྲེན་ཐབས། མ་ཎི་བསྐུལ་བའི་ཚིགས་བཅད་སྐྱོ་ཤས་ཀྱི་ལྕགས་ཀྱུ། སྡོམ་བརྩོན་ཀུན་དགའ་བློ་གྲོས་ལ་གནང་བའི་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་འདེབས་ཀྱི་ཚུལ་དུ་ཡིག་དྲུག་འདྲེན་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། ཡེ་དྷརྨཱའི་ཟིན་བྲིས་ནྱ་གྲོ་དྷའི་ས་བོན། རྟེན་སྙིང་གི་གླེང་གཞི་ལས་འཕྲོས་ཏེ་འཕགས་པ་ཤཱ་རིའི་བུའི་ལོ་རྒྱུས་ཆད་དུམ་འགའ་ཞིག། རྟེན་འབྲེལ་སྙིང་པོ་ལ་བརྟེན་ཏེ་བསོད་ནམས་བྱ་བའི་ཆོ་ག་མཆོད་སྦྱིན་གཏེར་གྱི་རྒྱ་མཚོ། རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་ཤམ་དུ་བདེན་ཚིག་གི་མདེའ་ཐུང་། རྟེན་འབྲེལ་སྙིང་པོ་ལ་བརྟེན་པའི་མདོས་ཀྱི་ཆོ་ག་ཉུང་ངུ་འཇིག་རྟེན་གསུམ་གྱི་རྣ་རྒྱན། རྟེན་འབྲེལ་མདོས་ཀྱི་བཅའ་ཐབས་ཟིན་བྲིས། རྟེན་འབྲེལ་སྙིང་པོ་ལ་བརྟེན་པའི་ལས་སྦྱོར་གྱི་ཤམ་བུ། གླུད་བསྔོ་ཐབས་ཉུང་ལ་འདོན་བདེ་བ། རྟེན་སྙིང་གི་མདོས་ཆོག་ཁྲིགས་ཟིན། ཡུལ་གྱི་གཞི་བདག་ལ་གསུར་མཆོད་འབུལ་ཚུལ། རྟེན་སྙིང་གི་གཟུངས་ཟློ་བའི་ [79a] ཆོ་གའི་ངག་འདོན་མདོར་བསྡུས། རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་རྙེད་སླའི་གཏོར་མ་བསྔོ་བའི་ཆོ་ག་རྩི་སྨན་ལྗོན་པ། རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་གླུད་གཏོར་བསྔོ་བའི་ཆོ་ག་བྱམས་ཆེན་སྤྲིན་གྱི་རྔ་སྒྲ། རྟེན་སྙིང་ལ་བརྟེན་ནས་གླུད་གཏོར་བསྔོ་ཆོག་གི་ཤོམ་དང་འདོན་འགྲིགས། རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས་ཁྲམ་དབྱེའི་ཆོ་ག་འཆི་བའི་འཇིགས་སྒྲོལ། ནད་པའི་གླུད་བསྔོ་མདོར་བསྡུས་ནད་སྤོ་གདོན་སྤོ་ཅན་བཅས། གླེགས་བམ། ཨཱཿ༽ པ་ལ། མཁྱེན་བརྩེའི་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་བཤད། རྟ་ཁྱུང་འབར་བའི་བསྙེན་ཐོ་རིན་ཆེན་སྒྲོན་མེ། ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཁོག་ཅུད་ཟད་ཡང་གསལ་དུ་བྱས་པ་རིན་པོ་ཆེའི་ཟ་མ་ཏོག་རྣམ་པར་འབྱེད་པ། སྒྲུབ་ཆེན་ཟིན་བྲིས་རིག་པ་འཛིན་པ་དགའ་བའི་སྐྱེད་མོས་ཚལ། ཕྲིན་ལས་གླིང་པའི་ཞབས་བརྟན། ཕུར་པ་བདུད་དཔུང་ཟིལ་གནོན་གྱི་བསྙེན་སྒྲུབ་ཟིན་བྲིས། རིག་འཛིན་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་ཟིན་བྲིས་བདེ་ཆེན་ལམ་བཟང་གསལ་བའི་སྒྲོན་མེ། རིག་འཛིན་ཡུམ་ཀའི་དབང་གི་མཚམས་ [79b] སྦྱོར་མུ་ཏིག་ཆུན་པོ། རིག་འཛིན་ཡུམ་ཀའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་རྡོ་རྗེ་བཙུན་མོའི་ཞལ་ལུང་། བཙུན་པ་འཇིགས་མེད་འོད་གསལ་ལ་གནང་བའི་ཡུམ་ཀ་བདེ་ཆེན་རྒྱལ་མོའི་བསྐང་བ། དགའ་སྟོན་ཚོགས་འཁོར་གྱི་གླུ་རྡོ་རྗེའི་རྒྱུད་མང་། ཁྱབ་བདག་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ་གསལ་བར་སྡེབས་པ་དངོས་གྲུབ་མཆོག་སྦྱིན། གུ་རུ་ཉི་མ་འོད་ཟེར་གྱི་རྣལ་འབྱོར་ལ་བརྟེན་པའི་ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ། ཐོད་སྒྲུབ་བྱ་ཐབས་བླ་མ་འཇམ་པའི་རྡོ་རྗེ་སོགས། བཙུན་པ་བློ་གསལ་འཇིགས་མེད་བཟང་པོར་གནང་བའི་ཚོགས་མཆོད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ། རྟ་མགྲིན་མངོན་རྟོགས་བསྡུས་པ། རྒྱུད་ཕུར་ལ་རྒྱས་དབང་མཆོག་གི་སྦྱིན་སྲེག་སྦྱར་ཚུལ་འདོན་ཟིན་ལྷན་ཐབས། མགོན་པོའི་གཡང་སྒྲུབ་འདོན་ཟིན་ལྷན་ཐབས། གྲུབ་དབང་བྱང་ཆུབ་རྡོ་རྗེའི་དགོངས་གཏེར་སྨན་བླའི་དབང་གི་མཚམས་སྦྱོར། ཟབ་མོ་གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟློས་གར། ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བསྡུས། སྙིང་ [80a] ཐིག་སྤྱིའི་བླ་བརྒྱུད་གསོལ་འདེབས་རིགས་བརྒྱའི་དབང་ཕྱུག་སོགས། ཐུན་དྲུག་གི་རྣལ་འབྱོར་དཀོན་མཆོག་གསུམ་ལ་སོགས། བླ་རྣལ་བརྒྱུད་འདེབས་ཁ་སྐོང་མཁས་ཤིང་གྲུབ་བརྙེས་སོགས། མཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང་རླབས་ཆེན་འགྲོ་འདུལ་སོགས། དཔལ་ཆེན་བརྒྱུད་འདེབས་ཁ་སྐོང་དེ་སྲས་ཐུ་བོ་སོགས། རྒྱུད་ཕུར་བརྒྱུད་འདེབས་ཁ་སྐོང་ཆོས་ཀྱི་བདག་པོ་ཀརྨ་སོགས། སེང་གདོང་བརྒྱུད་འདེབས་ཁ་སྐོང་བཀའ་གཏེར་ཆོས་ཚུལ་སོགས། བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོའི་ཚེ་རྟགས། ཞལ་གདམས་སྐོར་ལ། སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སོགས། བསོད་ནམས་དཔལ་ལྡན་ལ་གདམས་པ་ན་མོ་གུ་རུ་ཤྲཱི་སོགས། བློ་ཆོས་ལ་གདམས་པ་མཁྱེན་པས་བཟང་གོམས་ཁོ་ན་སོགས། བསླབ་བྱའི་སྙིང་གཏམ་ཞིམ་མངར་སྦྲང་རྩིའི་གོང་བུ། དགེ་ཚུལ་ངེས་ལེགས་ལ་གདམས་པ་བླ་མ་དཀོན་མཆོག་མཁྱེན་སོགས། དགེ་ཚུལ་ཡེ་ཤེས་བཟང་པོ་ལ་གདམས་པ་ཁྱོད་ཀྱིས་ན་ནིང་མི་ཉག་དགེ་སློང་སོགས། [80b] ཡང་ཞལ་གདམས་ལགས་དམ་པའི་ཆོས་གཤའ་མ་སོགས། ཡང་ཞལ་གདམས་ལར་སྟོན་སྟོན་པ་ཐམས་ཅད་མཁྱེན་པའི་སོགས། གྲོང་ཆོག་པ་མི་ཚེ་སྟོང་ཟད་མཁན་རྣམས་ལ་གདམས་པ་ལགས། བདག་ཅག་གི་སྟོན་པ་སོགས། རྒྱལ་རོང་བ་འཇིགས་མེད་ཡེ་ཤེས་ལ་གདམས་པ་འོད་གསལ་རྫོགས་པ་ཆེན་པོའི་སོགས། དགེ་རྒན་དཔལ་དགེ་ལ་གདམས་པ་ལགས། ཚིག་གི་སྦྱོར་བ་དམ་པོས་སོགས། ཡང་ཞལ་གདམས་ཇི་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གི་སོགས། དཔལ་རི་བ་དོན་གྲུབ་རྡོ་རྗེ་ལ་ཕན་པའི་གཏམ་འཕགས་པའི་ཡུལ་གྱི་སོགས། རྩིས་མདའི་གར་དབང་གི་མགོ་ལ་གནམ་ཡིག་བབས་པ་ཀྭ་ཡེ་ཁྱོད་ཀྱིས་སོགས། བླ་མ་ཀུན་དགའ་ལ་གཏམ་བྱ་བ་སྙིང་ནས་འཆི་ཆོས་སོགས། བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་བསྔགས་པའི་གཏམ་ཐུང་ངུ་མིའམ་ཅིའི་དབྱངས་སྙན། དགེ་སློང་ལྷག་བསམ་རབ་དཀར་ལ་གདམས་པ་ལྷག་བསམ་ཆུ་གཏེར་སོགས། དད་ལྡན་ཞིག་གི་ངོར་གནང་བ་དུས་གསུམ་རྒྱལ་བའི་རྣམ་འཕྲུལ་སོགས། མཐའ་གྲོལ་ལ་གདམས་པ་ཉོན་དང་མཐའ་གྲོལ་སོགས། བསོད་ [81a] རྒྱམ་ལ་གདམས་པ་ངའི་ཁ་སྒོ་སོགས། ནམ་མཁའ་རྒྱ་མཚོར་གདམས་པ་ལར་དངོས་གཞིའི་ལམ་གྱི་སོགས། སྔགས་རྒན་ཆོས་འབྱུང་ལ་གདམས་པ་མགོན་སྲས་བཅས་རྒྱལ་བའི་སོགས། བཙུན་པ་གུ་རུ་ཡེ་ཤེས་ལ་གདམས་པ་བླ་མ་ཐུབ་དབང་སོགས། དམ་པའི་སྐྱེས་བུ་ཞིག་ལ་གནང་བ་དགེ་ཚོགས་ས་ཆེན་ཡངས་པའི་སོགས། ཡང་ཞལ་གདམས་བློ་གྲོས་སྣང་བ་འབུམ་འཇོ་སོགས། སྲང་ཚེ་ལ་གདམས་པ་ན་མོ་མཉྫུ་ཤྲི་ཡེ་སོགས། བསོད་ནམས་རྡོ་རྗེ་བགྲེས་པོ་ལ་གདམས་པ་བླ་མ་ལ་ཕྱག་འཚལ་སོགས། སྨན་ལྷ་ལ་གདམས་པ་བཤད་ན་ཉམས་མྱོང་མེད་སོགས། བློ་གྲོས་བཟང་ལ་གདམས་པ་ཚེ་འདིའི་བྱ་བ་སོགས། ཡང་རྟོགས་ལྡན་ཞིག་ལ་གདམས་པ་ལག་པ་དལ་མེད་སོགས། ཇ་སག་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་ཐུགས་དམ་གསལ་འདེབས་སུ་གནང་བ་ན་མཿཤཱཀྱ་མུ་ན་སོགས། བླ་མ་བསོད་ནམས་རྡོ་རྗེ་ལ་གདམས་པ་ན་མོ་གུ་རུ་སོགས། ཐོགས་མེད་དང་ངེས་ལེགས་གཉིས་ལ་གདམས་པ་ཞལ་གདམས་ཟེར་བ་སོགས། པདྨ་བདེ་ཆེན་ལ་གདམས་པ་གང་ཞིག་སྲིད་པའི་སོགས། [81b] དགེ་སློང་མདོ་སྔགས་ལ་གདམས་པ་ན་མོ་གུ་རུ། སྲིད་འདིར་འགྲོ་བའི་སོགས། ཡང་ཞལ་གདམས་ཆོས་ཀྱི་དང་པོ་ཚེ་འདིའི་སོགས། ཀུན་དགའ་ལ་གནང་བའི་གསོལ་འདེབས་ཟླ་བྲལ་སྟོན་པ་སོགས། སང་ཚང་སྤྲུལ་སྐུར་གདམས་པ་ཀྱེ་ལགས་ཁྱེད་ནི་སོགས། ཡང་ཐོགས་མེད་ངེས་ལེགས་གཉིས་ལ་གདམས་པ་རྒ་བས་ནོན་ཅིང་ནད་ཀྱིས་སོགས། ཡང་དོན་གཉེར་ཅན་ལ་གདམས་པ་གུས་པས་ཉོན་དང་སོགས། ཐར་འདོད་རྣམས་ལ་གདམས་པ་འཕགས་མཆོག་ལག་ན་རལ་གྲིའི་སོགས། དྲི་མེད་འོད་ཟེར་ལ་གདམས་པ་རྫིང་ན་མེད་པ་སོགས། དཔལ་ཤུལ་བླ་མར་གདམས་པ་ཐམས་ཅད་མཁྱེན་པ་ལ་སོགས། ཡང་ཞལ་གདམས་ལུས་ཅན་ཕན་བདེ་སོགས། ཡང་དད་ལྡན་ཞིག་ལ་གདམས་པ་དཀོན་མཆོག་གསུམ་ལ་སོགས། འཇིགས་མེད་དབང་དྲག་ལ་གདམས་པ་རྨོས་ཀྱིན་དུལ་པ་སེམས་ཀྱི་སོགས། ཡང་ཞལ་གདམས་ལམ་གྱི་རྩ་བ་ངེས་འབྱུང་སོགས། ཡང་ཞལ་གདམས་ལེགས་ཚོགས་བརྒྱ་ལས་ལེགས་འོང་སོགས། བླ་མ་དོན་གསལ་ལ་གདམས་པ་སྙིང་ནས་བྱང་ཆུབ་སོགས། དཔལ་དབྱངས་ལ་གདམས་པ་ཀྱེ་ལགས་ [82a] རྣམ་གྲོལ་བདེ་བ་སོགས། དོན་གཉེར་ཅན་ལ་གདམས་པ་ཚེ་འདིའི་ཕུན་ཚོགས་སོགས། ཛྙཱ་ན་བྷ་དྲར་གདམས་པ་རྒྱལ་བས་ཚུལ་ཁྲིམས་སོགས། དམེ་ངོ་མཚར་ལ་གདམས་པ་ཡོན་ཏན་རྟེན་གཞི་སོགས། སངས་དཔལ་ལ་གདམས་པ་གོམ་རེ་བཞིན་ཡང་སོགས། གད་ཐོག་ལྷུན་པོར་གདམས་པ་ཉེར་ལེན་ཕུང་པོའི་སོགས། དད་ལྡན་འགྱུར་མེད་རྡོ་རྗེར་གདམས་པ་ཕུན་ཚོགས་ཚངས་དབྱངས་སོགས། བནྡེ་ཐོས་བསམ་ལ་གདམས་པ་ཕ་ཀུན་མཁྱེན་བརྒྱུད་པའི་སོགས། མཆོག་སྤྲུལ་ཟླ་བ་ལ་གདམས་པ་དམ་པའི་ངང་ཚུལ་སོགས། རྗེའི་དྲིས་ལན་ན་མོ་གུ་རུ། ད་ལམ་རྗེ་ཉིད་ཀྱིས་རྫོགས་ཆེན་ཕྱོགས་ལས་བརྩམས་པའི་སོགས། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་རྗེས་སུ་དྲན་པའི་སྨྲེ་སྔགས་ཀྱི་གདུང་དབྱངས་དོན་དང་ལྡན་པ། དགུན་གྱི་ཡུལ་ངན་ཞིག་གི་རྐྱེན་དབང་དང་འགྲོགས་པས་ཤེས་པ་སྐྱོ་བ་ན་ཨ་མཚར་དུ་བྲིས་པ་ངོ་མཚར་ལ་ཨ་ཧོཿ རྡོ་རོང་གི་སྨྱོན་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་སྨྱོན་ཚིག་རྐང་པ་དུམ་ཆོད་བྱས་པ་ཨ་ཧོཿ ནམ་མཁའི་རྣལ་འབྱོར་སོགས། སྙིགས་ [82b] མའི་སྐྱེ་བོའི་རྙེད་བཀུར་གྱི་ལོངས་སྤྱོད་ལ་སྐྱོ་བའི་གཏམ་སྐལ་བཟང་རྣ་རྒྱན། གཞོན་ནུ་འཇིགས་མེད་པས་ལྕགས་སྦྲུལ་གྱི་ཟླ་༡༢ཚེས་༢༥ལ་སྐད་ཅིག་ཡུད་ཙམ་གྱིས་བྲིས་པ་ཕ་བཀའ་དྲིན་མཚུངས་མེད་སོགས། ཡང་གསུང་མགུར་རི་བོ་སྤྲིན་དཀར་གྱི་ལྭ་ཐོད་ཅན་སོགས། ཡང་གསུང་མགུར་ཧེ་ཧེ། མཐའ་བརྒྱད་དང་བྲལ་བའི་སོགས། ཡང་དབྱིངས་དག་ཆེན་འཁོར་ལོ་རྒྱས་འདེབས་སོགས། ཡང་ཕ་སྙན་བརྒྱུད་རྡོ་རྗེའི་ལམ་སྟོན་སོགས། ཡང་གསུང་མགུར་རྒྱ་ཡན་ཅོག་བཞག་རང་བྱུང་གི་སོགས། ཡང་གཉུག་མ་མཐའ་བྲལ་གྱི་གནས་ལུགས་སོགས། ཡང་གསུང་མགུར་ཐ་མལ་གྱི་ཤེས་པ་ཟང་ཐལ་ཡེ་གྲོལ་སོགས། འཕགས་མཆོག་འཇམ་པའི་དབྱངས་ལ་སྤྱན་འདྲེན་པའི་གླུ་དད་པའི་མྱུ་གུ ། ཡང་འཇམ་པའི་དབྱངས་ལ་ཐུགས་དམ་བསྐུལ་བའི་གླུ་དབྱིངས་དག་པ་རབ་འབྱམས་སོགས། བློ་ལྡན་མཆོག་སྲེད་ལ་བསྟོད་པའི་གླུ་སྙིང་ལ་བློ་གྲོས་སྣང་བ་སོགས། ཡང་གསུང་མགུར་ཕ་བཀའ་དྲིན་འཁོར་མེད་སོགས། ཡང་ཕ་ཟབ་ལམ་རྡོ་རྗེའི་བླ་མ་སོགས། ཡོངས་འཛིན་དགེ་རྒན་བློ་གྲོས་ལ་གནང་བ་རྗེ་བླ་མ་མཁྱེན་བརྩེའི་ཟློས་གར་སོགས། ཤར་ [83a] རྒྱལ་མོ་རོང་པ་ལ་གནང་བ་ཕ་ཀུན་མཁྱེན་བརྒྱུད་པར་སོགས། ཡང་གསུང་མགུར་འོད་གསལ་གྱི་རིག་པ་གཏད་མེད་སོགས། ཡར་ཀླུང་པདྨ་བཀོད་དུ་བྱི་བ་ཟླ་བའི་ཚེས་༡༡ཀྱི་སྔ་དྲོར་བྲིས་པ་མཉམ་པ་ཆེན་པོའི་སོགས། འཇིགས་མེད་སྨྱོན་པས་ཅལ་ཅོལ་དུ་སྨྲས་པ་མཆོག་ཏུ་མི་འགྱུར་བདེ་བའི་ལང་ཚོ་སོགས། ལྕགས་སྦྲུལ་ཟླ་བ་དང་པོའི་དམར་ཕྱོགས་ཀྱི་ཚེས་བཅུར་བྲིས་པ་སྣང་སྟོང་མི་ཤིགས་ཐིག་ལེ་སོགས། ཡང་གསུང་མགུར་ཕ་བདེ་གཤེགས་ཀུན་དངོས་སོགས། འཚོ་བྱེད་གར་དབང་ལ་གནང་བ་ཕ་རིག་འཛིན་པདྨའི་ཞབས་ལ་སོགས། སྤྲང་རང་གི་སྨྱོ་གླུ་ལམ་བྱང་ཆུབ་ཞི་བའི་སོགས། མ་རྒན་མོ་པུཎྱེ་ས་རའི་དོན་དུ་ལྷ་ལ་ར་མདའ་སྦྲན་པའི་གླུ་ནམ་ཡང་མི་བསླུའི་སྐྱབས་གནས་སོགས། འཆམ་གཏམ་མགོ་རྒྱག་རྔ་རྒྱག་མར་བྲིས་པ་སྨྲ་འདོད་ཀྱི་ཕོ་ནད་སོགས། ཡང་གསུང་མགུར་སྒྱུ་ལུས་ཀྱིས་ཁུར་ནས་སོགས། ཡང་ཐང་ཆེན་པོ་སྔོ་ཕྱུག་དར་མ་སོགས། དགའ་སྟོན་ཚོགས་ཀྱི་གླུ་བཛྲ་གརྟིའི་རྒྱུད་མང་། གསང་སྔགས་གཱ་ན་ཙཀྲའི་གླུ་དབྱངས་མཚོ་སྐྱེས་རིག་འཛིན་དགྱེས་པའི་དགའ་སྟོན་ [83b] ཉམས་མཚར་དུ་བྲིས་པ་སྙན་འགྱུར་མགྲིན་པའི་རྔ་གསང་སོགས། གླུ་ཚིག་བྱིས་པའི་རྩེ་འཇོ་རྡོ་ཞུན་དང་མའི་སོགས། ཡང་ཉམས་མགུར་ལ་མཐོན་པོ་འཕྱོར་ཡག་སོགས། ཡང་སྤྲིན་རབ་དཀར་དྲི་མེད་སོགས། འཇིགས་མེད་དུང་ཐོད་ཅན་གྱིས་བུ་ཀི་ལོ་ལ་བཀའ་བཀྱོན་ཕབ་པ་མ་ཉལ་ལོངས་ལ་སོགས། ཚིག་གི་མེ་ཏོག་ཁ་བའི་གོས་དཀར་དྲི་མེད་སོགས། བྱ་སྐྱ་ཀ་དང་དྲི་བ་དྲི་ལན་གྱི་གླུ་བྱ་སྐྱ་ག་ཁྲ་མོའི་སོགས། ཡང་གསུང་མགུར་ཤར་མདོ་སྨད་སླང་ངའི་སོགས། ཡང་གསུང་མགུར་རྩྭ་སྐྱ་ཁ་བས་གཡོགས་པའི་སོགས། དབེན་གནས་གཤིན་རྗེའི་ཕུག་པར་གནས་ཚེ་བྱེའུ་ཁ་ལ་ཁ་འདྲ་ཞིག་མཐོང་ཚེ་ཉམས་མཚར་དུ་བྲིས་པ་སྔོན་ཆད་དྲིན་གྱིས་བསྐྱངས་པའི་སོགས། སྨྱོ་གླུ་ཚིག་གསུམ་ཤར་ཉི་མ་སེར་པོའི་མངའ་ཞབས་སོགས། ཡང་སྐྱོ་གླུ་ཁར་སང་ཟླ་བ་སྔ་མ་སོགས། རྡོ་གྲུབ་དགོན་གྱི་བཅའ་ཡིག་གསུང་མཆོག་རྡོ་རྗེ་སོགས། སྐྱབས་འགྲོའི་རྣམ་བཤད་སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་སོགས། བྱང་ཆུབ་ལམ་གྱི་རིམ་པའི་སྡོམ་རྗེ་བཙུན་བླ་མ་དམིགས་པ་མེད་པའི་སོགས། བྱང་ཆུབ་སེམས་དཔའི་ [84a] རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད་རིམ་པ་བཞི་པ། སྒོ་དྲུག་རྣམ་པར་བཞག་པའི་གཏམ་གང་གི་རིག་སྔགས་སོགས། སྒོ་དྲུག་གི་དོན་རྣམ་པར་ཕྱེ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་གནས་གསལ་བར་བྱེད་པ་བཻཌཱུར་དབང་པོའི་མེ་ལོང་། བདེ་སྨོན་གཞུང་གི་ཟིན་ཐོ་དུམ་དུམ་ཁྲིགས། བདེ་ཆེན་ཞིང་བཀོད་བྲི་ཐབས་བདེ་ལེགས་སྣང་བ་སོགས། ཡང་བདེ་ཆེན་ཞིང་ཐང་འབྲི་ཚུལ་སྐལ་བཟང་སྐྱེ་རྒུའི་ལེགས་བྱས་སོགས། གུ་རུ་སིདྡྷིའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ། བཤེས་གཉེན་བརྟེན་ཚུལ་གྱི་མདོ་ཆིང་ཚིགས་བཅད་དུ་ཕབ་པ་དད་པའི་པདྨ་རྒྱས་པའི་ཉིན་བྱེད། ཐོས་བསམ་སྒོམ་ལ་བསྐུལ་བའི་གཏམ་བླ་མ་འཇམ་པའི་དབྱངས་ལ་སོགས། ནགས་ཀྱི་གཏམ་པདྨ་དཀར་པོ། བདེན་གཉིས་ཀྱི་རྣམ་པར་བཞག་པ་དོན་བཟང་མེ་ཏོག་རྒྱས་པའི་ལྗོན་ཤིང་། མཆོད་པའི་གཏམ་ཤིན་ཏུ་ཉུང་ངུ་མེ་ཏོག་གི་སྒྲོམ། དཔེན་པར་བསྐུལ་བའི་གཏམ་ཏིང་འཛིན་ཞི་བའི་ཤིང་རྟ། རྟེན་འབྲེལ་སྙིང་པོའི་བརྗོད་བྱ་རྟེན་འབྲེལ་ཆུ་ཡི་ཟླ་བ་སོགས། རིགས་པར་སྨྲ་བ་རྣམས་ལ་འབེལ་བའི་ [84b] གཏམ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སོགས། མཆོག་གསུམ་ལ་བསྟོད་པའི་ཚིག་ཚངས་དབང་ཕྲག་ཁྲིག་བྱེ་བའི་སོགས། གཉིད་ཀྱི་སྐྱོན་སེལ་བ་གཉིད་ཐུན་གཅིག་ལ་ཉེས་བརྒྱའི་སྣང་བ་སོགས། འདོད་པའི་ཡོན་ཏན་རྒྱན་དུ་རོལ་པར་གསུངས་པའི་དོན་ཅུང་ཟད་བཀྲལ་བ་གསང་སྔགས་ཀྱི་གཞུང་དུ་སོགས། བསང་གི་དམིགས་པ་ཚིག་ཉུང་དོན་བསྡུས་ན་མོ་གུ་རུ་པདྨ་ཀཱ་ར་སོགས། འཆི་ཁ་མའི་མན་ངག་འཆི་རན་དུས་ཀྱི་སོགས། སྨྱོ་འབོགས་སེལ་ཐབས་དང་བཅས་པ་བསྡུས་ཏེ་བཤད་པའི་ཡིག་ཆུང་ཉུང་ངུ་སྨྱོ་བརྗེད་ཤ་ཟའི་གཤེད་མ། གུག་ནར་ཞབས་འགྲེང་མེད་པའི་ཨ་ཡིག་ངེས་པ་དང་སྦྱར་བའི་སྨྱོ་གཏམ་གཡོས་བླུག་མ། ཡི་གེའི་རྣམ་དབྱེའི་བཤད་པ་ཡི་གེའི་འཇུག་པ་གཅིག་ཀྱང་སོགས། རང་དང་གཞན་ལ་དགོངས་ངེས་ཀྱི་དགྲ་ཐབས་འདུན་གྲོས་སུ་གླེང་བ་སྒྱུ་མའི་སྒྲུང་རབས། བདེན་བཞིའི་རྣམ་བཞག་སྙིང་པོར་དྲིལ་བ་ཐར་འདོད་ཡོངས་ཀྱི་འཇུག་ངོགས། རྡོར་དྲིལ་གྱི་བཤད་པ་འདིར་སྔགས་པ་རྣམས་ཀྱིས་སོགས། དྲིས་ལན་འདོད་ར་མ་ཡོན་ཏན་འདོད་ན་སོགས། དུས་རིམ་ལྷག་ [85a] པའི་ཞལ་གདམས་བདེ་སྐྱིད་བཀྲ་ཤིས་འབྱུང་བའི་གཞི་སོགས། བརྗེད་ཐོ་སྣ་ཚོགས་ཀྱི་སྐོར་ལ། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པས་སོགས་ནང་གསེས་ཚན་པ་བཅོ་ལྔ། ཆོས་ཤུལ་བླ་མ་མཐུ་དཔལ་ལ་གདམས་པ་བླ་མ་ལ་ཕྱག་འཚལ་སོགས། ཟབ་མོ་རྣོ་མཐོང་གི་མན་ངག་ཟླ་ཤེལ་ནོར་བུའི་མེ་ལོང་། གནོད་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན། བཙན་གྱི་མངའ་གསོལ་བ་ཅན་གྱི་ཞགས་པ་དམར་པོ་སོགས། འབྲོང་རིའི་གནས་སུ་འཛམ་གླིང་གི་གཞི་བདག་ལ་མཆོད་པ་བྱ་ཚུལ་ཉུང་ངུ་ཀུན་ཏུ་དགེ་བའི་རྔ་སྒྲ། རྡོ་བསང་གཏོང་ཚུལ་ཉམས་དགའ་བྱིས་པའི་རྩེད་མོ་རྡོ་ཡུལ་དགའ་བའི་རྒྱན། འབྲོང་རིའི་ཕྲིན་བཅོལ་ཀྱེ་དགོངས་ཤིག་སྤྱན་རས་གཟིགས་དབང་སོགས། རྔོན་རྒྱ་བསྡམ་ཚུལ་ཁྱད་པར་དུ་ཡང་བདག་ཅག་གནས་པའི་སོགས། གནོད་སྦྱིན་ཡང་ལེ་བེར་གྱི་བསང་མཆོད་མདོར་བསྡུས། དཔལ་ལྡན་སྔགས་ཀྱི་སྲུང་མ་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བའི་རིམ་པ་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ། དུར་ཁྲོད་ལྷ་མོ་ལ་བསྟོད་པ་ [85b] གནོད་སྦྱིན་ཀུན་ཏུ་དགའ་བའི་དབྱངས། དཀོར་སྲུང་དུར་ཁྲོད་ལྷ་མོའི་མངའ་གསོལ་ཡིད་བཞིན་འཕྲུལ་གྱི་ལྕགས་ཀྱུ། ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ། ཤན་པ་སྲོག་སྒྲུབ་མའི་མཆོད་སྐོང་གི་ཆོ་ག་ཤིན་ཏུ་བསྡུས་པ། གཞི་བདག་ལ་གཏོར་མ་འབུལ་བ་ཀྱེ་རང་བཞིན་ཀ་དག་སྤྲོས་བྲལ་སོགས། མགོན་པོ་ལེགས་ལྡན་གྱི་མངའ་གསོལ་ཧཱུྃ། མི་འགྱུར་བདེ་ཆེན་སོགས། མ་མོའི་འཁྲུགས་སྐོང་ཉེར་བསྡུས་བྷྱོཿ བདེ་ཆེན་སྒྱུ་མའི་སོགས། དབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་འདོད་དོན་ཆར་རྒྱུན་འཇོ་བའི་དབྱར་རྔ་བཅས། གླེགས་བམ་མཐའ་མ། ཧཱུྃ༼ ལ། རྣམ་བཤད་སོགས་ཀྱི་སྐོར་ལ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་དོན་རྣམ་པར་འགྲེལ་པ་ལེགས་པར་བཤད་པའི་གན་མཛོད། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་ཞེས་བྱ་བའི་གཞུང་དོན་བསྡུས་ཤིང་གོ་སླ་བའི་ཚུལ་གྱིས་རྣམ་པར་འགྲེལ་པ། བྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ། བདེ་བ་ཅན་ [86a] གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོ་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས། ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ཉུང་གསལ་ངོ་མཚར་རྒྱ་མཚོ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྤྱི་དོན་ངག་འགྲོས་སུ་བཀོད་པ་ལེགས་པར་བཤད་པའི་དགའ་སྟོན། དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག །གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ། མེ་ཏོག་ཕུལ་བའི་ཕན་ཡོན་བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ་སོགས། ལོ་གསར་སྟོན་བཤད་སོགས་གཏམ་ལབ་ཕྲན་ཚེགས་བསྡུས་པ་འདུ་ཤེས་པིར་གྱིས་བྲིས་པའི་སྣ་ཚོགས་རི་མོ། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དོན་འགྲེལ་པ་ཀ་དག་དྲི་མེད་སོགས། སྙིང་ཐིག་དངོས་གཞིའི་ཁྲིད་ཡིག་ཆེན་མོར་མུ་བཞི་རྩི་ཚུལ། ཧོར་པ་འོད་ཟེར་ལ་གནང་བའི་སེམས་རིག་ཤན་འབྱེད་ཀྱི་དྲིས་ལན། དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ་དང་། དམ་ཆོས་སྡེ་ཤོག་སྡེ་བརྒྱད་པའི་ཆོས་འབྱུང་གི་རྩ་ཐོ་དང་། སྔ་འགྱུར་རྣལ་ [86a] འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པའི་དབང་གི་ཆུ་བོ་བཞིའི་རྣམ་བཤད་རྣམས་གཞི་མཐུན་པར་སྦྱར་བ་དགེ་ལེགས་རྒྱ་མཚོའི་རོལ་མོ། ནག་པོ་ཆེན་པོའི་མན་ངག་སྙན་བརྒྱུད་ལུང་གི་སྙིང་པོའི་དོན་ཅུང་ཟད་བཤད་པ་བདུད་དཔུང་ཕྱེར་འཐག་རྡོ་རྗེ་འབར་བའི་འཕྲུལ་འཁོར་བཅས་སོ། །གཞན་ཡང་གསུང་ཐོར་བུའི་སྐོར་ཇི་སྙེད་ཅིག་བཞུགས་པར་མངོན་ཀྱང་འདིར་དཔེ་ལུང་གི་རྒྱུན་ལག་ཏུ་འབྱོར་བ་ནི་དེ་ཙམ་མོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་རྗེ་ཉིད་ནས། མཁན་ཆེན་ཀུན་དགའ་བློ་གྲོས། རྡོ་གྲུབ་མཆོག་སྤྲུལ་ཐུབ་བསྟན་ཕྲིན་ལས་དཔལ་འབར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་གསང་སྙིང་སྤྱི་དོན་མཛོད་ལྡེའི་ཁྲིད་ལུང་གི་བརྒྱུད་པ་གཅིག་ནི། མཛད་པ་པོ་ནས། མཁན་འཇིགས་མེད་འོད་ཟེར། བྱང་སྤྲུལ་དོན་གྲུབ་རྡོ་རྗེ། ཀཿཐོག་ཕྱག་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ། དེས་བདག་ལའོ། །ཡང་ན་མཛད་པ་པོ་ནས། མཁན་ཀུན་དགའ་བློ་གྲོས་མན་གོང་གི་ལུང་རྒྱུན་ལྟར་རོ།། །། [87a] སྨན་གྱི་མོ་པྲ་མདོར་བསྡུས་ནད་ཀུན་སེལ་བྱེད་དང་། རྡོ་ཐོ་ལེ་སྐོར་གྱི་སྨན་མདོའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་བཅས་ཐོབ་པའི་ལུང་བརྒྱུད་ནི། མཛད་པ་པོ་འཇིགས་མེད་ཐུབ་བསྟན་རྣམ་རྒྱལ་ནས། སྨན་རྒྱལ་རྣམ་འཕྲུལ་གཏེར་སྲས་པདྨ་ཚེ་དབང་། གསོ་རིག་པ་ཁྲོ་རྒྱལ་རྡོ་རྗེ། དེས་བདག་ཛྙཱ་ན་ལའོ།། །།