བཀའ་འགྱུར་རོ་ཅོག་རྣམས་ཇི་ལྟར་ཐོབ་པའི་ཚུལ།

From Dudjom Wiki
DJYD-KABUM-21-ZHA-009
Wylie title bka' 'gyur ro cog rnams ji ltar thob pa'i tshul DJYD-KABUM-21-ZHA-009.pdf
Location bdud 'joms rin po che bka' 'bum
Volume 21, Text 9, Pages 175-377 (Folios 88a1 to 189a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bka' 'gyur ro cog rnams ji ltar thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 175-377. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: bka' 'gyur ro cog gi skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [88a] ཨོཾ་སྭསྟི། ད་ནི་དམ་པའི་ཆོས་ཚུལ་ཐམས་ཅད་ཀྱི་རྒྱབ་བརྟེན་ནམ་རྩ་བར་གྱུར་པ་རྒྱལ་བའི་གསུང་རབ་རིན་པོ་ཆེ་བཀའི་སྐོར་ཡུལ་གངས་ཅན་པའི་བརྡ་སྐད་དུ་བཀའ་འགྱུར་རོ་ཅོག་རྣམས་ཉི་ལྟར་ཐོབ་པའི་ཚུལ་ལ། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འདི་ཉིད་བསྐལ་པ་གྲངས་མེད་མང་པོའི་སྔོན་རོལ་ནས་སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་མཐར་ཕྱིན་ཏེ། ཞི་བ་ཆོས་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ། ལོངས་སྐུའི་ཞིང་དུ་སྒྲོན་མ་རྣམ་པར་བཀོད། སྤྲུལ་སྐུའི་རྣམ་རོལ་ཚད་མེད་པས། དེ་བཞིན་གཤེགས་ [88b] པའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱུན་མི་ཆད་པའི་རང་བཞིན་ཅན་གྱི་རྣམ་པ་དཔག་ཏུ་མེད་པ་ནམ་མཁའི་མཐའ་ཀླས་པའི་རྡུལ་ཕྲ་རབ་ཀྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོར། གདུལ་བྱའི་སྣང་བ་དང་མཐུན་པར་འདུལ་བྱེད་སྟོན་པའི་རྣམ་རོལ་ཕྱོགས་བཅུ་གྲངས་མེད་པར་སྣང་ཞིང་། ཐམས་ཅད་ཀྱང་འདུལ་བ་རྣམ་པ་བཞིའི་དབང་གིས་བདེ་བར་གཤེགས་པ་རྣམས་ཀྱི་གསུང་ཡི་གེ་འཁོར་ལོའི་སྤྲིན་གྱི་རྔ་གསང་ལས་འཕྲོས་ཏེ། ཁམས་གསུམ་ཀུན་གྱི་ཉོན་མོངས་པ་ཐམས་ཅད་སྤོངས་པའང་སྤང་བྱེད་ཀྱི་ཐབས་སུ་གྱུར་པ། མངོན་མཐོ་ལྷ་མིའི་ཐེག་པ་དང་། ཉན་རང་བྱང་སེམས་གསུམ་དང་། གསང་སྔགས་རིག་པ་འཛིན་པའི་སྡེ་སྣོད་སོགས། རྣམ་གྲོལ་ཞི་བ་དམ་པའི་ཡོན་ཏན་གཙོ་བོར་སྟོན་པ་ཞི་བསིལ་གྱ་ནོམ་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་ཀྱི་བདུད་རྩིའི་གྲུ་ཆར་བསམ་གྱིས་མི་ཁྱབ་པར་ཕབ་པ་རྣམས་ནི་སོ་སོ་ཡང་དག་པའི་རིག་པ་བཞི་ལ་མངའ་དབང་འབྱོར་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་སྟོན་པ་བཅོམ་ལྡན་འདས་རང་ཉིད་མ་གཏོགས། [89a] གཞན་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་སྤྱོད་ཡུལ་ལས་འདས་པར་གྱུར་མོད་ཀྱི། རེ་ཞིག་བསྐལ་པ་བཟང་པོ་འདིའི་སྐྱེ་རྒུ་རྣམས་འདུལ་བའི་དབང་དུ་བྱས་ཏེ་རྣམ་སྣང་གངས་ཆེན་མཚོའི་ཐུགས་ཀ་དཔལ་གྱི་བེའུའི་དབྱིངས་སྣང་གི་ཐད་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་། འཛམ་གླིང་བྱེ་བ་ཕྲག་བརྒྱའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་དུ་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་མཆོག་གི་སྤྲུལ་པའི་སྐུ་ཚངས་པར་སྤྱོད་པའི་རྣམ་པ་ཅན་དང་། ཆོས་རྒྱལ་ཨིནྡྲ་བྷུ་ཏི་སོགས་དག་པའི་གང་ཟག་རྣམས་ཀྱི་ངོར་ལོངས་སྐུ་ཆགས་ཅན་གྱི་རང་བཞིན། རིགས་དང་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་བཞེངས་ཏེ། གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པའི་རིམ་པ་དང་བསྟུན་ནས་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་དཔལ་གྱི་མགུར་ནས་ཚངས་དབྱངས་ཡན་ལག་དྲུག་ཅུའི་རྒྱུད་མང་ལས་དྲངས་ཏེ་གསུངས་པ་རྣམས། སྤྲུལ་པའི་སྡུད་པ་པོ་རྣམས་ཀྱིས་རིམ་བཞིན་བསྡུས་ནས་རྒྱ་གར་འཕགས་པའི་ཡུལ་དང་། ནུབ་ཕྱོགས་ཨོ་རྒྱན་དང་། ལི་ཡུལ་སོགས་གཙོ་བོར་བྱས་པའི་ལྷ་ཀླུ་མི་མིན་གྱི་ཡུལ་རྣམས་ན། སྐྱེ་རྒུ་རྣམས་ [88b] ཀྱི་དཀར་པོ་རྣམ་པར་འཕེལ་བའི་བསོད་ནམས་ཀྱི་ཚོགས་སུ་བཞུགས་པ་རྣམས། མཆོག་དམན་གྱི་གོ་རིམ་དང་། དུས་ཀྱི་སྔ་ཕྱི་སོགས་ལ་ལྟོས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་ཆོས་འཁོར་རིམ་པ་གསུམ་ཞེས་གྲགས་པར། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་གྱི་ནང་ཚན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་དམ་ཆོས་འདུལ་བ་རིན་པོ་ཆེ་གཞུང་ཚད་ཤློ་ཀ་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ནང་ཚན། ཡུམ་རྒྱས་པའི་རྒྱས་པ་བྱེ་བ་བརྒྱ་པ། འབྲིང་པོ་འབུམ་ཕྲག་བརྒྱ་པ། འཕགས་པ་དཀོན་མཆོག་སྤྲིན་ཆེན་པོའི་མདོ་ལེའུ་འབུམ་པ་སོགས་དང་། ངེས་དོན་བདེ་བར་གཤེགས་པའི་སྙིང་པོ་གསལ་བར་སྟོན་པ་འཁོར་ལོ་ཐ་མའི་ནང་ཚན། དམ་ཆོས་དཀོན་མཆོག་བརྩེགས་པ་ལེའ་སྟོང་ཕྲག་བརྒྱ་པ། སངས་རྒྱས་ཕལ་པོ་ཆེ་གཞུང་ཚད་འབུམ་པ་སོགས་དང་། འབྲས་བུ་རྡོ་རྗེ་ཐེག་པ་ལ་ཡང་དཔལ་དུས་ཀྱི་འཁོར་ལོ་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་འབུམ་ཕྲག་གསུམ་པ། ཀྱེ་རྡོར་རྩ་རྒྱུད་འབུམ་ཕྲག་བདུན་པ། དཔལ་གསང་བ་འདུས་ [90a] པ་རྩ་རྒྱུད་སྟོང་ཕྲག་གཅིག་པ། འཇིགས་བྱེད་ཆེན་པོའི་རྒྱུད་འབུམ་པ། སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལེའུ་སྟོང་ཕྲག་བརྒྱ་པ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་སུ་བཞུགས་པར་གྲགས་པ་ལས་སྟོན་པ་རང་ཉིད་ཀྱིས་བསྟན་པ་བྱང་ནས་བྱང་དུ་དར་བར་ལུང་དུ་བསྟན་པའི་བདེན་དོན་བཞིན། གངས་ཅན་བོད་ཀྱི་ལྗོངས་འདིར་སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྨོན་ལམ་དུས་སུ་བབ་པའི་ཐུགས་བསྐྱེད་སྐྱ་རེངས་དང་པོས་ཉེ་བར་བསུས་ཏེ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་དཔལ་ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། མཁན་ཆེན་བོ་དྷི་སཏྭ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་པཎ་གྲུབ་བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་སྣང་བའི་འོད་སྟོང་ལས་འཕྲོས་ཏེ། བསིལ་ལྗོངས་ལྷ་ལམ་ཡངས་པར། དམ་ཆོས་ཉིན་བྱེད་དབང་པོའི་འོད་སྣང་གིས་དཀར་འབྱམས་སུ་བརྡལ་ཏེ་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བྱོན་པ། ཡུལ་གངས་ཅན་པ་རྣམས་ཀྱི་སྐད་བརྡས་དྲངས་པ་ཇི་སྙེད་ཅིག་བཞུགས་པ་རྣམས་ [90b] ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པར་གྱུར་ལ། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ། ཆོས་རྒྱལ་ཁྲི་སྲོང་གི་སྐུ་རིང་ལ། སྤྲུལ་པའི་ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས། ཆོས་ཀྱི་སྙིང་པོ། དཱེ་ཝེནྡྲ། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ་ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤློ་ཀ ། དེ་སུམ་བརྒྱ་སོགས་ལ་བམ་པོའི་ཚད་དུ་བྱས་ཏེ། གྲངས་དེས་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་གྲངས་ཚད་འདི་ཞེས་བཀོད་པ་ལ། དཀར་ཆག་འཕང་ཐང་མར་གྲགས་པ་གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན། དེའི་རྗེས་སྐ་བ་དཔལ་བརྩེགས་དང་འཁོན་སོགས་ཀྱིས། སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པའི་གསུང་རབ་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལྡན་དཀར་མར་གྲགས། དེའི་རྗེས་སུ་བཙན་པོ་ཁྲི་རལ་གྱི་རིང་ལ། ཕོ་བྲང་འཛིན་ཅང་རྡོ་རྒྱ་ཕུབ་དགུ་ཐོག་མར་སྔར་རྒྱལ་བའི་གསུང་རབ་བསྒྱུར་ཟིན་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ [91a] ཕབ་ཅིང་། གསར་དུའང་མང་པོ་བསྒྱུར་བར་མཛད་དེ། སྒྲ་སྦྱོར་བམ་གཉིས་མ་ལས། ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ། བོ་དྷི་མི་ཏྲ། རཏྣ་རཀྴི་ཏ། དྷརྨ་ཏ་ཤཱི་ལ། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན། ཛ་ཡ་རཀྴི་ཏ། མཉྫུ་ཤྲཱི་ཝརྨྨ། རེཏྣནྡྲ་ཤཱི་ལ་ལ་སོགས་ཀྱིས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔོན་ལྷ་ཡབ་སྲས་ཀྱི་རིང་ལ། ཨཱ་ཙཱརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་གཞིར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་ཝ་ཀོ་ཥ་དང་། ཅེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནན་ལ་སོགས་པས། ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས། མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་ [91b] འཚལ་གྱིས་ཀྱང་བསྣན་ནས། ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་གརྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་བཤད་དུ་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་ཡོན་ཏན་འོད་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་པ་ལ་ཞུས་ནས། དྷརྨྨ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ། བོད་ཀྱི་སྐད་དུ་མིང་གདགས་པ་རྣམས་གཏན་ལ་ཕབ་སྟེ་བཀས་བཅད་པཞེས་སོགས་གསུངས་ཤིང་། དེང་སང་བཀའ་བསྟན་རྣམས་ཀྱི་དབུར་རྒྱལ་པོའི་བཀའ་བཅད་ཀྱི་ཕྱག་ཅེས་ཡོད་པ་འདི་དེ་དུས་བྱུང་། དེ་ལྟར་དཀར་ཆག་ཆེན་པོ་དེ་དག་རྣམས་ [92a] མཛད་པའི་སྐབས་སུ་གསང་སྔགས་ནང་གི་རྒྱུད་སྡེ་ཟབ་མོ་རྣམས་ནི་གསང་ནས་སྤྱོད་པ་ཉིད་ཡིན་པས་ཐེམ་བྱང་དུ་མ་བཏབ་བོ་གསུངས། དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་མདོ་རྒྱུད་མང་པོ་གསར་དུ་བསྒྱུར་ཞིང་བསྣན་པར་མཛད་དེ་ཞུས་དག་སོགས་མཛད་མོད་ཀྱང་། རེ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པ་པོ་སུ་ཡང་མ་བྱུང་བར་མངོན་ལ། ཕྱིས་མཁས་པ་ཆེན་པོ་བཅོམ་ལྡན་རལ་གྲིའི་སློབ་མ་འཇམ་དགག་པཀྵིས་ཧོར་ཡུལ་ནས་བཀའ་འགྱུར་བཞེངས་པའི་མཐུན་རྐྱེན་མང་པོ་བསྐུར་བ་ལ་བརྟེན་ནས་བཞེངས་སྐབས་འདུལ་བའི་སྐོར་གྱི་མ་ཕྱི་མཆིམས་ཆེན་པོའི་བཤེས་གཉེན་རྒྱ་འདུལ་འཛིན་པ་བཞུགས་དུས། འདུལ་འཛིན་པ་ཞང་མོ་ཆེ་བྱང་ཆུབ་སེང་གེ་ལ་གཉེར་མཛད་ནས། ལུང་ཕྲན་ཚེགས་བམ་པོ་བཅུ་གཉིས་སྡོམས་ཀྱི་ཡིག་ཚར་གཉིས་བཅས་མ་ཚང་བ་རྣམས་སྔོན་གྱི་དཀར་ཆག་ལ་གཏུག་ནས་མཆིམས་ཕུ་སོགས་སུ་བཙལ་ཏེ། ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དྷརྨ་སེངྒེས་ལུང་སྡེ་བཞི་ཚང་བར་བཞེངས་པ་ཕྱིས་སྣར་ཐང་གི་ [92a] གཙུག་ལག་ཁང་དུ་གནས་པ་དེ་དང་། གཞན་ཡང་ཆུ་མིག་རིང་མོའི་གཙུག་ལག་ཁང་དང་། ཀླུང་ཤོད་ཀྲོག་གི་གཙུག་ལག་ཁང་དུ་བཞུགས་པའི་འདུལ་བ་ལུང་ལ་སོགས་པ་ཤིན་ཏུ་དག་པ་རྣམས་ལ་གཏུགས་ཤིང་། མདོ་མང་གི་སྐོར་རྣམས་འགྲོ་མགོན་ཆོས་འཕགས་ཀྱི་ཐུགས་དམ་རྟེན་ལྷ་མིའི་རྒྱན་མཆོག་ཏུ་གྲགས་པ་དང་། གཙང་ཆུ་མིག་རིང་མོར་དགེ་བའི་བཤེས་གཉེན་འདར་ཕྱར་བས་བཞེངས་པའི་མདོ་མང་མདའ་ཕྱར་མ་དང་། དཔལ་སྣར་ཐང་དུ་བཞུགས་པའི་མཆིམས་ཆེན་པོའི་ཐུགས་དམ་མདོ་མང་གསེར་གཞུང་མ་དང་། ཞྭ་ལུའི་གསེར་ཁང་གི་མདོ་མང་གཞི་མ། གཞན་ཡང་ཕྱུགས་རྒྱལ་མ་དང་། དགོན་གསར་མ། བླ་མ་གྲུ་སྤང་གི་ཐུགས་དམ་མདོ་མང་འཛམ་གླིང་རྒྱན་གཅིག་སོགས་མདོ་སྣ་མང་ཞིང་གོ་རིམ་ལེགས་པ་རྣམས་དང་བསྟུན། ཤེར་ཕྱོགས་འབུམ་སྐོར་རྣམས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བཞེངས་པ་རེ་གཟིགས་སྔོ་དམར་སོགས་འབུམ་ཚར་དྲུག་ཙམ་ཡོད་པར་གྲགས་ཤིང་། དེ་ལས་མཆེད་པའི་མུ་ཁྲི་བཙན་པོའི་བླ་འབུམ་ཆེན་མོ། ཁྲི་ལྡེ་གཙུག་གི་བླ་འབུམ་སྐྱ་བོ། སད་ན་ [93a] ལེགས་མཇིང་ཡོན་གྱི་སྦུག་འབུམ། ཁྲི་རལ་པ་ཅན་གྱི་དྲུག་འབུམ། ལྷ་སྲས་གཙང་མའི་བྱེ་འབམ། དར་མའི་ཤོག་སེར་ཅན། གནམ་སྡེ་ལྷའི་ཞལ་དམར་ཅན། གཞན་ཡང་འབངས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་སོགས་དང་། དེ་ལས་མཆེད་པའི་རྒྱུན་མ་ཉམས་པ་རྣམས་ལ། དབུས་པ་བློ་གསལ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱ་རོང་པ་བྱང་ཆུབ་འབུམ་པ་སོགས་མཁས་པ་མང་པོས། འཕང་ཐང་མ་སོགས་དང་གོ་བསྡུར་ནས་གཏན་ལ་ཕབ་པ་དང་། གསང་སྔགས་རྒྱུད་འབུམ་གྱི་སྐོར་རྣམས། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། བླ་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་རྒྱུད་ཀྱི་དཀར་ཆག་དང་། བཅོམ་ལྡན་རིག་པའི་རལ་གྲིས་རྒྱུད་འབུམ་དཀར་ཆག་རྒྱན་གྱི་མེ་ཏོག་སོགས་ལ་བརྟེན་ནས་བཞེངས་པའི་དཔལ་ས་སྐྱའི་རྒྱུད་འབུམ་དང་། བཤེས་གཉེན་འདར་ཕྱར་གྱིས་བཞེངས་པའི་རྒྱུད་འབུམ་སྣར་ཐང་མ་དང་། བླ་མ་གྲུ་སྤང་རྩ་བའི་རྒྱུད་འབུམ། འོ་དགའ་སྤུན་གསུམ་གྱི་གཙུག་ལག་ཁང་གི་རྒྱུད་འབུམ་སོགས་དང་། གཞན་ཡང་ཁུངས་བཟང་ཞིང་དཔྱད་དག་པ་རྣམས་ལ་ཕྱི་མོ་མཛད་དེ། [93b] ཤཱཀྱའི་དགེ་སློང་མཆིམས་འཇམ་པའི་དབྱངས་ཀྱིས་བཞེངས་ནས་དཀར་ཆག་ཏུ་བཏབ་པ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པ་ལ་སྣར་ཐང་བཀའ་འགྱུར་དུ་གྲགས། འདི་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་འགྱུར་སྔ་ཕྱི་ཐམས་ཅད་བསྡོམས་ཏེ་བཀའ་འགྱུར་བཞེངས་པའི་ཐོག་མ་ཡིན། དེ་ལ་མ་ཕྱི་བྱས་ཏེ་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞེངས་པ་ལ། རྗེ་ཤཱཀྱ་རྒྱལ་མཚན་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཞྭ་དམར་ཆོས་ཀྱི་གྲགས་པ། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། འགོས་ལོ་གཞོན་ནུ་དཔལ་སོགས་ཕྱིས་བྱོན་གྱི་མཁས་གྲུབ་མང་པོས་ཞུས་དག་མཛད་དེ་འགྲན་བྲལ་ཁུངས་ཐུབ་ཏུ་གྱུར་པའི་གླེགས་བམ་སྟག་རྩེ་ཕོ་བྲང་དུ་བཞུགས་པ་ཚལ་པ་བཀའ་འགྱུར་དུ་གྲགས་པ་དེ་ཉིད་ཕྱིས་འཇང་གི་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱིས་དྲངས་ཏེ། ཕྱི་མོ་དང་། སྟག་ལུང་རྒྱུད་འབུམ་སོགས་དང་གཏུག་སྟེ་སྤར་དུ་བཞེངས་སྐབས། ཞྭ་དམར་དྲུག་པས་ཞུས་དག་མཛད་ནས་གཏན་ལ་ཕབ་པ་ཉིད། ཕྱིས་ལི་ཐང་བྱམས་ཆེན་རྣམ་རྒྱལ་གྱི་གཙུག་ལག་ཁང་དུ་བཞུགས་པ་བོད་འདིར་རྒྱལ་བཀའ་རིན་པོ་ཆེ་ [94a] སྤར་དུ་ཕེབས་པའི་ཐོག་མ་ཡིན། ཡང་རྒྱལ་རྩེ་ཆོས་ཀྱི་རྒྱལ་པོས་སྣར་ཐང་བཀའ་འགྱུར་ལ་མ་ཕྱི་མཛད་དེ་སྐྱ་པོད་གསར་བཞེངས་སྐབས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་གདན་དྲངས་ནས་དཔྱད་པ་གསུམ་གྱིས་དཀར་ཆག་མཛད་པ་ལ་རྒྱལ་རྩེ་ཐེམ་སྤང་མར་གྲགས་པ་དང་། སྣར་ཐང་བཀའ་འགྱུར་སོགས་ལ་ལེགས་པར་གཏུག་ནས་ཧོར་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྤར་དུ་བསྒྲུབས་པ་སྣར་ཐང་སྤར་མར་གྲགས་པ་འདི་བྱུང་། ཡང་ཚལ་པ་སྣར་ཐང་གཉིས་གཙོ་བོར་གྱུར་པའི་དཔྱད་བཟོད་ཁུངས་དག་གི་ཕྱི་མོ་རྣམས་གཞིར་བཞག །སླར་ཡང་སྔོན་གྱི་དཀར་ཆག་འཕང་ཐང་མ་དང་། ལྡན་དཀར་མ། སྒྲ་སྦྱོར་བམ་གཉིས་མ་སོགས་ཆོས་འབྱུང་ལོ་རྒྱུས་རྣམས་ལ་ཞིབ་པར་གཏུག་ནས། ཕྱི་དུས་འདིར་འགྲན་ཟླ་དང་བྲལ་བའི་གནས་ལྔ་རིག་པའི་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞུས་དག་མཛད་དེ། མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤར་དུ་བསྐུན་པ་ལ། སྡེ་དགེ་མཚལ་སྤར་མར་གྲགས་པ་སྟེ། དེ་ལྟར་དཔེ་རྒྱུན་མི་འདྲ་བ་གསུམ་གྱི་སྟེང་ནས་ཁོ་བོས་སྔ་ཕྱིར་བཀླག་ [94b] ལུང་གི་བྱིན་རླབས་ལན་གསུམ་དུ་ནོས་པའི་སྐལ་བཟང་ཉམས་སུ་མྱོང་བ་ཡིན་ལ། འདི་ལ་བར་སྐབས་ནས་བརྒྱུད་པའི་ཆུ་བོ་མང་དུ་གྱེས་པས་བརྒྱུད་རིམ་གྱི་ངེས་པའང་དེ་སྙེད་དུ་སྤྲོར་མཆིས་པ་ལ། གཙོ་བོར་གངས་ཅན་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་འཕྲོ་གཞིའི་ཕྱི་མོ་ནི་བསྟན་པ་སྔ་དར་ནས་འགོ་འཛིན་དགོས་པ་ཡིན་པས་ན། འདིར་རང་ལུགས་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་ནས་ཇི་ལྟར་བརྒྱུད་ཚུལ་དང་འབྲེལ་བའི་ཐོབ་ཡིག་དཀར་ཆག་འགོད་པ་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར་དང་། འབྲས་བུ་རྡོ་རྗེ་ཐེག་པའི་སྐོར་གཉིས་ལས། དང་པོ་ལའང་། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར། འཁོར་ལོ་བར་པ་ཤེར་ཕྱིན་གྱི་སྐོར། འཁོར་ལོ་ཐ་མའི་མདོ་གཞུང་བཞུགས་ཚོགས་ཆེ་བའི་སྐོར། མདོ་མང་དུ་གྲགས་པ་ཐེག་པ་ཆེ་ཆུང་གི་མདོ་ཅི་རིགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་དང་བཞིའོ། །དང་པོ་ལ་འདུལ་བ་ལུང་སྡེ་བཞི་སྟེ། ལུང་གི་གཞི། སོ་ཐར་གྱི་མདོ་དང་རྣམ་འབྱེད། ཕྲན་ཚེགས། གཞུང་བླ་མའམ་དམ་པའོ། །ཐོག་མར། གླེགས་བམ་༼ཀ༽པ་ལ། རབ་བྱུང་གི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གནས་ཀྱི་ [95a] གཞི། ཀོ་ལྤགས་ཀྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་བཞི་པའི་བར་བཞུགས་སོ། ༼ཁ༽ པ་ལ། ཀོ་ལྤགས་ཀྱི་གཞིའི་སྨད། སྨན་གྱི་གཞིའི་སྟོད་ཡན་བམ་པོ་ཉི་ཤུ་རྩ་ལྔ་པ་ནས་ལྔ་བཅུ་རྩ་བཞི་པའི་བར་བཞུགས་སོ། །༼ག༽ པ་ལ། སྨན་གྱི་གཞིའི་སྨད། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤམྦིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་གཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབྱེན་གྱི་གཞིའི་སྟོད་ཆ་ཡན་བམ་པོ་ལྔ་བཅུ་རྩ་ལྔ་པ་ནས་བརྒྱད་ཅུ་རྩ་གཉིས་པའི་བར་བཞུགས་སོ། །༼ང་༽པ་ལ། དབྱེན་གྱི་གཞིའི་མཇུག་བམ་པོ་གྱ་གསུམ་པ་ནས་བམ་པོ་བརྒྱ་དང་དགུའི་བར་གྱིས་ཡོངས་སུ་རྫོགས་པ་བཞུགས་ཏེ་ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། གཉིས་པ་ལ་གཉིས་ཀྱི་དང་པོ་ནི། ༼ཅ༽པ་ལ། དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ [95b] ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ་ཤློ་ཀ་བདུན་བརྒྱ། བམ་པོ་གཉིས་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་པ། དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤློ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་པ་ལས་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་ལས་དབྱེན་བྱེད་པའི་ལྷག་མ་ཡན་ཆད་བམ་པོ་ཉེར་གཅིག་པའི་བར། ༼ཆ༽ པ་ལ། ལྷག་མའི་འཕྲོ་གསུམ་དང་། མ་ངེས་པའི་ཆོས་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས་བཅུ་གཅིག་པ་ཡན་བམ་པོ་ཉེར་གཉིས་པ་ནས་བམ་པོ་བཞི་བཅུ་རྩ་གཉིས་པའི་བར། ༼ཇ༽ པ་ལ། ལྟུང་བྱེད་བཅུ་གཉིས་པ་ནས་བདུན་ཅུ་རྩ་གཉིས་པ་ཡན་བམ་པོ་ཞེ་གསུམ་པ་ནས་བམ་པོ་རེ་གཉིས་པའི་བར། ༼ཉ༽ པ་ལ། ལྟུང་བྱེད་བདུན་ཅུ་རྩ་གསུམ་པ་མན་ཚང་བ། སོར་བཤགས་བཞི། བསླབ་པའི་ཆོས་མང་པོ། རྩོད་པ་ཞི་བྱེད་ཀྱི་ཆོས་མང་པོ་སྟེ་ཕའི་རྣམ་འབྱེད་ཡོངས་སུ་རྫོགས་པ་བམ་པོ་རེ་གསུམ་པ་ནས་བམ་པོ་གྱ་གསུམ་པ་རྫོགས་པའི་བར་སློབ་དཔོན་ཛི་ན་མི་ཏྲ་དང་། [96a] ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། གཉིས་པ་ནི། ༼ཏ༽པ་ལ། དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ་ཤློ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ་འགྱུར་བྱང་སྔ་མ་དང་འདྲ་བ། དེའི་དོན་རྒྱས་པར་སྟོན་པ་དགེ་སློང་མའི་འདུལ་བ་རྣམ་འབྱེད་ཤློ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ་འགྱུར་བྱང་ལུང་གཞི་དང་མཚུངས་པ། གསུམ་པ་ནི། ༼ཐ༽ པ་ལ། མ་ཚང་བ་ཁ་སྐོང་བ་འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་པ་རྫོགས་པ་ཤློ་ཀ་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་དང་བམ་པོ་ལྔ་བཅུ་རྩ་དགུ་པ་ལས་བམ་པོ་ཉི་ཤུ་རྩ་བདུན་པ་ཡན་དང་། ༼ད༽པ་ལ། དེའི་འཕྲོས་བམ་པོ་ཉི་ཤུ་རྩ་བརྒྱད་པ་ནས་བམ་པོ་ལྔ་བཅུ་རྩ་དགུ་པའི་བར་རྫོགས་པ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། དྷརྨཱ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་བནྡྷེ་དཔལ་འབྱོར་གྱིས་བསྒྱུར་བ། བཞི་པ་ནི། ༼ན༽པ་ལ། དེ་དག་གི་དཀའ་བའི་གནས་རྣམས་ཞུས་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་འདུལ་བ་གཞུང་ཕྱི་མའམ། གཞུང་བླ་མའམ་གཞུང་དམ་པར་གྲགས་པ་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས་པ། ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་ [96b] ལ་སོགས་པའི་དུས་སུ་བསྒྱུར་བ། ཞུ་བ་རྫོགས་པ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་དང་བམ་པོ་ལྔ་བཅུ་རྩ་གསུམ་ཡོད་པ་ལས། བམ་པོ་ཉེར་གཉིས་པ་ཡན་དང་། ༼པ༽པ་ལ། སྔ་མའི་འཕྲོས་བམ་པོ་ཉེར་གསུམ་པ་ནས་བམ་པོ་ལྔ་བཙུ་རྩ་གསུམ་པ་རྫོགས་པ། ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་བསྒྱུར་བ་རྣམས་བཞུགས་སོ། །དེ་ལྟར་ལུང་སྡེ་བཞི། སོ་ཐར་གྱི་མདོ་གཉིས་དང་བཅས་བསྡོམས་པས་ཤློ་ཀ་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱ། རྣམ་འབྱེད་ཡན་ཆད་ཤློ་ཀ་ཕྱེད་དང་བཞི་བརྒྱ་ལ་བམ་པོ་དང་། དེ་ཕྱིན་བཞི་བརྒྱ་ལ་བམ་པོར་བྱས་པའི་བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་བམ་པོའི་སུམ་ཆ་གཅིག་བཅས་བཞུགས། ཕྲན་ཚེགས་སྐབས་བམ་ཚད་སོགས་མང་ཉུང་སྣ་ཚོགས་ཞིག་འབྱུང་བ་ནི་བསྒྱུར་བྱེད་ལོ་པཎ་མང་པོས་དུམ་བུར་བསྒྱུར་ཞིང་། ཕྱིས་ཕྱོགས་གཅིག་ཏུ་བསྡོམས་པའི་ཚེ་མང་ཉུང་སྣ་ཚོགས་བྱུང་བར་སྣང་། འདིར་སྒོ་བརྒྱད་ཀ་རྫོགས་པ་ནི་སྔར་སྨོས་པ་ལྟར་གནས་བརྟན་དྷརྨ་སེངྒེས་འདུལ་བ་བཞེངས་སྐབས། ཞིང་མོ་ཆེ་བྱང་སེང་པས་ཕྱག་གཉེར་མཛད་ནས་མཆིམས་ཕུ་ནས་དཔེ་བྱུང་བ་དང་། དགེ་སློང་ཚུལ་ཁྲིམས་ [97a] ཡོན་ཏན་གྱིས་རྙེད་པའི་དེཔ་ལས་བམ་པོ་དང་སྡོམ་ཚིག་སོགས་བསབ་སྟེ་ཁ་བསྐང་བ་ཡིན། ཞུ་བ་རྫོགས་མ་རྫོགས་ཀྱི་ཁྱད་པར་ནི་བྲམ་ཟེ་རྒྱལ་བཤེས་ཀྱིས་གསུང་རབ་བསྲེག་པ་སོགས་སྟོན་པའི་བསྟན་ལ་གནོད་པ་བྱས་པས་དཔེ་བརླག་པ་ན། ཞུ་བ་མ་རྫོགས་པ་འདི་ཁ་ཆེ་དགེ་སློང་གི་བློར་བཞུགས་པ་བཞིན་བྲིས་པ་དང་པོའི་གཞུང་ཉམས་པས་མི་དག་པ་ཡོད་ཅེས་སློབ་དཔོན་ཡོན་ཏན་འོད་ཀྱིས་གསུངས། རྫོགས་པ་ནི་མེས་མ་ཚིག་པའི་གླེགས་བམ་ཐལ་གསེབ་ནས་རྙེད་པ་བཞིན་ཡུལ་དབུས་ཀྱི་དགེ་སློང་རྣམས་ཀྱིས་བསྡུས་པ་ལ་དང་པོའི་གཞུང་མ་ཉམས་པས་དག་པར་གསུངས་སོ། །དེ་ལྟར་ལུང་སྡེ་བཞི་པོ་ཕྲན་ཚེགས་ནང་ཁ་བཤམས་མ་གཏོགས་སྔ་དར་སྐབས་སུ་བསྒྱུར་ཞིང་། སྡེ་སྤར་དུ་རེ་རེ་བཞིན་འགྱུར་བྱང་རེ་བཀོད་པ་འདི་ཤིན་ཏུ་དག་པར་སྣང་ངོ་། །དེ་ལྟར་དམ་ཆོས་འདུལ་བ་རིན་པོ་ཆེ་གླེགས་བམ་བཅུ་གསུམ་བཞུགས་པའི་བཤད་ལུང་གི་རྒྱུན་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་སོར་ཐར་པའི་སྡོམ་རྒྱུན་རྣམ་པར་དག་པ་ནི། སྟོན་པ་སངས་རྒྱས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། [97b] བྲམ་ཟེ་སྒྲ་གཅན་འཛིན། འཕགས་པ་ཀླུ་སྒྲུབ། ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་སྟེ་འཕགས་ཡུལ་དུ་ཡོངས་སུ་གྲགས་པའི་འདུལ་འཛིན་ཆེན་པོ་གསུམ། དེ་དག་ལས་བོད་དུ་རབ་བྱུང་གི་ཐོགས་མ། རྦ་རཏྣ་དང་། ལོ་ཆེན་བཻ་རོ་སོགས་སད་མི་མི་བདུན། རིམ་པར་སྐ་ཅོག་ཞང་གསུམ་སོགས་ཞང་བློན་དང་འབངས་རིགས་བློ་གསལ་བ་སུམ་བརྒྱ་སོགས་རབ་ཏུ་བྱུང་། ལོ་པཎ་དེ་རྣམས་ཀྱིས་འདུལ་བ་ལུང་སྡེ་བཞི་བསྒྱུར་བཤད་ལག་ལེན་དང་བཅས་པས་བྱང་ཕྱོགས་ཁ་བ་ཅན་དུ་དམ་ཆོས་འདུལ་བའི་བསྟན་པ་གཞིར་བཞེངས་སུ་གསལ་བར་མཛད་པ་རྦ་རཏྣའི་མཁན་བུ་སྨར་གཡོ་གཙང་གསུམ། འདི་གསུམ་གྱིས་མཁན་ཆེན་ཞི་འཚོ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། བཻ་རོ་སྐ་ཅོག་བཅས་ལས་གསུང་རབ་མཐའ་དག་ལ་སྦྱངས་པས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར། དེ་དག་ལས་བླ་ཆེན་དགོངས་པ་རབ་གསལ། འདིས་མཁན་སློབ་ལས་འདུལ་བ་ཁོ་ནར་ཡང་ལོ་བཅོ་ལྔར་གསན་སྦྱོང་མཛད། དེ་ནས་རིམ་པས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། [98a] སྣེ་བོ་གྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་བརྩོན་འགྲུས་འབར། རྩིས་འདུལ་གཞོན་ནུ་སེངྒེ་། སྣར་གྲོ་མོ་ཆེ་བ་བདུད་རྩི་གྲགས། མཆིམས་ཆེན་ནམ་མཁའ་གྲགས། སྣར་ཐང་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས། ཀུན་དགའ་རྒྱལ་མཚན། གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། གནས་རྙིང་པ་ཀུན་དགའ་བདེ་ལེགས། རྒྱལ་བ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། རྒྱལ་ཁང་པ་དཔལ་འབྱོར་རྒྱ་མཚོ། གྲྭ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། ཁ་རབ་པ་དཀོན་མཆོག་བསྟན་འཛིན། སྨིན་གླིང་ལོ་ཆེན་དྷརྨཱ་ཤྲཱི། འབུམ་རམ་པ་ཨོ་རྒྱན་ཆོས་གྲགས། རྡོར་འཛིན་འགྱུར་མེད་ཆོས་ལྡན། མྱོས་རིགས་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྡོར་འཛིན་རིག་འཛིན་བཟང་པོ། མཁན་ཆེན་པདྨ་བཀྲ་ཤིས། ཐུབ་བསྟན་ཉིན་བྱེད་སྣང་བའམ། རྒྱལ་སྲས་གཞན་ཕན་མཐའ་ཡས། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། མྱོས་རིགས་མཁན་ཆེན་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེ། རྡོར་འཛིན་ངག་དབང་ནོར་བུ། མཚུངས་མེད་ [98b] མཁན་ཆེན་ཕན་བདེའི་འོད་ཟེར། མགོན་པོ་གང་དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་རང་སྐལ་དང་འཚམས་པར་ཡོངས་སུ་རྫོགས་པ་དགེ་བསྙེན་གྱི་དངོས་པོར་བསྒྲུབས་པ་དང་བཅས་ཏེ་ལེགས་པར་སྩལ་བའི་བཀའ་དྲིན་ཐོབ་བོ། །འདི་ལ་བླ་ཆེན་མཁན་བུ་ཡ་ཟི་བོན་སྟོན། བྲེ་བོ་མཆོག་བླ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། སེམས་དཔའི་རྗེ་བཙུན་པ་སོགས་ནས། ཀཿཐོག་དམ་གཙང་བྱམས་གསུམ་གྱི་བརྒྱུད་པའང་ཡོད་མོད་ཀྱི། འདིར་བླ་ཆེན་ནས་སླར་དབུས་གཙང་དུ་བརྒྱུད་པ་གཙོ་བོར་བྱས་བཀོད་པའོ། །འདིའི་སྡོམ་རྒྱུན་ཁོ་བོའི་རྟེན་ལ་ལྟོས་ཏེ་ནོད་ཚུལ་གྱི་དབང་གིས་དགེ་བསྙེན་དུ་སྨྲས་པར་ཟད་ཀྱི། གཞན་རབ་ཏུ་བྱུང་བའི་གཞི་གསུམ་གྱི་རྣམ་བཞག་ཞི་འཚོ་ཡབ་སྲས་ཀྱི་ཕྱག་བཞེས་གཙང་མ་ད་ལྟའི་བར་མ་ཉམས་པར་བཞུགས་བཞིན་པ་འདིའོ། །ཡང་བཤད་ལུང་ཕྱོགས་གཅིག་ཏུ་བབས་པའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། འཕགས་པ་ཉེ་བར་འཁོར། འོད་སྲུང་ཆེན་པོ་ནས། ལེགས་མཐོང་གི་བར་སྟོན་པ་དང་འདྲ་བའི་ཉན་ཐོས་གཏད་རབས་བདུན། དེ་ནས་ཕྱིར་མི་འོང་བ་བློས་མི་ [99a] འབེབ་པ། ཁ་ཆེ་འདུས་བཟང་། མཁས་མཆོག་དབྱིན་གཉེན། འཕགས་པ་ཡོན་ཏན་འོད། སློབ་དཔོན་ཆོས་ཀྱི་བཤེས་གཉེན། ཞི་བ་འོད། བསོད་ནམས་གྲགས། འདུལ་འཛིན་ཆེན་པོ་དེ་གཉིས་ལས་སློབ་དཔོན་ཤཱཀྱ་འོད་དང་། པཎྜི་ཏ་སེང་གེའི་གདོང་ཅན། དེ་ནས་མཁན་ཆེན་བོ་ངྷི་སཏྭ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་པཎ་ཆེན་དེ་གསུམ་ལས་རྦ་རཏྣ་དང་། སྨར་གཡོ་གཙང་གསུམ། ཕྱི་མ་གསུམ་ལས། བླ་ཆེན་དགོངས་པ་རབ་གསལ། དེས་སེ་བཙུན་ཆེན་པོ། མཆོག་བླ་ཡེ་ཤེས་གཞོན་ནུ། རོང་པོ་རིན་ཆེན་ཚུལ་ཁྲིམས། བླ་མ་རྗེ་བཙུན་ཆེན་པོ། དེས་ཆོས་རྗེ་དམ་པ་བདེ་གཤེགས་ལའོ། །དེ་ནས་བཟུང་རྒྱལ་པ་ཀཿཐོག་པའི་བརྒྱུད་པ་སྡོམ་བརྩོན་གསེར་རིའི་ཕྲེང་བ་རིམ་བྱོན་གྱིས་བཟུང་བ་ནི། གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྗེ་བྱམས་པ་འབུམ། སྤྱན་སྔ་བསོད་ནམས་འབུམ་པ། ཡེ་ཤེས་འབུམ་པ། རྗེ་ཤཱཀྱ་རྡོ་རྗེ། དཔལ་འབར་ནམ་མཁའ་རྡོ་རྗེ། ཨ་གྲོ་ནམ་མཁའ་རྡོ་རྗེ། མཁའ་ཆེན་རྡོ་རྗེ་དཔལ་བ། སྟོན་པ་མགོན་པོ་རྒྱལ་མཚན། མཁན་ཆེན་ཚུལ་ཁྲིམས་རྣམ་རྒྱལ། [99b] མཁས་གྲུབ་རྡོ་རྗེ་དཔལ་བཟང་། བཙུན་པ་དཀོན་མཆོག་བཟང་པོ། བླ་མ་བཀྲ་ཤིས་རིན་ཆེན། མཁས་གྲུབ་སངས་རྒྱས་རྡོ་རྗེ། བྲའོ་ཆོས་ཀྱི་འབུམ་པ། རྗེ་ནམ་རིན་པ། དྲུང་པ་ནམ་མཁའ་རྒྱ་མཚོ། རྗེ་ཀུན་དགའ་ཟླ་བ། དེ་གཉིས་ལས་དྲི་མེད་ཞིང་སྐྱོང་མགོན་པོ། དགེ་པཎ་ཚེ་དབང་མཆོག་གྲུབ། མཁས་གྲུབ་ཡིད་བཞིན་དབང་རྒྱལ། ཀུན་གཟིགས་སི་ཏུ་པཎ་ཆེན། མཁན་ཆེན་རྒྱལ་མཚན་འོད་ཟེར། ཀུན་བཟང་དཔལ་ལྡན་ཆོས་གྲགས། རྒྱལ་སྲས་བློ་གྲོས་རྒྱལ་མཚན། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །གཞན་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཞན་ཕན་སྣང་བའི་གོ་ཆ་སོགས་ཀྱིས་སྔ་འགྱུར་དམ་ཆོས་འདུལ་བའི་སྡེ་སྣོད་ལེགས་པར་བཤད་ཅིང་བཟུང་བ་ལ་བརྟེན་ནས་ཁམས་བོད་ཀུན་ཏུ་རྒྱ་ཆེར་ཡོངས་སུ་འཕེལ་བར་གྱུར་ཏོ། །ཕྱིས་སུ་མཆིམས་འཇམ་དཔལ་དབྱངས་དང་། འཇམ་དགག་པཀྵི། དབུས་པ་བློ་གསལ་སོགས་ཀྱིས་སྣར་ཐང་བཀའ་འགྱུར་བཞེངས་སྐབས། རྒྱ་ནག་གི་ལུང་རྒྱུན་གསན་པ་དེང་སང་སྤྱིའི་ལུང་རྒྱུན་དུ་འདྲེན་པ་ལྟར་ན། སམྱཀྶཾ་ [100a] བུདྡྷ། མ་ཧཱ་ཀཱ་ཤེ། །ཨ་ནནྟ། ཤཱ་ན་ཝསྟྲཾ་བ། ཨུ་པ་གུཔྟ། བྷ་ཝཱ་ནནྟ། མེ་ཙཱགཀ ། པུརྞ་སྟེ་དགྲ་བཅོམ་པ་བདུན། ཨཱ་ཙརྱཱ་ཨ་ཤྭ་གྷོ་ཥ། ཀུ་མཱ་ར་ལ་ལཱི་ཏ། ཤྲཱི་མ་ཏི། ཤཱུ་ར་བ། བ་སུ་མི་ཏྲ། བ་སུ་ལི་སྟེ་རྒྱ་གར་ཡུལ་དབུས་ཀྱི་པཎྜི་ཏ་བདུན། སཾ་གྷ་བྷ་ར། ཨི་ཤྭ་ར། སྐནྡྷ་ལི། སཾ་གྷ་བ་སུ། པུརྞྱ་མི་ཏྲ། དྷརྨ་དཏྟ། བུདྡྷ་དཱེ་ཝ། དྷ་ར་ད་དྷ་སྟེ་ཁ་ཆེའི་པཎྜི་ཏ་བརྒྱད། པུཎྱེ་སེ་ན། སཾ་གྷ་སེ་ན། པུཎྱེ་ནནྟ། ཛྙཱ་ན་ཙནྡྲ། ཛྙཱ་ན་ས་མ། ཨ་ཤྭ་རཀྵི་ཏ། སརྦ་རཀྵི་ཏ། དྷརྨ་ཀོ་ཥ། དྷརྨ་རཀྵི་ཏྲ། ཀ་ལྱ་ཎ་རཀྵི་ཏ། པྲ་ཛྙཱ་རཀྵི་ཏ། ཤྲཱི་མརྒྒོ་པ་དེ་ཤ ། མོཀྵ་རཀྵི་ཏ། ཀ་ལྱཱ་རཀྵི་ཏ། བི་ཛི་ན་པྲ་བྷ་ཝ། ཨ་མྲྀ་ཏ་ཝརྨ། པྲ་བྷ་ཀཱ་ར་སེ་ན། ཨ་དེ་རྒྱ་སེ་ན། མརྒྒོ་པ་དེ་ཤ ། སཾ་གྷ་སེ་ན་སྟེ་ཡུ་གུར་སློབ་དཔོན་ཉི་ཤུ། ཤཱི་ལ་དཱ་ས། ཡ་ཤ་དཱ་ས། བུདྡྷ་དཱ་ས། ཤིཀྵ་བྷ་དྲ། གུ་ཎ་སོ་མ། ཨ་ཤྭ་ཀ་མི་ཏྲ། ཤུཀླ་མི་ཏྲ། ཤཱཀྱ་མི་ཏྲ་སྟེ་ཁུ་བེན་གྱི་སློབ་དཔོན་བརྒྱད། དེ་ནས་ཀ་ཡོལ་གྱི་སློབ་དཔོན་ཤཱི་ལ་མི་ཏྲ། བོད་ཀྱི་བཤེས་གཉེན་དབུས་པ་བློ་གསལ་སངས་རྒྱས་འབུམ། དགའ་ལྡན་པ་བཀྲ་ཤིས་དཔལ། སློབ་དཔོན་ཚུལ་ཁྲིམས་ [100b] བཤེས་གཉེན། སྐྱོ་ལུང་མཁན་པོ་ཐམས་ཅད་མཁྱེན་པ། ཡང་དབེན་ཐམས་ཅད་མཁྱེན། ཐང་ཆེན་འདུལ་འཛིན་པ། མཁན་པོ་རིན་ཆེན་བཟང་པོ། ཁུ་སྟོན་བཀྲ་ཤིས་དཔལ་བཟང་། ཆོས་སྒོ་བ་ཤཱི་ལ་བྷ་དྲ། གུ་རུ་སེངྒེའི་མཚན་ཅན། ཚལ་གྲགས་དོན་པ། རྗེ་ཤཱཀྱ་རྒྱལ་མཚན། ཐུ་སྟོན་རྡོ་རྗེ་གདན་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཚོགས་མཁན་ཆོས་འགྲུབ་སེང་གེ །དོལ་ཆོས་འཁོར་སྒང་པ་ཆོས་རྗེ་རྣམ་པར་རྒྱལ་བ། ཚོགས་མཁན་རིན་ཆེན་ཀུན་ལྡན། འདུལ་འཛིན་རྡོ་རྗེ་གྲགས་པ། ཡོངས་འཛིན་དགེ་འདུན་ལེགས་གྲུབ། ཁུ་སྟོན་ངག་དབང་རྣམ་རྒྱལ། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག །རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས། ཡར་ཀླུང་པ་བཀའ་ཆེན་ངག་དབང་རབ་བརྟན། གྲུབ་དཔོན་ངག་དབང་བསྟན་འཛིན་ཕུན་ཚོགས། གྲྭ་ཐང་མཁན་ངག་དབང་ཀུན་དགའ། མཁྱེན་བརྩེའི་དབང་ཕྱུག །འགྱུར་མེད་བཀྲ་ཤིས་རྒྱ་མཚོ། ཨོ་རྒྱན་བསྟན་འཛིན་ནོར་བུ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ལུང་རྟོགས་བསྟན་པའི་ཉི་མ། མཁས་གྲུབ་རྒྱལ་མཚན་འོད་ཟེར། [101a] ཐུབ་བསྟན་དཔལ་ལྡན་གྲགས་པ། འདྲེན་མཆོག་མཚུངས་མེད་རྒྱལ་སྲས་བློ་གྲོས་རྒྱལ་མཚན། དེའི་ཞལ་སྔ་ནས་བདག་ལྷ་རིགས་ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བསོད་ནམས་ཀྱི་དཔྱིད་དུ་སྩལ་བའོ། །གཉིས་པ་བཀའ་བར་པ་མཚན་ཉིད་མེད་པའི་སྐོར་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་སུ་བཞུགས་པའི་ཤིན་ཏུ་རྒྱས་པ་བྱེ་བ་བརྒྱ་པ་སོགས་བོད་དུ་མ་འགྱུར། རྒྱས་པ་འབུམ་འདི་བསྟན་པ་སྔ་དར་སྐབས་རླངས་ཁམས་པ་གོ་ཆའི་ཐུགས་འགྱུར་མ་དང་། རྦས་མཉྫུ་ཤྲཱི་དང་། ཉང་ཨིན་ཊ་ཝ་རོས་རྒྱ་དཔེ་བླངས་ནས་བསྒྱུར་བ་སོགས་འགྱུར་སྔ་ཕྱི་དྲུག་ཙམ་ཡོད་པ་ལས། གཙོ་བོ་འཇིག་རྟེན་མིག་གཅིག་བཻ་རོ་ཙ་ནས་བསྒྱུར་ཞིང་། ཚིག་སྣ་བསྲིངས། འགྲེས་རྐང་ཆད་པ་སོགས་བསབ་སྟེ་ཕྱག་བྲིས་གནང་བའི་འབུམ་ཤ་སྒྲོ་ཅན་མཆིམས་ཕུར་བཞུགས་པ་དང་། དེ་ལས་མཆེད་པ་རྣམས་ཡོངས་གྲགས་སུ་གྱུར། ཕྱིས་རྔོག་ལོ་ཆེན་པོས་བལ་པོ་ཕམ་ཐིང་གི་གཙུག་ལག་ཁང་གི་རྒྱ་དཔེ་ལ་གཏུག་ནས། ཏིང་ངེ་འཛིན་གསུམ་གྱི་མིང་བསྣན་ཏེ་ཞུས་དག་ [101b] ཀྱང་མཛད། སྔོན་གྱི་ཆོས་རྒྱལ་རྣམས་ཀྱིས་ཀྱང་ཐེག་ཆེན་ལ་ཤིན་ཏུ་གུས་པས་བཀུར་བས་རེ་རེ་བཞིན་རེག་ཟེག་སྔོ་དམར་སོགས་བཞེངས་པར་མཛད། ཡུམ་འདི་ལ་ཏིང་ངེ་འཛིན་བརྒྱ་ཉེར་གཅིག །སྒོ་གསུམ་རྣམ་གྲངས་བཅུ་གཅིག །ཞུས་ལན་བརྒྱ་དང་ཉི་ཤུ། འགྲེས་རིང་བརྒྱ་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་བཞི། མཚོན་བྱེད་ཀྱི་ཆོས་བདུན་ཅུ། འགྲེས་རྩ་བདུན་བརྒྱ་བཅུ་གཅིག །འགྲེས་ཐུང་བསྣན་པས་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ་ཞེས་ཡོངས་སུ་གྲགས་ཤིང་། ཤློ་ཀ་སྟོང་ཕྲག་བརྒྱ་སྟེ་འབུམ་གཅིག་ཡོད་པས་མཚན་ཡང་དེ་ལྟར་སྨོས་ལ། ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ་ཉི་ཁྲི་སོགས་ལས་ཁ་བསྐངས་པའི་ལུགས་སྣང་ནའང་། འདིར་མ་བསྐངས་པའི་དབང་དུ་བྱས་པའི་བམ་པོ་སུམ་བརྒྱ་དང་གཅིག །ལེའུ་དོན་གཉིས། གླེགས་བམ་བཅུ་གཉིས་སམ་བཅུ་དྲུག་བྱས་པ་སྣང་ཡང་འདིར་བཅུ་གཉིས་སུ་བྱས་པ་དང་། ཡུམ་འབྲིང་པོའི་རྒྱས་པ་སྟོང་ཕྲག་ཉི་ཤུ་ལྔ་ [102a] པ་ལ་བམ་པོ་དོན་བརྒྱད། ལེའུ་དོན་དྲུག །གླེགས་བམ་གསུམ་དུ་བྱས་པ། ཡུམ་འབྲིང་པོའི་འབྲིང་པོ་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་རྩ་གཉིས། གླེགས་བམ་ཕྱེད་གསུམ། ཡུམ་འབྲིང་པོའི་བསྡུས་པ་ཤེས་རབ་ཁྲི་པ་ལ་བམ་པོ་སུམ་ཅུ་རྩ་བཞི། ལེའུ་སུམ་ཅུ་རྩ་གསུམ། གླེགས་བམ་ཕྱེད་གཉིས་བཅས། ཛི་ན་མི་ཏྲ། པྲཛྙཱ་ཝརྨ། ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་བ། ཡུམ་བསྡུས་པ་བརྒྱད་སྟོང་པ་རྒྱ་དཔེ་ཐ་དད་པའི་དབང་གིས། ཕྲེང་བ་ཅན། གཟོ་སྦྱངས། སྡེ་ཅན་ཏེ་ཚིག་སྣ་རིང་ཐུང་དང་། འགྱུར་ཁྱད་མི་འདྲ་བ་གསུམ་ཡོད་པས། རྒྱས་པ་ཕྲེང་ཅན་གྱི་ལུགས་འདིར་པུསྟི་ཀ་གཅིག་ལ་བམ་པོ་ཉེར་བཞི། ལེའུ་སོ་གཉིས་ཤཱཀྱ་སེ་ན་དང་། ཛྙཱ་ན་སིདྡྷི། ཆོས་ཉིད་ཚུལ་ཁྲིམས་གསུམ་གྱིས་བསྒྱུར་བ་ལ། སླད་ཀྱིས་སུ་བྷ་ན་ཏ་དང་། རིན་བཟང་གིས་འགྲེལ་པ་དང་མཐུན་པར་བསྒྱུར། ཡང་ཇོ་བོ་རྗེ་དང་། རིན་བཟང་གིས་ཡུལ་དབུས་ཀྱི་འགྲེལ་པ་དང་གཏུག་ནས་གཏན་ལ་ཕབ། སྙེ་ཐང་དུ་ཇོ་བོ་དང་འབྲོམ་ཡབ་སྲས་གཉིས་ཀྱིས་ཆེ་ལོང་ཙམ་གཏན་ལ་ཕབ། སླར་རྭ་སྒྲེང་དུ་འབྲོམ་གྱིས་རྒྱ་དཔེ་གསུམ་ལ་གཏུག་ནས་ [102b] ཞུ་དག་མཛད། དེ་རྗེས་རྔོག་ལོས་ཡུལ་དབུས་དང་ཁ་ཆེའི་དཔེ་ལ་གཏུག་ནས་ཞུ་དག་གིས་གཏན་ལ་ཕབ་པའི་ཡིག་རྒྱུན་ལྟར་ཏེ། ཕྲེང་ཅན་གྱི་སྟེང་ནས་ལུང་བྱས་ཕྱིན་གཞན་གཉིས་དོན་གྱིས་ཐོབ་པར་འགྲོ་ཞིང་ལུང་མཛད་དུས་ཀུན་ཏུ་རྒྱུ་ཕྲེང་ཅན། གཟོ་སྦྱངས། སྡེ་ཅན་ཞེས་ཕྲལ་དང་ཕྲལ་དུ་བསྒྱུར་ཏེ་མཛད་པ་བླ་མ་གོང་མའི་ཕྱག་ལེན་ལ་སྣང་ངོ་། །ཤེས་རབ་སྣ་ཚོགས་དང་མདོ་གསར་འགྱུར་གྱི་སྐོར་པུསྟི་ཀ་གཅིག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་གྱི་ཚིགས་སུ་བཅད་པ་སྡུད་པ་བམ་པོ་ཕྱེད་དང་གཉིས་པ། པཎྜི་ཏ་བིདྱཱ་ཀ་ར་སིང་ཧ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་བམ་པོ་བདུན་དང་ཤློ་ཀ་དྲུག་ཅུ་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཤེར་ཕྱིན་ལྔ་བརྒྱ་པ་འགྱུར་སྔ་མ་དང་མཚུངས་ཤིང་སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པར་གྲགས་པ་རྡོ་རྗེ་གཅོད་པ་བམ་པོ་གཅིག་ [103a] པ་ཤཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར་ལ་སྐད་གསར་བཅད་ཀྱིས་བཅོས་པ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཀཽ་ཤི་ཀ་རྣམས་འགྱུར་བྱང་མེད་པ། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ་སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་སྙིང་པོ་ཤློ་ཀ་ཉེར་ལྔ་པ་པཎྜི་ཏ་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ཅིང་། ལོ་ཙཱ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ། སླར་ཡང་དུས་ཕྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་རྒྱ་དཔེ་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུས་དག་བགྱིས་པ། ཤེར་ཕྱིན་ཡི་གེ་ཉུང་ངུ་། ཤེར་ཕྱིན་ཡི་གེ་གཅིག་མ་རྣམས་འགྱུར་བྱང་མེད་པ། དཀོན་མཆོག་བརྩེགས་པའི་འདུས་པ་ཞེ་དྲུག་པ་ལས་བྱུང་བ་ཤེར་ཕྱིན་བདུན་བརྒྱ་པ་འགྱུར་རྙིང་ལ་སྐད་གསར་བཅད་ཀྱིས་བཅོས་པ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ། ཤེར་ཕྱིན་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་རྣམས་ལ་འགྱུར་བྱང་མེད་པ་སྟེ་དེ་དག་གིས་ཤེར་ [103b] ཕྱིན་གྱི་སྐོར་བོད་དུ་ཇི་ཙམ་འགྱུར་བ་ཡོངས་སུ་ཚང་ངོ་། །དེ་ལྟར་ཐོབ་པའི་བརྒྱུད་རིམ་ངེས་པ་ལས། ཐོག་མར་ཤེར་ཕྱིན་རྒྱས་པ་འབུམ་གྱི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དཔལ་དབྱངས། འཕགས་མཆོག་ཀླུ་སྒྲུབ། སློབ་དཔོན་ཨརྱ་དེ་ཝ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཡེ་ཤེས་སྙིང་པོ། པྲཛྙཱ་ཝརྨ། མཁན་ཆེན་ཞི་བ་འཚོ། དེ་གཉིས་ཀ་ལས། རླངས་ཁམས་པ་གོ་ཆ་དང་། བཻ་རོ་ཙ་ན། མངའ་བདག་རྒྱལ་པོ་ཁྲི་སྲོང་སོགས་ཀྱས་གསན། གཞན་ཡང་ལྷ་སྲས་མུ་ཏིག་སྐུ་མཆེད་དང་ཁྲི་རལ་ཅན་ཏེ། ཡབ་སྲས་འདི་རྣམས་ཐེག་ཆེན་ལ་ཤིན་ཏུ་གུས་པས་སྐུ་མཚལ་གྱིས་གླེགས་བམ་བཞེངས་ནས་གསན་པར་གྲགས་ཤིང་། མངའ་བདག་གི་ཐུགས་ལ་ཤེར་ཕྱིན་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་ཏེ་བཀའ་ཡང་དག་པའི་ཚད་མ་སོགས་བསྟན་བཅོས་མང་པོའང་མཛད། བཻ་རོ་ནས། ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་ཆེན་དགོངས་པ་རབ་གསལ། ཟུར་ཆེན་ཤཱཀྱ་འབྱུང་གནས། སྐྱོ་སྟོབས་ཤཱཀྱ་ཡེ་ཤེས། གཙང་སྟོན་པ་ཆེན་པོ། འདི་དང་ཆོས་རྗེ་གཙང་སྟོན་པ་ནོར་ནས་ཀཿདམ་པ་གཙང་གི་ [104a] སློབ་མ་ཡིན་ཟེར་བ་མི་དག །དེས་སྒ་སྟོན་ཤེས་རབ་གཞོན་ནུ། ཀཿཐོག་པ་དམ་པ་བདེ་གཤེགས། གཙང་སྟོན་རྡོ་རྗེ་རྒྱལ་མཚན། ཆོས་རྗེ་བྱམས་པ་འབུམ། སྤྱན་སྔ་འབུམ། དབུ་འོད་ཡེ་ཤེས་འབུམ། རྗེ་བཙུན་བྱང་ཆུབ་དཔལ། སྟོན་པ་དབང་འབྱོར་རྒྱ་མཚོ། ཆོས་རྗེ་རྡོ་རྗེ་དཔལ་བ། བླ་མ་རིན་ཆེན་བཀྲ་ཤིས། བཤེས་གཉེན་ཆོས་ཀྱི་བརྩོན་འགྲུས། སྟོན་པ་ཡོན་ཏན་གྲགས་པ། གསེར་པ་རྡོ་རྗེ་རྒྱལ་མཚན། མཁན་ཆེན་ནམ་མཁའ་རིན་ཆེན། མཁན་པོ་བློ་གྲོས་རབ་བརྟན། བཤེས་གཉེན་ཆོས་ཀྱི་འབྱུང་གནས། ལུང་ཟིན་ཆོས་ཉིད་རྒྱ་མཚོ། མཚན་ལྡན་ནམ་མཁའ་རྒྱ་མཚོ། རྒྱལ་སྲས་དྲི་མེད་ཞིང་སྐྱོང་། འགྱུར་མེད་ཚེ་དབང་མཆོག་གྲུབ། རིག་འཛིན་བསོད་ནམས་དཔལ་ལྡན། འཇིགས་མེད་ཀུན་བཟང་རྣམ་རྒྱལ། སི་ཏུ་ཆོས་ཀྱི་བློ་གྲོས། ལུང་རྟོགས་བསྟན་པའི་ཉི་མ། མཁན་ཆེན་རྒྱལ་མཚན་འོད་ཟེར། ཐུབ་བསྟན་དཔལ་ལྡན་གྲགས་པ། རྒྱལ་སྲས་བློ་གྲོས་རྒྱལ་མཚན། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་ [104b] གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས། དཔལ་སྦས། ཞི་བ་འཚོ། ཛི་ན་མི་ཏྲ། སྐ་ཅོག་ཞང་གསུམ། བཻ་རོ་མན་གོང་བཞིན་ནོ། །དེ་བཞིན་དུ་སྟོང་ཕྲག་ཉེར་ལྔ་པ། ཁྲི་བརྒྱད་སྟོང་། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། ཤེས་རབ་སྣ་ཚོགས་རྣམས་ལ་དབྱེ་བསྡུའི་ཁྱད་པར་གྱིས་ཡུམ་སྲས་བཅུ་བདུན་ཞེས་བཙན་པོའི་སྐུ་རིང་ལ་བསྒྱུར་ནས་གླེགས་བམ་དཀྱུས་གཅིག་ཏུ་བཞེངས་སྲོལ་མཛད་པ་བཞིན་ལུང་རྒྱུན་ཀྱང་དེ་ལྟར་བྱུང་ངོ་། །ཕྱིས་ཀྱི་ལུང་རྒྱུན་འགར་ཀླུ་སྒྲུབ་ནས། ཟླ་གྲགས་དང་། ཀླུ་སྒྲུབ་ནས་ཞི་ལྷ་འདྲེན་པའང་སྣང་ཞིང་། རེ་འགས་ཡེ་ཤེས་ཀྱི་སྐུ་མཇལ་བ་དང་། ཁ་ཅིག་གིས་ཟླ་གྲགས་སྔ་ཕྱི་གཉིས་འཇོག་པ་སོགས་ནི་དཔྱད་གཞིར་སྣང་ངོ་། །ཁྲི་བརྒྱད་སྟོང་པའི་བརྒྱུད་པ་ཟུར་པ་ཞིག་ནི། ཐུབ་དབང་ནས། སངས་རྒྱས་ཡེ་ཤེས་བར་སྔར་ལྟར་ལ། འདི་དང་འབུམ་ཕྲག་གསུམ་པ་རྔོག་ལོས་མཇལ་བས་ཕྱི་འགྱུར་བ་རྣམས་ཀྱི་ཁུངས་སུ་ཆེ། རོང་ཟོམ་ཆོས་ཀྱི་བཟང་པོ། མངའ་རིས་པ་ཚུལ་དབང་ཤེས་རབ། ཟུར་ཆེན་ [105a] ཤཱཀྱ་འབྱུང་གནས། འདི་གཉིས་ལས་ཟུར་སྔོན་ལ་བྱོན་ཀྱང་། རོང་ཟོམ་པ་འགྱུར་ཤིན་ཏུ་བཟང་ཞིང་དག་པས། ཟུར་པོ་ཆེ་སྐུ་ཚེའི་སྨད་ཙམ་ལ་འདི་དང་རོང་པའི་གསུང་མང་ཞིག་གི་རྒྱུན་བཞེས་ཏེ་ཟུར་བརྒྱད་དང་འདྲེས། ཡང་བརྒྱད་སྟོང་པ་ཕྱིས་ཇོ་རྔོག་འབྲོམ་གསུམ་གྱིས་གཏན་ལ་ཕབ་པའི་ལུང་རྒྱུན་ལྟར་ན། སངས་རྒྱས་ཡེ་ཤེས་བར་གོང་བཞིན་ལ། དེ་ནས། གུ་ཎ་མི་ཏྲ། རིན་ཆེན་རི་བོ། ཟླ་བ་བཟང་པོ། པཎ་ཆེན་འབུམ་ཕྲག་གསུམ་པ། རྔོག་ལོ་ཆེན་པོ། དེ་ལས་ཟུར་ཆེན་གྱི་སློབ་མ་རྩགས་བླ་མ་ཆེན་པོས་གསན་པ་ནས་ཟུར་བརྒྱུད་དང་འདྲེས་སོ། །ཡང་འདི་དག་དང་འབྲེལ་བར་སྔ་འགྱུར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་རྒྱུན་དང་། ཞར་བྱུང་མདོ་སྐོར་གྱི་བཤད་རྒྱུན་བཅས་འཕྲོས་སུ་སྨོས་ན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་གར་གྱི་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། མཁན་ཆེན་བོ་དྷི་སཏྭ། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་རྣམས་ཀྱིས། བྱང་ཆུབ་སེམས་བསྐྱེད་ཀྱི་ཆོ་ག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བསྒྱུར་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ [105b] ལག་ཁང་གི་གླིང་ཆེན་བཞིའི་བྱང་ཕྱོགས་བྱང་ཆུབ་སེམས་བསྐྱེད་གླིང་དུ། མཁན་ཆེན་ཞི་བ་འཚོ་སོགས་ཀྱི་ཞལ་སྔ་ནས། མངའ་བདག་ཡབ་སྲས། བཻ་རོ། སྐ་ཅོག །རྨ་གཉགས། དཔལ་རྡོར་སོགས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླངས། སེམས་བསྐྱེད་གླིང་གི་སྡེབས་རིས་སུའང་སངས་རྒྱས་བྱང་སེམས་མང་པོས་ཐུགས་བསྐྱེད་ཚུལ་དང་། རྟག་ངུས་ཤེར་ཕྱིན་འཚོལ་བ་སོགས་བྲིས། གཞན་ཡང་འཕགས་པའི་རིག་ཚོགས་དང་། བྱམས་ཆོས། ས་སྡེ། སྡོམ་རྣམ་གཉིས། མངོན་པ་གོང་འོག་སོགས་མདོ་ཕྱོགས་ཀྱི་དགོངས་འགྲེལ་མང་པོ་དང་། སྔགས་ཀྱི་རྒྱུད་དང་། སྒྲུབ་ཐབས་མཐའ་ཡས་པ་བསྒྱུར་ནས། འཆད་ཉན་སྒོམ་གྲྭ་བཤད་སྒྲུབ་ཀྱི་སྡེ་མང་པོ་བཙུགས་པས། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །ཅེས་འཇམ་མགོན་མི་ཕམ་པས་གསུངས་པ་འདིའང་དེ་དུས་རྒྱལ་པོས་བཀའ་ཆེམས་སུ་གདམས་པའི་གཏམ་ཡིན་ནོ། །དེ་ལྟར་སེམས་བསྐྱེད་ཀྱི་སྡོམ་རྒྱུན་ [106a] རྣམ་པར་དག་པ་ནི། ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། འཕགས་ལྷ། སངས་རྒྱས་བསྐྱང་། ཟླ་གྲགས་ལེགས་ལྡན་འབྱེད། དཔལ་སྦས། ཞི་བ་འཚོ། ཛི་ན་མི་ཏྲ། དེ་གཉིས་ལས། མངའ་བདག་རྗེ་དང་། རྨ་གཉགས། གནུབས་ཆེན། དཔལ་རྡོར་སོགས་ཀྱིས་གསན་ཏེ། རྨ་རིན་ཆེན་མཆོག་ནས། གྱེ་རེ་མཆོག་སྐྱོང་། གཙུག་རུ་རིན་ཆེན་གཞོན་ནུ། ཁུ་བྱང་ཆུབ་འོད། ཁྱུང་པོ་དབྱིག་འོད། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོ། ཞང་འགོས་ཆུང་ལོ་ཙཱ། བདེ་གཤེགས་ཟུར་པོ་ཆེ། ཡང་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས། སྟོང་ཚབ་འཕགས་པ་རིན་པོ་ཆེ། ཟུར་ཆེན། ཡང་ན། དཔལ་རྡོར་ནས། བླ་ཆེན་དགོངས་པ་རབ་གསལ། ཡ་ཟི་སྟོན་པ། ཟུར་ཆེན། དེ་ནས། སྐྱོ་སྟོན་ཤཱཀྱ་འོད། ལྕེ་སྟོན་རྒྱ་ནག ། དཔོན་ཡོན་ཏན་གཟུངས། དབུས་པ་སྟོན་ཤཱཀྱ། །དབུས་པ་ཞིག་པོ། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེ། གཅུང་པོ་ཇོ་བསོད། རྟ་ནག་བདུད་འདུལ། ཟུར་བྱམས་པ་སེང་གེ །གཡུང་སྟོན་རྡོ་རྗེ་དཔལ། [106b] སྒྲོལ་མ་བ་བསམ་གྲུབ་རྡོ་རྗེ། ཟུར་ཡང་དབེན་པ་ཤཱཀྱ་འབྱུང་གནས། སྒྲོལ་སྲས་སངས་རྒྱས་རིན་ཆེན། ཞང་སྟོན་ནམ་མཁའ་རྡོ་རྗེ། ཤ་མི་རྡོ་རྗེ་རྒྱལ་མཚན། རིག་འཛིན་གཡུ་འབྲུག་རྡོ་རྗེ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། མཁས་གྲུབ་དཀོན་མཆོག་བསྟན་འཛིན། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། བླ་མ་ནམ་མཁའ་རྒྱ་མཚོ། གྲུབ་ཆེན་ཆོས་དབྱིངས་རང་གྲོལ། མཁན་ཆེན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ལུང་རྟོགས་བསྟན་པའི་ཉི་མ། ཨོ་རྒྱན་བསྟན་འཛིན་ནོར་བུ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། འགྱུར་མེད་ཕན་བདེའི་འོད་ཟེར། བཀའ་དྲིན་མཚུངས་མེད་དེ་གཉིས་ཀའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་རྒྱས་སྲས་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་ཞེས་མིང་གི་ཅོད་པན་དཔྱངས་པ་དང་བཅས་བསོད་ནམས་ཆེན་པོའི་དཔྱིད་དུ་སྩལ་བར་མཛད་དོ། །འདི་ནི་ཟབ་མོ་ལྟ་སྲོལ་སྔ་རབས་པའི་རང་ལུགས་ལྟར་གཙོ་བོར་བསྟན་པ་ཡིན་ལ། གཞན་དུ་ཀུན་མཁྱེན་ཀློང་ཆེན་པས་ནེའུ་ [107a] ཐང་ནས་ལྟ་ལུགས་གསན་པའི་རྒྱུན་ལྟར་ན། ལྟ་སྲོལ་ལ། ཀླུ་སྒྲུབ་ནས། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་ས་ལི་ཆེ་ཆུང་། བལ་ཡུལ་གྱི་སྠི་བི་ཧ་རར་བཞུགས་པའི་ཇོ་བོ་ཐང་པ་ཛ་སྟེ་མཚན་དངོས་ཛྙཱ་ན་ཨཱ་ཀ་ར། ཨ་བྷྱ་ཀ་ར། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ། སྤྱི་བོ་ལྷས་པ རྨ་ཤཱཀྱ་སེང་གེ །མཆིམས་ནམ་མཁའ་གྲགས། མཁན་སྨོན་ལམ་ཚུལ་ཁྲིམས། བྱང་ཆུབ་གྲུབ། གཞོན་ནུ་རྡོ་རྗེ། ཀུན་མཁྱེན་དྲི་མེད་འོད་ཟེར་རོ། །སྤྱོད་སྲོལ་ལྟར་ན། ཐུབ་དབང་། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས། ཡོན་ཏན་བཤེས་གཉེན། རིན་ཆེན་རི་བོ། ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ། རྔོག་ལོ་ཆེན་པོ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་གཞོན་ནུ་བརྩོན་འགྲུས། དཀར་ཆུང་རིང་མོ་བ། ཞང་གཡེ་བ། གཉལ་ཞིག་འཇམ་པའི་ [107b] རྡོ་རྗེ། རྒྱ་འཆིང་རུ་བ། ཆུ་མིག་པ་སེང་གེ་དཔལ། ལྷོ་བྲག་པ། དེས་བཙན་དགོན་པ་དང་། དབེན་དགོན་པ། དེ་གཉིས་ཀས་བླ་བྲང་པ་ཆོས་དཔལ་རྒྱ་མཚོ། དེས་ཀུན་མཁྱེན་ཆེན་པོ་ལའོ། །ཡང་ཟབ་པ་དང་རྒྱ་ཆེ་བའི་ཉེ་བརྒྱུད་ལྟར་ན། འཇམ་དཔལ་ནས། རྒྱལ་སྲས་ཞི་བ་ལྷ། ཨེ་ལ་དྷ་རི། མ་ཧཱ་ཤྲཱི་རཏྣ། བྷ་ཝ་བཛྲ། གསེར་གླིང་པ། ཇོ་བོ་དཱི་པཾ་ཀ་ར། སུ་མ་ཏི་ཀིརྟི། རྔོག་ལོ། ཞང་ཚེ་སྤོང་བ། ཕྱྭ་པ་ཆོས་སེང་། དན་བག་པ་སྨྲ་སེང་། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀ་སེང་། བླ་བྲང་བ་ཆོས་དཔལ་རྒྱ་མཚོ། དེས་ཀུན་མཁྱེན་ཆེན་པོ་ལའོ། །དེ་ལྟར་བརྒྱུད་ཚུལ་གསུམ་འདུས་ཀུན་མཁྱེན་ཆོས་རྗེ་ནས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། ཀུན་དགའ་རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་ [108a] རྡོ་རྗེ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་གསང་སྔགས་བསྟན་འཛིན། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་སྲས་ཚེ་དབང་ནོར་བུ། མཚུངས་མེད་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །ཞར་བྱུང་བཤད་རྒྱུན་ལ། སྤྱིར་རྙིང་ཕྱོགས་སུ་གཞུང་ཆེན་བཅུ་གསུམ་ཞེས་པའི་རྒྱ་གཞུང་གཙོ་བོ་རྣམས་དང་། ཀཿཐོག་གཞུང་བརྒྱ་མ་ཞེས་རྒྱ་བོད་ཀྱི་གཞུང་འགྲེལ་སྣ་ཚོགས་བརྒྱ་ཕྲག་གཅིག་གི་བཤད་སྲོལ་དང་། གཙོ་བོར་བཤད་པ་དབུ་ཕར་འདུལ་མཛོད། སྒྲུབ་པ་མདོ་སྒྱུ་སེམས་གསུམ་ཞེས་སྔ་འགྱུར་ཕྱོགས་སུ་གྲགས་ཆེ་བ་འདི་རྣམས་འཕགས་བོད་སོ་སོའི་བཞེད་སྲོལ་དང་བརྒྱུད་ཚུལ་མཐའ་ཡས་ཀྱང་། སྐབས་འདིར་ཐོག་མར་ཤེར་ཕྱིན་སོགས་གཙོ་བོར་སྨོས་ན། ཐུབ་དབང་ནས་བོ་དྷི་སཏྭའི་བར་ཟབ་མོ་ལྟ་སྲོལ་བཞིན་དང་། ཡང་ན། ཐུབ་དབང་བྱམས་པ། ཐོགས་མེད་སྐུ་མཆེད། གྲོལ་སྡེ་ [108b] རྣམ་གཉིས། མཆོག་གི་སྡེ། དུལ་བའི་སྡེ། དེས་རྣམ་སྣང་དང་། སེང་གེ་བཟང་པོ། དེ་ནས་སངས་རྒྱས་ཡེ་ཤེས བོ་དྷི་སཏྭ། ཛི་ན་མི་ཏྲ། དེ་གཉིས་ལས། སྐ་ཅོག་ཞད་དབས་དཔལ་རྡོ་རྣམས་ཀྱིས་གསན་ཅིང་། ཕྱི་མས་བླ་ཆེན་རབ་གསལ། གྲུམ་ཤིང་གླག་གམ་རྒྱལ་བའི་ཡེ་ཤེས། ཡ་ཟི་སྟོན་པ། དེས་རོང་ཟོམ་ཆེན་པོ་ལའོ། །ཡང་ན། དབས་ཡེ་ཤེས་རྒྱལ་བ་ཁམས་སུ་བྱོན་པ་ལས། བླ་ཆེན། དེ་དང་གྲུམ་མཆོག་གི་ཡེ་ཤེས་གཉིས་ཀས། སེ་བཙུན་དབང་ཕྱུག་གཞོན་ནུ། དེ་ལ་འབྲེ་ཤེར་འབར་གྱིས་གསན་ཏེ་བསྟན་པ་སྔ་དར་བའི་ཤེར་ཕྱིན་གྱི་བཤད་པ་ལ་མཆོག་ཏུ་མཁས། ཁོང་གིས་རྔོག་ལོ་ལའང་མཁས་ཉན་མཛད་པས། དེ་ཕྱིན་ཆད་སྟོད་སྨད་ཀྱི་བཤད་རྒྱུན་གཅིག་ཏུ་འདྲེས་ནས་ནེའུ་ཐང་གི་གདན་སར། ཕྱྭ་པ་ཆོས་ཀྱི་སེང་གེ་སོགས་བོད་སྔ་རབས་པ་རྣམས་ཀྱིས་འཆད་སྤེལ་གྱིས་བསྐྱངས་པ། དེའི་གདན་རབས་བཅུ་དྲུག་པ་བླ་བྲང་པ་ཆོས་དཔལ་རྒྱ་མཚོ་དང་། སློབ་དཔོན་བཙན་དགོན་པ་གཉིས་ལས། ཀུན་མཁྱེན་ཀློང་ཆེན་པས་ལེགས་བཤད་ཀྱི་བདུད་རྩི་བཞེས་པར་ [109a] མཛད་པའི་རྒྱུན་ལས། མངའ་རིས་པདྨ་དབང་རྒྱལ། ལོ་ཆེན་དྷརྨ་ཤྲཱི་སོགས་མཁས་པའི་ཁྱུ་མཆོག་མང་པོ་བྱོན་ནས་དར་རྒྱས་སུ་གྱུར། ཡང་སེ་བཙུན་ནས། བླ་མ་རྡོ་རྗེ་འབྱུང་གནས། བཤེས་གཉེན་བྱང་ཆུབ་སྟོན་པ། ཆོས་རྗེ་དམ་པ་བདེ་གཤེགས། གཙང་སྟོན་རྡོ་རྗེ་རྒྱལ་མཚན། ཆོས་རྗེ་བྱམས་པ་འབུམ། སྤྱན་སྔ་བསོད་ནམས་འབུམ། དབུ་འོད་ཡེ་ཤེས་འབུམ། རྗེ་བཙུན་བྱང་ཆུབ་དཔལ། སྟོན་པ་དབང་འབྱོར་དཔལ་བ། རྡོ་རྗེ་དཔལ། མང་པ་བསོད་ནམས་བཟང་པོ། བློ་གྲོས་བྱང་ཆུབ། ཆོས་རྗེ་དབང་ཕྱུག་དཔལ། མང་པ་ཤེས་རབ་རྒྱལ་མཚན། མཁན་ཆེན་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་པོ་རྒྱལ་མཚན། སྟོན་པ་ཚུལ་ཁྲིམས་རྣམ་རྒྱལ། མཁན་ཆེན་ནམ་མཁའི་རྒྱ་མཚོ། དཔོན་པོ་ལྷ་དབང་རྡོ་རྗེ། ལུང་ཟིན་ཆོས་ཉིད་རྒྱ་མཚོ། འགྱུར་མེད་ཚེ་དབང་མཆོག་གྲུབ། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་ཆོས་ཀྱི་དབང་པོ། མི་ཕམ་རྣམ་པར་རྒྱལ་བ། འདི་ནས་ཀཿཐོག་སི་ཏུ་པཎ་ཆེན། མཁན་ཆེན་རྒྱལ་མཚན་འོད་ཟེར། མཁན་ཆེན་ངག་དབང་དཔལ་བཟང་། [109b] མཁན་དུལ་བའི་དཔལ་ལྡན། གསེར་པ་མཁན་ནུས་ལྡན་རྡོ་རྗེ། མཁན་ཆེན་པདྨ་རྡོ་རྗེ། གཞན་ཕན་སྣང་བའི་གོ་ཆ། ཨོ་རྒྱན་བསྟན་འཛིན་ནོར་བུ། གྲུབ་དབང་ཆོས་ཀྱི་གླང་པོ་སོགས་གསན་ལྔ་རིག་པའི་བཤེས་གཉེན་རྣམས་ཀྱིས་རྒྱ་ཆེར་སྤེལ་བས་སྔ་འགྱུར་མདོ་སྔགས་རིག་གནས་དང་བཅས་པའི་བཤད་རྒྱུན་ཚང་ལམ་ནོར་བར་བཞུགས་བཞིན་པ་འདིའོ། །དེ་ལྟར་མི་ཕམ་སྨྲ་བའི་སེང་གེའི་དངོས་སློབ་འགྱུར་མེད་ཕན་བདེའི་འོད་ཟེར་ཡིན་ལ། དེས་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུས་པ་བརྒྱ་ཕྲག་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཤད་རྒྱུན་གྱི་སྐལ་པ་བཟང་པོ་ཁོ་བོས་ཉམས་སུ་མྱོང་བ་ཡིན། ཡང་ཕྱི་འགྱུར་གྱི་བཤད་རྒྱུན་ལོ་ཆེན་དྷརྨ་ཤྲཱིས་བཞེད་པ་ལྟར་ན། ལྷོ་བྲག་པ་ཡན་གོང་ལྟར་ལ། དེ་ནས་བསོད་ནམས་མགོན་པོ། བུ་སྟོན་རིན་ཆེན་གྲུབ། རིན་ཆེན་རྣམ་རྒྱལ། གཡག་རོང་རྣམ་གཉིས། དམར་ཁམས་པ། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། སྨྲ་བའི་དབང་ཕྱུག་སངས་རྒྱས་ཆོས་དར། ལོ་ཆེན་དྷརྨ་ཤྲཱི་མན་སྔ་འགྱུར་རང་ལུགས་དང་འདྲེས་སོ། ། [110a] དེ་བཞིན་དུ་དབུ་མ་ཡང་། སངས་རྒྱས་བསྐྱང་ཡན་གོང་ལྟར་ལ། དེ་ནས། ཟླ་བ་གྲགས་པ། ཡེ་ཤེས་སྙིང་པོ། དེས་མཁན་ཆེན་ཞི་འཚོ་དང་། ཛི་ན་མི་ཏྲ། པྲཛྙཱ་ཝརྨ་གསུམ། དེ་གསུམ་གྱིས་བོད་དུ་སྤེལ་ནས། མདོ་སྡེ་རྒྱན་དང་། བུདྡྷ་པཱ་ལི། རྩ་ཤེས་སོགས་རྩལ་དུ་བཏོན། ཞི་འཚོས་དབུ་མ་རྒྱན་དང་། ཀ་མ་ཀཱི་ལས་དབུ་མསི་སྒོམ་རིམ་གསུམ་བཅས་བརྩམས་ནས། ཟབ་མོ་དབུ་མའི་རིང་ལུགས་གསལ་བར་ཕྱེས་པས་གངས་ཅན་པ་ལ་བཀའ་དྲིན་ཆེ་བ་སློབ་དཔོན་འདི་གཉིས་ཡིན། དེ་ནས་རིམ་བཞིན་སྐ་ཅོག་ཞང་སོགས་ཀྱིས་སྤེལ་ནས་ཁམས་སུ་བྱོན་པ་ཆོས་རྗེ་དམ་གཙང་བྱམས་གསུམ་སོགས་ཀྱིས་བསྐྱངས་ཏེ་ད་ལྟའི་བར་གནས་པ་གོང་གི་ཤེར་ཕྱིན་སྐབས་བཞིན་དང་། ཡང་གླང་དར་མའི་རྗེས་སུ་བླ་ཆེན་ལས་དབུས་སུ་མཆེད་དེ་ཀུན་གཟིགས་རོང་ཟོམ་སོགས་ཀྱིས་བསྐྱངས་པ་སྔར་བཞིན་ནོ། །ཡང་ཕྱིས་ཀྱི་ལུང་རྒྱུན་ལྟར་ན། དང་པོ་འབུམ་གྱི་བརྒྱུད་པ་ནི། སློབ་དཔོན་དབྱིག་གཉེན་ཡན་གོང་ལྟར་ལ། དེ་ནས། བློ་གྲོས་བརྟན་པ། རིག་པའི་ཁུ་བྱུག །འགྲེལ་མཛད་མཆེ་ [110b] བའི་སྡེ། ཁ་ཆེ་བཟང་པོའི་ཞབས། མར་མེ་མཛད་བཟང་པོ། ཁ་ཆེ་ག་གཱ་དྷ་ར། པཎ་ཆེན་ཀ་ནི་ཀ་ཤྲཱི། པུཎྱེ་ཤྲཱི་མི་ཏྲ། ཁ་ཆེ་དགོན་པ་བ་སྤྱན་གཅིག། ཁ་ཆེ་དྷརྨ་ཤྲཱི། བ་རོག་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན། དེ་སྲས་བ་རོག་སྟོན་སྐྱབས། དགེ་བསྙེན་དགའ་བ་རཱ་ཛ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འོད་ཟེར་ཤེས་རབ། སྟག་སྟོན་སྤྱིལ་ཕུ་བ། བླ་མ་དར་མ་འོད་ཟེར། ཞང་ཆོས་ཀྱི་བླ་མ། ཇོ་བཙུན་པ། སློབ་དཔོན་བསམ་གཏན་ལྷུན་གྲུབ། འདུལ་འཛིན་སེའུ་པ་བློ་གྲོས་བཟང་པོ། མཛྙུ་གྷོ་ཥ་རཏྣ། འདུལ་འཛིན་གདན་གཅིག་པ་བློ་གྲོས་བྱང་ཆུབ། སློབ་དཔོན་ཤཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེང་གེ །ཚལ་རིན་ཆེན་གྲགས་དོན་པ། བླ་མ་རིན་ཆེན་གྲགས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཐུ་སྟོན་ཀུན་དགའ་རྣམ་རྒྱལ། སྲས་ཀུན་དགའ་རྒྱལ་པོ། འབུམ་རམ་པ་རིན་ཆེན་ཆོས་དབང་། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །མང་ཐོས་ཆོས་རྒྱལ་དོན་འགྲུབ། སྤྱན་སྔ་བ་དཀོན་མཆོག་འབངས། རྒྱལ་ཚབ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །ཁྲོ་ཚང་བ་བློ་མཆོག་རྡོ་རྗེ། [111a] མགོན་པོ་བསོད་ནམས་མཆོག་ལྡན། རིག་འཛིན་པདྨ་ཕྲིན་ལས་མན་གོང་གི་འདུལ་བའི་སྐབས་བཞིན་ནོ། །ཉི་ཁྲིའི་བརྒྱུད་པ་ནི། དབྱིག་གཉེན་ཡན་གོང་ལྟར་ལ། དེ་ནས། འཕགས་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས། གུ་ཎ་མི་ཏྲ། རིན་ཆེན་རི་བོ། ཤནྟི་པ། འབུམ་ཕྱག་གསུམ་པ། རྡོག་ལོ་བློ་ལྡན་ཤེས་རབ། ཤེས་རབ་འབར། བྱང་ཆུབ་ཡེ་ཤེས། ཁུ་གཞོན་ནུ་བརྩོན་འགྲུས། དཀར་ཆུང་རིང་མོ། ཞང་བདེ་བ་ཅན་པ། གཉལ་ཞིག་འཇམ་དཔལ་རྡོ་རྗེ། ཤེས་རབ་དབང་ཕྱུག །ཆུ་མིག་པ་སེང་གེ་དཔལ། བཤེས་གཉེན་ལྷོ་བྲག་པ། མཁས་པ་དབེན་དགེ་བ། རོང་བླ་རྡོ་རྗེ་རིན་ཆེན། ཐར་རྩེའི་སློབ་དཔོན་ཆོས་དཔལ། ཚུལ་ཁྲིམས་བཟང་པོ། བསོད་ནམས་སེང་གེ ། ཚལ་གྲགས་དོན་པ། རྗེ་ཤཱཀྱ་རྒྱལ་མཚན། རིན་ཆེན་ཟླ་བ། རྡོ་རྗེ་གདན་པའམ་ཐུ་སྟོན་ཀུན་དགའ་རྣམ་རྒྱལ་མན་གོང་ལྟར་རོ། །ཁྲི་བརྒྱད་སྟོང་པའི་བརྒྱུད་པ་ནི། ཤནྟི་པ་ཡན་ཉི་ཁྲི་ལྟར་ལ། དེ་ནས། སུ་མ་ཏི་ཀིརྟི། རོང་ཟོམ་ཆོས་བཟང་། [111b] མངའ་རིས་པ་ཚུལ་ཁྲིམས་ཤེས་རབ། ལ་སྟོད་པ་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། འདུལ་འཛིན་ཡང་ཁྲོད་པ་ཆེན་པོ། འཇང་ར་སྔ་བ་ཤེས་ཚེ། དར་མ་འོད་ཟེར། བློ་གྲོས་རྒྱལ་མཚན། མཁས་པ་བྱང་ཆུབ་འབུམ། མཚོ་དཀར་བ། ཁམས་པ་བྱང་རྒྱལ། ཡར་ལུང་བསོད་ནམས་ཤེས་རབ། མཐར་རྩ་བ་བླ་མ་གཞོན་ནུ་དར། ཚལ་གྲགས་དོན་པ་མན་འབུམ་གྱི་སྐབས་བཞིན་ནོ། །ཤེས་རབ་ཁྲི་པའི་བརྒྱུད་པ། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཀུ་ས་ལི་ཆེ་ཆུང་། གསེར་གླིང་པ་ཆོས་གྲགས། ཇོ་བོ་ཨ་ཏི་ཤ ། འབྲོམ་སྟོན། ནམ་མཁའ་གོ་ཆ། ཆག་བྱང་ཆུབ་རྒྱལ་མཚན། ལ་སྟོད་པ་དཀོན་མཆོག་འབར། བཀྲ་ཤིས་རྡོ་རྗེ། ཡང་ཁྲོད་འདུལ་འཛིན་པ། རྟ་ནག་སྒོམ་ཤེས། བླ་མ་དར་མ་འོད་ཟེར་མན་ཁྲི་བརྒྱད་སྟོང་པ་དང་འདྲའོ། །བརྒྱད་སྟོང་པའི་བརྒྱུད་པ་ནི། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཡོན་ཏན་བཤེས་གཉེན། རིན་ཆེན་རི་བོ། པཎ་ཆེན་ཟླ་བཟང་། འབུམ་ཕྲག་གསུམ་པ་ནས་ཤཱཀྱ་རྒྱལ་མཚན་བར་ཉི་ཁྲི་ལྟར་དང་། དེ་ནས་རྡོ་རྗེ་གདན་ [112a] པ། བྱང་ཆུབ་དབང་རྒྱལ། མཁྱེན་དཔོན་ཚེ་དབང་ཀུན་བཟང་། ཀུན་བཟང་རྩེ་པ་བྱང་ཆུབ་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། མགོན་པོ་བསོད་ནམས་མཆོག་ལྡན། ཀུན་བཟང་པདྨ་ཕྲིན་ལས་མན་གོང་དང་འདྲ། ཤེར་ཕྱིན་སྣ་ཚོགས་པའི་བརྒྱུད་པ་ཐུན་མོང་བ་ནི། ཁ་ཆེ་ཛྙཱ་ན་ཤྲཱི། སུ་མ་ཏི་ཀིརྟི། སྨྲྀ་ཏི་ཛྙཱ་ན་ཀིརྟི། རོང་ཟོམ་ཆོས་བཟང་། ཉང་སྟོན་ཆོས་འཁོར། ཉང་རལ་ཉི་མ་འོད་ཟེར། ལྷོ་པ་ཐམས་ཅད་མཁྱེན་པ། བླ་མ་གྲགས་པ་སེངྒེ་། སྤྱིལ་ཕུ་བ་འོད་ཟེར་ཤེས་རབ། བླ་མ་དར་མ་འོད་ཟེར། བྱང་ཆུབ་རྡོ་རྗེ། བདེ་ཆེན་ཡེ་ཤེས་མགོན་པོ། བདེ་ཅན་ཡེ་ཤེས་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར། ཆོས་སྒོ་བ་ཆོས་དཔལ་བཟང་པོ། བསོད་ནམས་སེངྒེ་མན་འབུམ་དང་འདྲའོ། །ཤེར་སྙིང་གི་བརྒྱུད་པ་ཐུན་མོང་མ་ཡིན་པ་ནི། ཐུབ་དབང་། ཀུན་དགའ་བོ། ཀྲྀཥྞའི་གོས། ཤ་ནའི་གོས་ཅན། ཉི་མའི་གུང་། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨརྻ་དཱེ་ཝ། འཇམ་དཔལ་གྲགས་པ། ཤནྟི་པ། རྡོ་རྗེ་གདན་པ་ [112b] གསུམ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང་། དཔྱལ་པདྨ་ཅན། གཞོན་ནུ་ཡེ་ཤེས། རོང་པ་ཤེར་སེང་། བག་སྟོན་མགོན་པོ་འབུམ། སྦུག་སྟོན་ཤེས་རྡོར་བ། ཆོས་སྒོ་བ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ། རིན་ཆེན་གྲགས་པ། རྗེ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། བློ་གྲོས་རྒྱལ་མཚན། འབུམ་རམ་པ་ཡན་གོང་དང་འདྲ། གཞན་ཡང་བརྒྱུད་ཚུལ་མང་དུ་ཡོད་ཀྱང་འདིར་དེ་ཙམ་མོ། །དེ་ནས་གསར་འགྱུར་གྱི་མདོ་རྣམས་ནི་ཤེར་ཕྱིན་དུ་གཏོགས་པ་མ་ཡིན་མོད་ཀྱི། དུས་ཕྱིས་འགྱུར་བ་རྣམས་ཕྱོགས་གཅིག་ཏུ་སྔར་ནས་གླེགས་བམ་འདིའི་གཤམ་དུ་བཀོད་འདུག་ཅིང་། ཐེག་པ་ཆེ་ཆུང་གང་ཡིན་དང་། སྔ་འགྱུར་དང་ཟློས་པ་ཡོད་མེད་སོགས་ཀྱང་མ་བརྟགས་པར་བཞག་སྣང་བ་བཞིན། འདིར་ཡང་དེ་ལྟར་བྱས་པ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། སྐྱེས་པ་རབས་ཀྱི་གླེང་གཞིའི་མདོ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་མདོ། བསླབ་པ་ལྔའི་ཕན་ཡོན་གྱི་མདོ། རིའི་ཀུན་དགའ་བོའི་མདོ། ཀླུའི་རྒྱལ་ [113a] པོ་དགའ་བོ་དང་ཉེ་དགའ་བོ་བཏུལ་བའི་མདོ། འོད་སྲུང་ཆེན་པོའི་མདོ། ཉི་མའི་མདོ། ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ་རྣམས་པཎྜི་ཏ་ཆེན་པོ་ཨ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་པ་རྣམས་སོ། །དེ་ལྟར་ཕྱི་འགྱུར་བཅུ་གསུམ་གྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། སྨན་པའི་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤནྟ་བཛྲ། ཀརྨ་བཛྲ། པུཎྱེ་ཤྲཱི། ཛ་ཡ་ཤྲཱི། བི་ཛ་ཡ་རཀྵཾ་ཏ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་ཁུར་པ། དཀོན་མཆོག་བླ་མ། བག་སྟོན་པ་མགོན་པོ་འབུམ། སྤྲུ་སྟོན་པ་མཁན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེངྒེ་། ཚལ་རིན་པོ་ཆེ་གྲགས་སྟོན་པ། དགྲ་བཅོམ་པ་རིན་ཆེན་གྲགས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ། ཚར་ [113b] ཆེན་བློ་གྲོས་རྒྱལ་མཚན། འབུམ་རབ་འབྱམས་རིན་ཆེན་ཆོས་དབང་། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག། དཔལ་ལྡན་གཙུག་ལག་ཕྲེང་བ། ཞྭ་དམར་དཀོན་མཆོག་ཡན་ལག །སེམས་དཔའི་གྲགས་པ་དོན་གྲུབ། སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ། སྨན་ལུང་པ་བློ་མཆོག་རིག་པའི་རྡོ་རྗེ། བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་བྲག་ཞབས་དྲུང་པདྨ་ཕྲིན་ལས་མན་སྔ་མ་ལྟར་རོ། །གསུམ་པ་འཁོར་ལོ་ཐ་མའི་མདོ་གཞུང་བཞུགས་ཚོགས་ཆེ་བའི་སྐོར་ལ། སྔོན་འཕགས་ཡུལ་དུ་ན་ལེནྡྲ་བི་ཧ་ར་ལ་མེའི་དགྲ་བྱུང་རྐྱེན་གྱིས་མངོན་པའི་སྡེ་སྣོད་མང་པོ་ནུབ་པར་བཤད་ཅིང་། ཕྱིས་རྒྱ་གར་དང་། ལི་ཡུལ། རྒྱ་ནག་གི་དཔེ་རྣམས་ལས་རྙེད་པའི་ལེའུ་ཚང་ཞིང་བསྒྱུར་དུ་བཏུབ་པ་རྣམས་བསྒྱུར་བ་ཞེས་འབྱུང་བ་ལས། མདོ་མང་གི་ཁྲོད་དུའང་ངེས་དོན་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་ཅི་རིགས་བཞུགས་མོད། བརྗོད་བྱའི་དོན་གཙོ་ཆེ་བའི་དབང་དུ་བྱས་ཏེ། ཕལ་པོ་ཆེ་དང་། དཀོན་བརྩེགས། མྱང་འདས་རྣམས་འཁོར་ལོ་ཐ་མར་ངོས་འཛིན་མཛད་པ་ལྟར། དང་པོ་སངས་རྒྱས་ཕལ་པོ་ཆེ་ [114a] ལ། གླེགས་བམ་༼ཀ༽པ་ལ། ཕལ་པོ་ཆེ་ལེའུ་ཉེར་དགུ ། ཤློ་ཀ་བཞི་སྟོང་ཉིས་བརྒྱ། བམ་པོ་ཉི་ཤུ་རྩ་དགུ་རྣམས་སུ་ཡོད་པ་ཡོངས་སུ་རྫོགས་པ་དང་། ལེའུ་སུམ་ཅུ་པ་རྡོ་རྗེ་རྒྱལ་མཚན་གྱི་ལེའུ་ལ། ཤློ་ཀ་སུམ་སྟོང་དགུ་བརྒྱ། བམ་པོ་བཅུ་གསུམ་ཡོད་པའི་སྟོད་ནས་བམ་པོ་གཅིག་སྟེ། ཡོངས་བསྡོམས་བམ་པོ་སུམ་ཅུ། ༼ཁ༽ པ་ལ། རྡོ་རྗེ་རྒྱལ་མཚན་གྱི་ལེའུའི་གཤམ། བམ་པོ་བཅུ་གཉིས་རྫོགས་པ་དང་། སོ་གཅིག་པ་ས་བཅུ་པའི་ལེའུ། ཤློ་ཀ་ཉིས་སྟོང་བཞི་བརྒྱ། བམ་པོ་དགུ ། སོ་གཉིས་པ་ཀུན་བཟང་གིས་བསྟན་པའི་ལེའུ། སོ་གསུམ་པ་ཏིང་ངེ་འཛིན་བཅུ་པའི་ལེའུ། སོ་བཞི་པ་མངོན་ཤེས་བསྟན་པའི་ལེའུ། སོ་ལྔ་པ་བཟང་པོའི་ལེའུ། སོ་དྲུག་པ་གྲངས་ལ་འཇུག་པའི་ལེའུ། སོ་བདུན་པ་ཚེའི་ཚད་ཀྱི་ལེའུ། སོ་བརྒྱད་པ་བྱང་ཆུབ་སེམས་དཔའི་གནས་བསྟན་པའི་ལེའུ་ཡན་བམ་པོ་བརྒྱད་དེ། ཡོངས་བསྡོམས་བམ་པོ་ཉི་ཤུ་རྩ་དགུ ༼ག༽པ་ལ། ལེའུ་སོ་དགུ་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ། བཞི་བཅུ་པ་དེ་བཞིན་གཤེགས་པའི་མཚན་རྒྱ་མཚོ་བསྟན་པའི་ [114b] ལེའུ། ཞེ་གཅིག་པ་དཔེ་བྱད་བཟང་པོ་བསྟན་པའི་ལེའུ། ཞེ་གཉིས་པ་ཀུན་བཟང་གི་སྤྱོད་པ་བསྟན་པའི་ལེའུ་རྣམས་ལ་བམ་པོ་བརྒྱད་དེ། གླེགས་བམ་སྔ་མའི་ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ནས། འདིའི་བར་ཁྱོན་བསྡོམས་ཤློ་ཀ་སྟོང་བརྒྱད་བརྒྱ། བམ་པོ་བཅུ་དྲུག་ཡོད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུར་གྲགས་སོ། །ཞེས་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་དང་བྱུང་བ་བསྟན་པའི་ལེའུ། ཤློ་ཀ་སྟོང་ལྔ་བརྒྱ། བམ་པོ་ལྔ། ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ཤློ་ཀ་སུམ་སྟོང་སུམ་བརྒྱ། བམ་པོ་བཅུ་གཅིག །ཞེ་ལྔ་པ་སྡོང་པོ་བཀོད་པ་འཕྲོས་དོན་དང་བཅས་པ་ལས་སྡོང་པོས་བརྒྱན་པའི་ལེའུ། ཤློ་ཀ་བརྒྱད་སྟོང་བདུན་བརྒྱ་བམ་པོ་ཉི་ཤུ་རྩ་དགུ་པའི་སྟོད་ནས་བམ་པོ་བརྒྱད་དེ་ཁྱོན་བམ་པོ་ཉེར་བདུན་རྣམས། ༼ཨ༽ པ་ལ། སྡོང་པོས་བརྒྱན་པའི་ལེའུའི་འཕྲོ་བམ་པོ་ཉི་ཤུ་རྩ་གཅིག་དང་། དེའི་གཤམ་དུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་ [115a] པ་ཕྱོགས་གཅིག་པ་གསུངས་པ་ལ་བམ་པོ་གཅིག་སྟེ་ཁྱོན་བམ་པོ་སུམ་ཅུ་རྣམས་སོ། །དེ་ལྟར་ཕལ་པོ་ཆེའི་ལེའུ་ཇི་སྙེད་པ་འདི་ལ་ཀུན་མཁྱེན་བུས་ལེའུ་བཞི་བཅུ་རྩ་ལྔ་པ་ཡན་ཆད་དུ་ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་དང་སུམ་ཅུ་དང་ཤློ་ཀ་སུམ་ཅུ་ཡོད་པར་གསུངས་སྣང་བ་ཤློ་ཀ་སུམ་བརྒྱ་ལ་བམ་པོར་བཅད་པའི་དབང་གིས་ཡིན་ལ། དཀར་ཆག་ལྡན་དཀར་མར་བམ་པོ་བརྒྱ་དང་ཉི་ཤུ་རྩ་བདུན་དུ་མཛད་སྣང་། འདིར་ནི་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་དང་མཐུན་པར་ལེའུ་ཞེ་ལྔ་པ་ཡན་བམ་པོ་བརྒྱ་དང་བཅོ་ལྔ། དེ་ཕྱིན་བམ་པོ་གཅིག་བཅས་བརྒྱ་དང་བཅུ་དྲུག་ཡོད་ཅིང་། བམ་ཚད་ནི་ཕལ་ཆེར་ཤློ་ཀ་སུམ་བརྒྱ་ཙམ་དང་། འགའ་ཞིག་བཞི་བརྒྱ་དང་ཕྱེད་བཞི་བརྒྱ་པའང་ཡོད་པར་འདུག །སྒྱུར་བྱེད་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པར་བཤད་དོ། །དེ་ལྟར་སངས་རྒྱས་ཕལ་པོ་ཆེ་ཡོངས་རྫོགས་གླེགས་བམ་བཞིའམ་དྲུག་ཏུ་མཛད་པར་སྣང་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྟོན་ [115b] པ་ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། འཕགས་པ་ལྷ། ལེགས་ལྡན་འབྱེད། ཡེ་ཤེས་སྙིང་པོ། བོ་དྷི་སཏྭ། བཻ་རོ་ཙ་ན། དཔལ་གྱི་རྡོ་རྗེ། དགོངས་པ་རབ་གསལ། ཤཱཀྱ་འབྱུང་གནས། ཤཱཀྱ་ཡེ་ཤེས། གཙང་སྟོན་པ། སྒ་སྟོན་ཤེས་རབ་གཞོན་ནུ། ཀཿཐོག་དམ་གཙང་བྱམས་གསུམ། དེ་ནས་སྤྱན་སྔ་འབུམ། ཡེ་ཤེས་འབུམ། བྱང་ཆུབ་དཔལ། དབང་འབྱོར་དཔལ་བ། རྡོ་རྗེ་དཔལ་བ། ནམ་མཁའ་འབུམ། བློ་གྲོས་སེངྒེ་། བྱང་ཆུབ་བློ་གྲོས། མཁན་ཆེན་བྱང་ཆུབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེངྒེ་། མཁས་གྲུབ་ཡེ་ཤེས་རྒྱལ་མཚན། མཁན་ཆེན་རྡོ་རྗེ་དཔལ་བཟང་། མཁས་གྲུབ་རྡོ་རྗེ་རྣམ་རྒྱལ། བླ་མ་ནམ་མཁའ་རྒྱ་མཚོ། རྡོ་རྗེ་རྒྱལ་མཚན། མཁན་པོ་ནམ་མཁའ་རིན་ཆེན། མཁན་ཆེན་བློ་གྲོས་རབ་བརྟན། ཧེ་པ་ཆོས་ཀྱི་འབྱུང་གནས། བླ་མ་ཤེས་རབ་རྒྱལ་མཚན། རིག་འཛིན་ཀུན་བཟང་ཤེས་རབ། མཁས་གྲུབ་པདྨ་ནོར་བུ། བླ་མ་པདྨ་བློ་གྲོས། མཁན་པོ་ཀུན་བཟང་རྡོ་རྗེ། ལུང་ཟིན་ཆོས་ཉིད་རྒྱ་མཚོ། ཀཿཐོག་དགེ་རྩེ་པཎ་ཆེན། དཔལ་སྤྲུལ་སེམས་དཔའི་ཆེན་པོ། ལུང་རྟོགས་བསྟན་པའི་ཉི་མ། མཁན་ཆེན་རྒྱལ་མཚན་འོད་ཟེར། [116a] དེས་འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར་གྱི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་རྒྱ་ནག་ལུགས་ཀྱི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། པཎྜི་ཏ་བྱང་ཆུབ་བཟང་པོ། འཇམ་དཔལ་སྤྲུལ་པ་ཞུ་ཐུན། གྱིམ་ཇུན། ཐང་ཧང་། བཙུན་པ་མ་ཧཱུྃ་ཡ་མ། པ་གོར་བཻ་རོ་ཙ་ན་མན་སྔར་བཞིན་ནོ། །གཉིས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ནི། སྔོན་ལེའུ་སྟོང་ཕྲག་བརྒྱ་ཡོད་པར་གྲགས་པ་གོང་དུ་ཕལ་ཆེན་གྱི་སྐབས་སུ་བཤད་པ་ལྟར་འཕགས་ཡུལ་དུ་མ་ཚང་བར་གྱུར་པ་ལས་ཕྱིས་ཇི་ཙམ་རྙེད་པ་བསྡུས་ནས་ལེའུ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་འདི་ལ། ཐོག་མར་༼ཀ༽པ་ལ། སྡོམ་པ་གསུམ་བསྟན་པའི་ལེའུ་བམ་པོ་གསུམ་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། སྒོ་མཐའ་ཡས་པ་རྣམ་པར་སྦྱང་བའི་ལེའུ་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་རཀྵི་ [116b] ཏས་བསྒྱུར་ཅིག་ཞུས་པ། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ། བམ་པོ་བཅུ་དང་ལེའུ་ཉེར་ལྔ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་སོགས་པས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། རྨི་ལམ་བསྟན་པའི་ལེའུ་ཤློ་ཀ་དགུ་བརྒྱ་དང་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅས་ཀྱིས་བཅོས་པ། འོད་དཔག་མེད་ཀྱི་ཞིང་བཀོད་པའི་ལེའུ་བམ་པོ་གསུམ་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་བཞུགས། ༼ཁ༽པ་ལ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པའི་ལེའུ་བམ་པོ་ལྔ་དང་ལེའུ་ལྔ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། གོ་ཆའི་བཀོད་པ་བསྟན་པའི་ལེའུ་བམ་པོ་དྲུག་པ། ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་བ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་བམ་པོ་གཉིས་པ། རྒྱ་གར་གྱི་ [117a] མཁན་པོ་ཛི་ན་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་ཆོས་བཅུ་པའི་ལེའུ་བམ་པོ་གཉིས་པ། ཤློ་ཀ་ལྔ་བཅུ་རྩ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རནྡྲེ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་ཀུན་ནས་སྒོའི་ལེའུ་བམ་པོ་གཅིག་པ། ཤློ་ཀ་ཉིས་བརྒྱ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་འོད་ཟེར་ཀུན་ནས་བཀྱེ་བའི་ལེའུ་བམ་པོ་ལྔ་དང་། ཤློ་ཀ་སྟོང་ལྔ་བརྒྱ་པ་འགྱུར་བྱང་མ་འཁོད་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་ལེའུ་བམ་པོ་གསུམ་པ་ཡན་དང་། ལེའུ་བཞི་པའི་སྟོད་ཡན་ནོ། ༼ག༽པ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་ལེའུའི་བམ་པོ་བཞི་པ་ནས་ཉི་ཤུ་པ་ཡན་དང་། ལེའུ་བཞི་པའི་སྨད་ནས་བཅུ་གཉིས་པ་ཡན་ཁྱོན་བསྡོམས་ཤློ་ཀ་སྟོང་ཕྲག་དྲུག་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་སུ་རེནྡྲ་བོ་དྷི་དང་། ཨཱ་ཙརྱ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་ [117a] པ་དགའ་བོ་མངལ་ན་གནས་པ་བསྟན་པའི་ལེའུ་བམ་པོ་གསུམ་པ་འགྱུར་བྱང་མོ་འཁོད་པ། འཕགས་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པའི་ལེའུ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་ལེའུ་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །༼ང་༽ པ་ལ། ཡབ་སྲས་མཇལ་བ་དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་བམ་པོ་བཅོ་ལྔ་པ། ལེའུ་ཉེར་དྲུག་ཤློ་ཀ་བཞི་སྟོང་ལྔ་བརྒྱ་སྟེ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་དེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་གང་པོས་ཞུས་པའི་ལེའུ་བམ་པོ་དྲུག་དང་ལེའུ་བརྒྱད་པ་འགྱུར་བྱང་མ་འཁོད་པ། ཡུལ་འཁོར་སྐྱོང་གིས་ཞུས་པའི་ལེའུ་བམ་པོ་གསུམ་དང་ལེའུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་ [118a] གསར་བཅད་ཀྱིས་བཅོས་པ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། ཤློ་ཀ་དགུ་བརྒྱ་པ་རྣམས་སོ། །༼ཅ༽པ་ལ། གློག་ཐོབ་ཀྱིས་ཞུས་པའི་ལེའུ་བམ་པོ་གཉིས་པ་འགྱུར་བྱང་མ་འཁོད་པ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་ལེའུ་བམ་པ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ་ཤློ་ཀ་བཞི་བརྒྱ་སུམ་ཅུ་པ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ལེའུ་བམ་པོ་གསུམ་པ། ཤློ་ཀ་དགུ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་བསྟན་པའི་ལེའུ་བམ་པོ་བཞི་པ། ཤློ་ཀ་སྟོང་ཉིས་བརྒྱ་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པའི་ [118b] ལེའུ་བམ་པོ་གཉིས་པ། ཤློ་ཀ་དྲུག་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། ལྷག་པའི་བསམ་པ་བསྐུལ་བའི་ལེའུ་བམ་པོ་གཉིས་པ། ཤློ་ཀ་དྲུག་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་ལག་བཟང་གིས་ཞུས་པའི་ལེའུ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་རྩ་བརྒྱད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། དེས་པས་ཞུས་པའི་ལེའུ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་ལེའུ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། པཏྶའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་ལེའུ་བམ་པོ་གཅིག་པ། ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་ [119a] གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་ལེའུ་བམ་པོ་ཕྱེད་པ། འགྱུང་གོང་དང་འདྲ་བ། གངྒཱའི་མཆོག་གིས་ཞུས་པའི་ལེའུ། ཤློ་ཀ་སུམ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་ལུང་བསྟན་པའི་ལེའུ་བམ་པོ་གཅིག་པ། ཤློ་ཀ་བརྒྱ་དང་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་ལེའུ་བམ་པོ་གཉིས་པ། འགྱུར་སྔ་མ་དང་འདྲ་བ། མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པའི་ལེའུ། ཤློ་ཀ་བཞི་བརྒྱ་ལྔ་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། [119b] དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། བློ་གྲོས་རབ་གནས་ཀྱི་ཞུས་པའི་ལེའུ་ལས་བམ་པོ་གཉིས་པ་ཡན་རྣམས་སོ། །༼ཆ༽པ་ལ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུ་བམ་པོ་གསུམ་པ་ནས་བཞི་པའི་བར་རྫོགས་པ་སྟེ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ་ཡོངས་བསྡོམས་ཤློ་ཀ་སྟོང་ཉིས་བརྒྱ་པ། སེང་གེས་ཞུས་པའི་ལེའུ། ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའི་ཡེ་ཤེས་དམ་པས་ཞུས་པའི་ལེའུ་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ཀརྨ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཤློ་ཀ་སྟོང་ཉིས་བརྒྱ་སུམ་ཅུ་པ། ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་ལེའུ་བམ་པོ་གཉིས་པ། རྒྱ་གར་གྱི་ [120a] མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་བམ་པོ་གཅིག་པ། འགྱུར་བྱང་མ་འཁོད་པ། བྱམས་པས་ཞུས་པའི་ལེའུ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། བྱམས་པས་ཆོས་བརྒྱད་ཞུས་པའི་ལེའུ་བམ་པོ་ཕྱེད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འོད་སྲུང་གིས་ཞུས་པའི་ལེའུ་བམ་པོ་གསུམ་པ། ཤློ་ཀ་དྲུག་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། རིན་པོ་ཆེའི་ཕུང་པོ་ལུང་བསྟན་པའི་ལེའུ་བམ་པོ་གཉིས་པ། ལེའུ་བདུན་དང་། ཤློ་ཀ་དྲུག་བརྒྱ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་ལེའུ་བམ་པོ་གཅིག་དང་། ཤློ་ཀ་ཉིས་ [120b] བརྒྱ་པ། རྒྱ་གར་གྱི་མཁན་པོ་སུ་རནྡྲེ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་བསྒྱུར་ཅིང་ཞུས་པ། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཤེར་ཕྱིན་བདུན་བརྒྱ་པ་ལུང་བསྟན་པའི་ལེའུ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ལྷ་མོ་དཔལ་འཕྲེང་གིས་སེང་གེའི་སྒྲ་བསྟན་པའི་ལེའུ་བམ་པོ་གཉིས་པ། ཤློ་ཀ་དྲུག་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཆཆིང་ཞུས་པ། དྲང་སྲོང་རྒྱས་པས་ཞུས་པའི་ལེའུ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ། །དེ་ལྟར་འདུས་པ་ཞེ་དགུ་པོ་ཡོངས་སུ་རྫོགས་པ་སྤྱིའི་བརྒྱུད་པ་ནི། མཉམ་མེད་ཤཱཀྱ་ [121a] སེངྒེ་། འཇམ་དཔལ་དབྱངས། ཀླུ་སྒྲུབ་ཡབ་སྲས། སངས་རྒྱས་བསྐྱངས། བྲམ་ཟེ་བཙུན་པ། ཡེ་ཤེས་སྙིང་པོ། བོ་དྷི་སཏྭ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། པཎ་ཆེན་དེ་གསུམ་ལས་སྐ་ཅོག་ཞང་གསུམ་གྱིས་གསན། སློབ་དཔོན་གཡུ་སྒྲ་སྙིང་པོ། ཨ་རོ་ཡེ་ཤེས་འབྱུང་གནས། གྲུམ་ཤིང་གླག །ཟི་སྟོན་ཆེན་པོ། རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། ཞང་འགོས་ཆུང་བ། ཤཱཀྱ་ཡེ་ཤེས། ཤཱཀྱ་སེངྒེ་། བླ་མ་རྗེ་བཙུན་པ། དེས་ཆོས་རྗེ་ཀཿཐོག་དམ་པ་བདེ་གཤེགས། དེ་ནས་རིམ་བཞིན་ཀཿཐོག་རྡོ་རྗེ་གདན་དུ་གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྗེ་བྱམས་པ་འབུམ། སྤྱན་སྔ་བ་བསོད་ནམས་འབུམ་པ། དབུ་འོད་ཡེ་ཤེས་འབུམ་པ་སྟེ་འབུམ་པ་རྣམ་གསུམ། དེ་ནས་བྱང་ཆུབ་དཔལ། དབང་འབྱོར་རྒྱ་མཚོ། རྡོ་རྗེ་རྒྱལ་དཔལ། རིན་ཆེན་བཀྲ་ཤིས། བཤེས་གཉེན་ཆོས་ཀྱི་བརྩོན་འགྲུས། ཤེས་རབ་སེང་གེ །བྱང་ཆུབ་རྒྱལ་མཚན། ཡོན་ཏན་གྲགས་པ། རྡོ་རྗེ་རྒྱལ་མཚན། མཁན་ཆེན་ནམ་མཁའ་རིན་ཆེན། མཁན་ཆེན་བློ་གྲོས་རབ་བརྟན། བཤེས་གཉེན་ཆོས་ཀྱི་འབྱུང་གནས། བརྩོན་འགྲུས་རྒྱ་མཚོ། ལུང་ཟིན་ [121b] ཆོས་ཉིད་རྒྱ་མཚོ། རྗེ་ནམ་མཁའ་རྒྱ་མཚོ། ངེས་དོན་བསྟན་འཛིན་ནོར་བུ། དྲི་མེད་ཞིང་སྐྱོང་མགོན་པོ། དགེ་པཎ་ཚེ་དབང་མཆོག་གྲུབ་མན་སྔར་བཞིན་ནོ། །མྱང་འདས་ནི་འོག་ཏུ་མདོ་མང་ན་བཞུགས་སོ། །དེ་ནས་སྔ་མ་དང་འབྲེལ་བར་བསྟན་པ་ཕྱི་དར་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། འཕགས་པ་ལྷ། འཇམ་དཔལ་གྲགས་པ། རིན་བྱུང་ཞི་བ། སེའུ་རི་བ། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ། བརྩོན་སེང་། ཀུན་དགའ་སྙིང་པོ། ཁྱུང་སྟོན་གྲགས། བསོད་ནམས་དབང་པོ། ཀོ་ནག་རལ་གྲི། ཤངས་པ་གྲགས་སེང་། ཤངས་ཚུལ་བ། ཡོན་ཏན་དཔལ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། རང་བྱུང་རྡོ་རྗེ། རྒྱལ་དཔལ་བ། བརྩོན་སེང་། བློ་གྲོས་སེངྒེ་། ཆོས་ཀྱི་རྡོ་རྗེ། ཚལ་རིན་ཆེན་གྲགས་དོན། རྗེ་ཤཱཀྱ་རྒྱལ་མཚན། ཐུ་སྟོན་འཇིགས་མེད་དཔའི་བོ། རྡོར་གདན་ཀུན་དགའ་རྣམ་རྒྱལ། བློ་གྲོས་རྒྱལ་མཚན། རིན་ཆེན་ཆོས་དབང་། ཚུལ་དབང་། ཆོས་རྒྱལ་དོན་འགྲུབ། དཀོན་མཆོག་འབངས། གྲགས་པ་དོན་གྲུབ། ཚོགས་གཉིས་དཔལ་གྲུབ། དྷི་ཚ་སྤྲུལ་སྐུ། བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། ཞབས་དྲུང་པདྨ་ཕྲིན་ལས་མན་སྔར་གྱི་བརྒྱུད་པ་བཞིན་ནོ། ། [122a] ད་ནི་འཁོར་ལོ་ཐ་མའི་དགོངས་འགྲེལ་བསྟན་བཅོས་འགའ་ཞིག་གི་བརྒྱུད་པ་སྨོས་པ་ལ། ཐོག་མར་མདོ་རྒྱན་སོགས་བྱམས་པའི་ཆོས་སྡེ་རྣམས་ཀྱི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། རྣམ་གྲོལ་སྡེ། དུལ་བའི་སྡེ། སེངྒེ་བཟང་པོ། །དཔལ་སྦས། ཛྙཱ་ན་གརྦྷ། བོ་དྷི་སཏྭ། དཔལ་བརྩེགས་རཀྵི་ཏ། ཡེ་ཤེས་གཞོན་ནུ། སློབ་དཔོན་གཡུ་སྒྲ། ཤཱཀྱ་ཡེ་ཤེས། འགྲོ་མགོན་གཙང་པ། བྱང་སྟོན་རྣམ་དག། ཆོས་རྗེ་ཀཿཐོག་པ་དམ་པ་བདེ་གཤེགས། དེ་ནས་རིམ་བཞིན་གདན་ས་དེར་ཁམས་བརྒྱུད་དུ་བྱོན་པ། གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྗེ་བྱམས་པ་འབུམ་པ། བསོད་ནམས་འབུམ་པ། ཡེ་ཤེས་འབུམ་པ། བོ་དྷི་ཤྲཱི། བསོད་ནམས་བཟང་པོ། ནམ་མཁའ་རྡོ་རྗེ། རིན་ཆེན་དཔལ། བློ་གྲོས་བཟང་པོ། བློ་གྲོས་བྱང་ཆུབ། བྱང་ཆུབ་རྒྱལ་མཚན། ཡེ་ཤེས་རྒྱལ་མཚན། ཤེས་རབ་རྡོ་རྗེ། ནམ་མཁའི་སེངྒེ་། ཚུལ་ཁྲིམས་རྒྱལ་མཚན། རྗེ་བསོད་ནམས་དོན་གྲུབ། རྗེ་ནམ་མཁའ་རྒྱ་མཚོ། དབང་དྲག་རྒྱ་མཚོ། འགྲོ་མགོན་ཆོས་ཉིད་རྒྱ་མཚོ། མཁན་ཆེན་ [122b] བྱང་ཆུབ་རྒྱལ་མཚན། བླ་མ་ནམ་མཁའ་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ། དགེ་པཎ་ཚེ་དབང་མཆོག་གྲུབ། རིག་འཛིན་བསོད་ནམས་དཔལ་ལྡན། ཀཿཐོག་སི་ཏུ་པཎ་ཆེན། མཁན་ཆེན་རྒྱལ་མཚན་འོད་ཟེར། འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་རམ། འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་རྒྱུད་བླ་མའི་བརྒྱུད་པ་གཅིག་ནི། ཐུབ་དབང་། བྱམས་མགོན། ཐོགས་མེད། མཻ་ཏྲ་པ། པཎྜི་ཏ་སད་ཛྙཱ་ན། རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེངྒེ་། དགེ་བཤེས་རྒྱ་མར་པ། དེ་ནས་ཆོས་རྗེ་ཀཿཐོག་པ་དམ་པ་མན་གོང་གི་ཁམས་བརྒྱུད་བཞིན་ནོ། །ཡང་ན་རྔོག་ལོ་ཆེན་པོ་དང་ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་སོགས་ནས་འཆད་ཉན་རྒྱུན་མ་ཆད་པར་གནས་པ་ཕྱིས་སུ་ཞྭ་དམར་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཐུགས་སྲས་ཚེ་དབང་ཀུན་ཁྱབ། སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། བླ་མ་ཀརྨ་བསྟན་འཕེལ། ལུང་རྟོགས་དབང་ཕྱུག །མེ་ཉག་ཆོས་རྒྱལ། ཐམས་ཅད་མཁྱེན་པ་བློ་གྲོས་མཐའ་ཡས། མཁས་དབང་བཀྲ་ཤིས་ཆོས་འཕེལ། པདྨ་ཕྲིན་ལས་རྒྱ་མཚོ། [123a] དེས་བདག་ལའོ། །ཡང་ཀླུའི་བསྟོད་ཚོགས་སྐོར་གྱི་བརྒྱུད་པ་ནི། ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཛྙཱ་ན་གརྦྷ། བོ་དྷི་སཏྭ། དཔལ་བརྩེགས་རཀྵི་ཏ། གཉགས་ལོ་ཆེན་པོ། རྨ་བན་རིན་མཆོག །སློབ་དཔོན་རིན་ཆེན་གཞོན་ནུ། རྒྱལ་བའི་ཡེ་ཤེས། དཔལ་གྱི་རྡོ་རྗེ། བླ་མ་ཆེན་པོ། ཡ་ཟི་བོན་སྟོན། རོང་ཟོམ་ཆེན་པོ། ཤེས་རབ་བཟང་པོ། རིན་ཆེན་རྡོ་རྗེ། བརྩོན་སེང་པ། བྱང་སྟོན་ཆེན་པོ། དེས་ཆོས་རྗེ་ཀཿཐོག་པ་མན། སྔར་བཞིན་དང་། ཡང་ཕྱིས་ཀྱི་བརྒྱུད་པ་ལྟར་ན། ཐུབ་དབང་། ཀླུ་སྒྲུབ། ཨཱརྱ་དཱེ་བ། སངས་རྒྱས་བསྐྱངས། ཟླ་གྲགས། རིག་པའི་ཁུ་བྱུག། གཞོན་ནུ་འབུམ། ཧ་སུ་མ་ཏི། གསེར་གྱི་གོ་ཆ། པ་ཚབ་ལོ་ཙཱ། བྱང་ཆུབ་ཡེ་ཤེས། སློབ་དཔོན་གཞོན་ནུ་བཟང་པོ། རྨ་ཤཱཀྱ་སེངྒེ་། མཁན་ཆེན་ཆོས་ཀྱི་བློ་གྲོས། དེས་ཀཿཐོག་པ་ཆེན་པོ་ལ་བརྒྱུད་དེ་བརྒྱུད་པ་གཉིས་གཅིག་ཏུ་འདྲེས་སོ། །ཡང་ཐེག་པ་ཆེ་ཆུང་གི་མངོན་པའི་བསྟན་བཅོས་གོང་འོག་གཉིས་ཀྱི་བརྒྱུད་པ་ནི། ཐུབ་དབང་། བྱམས་མགོན། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། [123b] བཙུན་པ་རྣམ་གྲོལ་སྡེ། ཀུ་སུ་ལི་ཆེ་བ། སེངྒེ་བཟང་པོ། རིག་པའི་ཁུ་བྱུག །ཛྙཱ་ན་གརྦྷ། བོ་དྷི་སཏྭ། དཱ་ན་ཤཱི་ལ། སྐ་བ་དཔལ་བརྩེགས། གཉགས་ལོ་ཆེན་པོ། རྒྱལ་བའི་ཡོན་ཏན། བློ་གྲོས་འབྱུང་གནས། ཀོ་རབ་དར་མ་པ། ལྕེ་སྟོན་པ། བླ་མ་བྲག་དཀར་བ། རོང་ཟོམ་པཎ་ཆེན། གཟི་བརྗིད་འབར། མདོ་སྟོན་དར་མ་བ། རྗེ་རིན་ཆེན་སེང་གེ །ཀཿཐོག་དམ་པ་བདེ་གཤེགས། ཡང་མངོན་པ་འོག་མ་ལྟར་ན། མཉམ་མེད་ཟས་གཙང་སྲས་པོ། འཕགས་པ་ཀུན་དགའ་པོ། བཙུན་པ་དབྱངས་སྒྲོགས། ཁ་ཆེ་འདུས་བཟང་། བསྟན་བཅོས་མཛད་པ་པོ་སློབ་དཔོན་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན་པ། པཎྜི་ཏ་གང་བ་སྤེལ། བོ་དྷི་སཏྭ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། པཎ་ཆེན་དེ་གསུམ་ལས། ལོ་ཆེན་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། དེ་ནས་སྣ་ནམ་ཟླ་བའི་རྡོ་རྗེ། དབར་ཡེ་ཤེས་དབང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། དམར་གཡོ་གཙང་གསུམ། མཁན་སློབ་དེ་དག་ལས། བླ་ཆེན་དགོངས་པ་རབ་གསལ། གྲུམ་ཆེན་པོ། བྱང་ཆུབ་གཞོན་ནུ། རི་ན་ཆེན་འབྱུང་གནས། མཁས་གྲུབ་ཡེ་ཤེས་དབང་ཕྱུག །དེས་ཆོས་རྗེ་ཀཿཐོག་ [124a] པ་དམ་པ་བདེ་གཤེགས་ལའོ། །དེ་ནས་བཟུང་བརྒྱུད་པ་ཆུ་བོ་གཅིག་ཏུ་འདྲེས་ནས་ཀཿཐོག་རྡོ་རྗེའི་གདན་དུ། བཤད་ལུང་ཕྱོགས་གཅིག་ཏུ་བྱོན་པའི་བརྒྱུད་པ་ནི། གཙང་སྟོན་རྡོ་རྗེ་རྒྱལ་མཚན། བྱམས་པ་འབུམ་པ། སྤྱན་སྔ་བསོད་ནམས་འབུམ་པ། དབུ་འོད་ཡེ་ཤེས་འབུམ་པ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་དཔལ། དཔལ་འབར་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་པོ་རྒྱལ་མཚན། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། བསོད་ནམས་འབུམ། ཡེ་ཤེས་རྒྱལ་མཚན། ཨ་གཟི་བསོད་ནམས་འབུམ་པ། མཁས་གྲུབ་དགེ་འདུན་དཔལ་བཟང་། རྗེ་ནམ་མཁའ་དཔལ་བ། ནམ་མཁའ་རྒྱ་མཚོ། ཀུན་དགའ་ཟླ་བ། ནག་ཚ་བསོད་ནམས་རྒྱལ་མཚན། ཧོར་པོ་ཆོས་ཀྱི་དབང་པོ། མཚོ་ཁ་བསོད་ནམས་རྡོ་རྗེ། རྒྱ་སྡོང་སྟོན་པ་སེངྒེ་། ནག་ཚ་བཀྲ་ཤིས་རིན་ཆེན། རོང་པོ་རིན་ཆེན་རྡོ་རྗེ། ངེས་དོན་བསྟན་འཛིན་ནོར་བུ། པཎ་ཆེན་ཚེ་དབང་མཆོག་གྲུབ། རྗེ་ཡིད་བཞིན་དབང་རྒྱལ། དཔལ་སྤྲུལ་སེམས་དཔའི་ཆེན་པོ། དེ་གཉིས་ལས་མི་ཕམ་འཇམ་དབྱངས་རྣམ་རྒྱལ། དེ་ནས་ཀཿཐོག་སི་ཏུ་ [124b] པཎ་ཆེན། དགེ་བཤེས་ཨ་དཔལ། དེ་གཉིས་ལས། ཁོ་བོའི་རིགས་བདག་མཁན་ཆེན་འགྱུར་མེད་ཕན་བདེའི་འོད་ཟེར་དང་། བཱི་མ་དངོས་སྣང་མཁན་ཆེན་ངག་དབང་དཔལ་བཟང་སོགས་ཀྱིས་གསན་ནས། སློབ་དཔོན་ཞི་འཚོ་ཡབ་སྲས་དང་། ཆོས་རྒྱལ་མེ་དབོན་རྣམ་གསུམ་གྱིས་ཐུགས་བསྐྱེད་ལས་བྱུང་བའི་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད་དོ། །བཞི་པ་མདོ་མང་དུ་གྲགས་པ་ཐེག་པ་ཆེ་ཆུང་གི་མདོ་ཅི་རིགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་ནི། ཚལ་པ་བཀའ་འགྱུར་གྱི་སྒྲིག་རིམ་དངོས་ལྟར་དགོད་པ་ལ། ཐེག་ཆེན་དང་ཐེག་དམན་གཉིས་ལས། སྔ་མ་ལ་འཁོར་ལོ་ཐ་མ་ཤས་ཆེ་ཞིང་བར་ཡང་གཏོགས་པ་ཅི་རིགས་པ་ཡོད་མོད་ཀྱི་སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་མ་ཕྱེ་བར་བཞག་པ་ལྟར་ལ། ཐོག་མར་གླེགས་བམ་༼ཀ༽པ་ལ། འཕགས་པ་བསྐལ་པ་བཟང་པོའི་མདོ་བམ་པོ་ཉེར་དྲུག་བ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་དབྱངས་ཀྱིས་བསྒྱུར་བ་ལ་སླར་ཡང་སྐ་བ་དཔལ་བརྩེགས་ཀྱིས་ཞུས་པ། ༼ཁ༽པ་ལ། འཕགས་པ་རྒྱ་ཆེར་རོལ་པ་བམ་པོ་བཅོ་བརྒྱད་ [125a] དང་ལེའུ་ཉེར་བདུན་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་རྣམས་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱི་བཅོས་པ། འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་བསྒྱུར་ཅིང་ཞུས་པ། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ། བམ་པོ་གཅིག་དང་ཤློ་ཀ་གོ་བཞི་པ་རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བསྟན་པའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་སོ། །༼ག༽ པ་ལ། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་བམ་པོ་ཉི་ཤུ་རྩ་ལྔ་པ། རྒྱ་གར་གྱི་མཁན་པོ་ [125b] པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར་བ་ལ་སླད་ཀྱི་པཎྜི་ཏ་བི་ཤུདྡྷ་སིདྷ་དང་། ས་རྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་རྣམས་ཀྱིས་ཞུས་པ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བའི་མདོ་བམ་པོ་གསུམ་དང་ཤློ་ཀ་ལྔ་བཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ་རྣམས་སོ། །༼ང་༽པ་ལ། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་བམ་པོ་བཅོ་བརྒྱད་དང་ལེའུ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ལེགས་པའི་སྡེས་བསྒྱུར་བ་ལ། སླད་ཀྱི་པཎྜི་ཏ་པྲཛྙཱ་ཝརྨ་དང་། ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་རྣམས་ཀྱིས་ཞུས་པ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་ན་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་ཉིས་བརྒྱ་བདུན་ཅུ་པ། རྒྱ་གར་གྱི་མཁན་ [126a] བོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེབས་བསྒྱུར་བ། འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་དཀྱིལ་འཁོར་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་ཛི་ན་མི་ཏྲ། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ་རྣམས་སོ། །༼ཅ༽པ་ལ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་མདོ་ལེའུ་བཅུ་པ་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པ། འཕགས་པ་ལང་ཀར་གཤེགས་པ་བམ་པོ་དགུ་དང་ལེའུ་ཉེར་བརྒྱད་པ་རྒྱ་གར་ནས་འགྱུར་བར་གྲགས་ཀྱང་སྒྱུར་མཁན་གྱི་གསལ་ཀ་མ་བྱུང་། འཕགས་པ་ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་བམ་པོ་བརྒྱད་པ། རྒྱའི་སློབ་དཔོན་ལྭེ་ན་ཧྭི་ཡིས་མཛད་པའི་འགྲེལ་པ་དང་སྦྱར་ནས་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་ག་ཡ་མགོ་རིའི་མདོ་ཤློ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད་པ། རྒྱ་གར་གྱི་ [126b] མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ་རྣམས་སོ། །༼ཆ༽པ་ལ། འཕགས་པ་རྒྱན་སྟུག་པོ་བཀོད་པ་ཇི་སྙེད་པ་བམ་པོ་བཞི་དང་ལེའུ་དགུ་གཤམ་མ་ཚང་བར་བཞེད་པ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་བམ་པོ་དྲུག་དང་ལེའུ་བཅུ་གསུམ་པ་ཛི་ན་མི་ཏྲ་སོགས་ཀྱིས་བསྒྱུར་བ། འཕགས་པ་སྙིང་རྗེ་པད་དཀར་ཞེས་བྱ་བ་བམ་པོ་བཅོ་ལྔ་དང་ལེའུ་དྲུག་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ་རྣམས་སོ། །༼ཇ༽པ་ལ། དམ་པའི་ཆོས་པདྨ་དཀར་པོ་བམ་པོ་བཅུ་གསུམ་དང་ལེའུ་ཉེར་བདུན་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་མདོ་པཎྜི་ཏ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། བདེ་བ་ཅན་གྱི་བཀོད་པ་ཤློ་ཀ་སུམ་ཅུ་པ་པཎྜི་ཏ་དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། ཟ་མ་ཏོག་བཀོད་པ་བམ་པོ་ཕྱེད་དང་ལྔ་ལེའུ་གཉིས་པ། པཎྜི་ཏ་ཛི་ན་མི་ཏྲ་སོགས་དང་། [127a] ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། དཀོན་མཆོག་གི་ཟ་མ་ཏོག་བམ་པོ་བཞི་པ། ལོ་ཙཱ་བ་བནྡྷེ་རཏྣ་རཀྵི་ཏས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། རིན་པོ་ཆེའི་མཐའི་མདོ། ཤློ་ཀ་ཉིས་བརྒྱ་བཅུ་པ། པཎྜི་ཏ་པྲཉྫཱ་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ་རྣམས་སོ། །༼ཉ༽པ་ལ། མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ལྔ་བཅུ་རྩ་དྲུག་དང་ལེའུ་བཅོ་ལྔ་པ་རྒྱ་ནག་གི་མཁན་པོ་ཝང་ཕན་ཞུན་དང་དྷརྨའི་གཞི་འཛིན་དགེ་བའི་བློ་གྲོས། ལོ་ཙཱ་བ་རྒྱ་མཚོའི་སྡེས་བསྒྱུར་བ་ལས་བམ་པོ་ཉེར་བརྒྱད་དང་ལེའུ་དགུ་པ་ཡན་ནོ། །༼ཏ༽ པ་ལ། དེའི་འཕྲོས་ཡོངས་སུ་རྫོགས་པ། ༼ཐ༽པ་ལ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། ལེའུ་ཉི་ཁྲི་ལྔ་སྟོང་པ་ལས། ལྷ་དང་མི་ལ་སོགས་པས་ཞུས་པའི་ལེའུ་ཉི་ཚེ་བམ་པོ་བཅུ་གསུམ་དང་། ལེའུ་ལྔ་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་དེ་བ་ཙནྡྲས་བསྒྱུར་ཏེ་གཏན་ལ་ཕབ་པ། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ཤློ་ཀ་དྲུག་ཅུའི་ཚད་ཙམ། པཎྜི་ཏ་ཀ་ལ་མ་གུཔྟ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་ [127b] པོའི་འགྱུར། འཕགས་པ་འདའ་ཀ་ཡེ་ཤེས་ཤློ་ཀ་བཅུ་པ། དཀར་ཆག་ལྡན་དཀར་མར་རྒྱ་ལས་འགྱུར་བར་བཤད་པ། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་བམ་པོ་བཞི། ལེའུ་བཅུ་གཅིག་པ། ཤློ་ཀ་སྟོང་གཉིས་བརྒྱ་སྟེ། ཐེམ་སྤངས་མ་ལ་རྒྱ་ལས་འགྱུར་བའི་བརྡ་རྙིང་པར་སྣང་ཟེར་བ་ལས་འགྱུར་བྱང་གསལ་ཁ་མེད་པ། འདི་ལ་སྔོན་གྱི་མཁས་པ་དག་གིས་ཚད་མར་མཛད་མོད་ཀྱི། ཕྱི་ནས་འགའ་ཞིག་གིས་དཔྱད་གཞིར་བྱས་སྣང་། འཕགས་པ་དཀོན་མཆོག་འབྱུང་གནས་བམ་པོ་བདུན་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་གསེར་གྱི་མདོ་འགྱུར་བྱང་མེད་པ། འཕགས་པ་གསེར་གྱི་བྱེ་མ་ལྟ་བུའི་མདོ་ཤློ་ཀ་བརྒྱད་ཅུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་ལ་སོགས་པས་བསྒྱུར་བ་རྣམས་སོ། །༼ད༽ པ་ལ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་བམ་པོ་བཅོ་ལྔ་དང་ལེའུ་སོ་དགུ་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལས་ [128a] བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བའི་མདོ། པཎྜི་ཏ་དཱ་ན་ཤཱི་ལ་དང་། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། བམ་པོ་གསུམ་དང་། ལེའུ་སོ་བརྒྱད་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་ཕྱེད་དང་གཉིས་དང་ལེའུ་དགུ་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གཉིས་དང་ཤློ་ཀ་དྲུག་ཅུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་དཔའི་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་ལྔ་དང་ལེའུ་དགུ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་རཏྣ་རཀྵི་ཏས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །༼ན༽པ་ལ། [128b] འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་བདུན་དང་ལེའུ་ཉེར་ལྔ་པ། འགྱུར་བྱང་སྔ་མ་དང་མཚུངས་པ། འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་བཞི་དང་ལེའུ་ལྔ་བཅུ་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་བམ་པོ་གཉིས་དང་ལེའུ་དགུ་པ་འགྱུར་བྱང་མེད་པ། འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གསུམ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པའི་མདོ་བམ་པོ་གཅིག་པ། འགྱུར་བྱང་མེད་པ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་བམ་པོ་བརྒྱད་དང་ལེའུ་བཅུ་གསུམ་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྡོ་རྗེ་སྙིང་པོའི་མདོ་གཟུངས་བམ་པོ་གཅིག་པ། འགྱུར་སྔ་མ་དང་འདྲ་བ། འཕགས་པ་སྒོ་མཐའ་ཡས་པ་བསྒྲུབ་པ་མདོ་གཟུངས་ [129a] ཤློ་ཀ་ཉིས་བརྒྱ་དང་བཅུ་པ་འགྱུར་བྱང་མེད་པ། འཕགས་པ་སྒོ་དྲུག་པའི་མདོ་གཟུངས་འགྱུར་བྱང་མེད་པ་རྣམས་བཞུགས་སོ། །༼པ༽པ་ལ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཤློ་ཀ་བརྒྱ་ཉི་ཤུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་འགྱུར་བྱང་མེད་པ། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ། བམ་པོ་གཉིས་དང་ལེའུ་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་དཀོན་མཆོག་ཏ་ལ་ལའི་གཟུངས། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་ལྔ་དང་ལེའུ་བཅུ་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་གཟུངས་ཀྱི་དབང་ཕྱུག་རྒྱལ་ [129b] པོས་ཞུས་པའི་མདོ་བམ་པོ་བདུན་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ནམ་མཁའི་མཛོད་ཀྱིས་ཞུས་པའི་མདོ་བམ་པོ་བརྒྱད་པ། རྒྱ་གར་གྱི་མཁན་པོ་བི་ཛ་ཡ་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་བྱམས་པ་ས་ཞུས་པའི་མདོ། ཤློ་ཀ་བདུན་ཅུ་པ་འགྱུར་བྱང་མེད་པ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པའི་མདོ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་བམ་པོ་གཅིག་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ་རྣམས་སོ། །༼ཕ༽པ་ལ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་བམ་པོ་བཅུ་དང་ལེའུ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བུདྡྷ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་རྒྱས་པ་བམ་ [130a] པོ་བདུན་དང་ལེའུ་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་འབྲིང་པོ་དགེ་བ་བཅུ་བསྟན་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་བསྡུས་པ་ཤློ་ཀ་བཅུ་གཉིས་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་དང་། ཡི་གེ་པ་དགོན་གླིང་རྨ་ལ་སོགས་པས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་བམ་པོ་ལྔ་པ། བྱང་ཆུབ་སེམས་དཔའི་ལྷའི་ཅོད་པན་དང་། ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོ་དང་། དཔལ་བརྩེགས་ཀྱི་འགྱུར་རྣམས་སོ། །༼བ༽པ་ལ། འཕགས་པ་ཚངས་པས་ཞུས་པའི་མདོ་ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ [130b] དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། དྷརྨ་པཱ་ལ་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏ་ཤཱི་ལ་སོགས་ཀྱིས་བསྒྱུར་ཅིང་། པར་ཞུས་ཀྱི་ལོ་ཙཱ་བ་བནྡྷེ་དེ་ཝེནྡྲ་རཀྵི་ཏ་དང་། ཀུ་མཱ་ར་རཀྵི་ཏ་ལ་སོགས་པས་ཞུས་པ། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་དཔལ་དབྱིག་གིས་ཞུས་པའི་མདོ། ཤློ་ཀ་བརྒྱ་དང་བཅོ་ལྔ་དང་། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ [131a] ཀྱིས་ཞུས་པ། འཕགས་པ་རིན་ཆེན་ཟླ་བས་ཞུས་པའི་མདོ་ཤློ་ཀ་ཉིས་བརྒྱ་ཉེར་བདུན་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་དགེ་སློང་དགེ་བ་དཔལ་གྱིས་བསྒྱུར་ཏེ། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་བ་ཙནྡྲས་ཞུས་པ། འཕགས་པ་བདེ་བྱེད་ཀྱིས་ཞུས་པའི་མདོ། ཤློ་ཀ་བརྒྱད་ཅུ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ཤློ་ཀ་བདུན་ཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལི་ཡུལ་ལུང་བསྟན་དུའང་གྲགས་པ་བམ་པོ་བཞི་པ་འགྱུར་བྱང་མེད་པ། འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་བུ་མོ་རིན་ཆེན་གྱིས་ཞུས་པ་བམ་པོ་བཞི་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ [131b] ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པའི་མདོ་ཤློ་ཀ་དགུ་བཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བགྲེས་མོས་ཞུས་པའི་མདོ། ཤློ་ཀ་བརྒྱ་དང་བཅུ་པ། རྒྱ་གར་གྱི་མཁན་པ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར་རྣམས་སོ། །༼མ༽པ་ལ། འཕགས་པ་འཇམ་དཔལ་གྱིས་དྲིས་པའི་མདོ་ཤློ་ཀ་དགུ་བཅུ་ལ་བམ་པོ་གཅིག་ཏུ་བྱས་པ་འགྱུར་བྱང་མེད་པ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ཏེ་འདི་ལ་ཀླུ་མེས་ཀྱིས་བཀའ་མ་ཡིན་པར་བསྒྲགས་ཀྱང་། ལོ་ཆེན་གྱིས་བསྒྱུར་བ་འདིས་ཐེ་ཚོམ་མེད། འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ་བམ་པོ་བཞི་དང་ལེའུ་བཅུ་གཉིས་པ་འགྱུར་བྱང་མེད་པ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་བདུན་པ། ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། [132a] འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་དྲུག་དང་ལེའུ་བཅུ་གཉིས་པ། ལོ་ཙཱ་བ་བནྡྷེ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བའི་མདོ་ཤློ་ཀ་ཕྱེད་དང་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བའི་མདོ། ཤློ་ཀ་དགུ་བཅུ་རྩ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་སིདྡྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། ལོ་ཙཱ་བ་བནྡྷེ་རིན་ཆེན་འཚོའི་འགྱུར་བ་རྣམས་སོ། །༼ཙ༽པ་ལ། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་བམ་པོ་དྲུག་དང་ལེའུ་ཉེར་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ [132b] ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་སྦྱིན་པའི་ཕར་ཕྱིན་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་དང་ལེའུ་བཞི་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། ཆོས་རྣམས་ཀྱི་རྒྱན་བཀོད་སྤུངས་པ་ལྷབ་ལྷུབ་བཀོད་པའི་མདོའི་ལེའུ་བཅུ་པ་དང་བཅུ་གཉིས་ཁོལ་དུ་ཕྱུང་བར་གྲགས་པ། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ཞེས་བྱ་བའི་མདོ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ། བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་བམ་པོ་གཅིག་དང་ཤློ་ཀ་བཅུ་པ། འགྱུར་བྱང་མི་གསལ་ [133a] བ། ཕལ་པོ་ཆེ་འབུམ་པ་ལས་ལེའུ་ཉེར་དགུ་པ་ཁོལ་དུ་ཕྱུང་བར་གྲགས་པའི་འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་བམ་པོ་གསུམ་པ་འགྱུར་བྱང་མེད་པ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་དང་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་བནྡྷེ་དགེ་དཔལ་གྱིས་བསྒྱུར་ཆིང་སླད་ནས་པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་གྱིས་ཞུས་ཆེན་བགྱིས་པ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པའི་མདོ་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་དགེ་བ་དཔལ་གྱིས་བསྒྱུར་ཅིང་། སླད་ཀྱིས་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱར། འཕགས་ [133b] པ་བདེ་ལྡན་མ་ལུང་བསྟན་པའི་མདོ་ཤློ་ཀ་བདུན་ཅུ་པ་འགྱུར་བྱང་མེད་པ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ་ཤློ་ཀ་བརྒྱ་པ་འགྱུར་བྱང་མེད་པ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་བྱ་བའི་མདོ་ཤློ་ཀ་བཅུ་གཅིག་པ་འགྱུར་བྱང་མེད་པ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ། བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱད་ཅུ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པ་ལ་འཇུག་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། ས་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བྱམས་པ་དགའ་ལྡན་གནམ་ དུ་སྐྱེ་བ་བླངས་པའི་ [134a] མདོ། ལོ་ཙཱ་བ་བནྡྷེ་བབ་སྟོང་དང་། བནྡྷེ་ཤེས་རབ་སེང་གེས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་ཆོས་ཀྱི་རྗེས་སུ་མཐུན་པར་འཇུག་པའམ་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པའི་མདོ། ཤློ་ཀ་བརྒྱ་བཅུ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །༼ཚ༽པ་ལ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་མདོ་བམ་པོ་ལྔ་དང་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱད་ཅུ་པ། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོ་དང་། ལྷའི་ཟླ་བས་བསྒྱུར་བ། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་ [134b] བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོས་བསྒྱུར་བ། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་ཟས་ཀྱིས་འཚོ་བ་རྣམ་པར་དག་པ་ཞེས་བྱ་བའི་མདོ་ཤློ་ཀ་སུམ་ཅུ་རྩ་བརྒྱད་པ་འགྱུར་བྱང་མེད་པ། འཕགས་པ་གླང་པོའི་རྩལ་ཞེས་བྱ་བའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ་འགྱུར་བྱང་མེད་པ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ཤློ་ཀ་རེ་བཞི་པ། པཎྜི་ཏ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་བནྡྷེ་དགེ་བ་དཔལ་གྱིས་བསྒྱུར་ཅིང་། སླར་ཡང་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་སེངྒེའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ་དཀར་ཆག་ཆེན་མོ་རྣམས་སུ་བམ་པོ་གཅིག་ཏུ་བྱས་ཀྱང་བམ་པོའི་སུམ་ཆ་ཙམ་ལས་མེད་པ། པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་རྦ་རྗེ་ཡེ་ཤེས་སྙིང་པོའི་འགྱུར། འཕགས་པ་སཱ་ལུ་ལྗང་པའི་མདོ་ཤློ་ཀ་ཉིས་བརྒྱ་ཉེར་དྲུག་པ་འགྱུར་བྱང་མེད་པ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་ [135a] བསྟན་པའི་མདོ་ཤློ་ཀ་སུམ་ཅུ་པ་བནྡྷེ་ནམ་མཁའི་འགྱུར། འདི་ཐེག་དམན་དུ་གྲགས་ཀྱང་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པར་རྣམ་ཤེས་ཚོགས་བརྒྱད་སོགས་བསྟན་པས་ཐེག་པ་ཐུན་མོང་བ་ཡིན་ནོ། །འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ཤློ་ཀ་བཅུ་གསུམ་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སོར་མོའི་ཕྲེང་བ་ཅན་ཕན་པའི་མདོ་བམ་པོ་བདུན་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏཱ་ཤཱི་ལ་དང་། རྒྱའི་བནྡྷེ་ཏོང་ཨཱ་ཙརྱ་ལ་སོགས་པས་བསྒྱུར་བ། འཕགས་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ། པཎྜི་ཏ་དཱ་ན་ཤཱི་ལ་དང་། བནྡྷེ་ཡེ་ཤེས་སྡེའི་འགྱུར་དང་། འཕགས་པ་བཏྶ་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་སྔ་མ་དང་། འགྱུར་བྱང་གཅིག་པ་སྟེ་འདི་གཉིས་ལ་དཔྱད་གཞི་མཛད་པ་མང་དུ་བྱུང་ཡང་། ཚལ་པ་སི་ཏུ་ཐམས་ཅད་མཁྱེན་པས་ཚད་མར་མཛད་པ་ལ་ཞུས། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བམ་པོ་ལྔ་པ། པཎྜི་ཏ་མཉྫུ་ཤྲཱི་གརྦྷ་དང་། ཨཱ་ཙརྱ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་ཆེན་ [135b] བགྱིས་པ། འཕགས་པ་དཔལ་སྦས་ཀྱི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་དང་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ལས་སྒྲིབ་རྒྱུན་གཅོད་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་སུམ་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །༼ཛ༽པ་ལ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བའི་མདོ་བམ་པོ་བདུན་དང་ལེའུ་དགུ་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷ་དང་། ལོ་ཙཱ་བ་དགེ་སློང་དཔལ་གྱི་ལྷུན་པོའི་འགྱུར། འཕགས་པ་རྒྱལ་པོ་ལ་གདམ་པ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ [136 ཀྱིས་བཅོས་པ། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་བམ་པོ་ལྔ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འཕགས་པ་ལྷག་པའི་བསམ་པ་བསྟན་པ་ཞེས་བྱ་བའི་མདོ་ལེའུ་གཉིས་དང་བམ་པོ་བཞི་པ་དཀར་ཆག་སྔོན་མ་ཚོར་བཤད་ཀྱང་བམ་པོ་གཅིག་ཙམ་ལས་མེད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བའི་མདོ་ཤློ་ཀ་སུམ་ཅུ་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ [136b] ཞེས་བྱ་བའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སངས་རྒྱས་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། ལོ་ཙཱ་བ་བནྡྷེ་དཔལ་དབྱངས་དང་། དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་དང་ཤློ་ཀ་དོན་ལྔ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་དབྱངས་ཀྱིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱི་འགྱུར་རྣམས་སོ། །༼ཝ༽པ་ལ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་བམ་པོ་བདུན་པ་ལོ་ཙཱ་བ་རིན་ཆེན་འཚོ་དང་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འཕགས་པ་སྤྲིན་ཆེན་པོའི་མདོ་བམ་པོ་བཅུ་དང་ལེའུ་སོ་བདུན་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་པོའི་མདོ་ [137a] ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་རྒྱ་མཚོ་འདུས་པའི་དགའ་སྟོན་ལ་རྩེ་བའི་ལེའུ་ཁོལ་དུ་ཕྱུང་བ་ལེའུ་སོ་བདུན་དང་བམ་པོ་གསུམ་པ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་སྤྲིན་ཆེན་པོ་འབུམ་པ་ལས་ཁོལ་དུ་ཕྱུང་བ་རླུང་གི་དཀྱིལ་འཁོར་གྱི་ལེའུ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ཡང་འཕགས་པ་སྤྲིན་ཆེན་པོ་ལས་ཆར་འབབ་པའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱི་བཅོས་པ། འཕགས་པ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་གྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྤྱོད་པ་བསྡུས་པ་དཔའི་བར་འགྲོ་བའི་མདོ་ཆེན་པོ་ལེའུ་སྟོང་ཕྲག་བཅུ་པ་ལས་ལེའུ་བཅུ་པ་ཁོལ་དུ་ཕྱུང་བར་གྲགསཔ། བམ་པོ་གཉིས་པ་འགྱུར་བྱང་མེད་པ། འདི་ལ་ཀླུ་མེས་ཀྱིས་བཀའ་ཡིན་མིན་ཐེ་ཚོམ་དུ་མཛད་ཀྱང་བུ་སྟོན་གྱིས་བཀའ་ལས་ [137b] ལོགས་སུ་མ་ཕྱེས་པས་བཞག་པར་སྣང་། གཙུག་ཏོར་ཆེན་པོ་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་བྱུང་བ་ཤློ་ཀ་དོན་ལྔ་པ། བམ་པོ་གཉིས་པ་འདི་ལ་གོང་དཀར་བ་སོགས་ཀྱི་ཐེ་ཚོམ་གྱི་གཞིར་བྱས་ཀྱང་སྔོན་གྱི་དཀར་ཆག་གསུམ་དུ་རྒྱ་ནག་ལས་འགྱུར་བའི་ཁུངས་མར་བཤད་པ་རྣམས་སོ། །༼ཞ༽ པ་ལ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུསདཔ་ཞེས་བྱ་བའི་མདོ་བམ་པོ་བདུན་དང་ལེའུ་གཉིས་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང་། བི་ཛ་ཡ་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འདི་ཁ་ཅིག་གིས་དཀར་ཆག་ཆེན་མོའི་ཆོས་ཀུན་བགྲོ་བ་དང་གཅིག་མི་གཅིག་དཔྱད་གཞིར་མཛད་པའང་འདུག་གོ ། འདུས་པ་ཆེན་པོ་ལས། སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བའི་མདོ་བམ་པོ་བཅུ་པ་དངལེའུ་བརྒྱད་པ། རྒྱའི་མཁན་པོ་ཧྭ་ཤངཟབ་མོ་ལ་སོགས་པ་དང་། ལོ་ཙཱ་བ་བནྡྷེ་རྣམ་པར་མི་རྟོག་པའི་འགྱུར། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་མདོ་བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་ [138a] སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བའི་མདོ་ཤཱི་ལ་དྷརྨ་དང་རྣམ་པར་མི་རྟོག་པས་རྒྱ་ལས་བསྒྱུར་བ། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བའི་མདོ། མིའི་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ་ཤཱི་ལ་དྷརྨས། རྒྱ་གར་གྱི་དྷརྨའི་ཡི་གེ་ལས་བནྡྷེ་རྣམ་པར་མི་རྟོག་པའི་འགྱུར་རྣམས་སོ། །༼ཟ༽པ་ལ། དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་པ། སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པ་སྐད་གསར་བཅད་ཀྱིས་མ་བཅོས་པར་སྣང་། འདི་ལའང་འགའ་ཞིག་གིས་ཐེ་ཚོམ་བྱས་སྣང་ངོ་། །འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཆོས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་མདོ། ཤློ་ཀ་བརྒྱ་ལྔ་བཅུ་པ་འགྱུར་སྔ་མ་དང་འདྲ་བ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་མདོ། ཤློ་ཀ་ཉིས་བརྒྱ་དང་བརྒྱད་ཅུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེདས་སྡེའི་འགྱུར། འཕགས་པ་ཆོས་དང་ [138b] དོན་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ། ཤློ་ཀ་དགུ་བཅུ་པ་འགྱུར་སྔ་མ་དང་འདྲ་བ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པའི་མདོ། བམ་པོ་གཅིག་དང་ཤློ་ཀ་བརྒྱ་ཡོད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ། ཤློ་ཀ་བཅུ་གསུམ་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ཆོས་བཞི་པ་ཤློ་ཀ་བཅུ་པའི་མདོ་འགྱུར་བྱང་མེད་པ། ཆོས་བཞི་མི་གཏོང་བ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ། འཕགས་པ་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་དྲུག་ཅུ་པ་འགྱུར་བྱང་མེད་པ། ཆོས་གསུམ་པ་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་བསྒྱུར་ཅིང་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་འགྱུར་བྱང་མེད་པ། འཕགས་པ་ཆོས་རྒྱ་མཚོའི་མདོ་ཤློ་ཀ་བརྒྱད་ཅུ་པ་རྒྱ་ལས་འགྱུར་བ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཆོས་ཀྱི་རྒྱ་མོ་བམ་པོ་གཉིས་པ་རྒྱ་ལས་བསྒྱུར་བ། འདི་ [139a] ལའང་འགའ་ཞིག་གིས་ཐེ་ཚོམ་བྱས་ཀྱང་། སྔོན་གྱི་མཁན་པོ་རྣམས་ཀྱིས་ཚད་མར་བྱས་སོ། །འཕགས་པ་ཉི་མའི་སྙིང་པོ་བམ་པོ་བཅུ་གསུམ་དང་ལེའུ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། བིདྱཱ་ཀ་ར་པྲ་བྷ་དང་། དྷརྨ་ཀ་ར་དང་། ལོ་ཙཱ་བ་བནྡྷེ་བཟང་སྐྱོང་གིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་ཀློ་ཀ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་ཞུས་པ། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། བནྡྷེ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་པ། འཕགས་པ་ཐབས་མཁས་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ་འགྱུར་བྱང་མེད་པ་ [139b] རྣམས་སོ། །༼འ༽པ་ལ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་གསུམ་པ་བམ་པོ་བརྒྱད་པ་འགྱུར་བྱང་མེད་པ། འདི་མཚན་མང་པོ་བསགས་པའི་རྒྱུན་ཡིན་ཀྱང་ད་དུང་ཅུང་ཟད་མ་ཚང་བར་འདུག་གོ། །འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ་བམ་པོ་བཅུ་གཅིག་དང་ལེའུ་བཅུ་གཉིས་པ་རྒྱ་ནག་འགྱུར། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་སྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་བཅུ་གཉིས་པ་རྒྱ་ནག་གི་འགྱུར། འཕག་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་འགྱུར་བྱང་མེད་པ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བའི་ཆོ་ག་དང་མཚན་ནས་བརྗོད་པའི་གླེང་གཞི་མེ་ཏོག་གི་ཚོགས་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་སིདྡྷི་དང་། ལོ་ཙཱ་བ་བནྡྷེ་དྷརྨ་ཏ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ་རྣམས་སོ། །༼ཡ༽པ་ལ། དཔང་སྐོང་ཕྱག་རྒྱ་པ་ཐུ་མི་སཾ་བྷོ་ཊའི་འགྱུར། འཕགས་པ་བསམ་ [140a] གྱིས་མི་ཁྱབ་པ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་དོན་ལྔ་པ་འགྱུར་བྱང་མེད་པ། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ལྔ་བཅུ་པ་རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་རྩངས་དེ་ཝནྡྲེ་རཀྵི་ཏས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་གྱིས་ཞུས་ཆེན་བགྱིས་པ། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བའི་མདོ། ཤློ་ཀ་བརྒྱ་རྩ་ལྔ་པ། པཎྜི་ཏ་ཤཱཀྱ་སིདྷ་དང་། ལོ་ཙཱ་བ་དེ་ཝནྡྲེ་རཀྵི་ཏའི་འགྱུར། འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བའི་མདོ་ཤློ་ཀ་དགུ་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་བཅུ་པ་ཞེས་བྱ་བའི་མདོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཤློ་ཀ་བརྒྱ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་ལ་སོགས་པ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་རྩ་བདུན་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་ [140b] པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བའི་མདོ། ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་པ། སངས་རྒྱས་ཀྱི་ས་ཞེས་པའི་མདོ་ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་ཊཱི་ཀ་དང་སྦྱར་ཏེ་གསར་དུ་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་མི་སྤོང་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ་ཤློ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བའི་མདོ། ཤློ་ཀ་ལྔ་བཅུ་རྩ་གཅིག་པ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འགྱུར་བྱང་མེད་པ། བསླབ་པ་གསུམ་གྱི་མདོ་དང་། སྐུ་གསུམ་པ་ཞེས་བྱ་བའི་མདོ་གཉིས་འགྱུར་བྱང་མེད་པ། དཀོན་བརྩེགས་ཀྱི་ཉེ་བ་འཁོར་གྱིས་ཞུས་པའི་ལེའུ་ལས་བྱུང་བ་འཕགས་པ་ཕུང་པོ་ [141a] གསུམ་པ་ཞེས་བྱ་བའི་མདོ་ཤློ་ཀ་ལྔ་བརྒྱ་སུམ་ཅུ་པ། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱི་བཅོས་པ། འཕགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བསྔོ་བ་ཤློ་ཀ་ལྔ་བཅུ་པ་འགྱུར་བྱང་མེད་པ། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོ་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ་རྣམས་སོ། །གཉིས་པ་ཐེག་དམན་གྱི་མདོ་མང་ལ། མདོ་སྡེ་དྲན་པ་ཉེ་བར་གཞག་པ་བམ་པོ་ཉི་ཤུ་པ་ཡན་ནོ། ༼ར༽པ་ལ། གོང་གི་འཕྲོས་ལས་བམ་པོ་ཉེར་གཅིག་པ་ནས་བཞི་བཅུ་རྩ་ལྔ་པ་ཡན་ཆད་དོ། །༼ལ༽པ་ལ། བམ་པོ་ཞེ་དྲུག་པ་ནས་ཞེ་དགུ་པའི་བར་དང་། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལས་རྟག་ཏུ་བདེ་བའི་ས་སྟེ་བརྒྱད་པའི་སྐབས་ཡན་དང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུནྦྷའི་རྫུ་འཕྲུལ་ཆེན་པོ་རྫོགས་པའི་བར་རོ། །༼ཤ༽པ་ལ། དེ་འཕྲོས་ཡོངས་སུ་རྫོགས་པ་བཞུགས་ཏེ་གཞུང་ཚད་སྟོང་ཕྲག་སུམ་ཅུ་རྩ་དྲུག །བམ་པོར་བཅད་ན་བརྒྱ་ཉི་ཤུར་བཤད་ཀྱང་བམ་པོ་བཞི་བཅུ་རྩ་ [141b] དགུ་མན་བམ་མཚམས་མ་བཅད་པར་སྣང་ངོ་། །འདི་ནི་བསྟན་པ་སྔ་དར་ལ་ཤློ་ཀ་ཁྲི་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་ཞེ་གསུམ་ལས་མ་འགྱུར་ལ་ཕྱིས་པ་ཚབ་ལོ་ཙཱས་བསྒྱུར་བ་ཡིན་ཏེ་དེའི་འགྱུར་བྱང་དུ། རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དཔལ་གྱིས་མཛེས་པའི་པཎྜི་ཏ་ཆེན་པོ་ཤཱནྟ་ཨཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང་། མཁས་པ་ཆེན་པོ་སྐྱེས་བུ་དམ་པ་འདུལ་བ་འཛིན་པའི་ཡང་མཆོག་ཏུ་གྱུར་པ་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་དང་། ཐོས་པ་འཛིན་པའི་འཇམ་དཔལ་དང་འདྲ་བར་གྲགས་པ་སྤོབས་པའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་དང་། པཎྜི་ཏ་ཆེན་པོ་བིདྱཱ་ཨཱ་ཀ་ར་ཤཱནྟི་ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང་། གཞན་ཡང་དབུས་མ་ག་དྷ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་ག་དྷཱའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའི་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ལ་ཤཱི་ལ་ནའང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང་། སྒྲ་དང་ [142a] སྙན་དངགས་དང་། ལེགས་པར་སྦྱར་བའི་སྐད་ཀྱི་ལུགས་ལ་མཁས་པའི་པཎྜི་ཏ་ཆེན་པོ་སུ་བྷུ་ཏི་ཙནྡྲ་དང་། མངོན་པ་ལ་མཁས་པ་ཨ་ཌིར་ཙནྡྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ་ལེགས་པར་མཉན་ཅིང་གུས་པས་ཐད་དུ་བསྟེན་ནས། དོན་དང་ཚིག་མ་ལུས་པར་རྟོགས་པའི་བཤད་པ་ཞུས་ནས་ཤིན་ཏུ་དཀའ་བའི་གནས་རྣམས་ལ་ནི་ཕྱིར་ཞིང་ལེགས་པར་དཔྱད་པས་དོན་དགྲོལ་བའི་ཐབས་ཞུས་ཏེ་ཞེས་པ་དང་། མདོར་ན་རྒྱ་བོད་ཀྱི་དོན་ཐུན་མོང་པ་བརྡ་ཐ་དད་པའི་བྱེད་པ་མ་ཉམས་པར་བྱས་ནས་སྔོན་གྱི་བསྒྱུར་བ་ལ་མཁས་པ་རྣམས་ཀྱིས་བཀས་བཅད་ལ་སོགས་པའི་ལུགས་དང་ཡང་མི་འགལ་བར་བྱང་ཕྱོགས་པ་ཚབ་ཀྱི་ཡུལ་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་བས་ཆེས་མཐོ་བ་དང་ལྡན་པ་རཱ་མ་པཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤས་ཤིག་འགྱུར་བའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར་བའོ། །ཞེས་སྨོས་ཤིང་། པ་ཚབ་དང་ [142b] རྔོག་ལོའང་ཐེག་ཆེན་དུ་བཞེད་ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་ཐེག་དམན་དུ་བཤད་པ་ལྟར་འདིར་བཀོད་པ་ཡིན་ནོ། །མདོ་ཆེན་པོ་སྒྱུ་མའི་དྲྭ་བ་བམ་པོ་སོ་གཅིག་དང་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་བམ་པོ་ཕྱེད་པ། མདོ་ཆེན་པོ་སྟོང་པ་ཉིད་ཤློ་ཀ་དགུ་བཅུ་པ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་བམ་པོ་ཕྱེད་པ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཤློ་ཀ་བཞི་བཅུ་པ། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཤློ་ཀ་བཞི་བཅུ་པ། མདོ་ཆེན་པོ་ལྔ་གསུམ་པ་ཤློ་ཀ་ཉིས་བརྒྱ་ཉི་ཤུ་པ་རྣམས་ཀྱང་། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་རྡོ་འཕངས་པའི་མདོ་བམ་པོ་གཉིས་པ། ལོ་ཙཱ་བ་བཟང་སྐྱོང་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། གཞོན་ནུ་དཔེའི་མདོ་ཤློ་ཀ་ཉི་ཤུ་པ་འགྱུར་བྱང་མེད་པ། ཁམས་མང་པོའི་མདོ་འགྱུར་བྱང་མེད་པ། གཎྜིའི་མདོ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དང་། ལོ་ཙཱ་བ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང་ལོ་ཙཱ་བ་རིན་ [143a] ཆེན་བཟང་པོས་བཅོས་པ། གཎྜིའི་དུས་ཀྱི་མདོ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ་པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་བཟང་སྐྱོང་གི་འགྱུར་བ་རྣམས་སོ། །༼ས༽པ་ལ། མདོ་སྡེ་མངོན་པར་འབྱུང་བ་རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་དྷརྨ་ཤྲཱི་དྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་ལ་བསྟན་བཅོས་སུ་འདོད་པའང་ཡོད་དོ། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་འགྱུར་བྱང་མེད་པ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་འགྱུར་བྱང་མེད་པ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟགས་པའི་མདོ། །རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཛྙཱ་ན་ཤྲཱི་གཔྟ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། མཆོག་ཏུ་གདགས་པའི་མདོ་འགྱུར་བྱང་མེད་པ། འདི་ལ་འགའ་ཞིག་གིས་ལས་གདགས་པར་ངོས་འཛིན་པའང་འབྱུང་ངོ་། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་འགྱུར་བྱང་མེད་པ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་བ་བནྡྷེ་དཔལ་བརྩེགས་ [143b] ཀྱིས་བསྒྱུར་ཅིང་ཞུས་པ། འདི་ལའང་ཁ་ཅིག་བསྟན་བཅོས་སུ་དོགས་པ་སྐྱེས་ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ལས་མདོར་བཤད་པ་ཉིད་ཁུངས་སུ་ཆེའོ། །ཚེའི་མཐའི་མདོ་ཤློ་ཀ་ཉིས་བརྒྱ་དང་ལྔ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སེདྷ་དང་། ལོ་ཙཱ་བ་བནྡྷེ་དགེ་བའི་དཔལ་གྱིས་བསྒྱུར་ཅིང་། སླར་ཡང་བིདྱཱ་ཀ་ར་སེང་ཧ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། འཆི་འཕོ་བ་ཇི་ལྟར་བསྟན་པའི་མདོ་འགྱུར་བྱང་གསལ་བ་མ་རྙེད་ཀྱང་། སྔ་འགྱུར་ཞིག་ལ་སྐད་གསར་བཅད་ཀྱིས་མ་བཅོས་པ། མི་རྟག་པ་ཉིད་ཀྱི་མདོ་ཤློ་ཀ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཡང་མི་རྟག་པ་ཉིད་ཀྱི་མདོ། འདུ་ཤེས་བཅུ་བསྟན་པ་ཤློ་ཀ་བརྒྱད་པ། བཅོམ་ལྡན་འདས་ཀྱི་ཞལ་ཆེམས་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ཤློ་ཀ་བཅུ་གཅིག་པ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཤློ་ཀ་བརྒྱ་པ་རྣམས་འགྱུར་བྱང་མེད་པ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། ཤློ་ཀ་ལྔ་བཅུ་རྩ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ [144a] ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། ཕ་མའི་མདོ། འཕགས་པ་བདེན་པ་བཞིའི་མདོ་རྣམས་འགྱུར་བྱང་མེད་པ། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་བམ་པོ་གཅིག་དང་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་བརྒྱ་པ་འགྱུར་བྱང་མེད་པ་འདིའི་མཇུག་ཅུང་ཟད་མ་ཚང་བར་བཤད། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ས་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་དྲུག་ཅུ་པ། རྒྱ་ག་ར་གྱི་མཁན་པོ་དྷརྨཱ་ཀ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྙིང་པོས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་ཆེན་བགྱིས་པ། མཆོད་ [144b] རྟེན་བསྐོར་བའི་ཚིགས་སུ་བཅད་པ་ཀློ་ཀ་བདུན་ཅུ་པ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ཤློ་ཀ་བརྒྱ་པ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤློ་ཀ་བརྒྱ་པ་རྣམས་ལ་འགྱུར་བྱང་མེད་པ། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་དང་ཚོམས་སུམ་ཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་རིན་ཆེན་མཆོག་གིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། འདི་མདོ་སྡེ་པ་རྣམས་ཀྱིས་བསྟན་བཅོས་སུ་འདོད་ཀྱང་། བྱེ་སྨྲས་བཀའ་ཡིན་པར་འདོད། འཕགས་པ་སྐྱེས་བུ་དམ་པའི་མདོ་ཤློ་ཀ་ཉིས་བརྒྱ་པ་རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བཟང་སྐྱོང་གིས་བསྒྱུར་ཅིང་། བནྡྷེ་དཔལ་བརྩེགས་ཀྱིས་ཞུས་པ། དགའ་བོ་རབ་ཏུ་བྱུང་བའི་མདོ་ཤློ་ཀ་བཅུ་པ། རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ། ལྷའི་མདོ་ཤློ་ཀ་སུམ་ཅུ་རྩ་བདུན་པ་འགྱུར་བྱང་མེད་པ། ལྷའི་མདོ་ཉུང་ངུ་ཤློ་ཀ་བཅུ་བདུན་པ། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ཟླ་བའི་མདོ་ཤློ་ཀ་བཅུ་གསུམ་པ་འགྱུར་བྱང་མེད་པ། ཁང་བུ་བརྩེགས་པའི་མདོ་ཤློ་ཀ་དྲུག་པ་ལོ་ཙཱ་རཏྣ་རཀྵི་ [145a] ཏས་བསྒྱུར་ཅིང་ཞུས་པ། གནས་འཇོག་གི་མདོ་ཤློ་ཀ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་དགའ་བ་ཅན་གྱི་མདོ་ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སེང་ཧ་དང་། ལོ་ཙཱ་བ་བནྡྷེ་བྱིན་གྱི་སྙིང་པོས་བསྒྱུར་ཏེ། བནྡྷེ་དེ་ཝ་ཙནྡྲས་ཞུས་པ། འཁར་སིལ་གྱི་མདོ་དང་། འཁར་སིལ་འཆང་བའི་ཀུན་ཏུ་སྤྱོད་པ་སྟོན་པའི་ཆོ་ག་གཉིས་བསྡོམས་པར་བམ་པོ་གཅིག་སྟེ་འགྱུར་བྱང་མེད་པ། ཆོས་ཀྱི་འཁོར་ལོའི་མདོའང་འགྱུར་བྱང་མེད་པ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་མདོ་ལོ་ཙཱ་བ་རྒྱ་ནག་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱི་འགྱུར། ལས་རྣམ་འབྱེད་བམ་པོ་གཉིས་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལས་ཀྱི་རྣམ་པར་འགྱུར་བ་ཞེས་པའི་མདོ་ཤློ་ཀ་ཉིས་བརྒྱ་བདུན་ཅུ་པ་འགྱུར་བྱང་མེད་པ་རྣམས་སོ། །༼ཧ༽པ་ལ། ལས་བརྒྱ་ཐམ་པ་བམ་པོ་སོ་བདུན་ཡོད་པ་ལས། ཉེར་དྲུག་པ་ཡན་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་ཡོད་པ་ལས་ཚིགས་སུ་བཅད་པ་ [145b] བདུན་པའི་གཏམ་རྒྱུད་དང་པོ་ཡན་རྣམས་སོ། །༼ཨ༽པ་ལ། ལས་བརྒྱ་ཐམ་པའི་བམ་པོ་ཉེར་བདུན་པ་ནས་སོ་བདུན་པའི་བར་དང་། སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་གཏམ་རྒྱུད་གཉིས་པ་ནས་བཅུ་པའི་བར་ཡོངས་སུ་རྫོགས་པར་འགྱུར་བྱང་མེད་པ། མཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་པ་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར་བ། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་ཤློ་ཀ་སོ་བདུན་པ་འགྱུར་བྱང་མེད་པ། ༼ཨཾ༽པ་ལ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་ཉི་ཤུ་རྩ་གཉིས་པ་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲའི་འགྱུར། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ཤློ་ཀ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། ཕག་མོའི་རྟོགས་པ་བརྗོད་པ་ཤློ་ཀ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། མ་གདྷཱ་བཟང་མོའི་རྟོགས་ [146a] བརྗོད། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བཅོས་པ་རྣམས་སོ། །༼ཨཿ༽ པ་ལ། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་བརྗོད་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲའི་འགྱུར། ཟླ་འོད་ཀྱི་རྟོགས་བརྗོད། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར་ཅིང་། རིན་ཆེན་བཟང་པོས་བཅོས་པ། རིན་ཆེན་བཟང་པོས་བཅོས་པ། དཔལ་གྱི་སྡེའི་རྟོགས་བརྗོད་འགྱུར་སྔ་མ་དང་འདྲ་བ། གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ་ཤློ་ཀ་བཅུ་བདུན་པ་འགྱུར་བྱང་མེད་པ། འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་བམ་པོ་གཅིག་པ་སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པ་ཅན། ཚངས་པའི་དྲྭ་བའི་མདོ་བམ་པོ་གཉིས་པ་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་བམ་པོ་ཕྱེད་བརྒྱད་དང་ལེའ་དགུ་པ་རྒྱ་ནག་འགྱུར། འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་བྱ་བའི་མདོ། ལོ་ཙཱ་བ་བནྡྷེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ [146b] བ། དགེ་དང་མི་དགེའི་ལས་ཀྱི་རྣམ་སྨིན་བསྟན་པའི་མདོ་བམ་པོ་གཅིག་པར་འགྱུར་བྱང་མེད་པ། འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། འཕགས་པ་གླང་རུ་ལུང་བསྟན་པའི་མདོ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། སྟག་རྣའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ་རྣམས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་གི་མདོ་མང་གི་སྐོར་པོད་སོ་གཉིས་བཞུགས་པ་ལས་མྱང་འདས་སོགས་རྒྱ་འགྱུར་དང་ཇོ་བོ་དང་རིན་བཟང་གི་ཕྱི་འགྱུར་འགའ་ཤས་མ་གཏོགས་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། འཇམ་དབྱངས། ཀླུ་སྒྲུབ། འཕགས་པ་ལྷ། སངས་རྒྱས་བསྐྱང་། ཡེ་ཤེས་ཞབས། མཁན་ཆེན་བོ་དྷི་སཏྭ། ཡང་ན་ཐུབ་དབང་། བྱམས་པ། ཐོགས་མེད་སྐུ་མཆེད། རྣམ་གྲོལ་སྡེ། སེངྒེ་བཟང་པོ། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་སཏྭའི་བར་དང་། ཡང་ལས་བརྒྱ་པ་སོགས་ཐེག་དམན་གྱི་མདོ་རྣམས་ཀྱི་ [147a] བརྒྱུད་ལུགས་གཅིག་ནི། ཐུབ་པའི་དབང་པོ། ཀུན་དགའ་བོ། དགྲ་བཅོམ་པ་ཆོས་སྐྱབས། ཤ་ནའི་གོས་ཅན། ཉི་མའི་གུང་པ། བྲམ་ཟེ་ཆེན་པོ། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དཱེ་ཝ། སངས་རྒྱས་བསྐྱང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཛྙཱ་ན་གརྦྷ། བོ་དྷི་སཏྭ། དེ་ནས་ཨ་ཙརྱ་དཔལ་དབྱངས། སྐ་ཅོག་ཞང་གསུམ། ལོ་ཙཱ་བ་ཡེ་ཤེས་གཞོན་ནུ། ཞང་རྒྱལ་བའི་ཡོན་ཏན། སངས་རྒྱས་ཡེ་ཤེས། གུ་ཎ་མི་དྲ། རྒྱ་སྟོན་བློ་གྲོས་བྱང་ཆུབ། རྗེ་ཤཱཀྱ་འབྱུང་གནས། ཤངས་པ་གྲགས་པ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་རྒྱལ་མཚན། ཆོས་རྗེ་ཀཿཐོག་པ་ཆེན་པོ་དམ་པ་བདེ་གཤེགས་དང་། ཡང་ན། ཞི་བ་འཚོ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། དཔལ་བརྩེགས་རཀྵི་ཏ། བནྡྷེ་ཀླུའི་རྒྱལ་མཚན། རྒྱལ་བའི་ཡེ་ཤེས། འོད་མཆོག་གྲགས་པ། བླ་ཆེན་རབ་གསལ། ཀླུ་མེད་ཚུལ་ཤེས། ཡམ་ཤུད་རྒྱལ་བ་འོད། གྲྭ་པ་མངོན་ཤེས། ཉང་སྟོན་ཆོས་ཀྱི་འཁོར་ལོ། དེས་ཀཿཐོག་པ་དམ་པ་བདེ་གཤེགས་དང་། ཡང་སྟོན་པ་ཐུབ་པའི་དབང་པོའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཁྱད་པར་སྟོན་པའི་མདོ་པད་དཀར་རྣམ་གསུམ་དང་། སྙིང་པོ་སྟོན་པའི་ཟབ་མོའི་མདོ་ལྔ་ [147b] སོགས་ཀྱི་བརྒྱུད་ཚུལ་ཁྱད་པར་བ་གཅིག་ནི། ཐུབ་དབང་ནས་བོ་དྷི་སཏྭའི་བར་སྔར་བཞིན་དང་། དེ་ནས། ཀ་མ་ལ་ཤཱི་ལ། གཡུ་སྒྲ་སྙིང་པོ། དེས་པཎྜི་ཏ་བདུན་བརྒྱུད་ཀྱི་གདམས་པ་འཛིན་པའི་སློབ་དཔོན་ཡེ་ཤེས་འབྱུང་གནས། ཁང་རིན་ཆེན་རྡོ་རྗེ། དགེ་བར་རབ་གསལ། གྲུམ་ཤིང་གླག །དབང་ཕྱུག་གཞོན་ནུ། བཤེས་གཉེན་རྡོ་རྗེ་འབྱུང་གནས། སྒ་སྟོན་ཤེས་རབ་གཞོན་ནུ། ཀཿཐོག་པ་ཆོས་རྗེ་དམ་པ་བདེ་གཤེགས། རྡོ་རྗེ་རྒྱལ་མཚན། ཆོས་རྗེ་བྱམས་འབུམ་པ། སྤྱན་སྔ་བསོད་ནམས་འབུམ། དབུ་འོད་ཡེ་ཤེས་འབུམ། བྱང་ཆུབ་དཔལ། སྟོན་པ་དབང་འབྱོར་དཔལ། མཁན་ཆེན་རྡོ་རྗེ་དཔལ། རྗེ་ནམ་མཁའ་འབུམ། མཁན་པོ་བློ་གྲོས་སེངྒེ་། མཁན་ཆེན་བྱང་ཆུབ་བློ་གྲོས། མཁན་པོ་བྱང་ཆུབ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེངྒེ་། མཁས་གྲུབ་ཡེ་ཤེས་རྒྱལ་མཚན། མཁན་ཆེན་རྡོ་རྗེ་དཔལ་བཟང་། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། མཁན་པོ་ནམ་མཁའ་རིན་ཆེན། མཁན་པོ་བློ་གྲོས་རབ་བརྟན། མཁན་པོ་ཆོས་ཀྱི་འབྱུང་གནས། མཁན་པོ་ཤེས་རབ་རྒྱ་མཚོ། གྲུབ་དབང་ཀུན་བཟང་ཤེས་རབ། མཁས་གྲུབ་པདྨ་བློ་གྲོས། མཁན་ཆེན་ [148a] ཀུན་བཟང་རྡོ་རྗེ། རིག་འཛིན་ཆོས་ཉིད་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ། ཀཿཐོག་དགེ་རྩེ་པཎ་ཆེན་མན་གོང་བཞིན་ནོ། །ཡང་གོང་གི་འགྱུར་བྱང་ལྟར་མྱང་འདས་སོགས་རྒྱ་ནག་འགྱུར་རྣམས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། པཎྜི་ཏ་བྱང་ཆུབ་བཟང་པོ། ཞུ་ཐུན། གྱི་བཙུན། ཝ་ཞུན། ལོ་ཙཱ་བ་དགེ་བའི་བློ་གྲོས་དང་། དཔལ་བརྩེགས་རཀྵི་ཏ་མན་གོང་བཞིན་ནོ། །ཡང་དཱི་པཾ་ཀ་ར་དང་། དགེ་བློའི་འགྱུར། སྤྱན་རས་གཟིགས་ཀྱི་ཞུས་པའི་ཆོས་བདུན་མ། ཆོས་བཞི་སྒྲུབ་པའི་མདོ། གཎྜིའི་དུས་ཀྱི་མདོ་སྟེ་མདོ་ཕྲན་གསུམ་གྱི་བརྒྱུད་པ་ནི། པཎ་ཆེན་དེ་ཉིད་ལས། དགེ་བཤེས་སྟོན་པ་ཆེན་པོ། ཞང་ཆོས་ཀྱི་བླ་མ། རྗེ་ཤཱཀ་གཞོན་པ། བླ་མ་རྗེ་བཙུན་ཆེན་པོ། དེས་ཆོས་རྗེ་ཀཿཐོག་པ་ཆེན་པོ་དང་། ཡང་བསྟན་པ་ཕྱི་དར་སྐབས་ཀྱི་མཁ་སགྲུབ་ཡོངས་ཀྱི་གཙོ་བོ་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར། མྱང་འདས་ཆུང་བར་ལུང་རྒྱུན་མི་བཞུགས་ཤིང་མངོན་པར་འབྱུང་བའི་མདོ། གཎྜིའི་མདོ། མ་ག་དྷ་བཟང་མོའི་རྟོགས་བརྗོད། ཟླ་འོད་ཀྱི་རྟོགས་བརྗོད་དེ་འགྱུར་བཅོས་མཛད་པ་བཞི་དང་། ལོ་ཆེན་ [148b] ཉིད་ཀྱི་བསྒྱུར་བའི་བདག་མེད་པ་དྲིས་པའི་མདོ་དང་ལྔའི་བརྒྱུད་པ་ནི། ལོ་ཆེན་ནས། མངའ་རིས་རྒྱལ་སྲས་པ་ཆོས་ཀྱི་དབང་ཕྱུག །འགར་སྟོན་ཆེན་པོ། རྗེ་བཙུན་པ་མན་གོང་གི་ཁམས་བརྒྱུད་བཞིན་ནོ། །ཡང་འགོས་འགྱུར་གཉིས་དང་། དྲན་པ་ཉེར་བཞག་བཅས་ལ་བརྒྱུད་པ་ཁ་གསལ་ཞིག་སྐབས་འདིར་མི་སྣང་ཞིང་། ཕྱིས་ཀྱི་ལུང་བརྒྱུད་དུ་བཞུགས་པ་འོག་གི་མདོ་མང་དཀྱུས་བཞིན་ནོ། །ཡང་དཔང་སྐོང་ཕྱག་རྒྱ་པ་ཐུ་མིའི་འགྱུར་འདི་ལ་དེ་སྐབས་ཀྱི་ལུང་རྒྱུན་གསལ་བར་མི་སྣང་ལ། ཕྱིས་ཆོས་རྒྱལ་ཆེན་པོའི་སྐབས་ལོ་པཎ་རྣམས་ཀྱིས་སྤེལ་བ་ནི་མདོ་མང་དཀྱུས་ཀྱི་ལུང་རྒྱུན་བཞིན་ནོ། །ཡང་ཕྱིས་སུ། མ་ཧཱ་པཎྜི་ཏ་ཆེན་པོ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་སྤེལ་བའི་བསྟན་པ་ཕྱི་དར་གྱི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ། ཐོགས་མེད་སྐུ་མཆེད། སངས་རྒྱས་བསྐྱང་། སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨ་ཨ་ཀ་ར་ཤཱིནྟ་པ། དེ་ཝ་ཛྙཱ་ན་ཤྲཱི་དང་། པུཎྱཻ་ཤྲཱི་གཉིས་ཀྱིས་གསན། དེ་གཉིས་ལ་སུ་མ་ཏི་ཀིརྟིས་གསན། དེ་ནས་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། [149a] ཉང་སྟོན་ཆོས་ཀྱི་འཁོར་ལོ། འདི་ཉང་ཏིང་འཛིན་བཟང་པོ་ཟེར་བ་ཡི་གེ་ནོར་བ་ཡིན། ཉང་རལ་ཉི་མ་འོད་ཟེར། ལྷོ་པ་ཐམས་ཅད་མཁྱེན་པ། སྦང་ཁང་གྲགས་པ་རྒྱལ་མཚན། ཤངས་པ་གྲགས་པ་སེངྒེ་། བག་སྟོན་སྤྱིལ་བུ་བ་ཤེས་རབ་འོད་ཟེར། བློ་ཆེན་སངས་རྒྱས་འཕགས་པ། བག་སྟོན་གཞོན་ཚུལ་བར་དང་། ཡང་ཇོ་བོ་ནས་བརྒྱུད་པའི་བྱ་ཡུལ་བའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། སྤྱན་རས་གཟིགས། བྱམས་མགོན། གསེར་གླིང་པ་ཆོས་གྲགས། དཔལ་དཱི་པཾ་ཀ་ར། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། པོ་ཏོ་བ། ཤ་ར་བ། བྱ་ཡུལ་བ། མུས་སྨན་པ། དཔལ་ལྡན་གྲོ་མོ་ཆེ། མཆིམས་ཆེན་པོ་ནམ་མཁའ་གྲགས། བྱང་སྟོན་པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས་དང་། ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་སྤེལ་བའི་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། མཉམ་མེད་ཟས་གཙང་སྲས་པོ། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མའི་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། འཕགས་པ་ལྷ། འཇམ་དཔལ་གྲགས། རིན་འབྱུང་ཞི་བ། རྡོ་རྗེ་གདན་པ་ཆེ་བ་མྱ་ [149b] ངན་མེད་དཔལ། འབྲིང་པོ་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང་། དཔྱལ་པདྨ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེངྒེ་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། དེ་ནས་བརྒྱུད་པ་གསུམ་པོ་གཅིག་ཏུ་འདྲེས་ནས། བླ་མ་མགོན་པོ་འབུམ། སྤུག་སྟོན་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེངྒེ་། མཚལ་རིན་ཆེན་གྲགས་དོན། དགྲ་བཅོམ་པ་རིན་ཆེན་གྲགས་པ། རྗེ་ཤཱཀྱ་རྒྱལ་མཚན། ཐུ་སྟོན་ཀུན་དགའ་རྣམ་རྒྱལ། བླ་མ་བློ་གྲོས་རྒྱལ་མཚན། རབ་འབྱམས་རིན་ཆེན་ཆོས་དབང་། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །དཔའི་བོ་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་མཆོག་འབངས། སེམས་དཔའི་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། ཉང་བློ་མཆོག་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་ལྡན། རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས། དཀའ་ཆེན་ངག་དབང་རབ་བརྟན། གྲུབ་དཔོན་བསྟན་འཛིན་ཕུན་ཚོགས། གྲ་གྲང་པ་ངག་དབང་ཀུན་དགའ་མཁྱེན་བརྩེའི་ཕུན་ཚོགས། [150a] མདོ་ཁམས་རྫོགས་ཆེན་པ་བླ་མ་བཀྲ་ཤིས་རྒྱ་མཚོ་མན་སྔར་འདུལ་བའི་སྐབས་བཞིན་ནོ། །ཡང་བག་སྟོན་གྱི་ས་སྐྱ་ཡང་དགོན་པ་དང་། ཞང་ཀུན་དགའ་འོད་ཟེར་ལས་བསྐྱར་ཏེ་གསན་པ་ནི་བརྒྱུད་སྲོལ་དེ་དག་གི་ནང་གསེས་ཙམ་ལས་ཟུར་དུ་མེད་ལ། ཡང་ལང་གཤེགས་འགོས་འགྱུར་དང་། མྱང་འདས་ཆེན་པོ། དྲིན་ལན་བསབ་མདོ་སོགས་རྒྱ་འགྱུར་འགའ་ཞིག་གི་བརྒྱུད་པ་ནི། ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། ཞུ་ཐུན། གྱི་མ་ཅུན། ཏིན་དུ། གྱི་ཧུང་། ཧི་ཧྲི་ཐིས། གྱི་ཛུ། སོན་ཆེན་གྱིང་། སིང་གསང་། གྱིང་ཇུ། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། རས་པ་སྟོན་ཤཱཀ ། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་སྔར་བཞིན་ནོ། །གཞན་ཡང་གཉན་ལོ་དང་། སྟེང་ལོ། ཁྲོ་ལོ། བ་རི་ལོ་ཙཱ། ཐར་ལོ། འབྲོ་ཤཱཀ་འོད་སོགས་ཀྱིས་སྤེལ་བའི་མདོ་ཕྲན་འགའ་ཤས་བརྒྱུད་པ་དང་། བརྒྱུད་ཚུལ་འདྲ་མིན་ཅུང་ཟད་རེ་ཡོད་པ་རྣམས་ལ་རྟགས་ཅན་དུ་བྱེད་པ་དང་། གྲངས་གསལ་དུ་བྱེད་པའི་ལུགས་ཤིག་སྣང་ནའང། དེ་དག་གི་གྲངས་དང་རྟགས་ཅན་རྣམས་ཕན་ཚུན་འཛིན་གཞི་མང་ཞིང་། དོན་དུ་བག་སྟོན་གཞོན་ [150b] ཚུལ་དང་། མཁན་ཆེན་ཤེས་རབ་རྡོ་རྗེ་གཉིས་ཀྱི་མ་གསན་པ་མེད་པས་ཀུན་གཟིགས་རོང་ཟོམ་པའི་བརྒྱུད་པ་འདི་དང་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་དེ་ལས་ཡིག་ཚོགས་ཀྱིས་ངལ་ནས་ཟུར་དུ་མ་སྤྲོས་སོ། །རྩ་བའི་ས་བཅད་གཉིས་པ་གསང་སྔགས་རྒྱུད་འབུམ་དུ་གྲགས་པའི་སྐོར་ལ། ཐེག་པ་མཐོ་དམན་གྱི་གོ་རིམ་ལ་ལྟོས་ནས། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། སྤྱོད་པའི་རྒྱུད། བྱ་བའི་རྒྱུད་དེ་རྩ་བའི་ས་བཅད་བཞི་དང་། མཐར་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྔོ་བ་ཤིས་བརྗོད་ཀྱི་སྐོར་དང་ལྔ་ལས། དང་པོ་བླ་མེད་ཀྱི་རྒྱུད་ལ། གསང་སྔགས་རྙིང་མ་དང་། གསར་མ་གཉིས་ལས། དང་པོ་སྔ་འགྱུར་རྙིང་མ་ནང་རྒྱུད་སྡེ་གསུམ་གྱི་སྐོར་རྣམས་ལོགས་སུ་བཞུགས་པ་བཞིན་འོག་ཏུ་འགོད་ལ། གཉིས་པ་ཕྱི་འགྱུར་གསར་མའི་ཕྱོགས་ལ་ཀུན་མཁྱེན་བུ་སྟོན་གྱི་བཞེད་པ་ལྟར་ཟུང་འཇུག་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད། ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་གསུམ་དུ་དབྱེ་བ་ལས། ཐོག་མར་གླེགས་བམ་༼ཀ༽པར་འཕགས་པ་ [151a] འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བསྟན་པ་སྔ་དར་སྐབས་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་བསྒྱུར་བ་ལ་སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་གུཔྟ་དང་རིན་བཟང་གི་ཡང་འགྱུར་ཅན་ལ། ལོ་ཙཱ་བ་བློ་གྲོས་བརྟན་པས་འགྱུར་བཅོས་མཛད་པ། རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་འབྲ་འགྱུར་ལ་སྒྲ་ཚད་པ་རིན་རྒྱལ་གྱིས་དག་པར་བཅོས་པ། དུས་འཁོར་བསྡུས་རྒྱུད། པཎ་ཆེན་སོ་མ་ནཱ་ཐ་དང་འབྲོ་འགྱུར་ལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སླར་ཡང་ཞུས་པ། རྒྱུད་ཀྱི་སྙིང་པོ་ཕྱི་མ་གཉན་ལོ་དར་གྲགས་ཀྱིས་འགྱུར། དབང་གི་རབ་བྱེད་རྭ་ཆོས་རབ་ཀྱི་འགྱུར་རྣམས་ཀྱི་ལུང་བརྒྱུད་ནི། མཆོག་གི་དང་པོའི་སངས་རྒྱས། རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་མ། ཙི་ལུ་པཎྜི་ཏ། དུས་ཞབས་ཆེ་ཆུང་། རྒྱལ་སྲས་ན་ལེནྡྲ་དང་། པཎ་ཆེན་སོ་མ་ནཱ་ཐ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་པ། བྲག་སྒོམ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། རྒྱལ་སྲས་ཆོས་ཀྱི་དབང་ཕྱུག །མ་ཅིག་སྤྲུལ་སྐུ་ཇོ་འབུམ། བླ་མ་ནམ་མཁའ་འོད་ཟེར། སེ་མོ་ཆེ་པ། ནམ་མཁའ་ [151b] རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཕོ་དོང་རིན་ཆེན་རྩེ་མོ། འཛིན་པ་རིན་ཆེན་ཤེས་རབ། བློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་དཔལ། གངས་ཁྲོད་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། བླ་མ་འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་དཀོན་འཕེལ། རྗེ་ལྷ་མཆོག་སེངྒེ་། ཆོས་རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། མགོན་པོ་བསོད་ནམས་མཆོག་ལྡན། རྡོ་བྲག་པདྨ་ཕྲིན་ལས། དཀའ་ཆེན་ངག་དབང་རབ་བརྟན། གྲུབ་དབོན་རིན་པོ་ཆེ་བསྟན་འཛིན་ཕུན་ཚོགས། མཁན་ཆེན་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས། རྗེ་བཀའ་འགྱུར་བ་བླ་མ་བཀྲ་ཤིས་རྒྱ་མཚོ། ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་མན་སྔར་བཞིན་ནོ། །ཡང་ན་བསོད་ནམས་མཆོག་ལྡན་ཡན་གོང་ལྟར་ལ། དེ་ནས་རིན་ཆེན་རྒྱ་མཚོ། ཀུན་དགའ་བསྟན་དར། ཀུན་དགའ་དར་རྒྱས། ཨོ་རྒྱན་སྐལ་བཟང་། སྐལ་བཟང་ [152a] འཕེལ་རྒྱས། འགྱུར་མེད་ཐེག་མཆོག་བསྟན་འཛིན། ཀུན་བཟང་རྣམ་རྒྱལ། པདྨ་རིན་ཆེན། བསྟན་འཛིན་ཕུན་ཚོགས། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་མན་གོང་བཞིན་ནོ། །གཞན་ཡང་། ས་ལུགས་དང་། རྭ་ལུགས། རྡོག་ལུགས་སོགས་བརྒྱུད་ཚུལ་དུ་མ་བཅས་བཞུགས་སོ། །གཉིས་པ། རྣལ་འབྱོར་མའི་རྒྱུད་ལ། རིགས་དྲུག་ཀ་མཉམ་པར་སྦྱོར་བའི་རྒྱུད། ཧེ་རུ་ཀའི་རིགས་ཀྱི་རྒྱུད། རྣམ་སྣང་རིགས་ཀྱི་རྒྱུད། རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད། པདྨ་གར་དབང་གི་རིགས་ཀྱི་རྒྱུད། །རྟ་མཆོག་གི་རིགས་ཀྱི་རྒྱུད། རིགས་དྲུག་པ་རྡོ་རྗེ་འཆང་གི་རིགས་རྒྱུད་དང་བདུན་གྱི་དང་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད། རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ་སྨྲྀ་ཏིའི་རང་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པུཎྱཻ་ཤྲཱི་མི་ཏྲ། སྟེང་ལོ་ཚུལ་ཁྲིམས་རྒྱལ་མཚན། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན་གཅིག །ལྷོ་པ་ཐམས་ཅད་མཁྱེན་པ། གླན་བང་སོ་པ། རྒྱ་བོ་བ་ལུང་པ། གཉལ་ཆོས་ཀྱི་གྲགས་པ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་ལེགས་པའི་བློ་གྲོས། བློ་ཆེན་སངས་རྒྱས་ [152b] སྲས། རྒྱལ་བཟང་དཔལ། གྲགས་པ་དཔལ། མ་ཏི་པཎ་ཆེན། གཞོན་ནུ་བློ་གྲོས། འཇམ་དབྱངས་གྲགས་པ། བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། རཏྣ་ཝརྔྷ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ནམ་མཁའ་དཔལ་བཟང་། ནམ་མཁའ་སངས་རྒྱས། མགོན་པོ་བསོད་ནམས་མཆོག་ལྡན། རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས་མན་གོང་བཞིན་ནོ། །སངས་རྒྱས་མཉམ་སྦྱོར་འདི་ལ་བསྟན་པ་སྔ་དར་སྐབས། མ་ཧཱའི་རྒྱུད་དང་མཉམ་དུ་བྱོན་པའི་སྔ་འགྱུར་ཀྱང་བཞུགས་སོ། །གཉིས་པ་ཧེ་རུ་ཀའི་རིགས་རྒྱུད་ལ། བདེ་མཆོག །དགྱེས་རྡོར། སངས་རྒྱས་ཐོད་པ། མ་ཧཱ་མ་ཡཱ། ཨ་ར་ལི་དང་ལྔ་བཞུགས་པའི་དང་པོ་ལ་རྩ་བཤད་གཉིས་ལས། དང་པོ་ནི་བདེ་མཆོག་རྩ་རྒྱུད་ཐུང་ངུ་པདྨ་ཀཱ་ར་དང་རིན་བཟང་གི་འགྱུར་གཉིས་ལ་བཤད་རྒྱུད་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་གཉིས་ལས། དང་པོ་བདེ་མཆོག་ངེས་པར་བརྗོད་པའི་རྒྱུད་བླ་མ་དཱི་པཾ་ཀཱ་ར་དང་རིན་བཟང་གི་འགྱུར་ཏེ། འདི་གཉིས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལུ་ཧི་པ། དཱ་ར་ཀ་ [153a] པ། དྲིལ་བུ་པ། རུ་རྦལ་ཞབས། འབར་བ་འཛིན། ཀྲྀཥྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། བར་མའི་སློབ་དཔོན། ན་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། རྗེ་བཙུན་ས་སྐྱ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྫེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། བློ་ཆེན་སངས་རྒྱས་སྲས་མན་གོང་གི་སངས་རྒྱས་མཉམ་སྦྱོར་བཞིན་ནོ། །༼ཁ༽ པ་ལ། རྡོ་རྗེ་མཁའ་འགྲོའི་རྒྱུད་ཤྲཱི་ག་ཡ་དྷ་ར་དང་། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ལུ་ཧི་པ། ཌོམ་བི་པ། དཱ་རི་ཀ་པ། ཀ་ཙ་ཏ་པ། བཛྲ་གཎྜ་པ། ལྭ་བ་པ། ཛ་ལནྡྷ་ར། ཀཧྣ་པ། ཀུ་ཤ་ལ་ནཱ་ཐ། ཏི་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མ་ཎི་ཀ་ཤྲཱི་ཛྙཱ་ན། ཁ་ཆེ་བྱང་ཆུབ་བཟང་པོ། དེ་བཞི་ལས་མར་དོ་ཆོས་ཀྱི་དབང་ཕྱུག་གིས་གསན། དེ་ནས་ཟེ་བ་བློ་ལྡན། སྲས་དོན་གྲུབ་ཡེ་ཤེས། ས་ཕུག་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལེགས་པའི་བློ་གྲོས། འཁོན་སྟོན་ཐུགས་རྗེ་རིན་ཆེན། [153b] འཇམ་དབྱངས་རིན་ཆེན་རྒྱལ་མཚན། བློ་ཆེན་སངས་རྒྱས་མན་གོང་བཞིན་ནོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་པཎྜི་ཏ་རྒྱལ་བའི་སྡེ་དང་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སྤྱན་རས་གཟིགས། བློ་གྲོས་རིན་ཆེན། ཤ་བ་རི། མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན། ཀ་མ་ཀ་ལ་བཛྲ། ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་དྷརྨ་ཡོན་ཏན། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་པཎ་ཆེན། རིན་པོ་ཆེ་སྐྱོབ་པ་དཔལ། ཆོས་ཀྱི་དབང་ཕྱུག། ལོ་ཙཱ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། བླ་མ་ཡེ་ཤེས་མགོན་པོ། དར་མ་བཟང་པོ། གྲགས་པ་དཔལ། སྤང་ཁང་པ་གྲགས་པ། ས་བཟང་མ་ཏི་པཎ་ཆེན་མན་གོང་གི་སངས་རྒྱས་མཉམ་སྦྱོར་ལྟར་རོ། །བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ། རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང་། ལོ་ཙཱ་བ་སྨོན་ལམ་གྲགས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ལོ་ཧི་པ། དཱ་ལི་པ། ཨ་བྷཱ་ཡ་ཀ་ར། ཤུ་བྷ་མ་ཀ་རུ་གུཔྟ། སུ་ཙ་རེ་པཱ་ད། རཏྣ་རཀྵི་ཏ། ཆགས་ལོ་ཆོས་རྗེ་དཔལ། གྲོ་ལུང་པ་མདོ་སྡེ་ [154a] དཔལ། ཤོང་ལོ་བློ་གྲོས་བརྟན་པ། ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས་མན་གོང་བཞིན་ནོ། །༼ག༽པ་ལ། ཁྲག་འཐུང་མངོན་པར་འབྱུང་བ་པཎ་ཆེན་ཨ་དྭ་ཡ་བཛྲ་དང་། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་ཌཱ་ཀི་མ། ནག་པོ་པ། བནྡྷེ་པ། དྷརྨ་པ། བྷུ་བ་པ། ཛེ་ཏ་རི་པ། ཨ་ནམ་ག་བཛྲ། དྷརྨཱ་ཀ་ར་མ་ཧི། མེཉྫ་གླིང་པ། རྭ་ལོ་རྡོ་རྗེ་གྲགས་པ། རྭ་ཆོས་རབ། རྭ་དྷརྨཱ་སེངྒེ་། རྭ་དཀོན་མཆོག་སེངྒེ་། རྭ་ཤེས་རབ་རྒྱལ་མཚན། བློ་ཆེན་མན་གོང་ལྟར་རོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་འགོས་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་མཁའ་འགྲོ་མ། ལུ་ཧི་པ། རྒྱལ་པོ་ཨུཏྨ་ཏ། ཀ་པ་དྷ་ར། ཨོཏྱན་ཌཱ་ཀི། ཏཻ་ལོ་པ། ན་རོ་པ། ཀྲྀཥྞ་པ། གཉོས་ལོ་ཙཱ། གཉོས་བླ་མ་དཔལ། ཕུག་པ་ཤེས་རབ་གྲགས། ཕུག་པ་ཇོ་འབུམ། སེངྒེ་རྒྱལ་མཚན། སངས་རྒྱས་འབུམ། ལོ་མཆོག་པ། བློ་ཆེན་སངས་རྒྱས་མན་འདྲ། རྣལ་འབྱོར་མ་བཞི་ཁ་སྦྱོར་བའི་རྒྱུད་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ས་ར་ཧ། [154b] ཀླུ་སྒྲུབ། ཤ་བ་རི། མཻ་ཏྲ་ལ། རྒྱ་གར་ཕྱག་ན་བ། བ་རེག་ལོ་ཙཱ། སུམ་པ་འཇམ་མགོན། བ་རེག་རཏྣ་འབར། བ་རེག་འོད་ཟེར། བ་རེག་ཇོ་འབུམ། སྟེང་ཕུ་ལུང་པ་ནམ་མཁའ་འགྲོ། བ་རེག་བཀྲ་ཤིས། ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས་མན་གོང་བཞིན་ནོ། །སྐབས་འདིར་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་ཅེས་པ་རྒྱུད་ཕྱི་མ་དང་བཅས་པ་ཡོད་ཀྱང་ལུང་མེད། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་རྒྱུད་ཛ་ཡ་སེ་ན་དང་། གཉན་དར་མ་ཡོན་ཏན་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ལོ་ཀི་ཤྭ་ར། བློ་གྲོས་རིན་ཆེན། ཤ་བ་རི། གཉིས་མེད་རྡོ་རྗེ། མ་ལ་མི་པཎྜི་ཏ། ཨ་བྷ་ཡཱ་ཀ་ར། ཤཱཀྱ་རཀྵི་ཏ། ཀ་ན་ཡ་ཤྲཱི། ཛ་ཡ་སེ་ན། སུམ་པ་ལོ་ཙཱ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བླ་མ་དམ་པ། ཐེག་ཆེན་ཆོས་རྗེ། ནམ་མཁའ་བཟང་པོ། ངག་དབང་གྲགས་པ། ཤེས་རབ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་བ། ཚར་ཆེན་བློ་གསལ་རྒྱ་མཚོ། གནས་གསར་བ་འཇམ་དབྱངས་མཁྱེན་ [155a] བརྩེའི་དབང་ཕྱུག །བཀའ་འགྱུར་བ་བསོད་ནམས་མཆོག་ལྡན་མན་འདྲ། གཉིས་པ་བཤད་རྒྱུད་ཐུན་མོང་བ། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་བརྟག་པ་བཅུ་པ་དང་། རྒྱུད་ཕྱི་མ་བཅས་ག་ཡ་དྷ་ར་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བརྺི་པ། ཌོམྦི་པ། ཨ་ཀ་ལ་བཛྲ། ནག་ས་ཁྲོད་པ། གརྦྷ་རི་པ། ཛ་ཨ་ཤྲཱི་ཛྙཱ་ན། མི་ཐུབ་པ། དཔའི་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ། མངའ་རིས་པ་གསལ་བའི་སྙིང་པོ། སྐྱི་ཆུ་དགྲ་ལྷ་འབར། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། འུ་ཡུག་པ་བསོད་ནམས་སེངྒེ་། རྗེ་ཤཱཀྱ་སེངྒེ་། བླ་མ་དབང་རྒྱལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ། ངོར་ཆེན་རྡོར་འཆང་ཀུན་དགའ་བཟང་པོ། ཀུན་དགའ་དབང་ཕྱུག། ངོར་པ་དཀོན་མཆོག་འཕེལ་མན་བློ་ཆེན་སངས་རྒྱས་སྲས་ཀྱི་བརྒྱུད་པ་བཞིན་ནོ། །རྒྱུད་ཀྱི་རྒྱལ་པོ་དཔལ་རྙོགས་པ་མེད་པ་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་གྱི་བརྒྱུད་པ་ [155b] ནི། རྡོ་རྗེ་འཆང་། བདག་མེད་མ། ཀླུ་སྒྲུབ། ཏཻ་ལོ་པ། ནཱ་རོ་པ མར་པ་ལོ་ཙཱ། མེ་སྟོན་བསོད་རྒྱལ། རྩ་སྐྱ་ཤཱཀ་ཡེ། རྒྱ་སྟོན་བཟང་པོ། ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། བློ་ཆེན་མན་སྔར་གྱི་བརྒྱུད་པ་བཞིན་ནོ། །མཚམས་འདིར་བདེ་མཆོག་ནམ་མཁའ་མཉམ་པ་དང་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་གཉིས་ཡོད་ཀྱང་ལུང་མི་བཞུགས། གཉིས་ཁ་ཀྱེ་རྡོར་གྱི་སྐོར་ལ་རྩ་རྒྱུད་སོགས་བདུན་ལས། ༼ང་༽པ་ལ། ཀྱེ་རྡོར་རྩ་རྒྱུད་ལས་བཏུས་པ་བརྟག་པ་གཉིས་པ་ཁྱོན་ལེའུ་ཉེར་གསུམ་པ་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་གྱི་བརྒྱུད་པ་ནི། དཔལ་ས་སྐྱ་བ་ཆེན་པོ་གོང་མ་ལྔ་ཡན་བདེ་མཆོག་བཤད་རྒྱུད་ལྟར་ལ། དེ་ནས་སློབ་དཔོན་གཞོན་སྟོན། རྡོ་རྗེ་རྒྱལ་མཚན། དར་མ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན་མན་དེ་ཉིད་བཞིན་ནོ། །ཀྱཻ་རྡོར་གྱི་བཤད་རྒྱུད་ཐུན་མིན་རྡོ་རྗེ་གུར་གྱི་བརྒྱུད་པ་ནི། གོང་མ་ལྔ་ཡན་སྔར་ལྟར་ལ། དེ་ནས་འོ་ཡུག་པ་བསོད་ནམས་སེངྒེ་། རི་ཕུག་པ་ཤཱཀྱ་སེངྒེ་། བློ་གྲོས་མཚན། མ་ཏི་པཎ་ཆེན་མན་དེ་ཉིད་བཞིན་ནོ། །རྒྱུད་ཕྱི་མ་ཕྱག་ཆེན་ཐིག་ལེ་པྲཛྙཱ་གུ་ཧྱ་ [156a] དང་། ཀཾ་ཆོས་ཀྱི་ཡེ་ཤེས། ཕྱུགས་དགྲ་བཅོམ་གསུམ་གྱིས་བསྒྱུར་བ། དེའི་ཕྱི་མའི་ཕྱི་མ་དཔལ་ཡེ་ཤེས་སྙིང་པོ་ཤེས་རབ་གསང་བའི་རང་འགྱུར། ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད། ཤྲཱི་ཛྙཱ་ན་གུཔྟས་བསྒྱུར་བ་དང་གསུམ་གྱི་བརྒྱུད་པ་ནི། གོང་མ་ལྔའི་བར་སྔར་བདེ་མཆོག་བཞིན་ལ། དེ་ནས་བློ་ཆེན་སངས་རྒྱས་སྲས་མན་གོང་གི་དཀྱུས་བཞིན་ནོ། །འབྲས་བུའི་རྒྱུད་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ཤེས་རབ་གསང་བའི་རང་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། མཻ་ཏྲ་པ། རྒྱ་གར་ཕྱག་ན་པ། གཙང་ཤོད་པ། སུམ་པ་འཇམ་མགོན། རཏྣ་འབར། བ་རོག་འོད་ཟེར། སྤྲུལ་སྐུ་ཇོ་འབུམ། སྟེང་ཕུ་ལུང་པ། བ་རོག་བཀྲ་ཤིས། ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས། རྒྱལ་བཟང་པོ། སྤང་ཁང་པ། མ་ཏི་པཎ་ཆེན་མན་སྔར་བཞིན་ནོ། །གསུམ་པ་སངས་རྒྱས་ཐོད་པའི་སྐོར་ལ། དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བའི་རྒྱུད། ག་ཡ་དྷ་ར་དང་གྱི་ཇོས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཛྙཱ་ན་ཌཱ་ཀི་ནི། ལོ་ཧི་པ། ཏཻ་ལོ་པ། ནཱ་རོ་པ། དྷ་ར་ཤྲཱི། [156b] ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། འགོས་ཁུག་ལྷས། དེ་གཉིས་ཀ་ལ་དོར་གྱི་མཚུར་སྟོན་དབང་ངེ་། སྦུག་སྟོན་ཐམས་ཅད་མཁྱེན་པ། སྤུག་དྷརྨ་ཀེ་ཏུ། ཇོ་བསྟན་གཉལ་པ། བློ་ཆེན་སངས་རྒྱས་སྲས་མན་དཀྱུས་བཞིན་ནོ། །བཞི་པ་མ་ཧཱ་མཱ་ཡའི་སྐོར་ལ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཤཱནྟ་བྷ་དྲ་དང་འགོས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་ཌཱ་ཀི་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོམྦི་པ། ཏཻ་ལོ་པ། ནཱ་རོ་པ། ཤཱནྟ་བྷ་དྲ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། རྡོག་མདོ་སྡེ། རྔོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་རབ་དཔལ། དཔལ་ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ། བློ་ཆེན་སངས་རྒྱས་སྲས་མན་སྔར་བཞིན་ནོ། །ལྔ་པ་ཨ་ར་ལིའི་སྐོར་ལ། བཛྲ་ཨ་ར་ལི་དང་། རི་གི་ཨི་ར་ལི་གཉིས་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་གྱི་བརྒྱུད་པ་ནི། གོང་གི་བདེ་མཆོག་གི་རྒྱུད་དཔལ་རྙོགས་པ་མེད་པའི་སྐབས་བཞིན་ནོ། །གསུམ་པ་རྣམ་སྣང་གི་རིགས་ཀྱི་རྒྱུད་ལ། གདན་བཞིའི་ [157a] གདན་རེ་ལ་བཞི་བཞི་སྟེ་བཅུ་དྲུག་ག་ཡ་དྷ་ར་དང་། འགོས་ཀྱི་འགྱུར། དེའི་རྒྱུད་སྔགས་ཀྱི་ཆ་ཞེས་པ་སྨྲྀ་ཏིའི་རང་འགྱུར་དང་གཉིས་ཀྱི་བརྒྱུད་པ། རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་མདོ་སྡེ། རྩག་དྷརྨ་རཱ་ཛ། རྩ་ག་མུ་དྲ་སིངྷ་། རྒྱ་གར་བ་རིན་ཆེན་འབུམ། རྣ་བསོད་ནམས་འབུམ། བླ་མ་བྱ་ནག་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས་མན་དཀྱུས་བཞིན་ནོ། །དཔལ་གདན་བཞི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོའི་བརྒྱུད་པ་གོང་གི་གདན་བཞི་བཞིན་ནོ། །དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་རཏྣ་ཤྲཱི་དང་། དཔལ་ས་སྐྱ་པ་ཆེན་པོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བི་ཛ་རཀྵི་ཏ། ཛྭ་ཀི་པ། རཏྣ་ཤྲཱི། ཤུད་ཀོ་ལོ་ཙཱ། ལེགས་པའི་བློ་གྲོས། བློ་ཆེན་སངས་རྒྱས་མན་དཀྱུས་བཞིན་ནོ། །༼ཅ༽པ་ལ། མི་གཡོ་བའི་རྒྱུད་ཨ་ཏུ་ལ་དཱ་ས་བཛྲ་དང་མར་པ་ཆོས་དབང་གི་འགྱུར། མི་གཡོ་བའི་གསང་རྒྱུད་ལེའུ་ལྔ་པ་འགྱུར་བྱང་མེད་པ། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་བའི་རྒྱུད་ལེའུ་བཞི་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ [157b] རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཁང་སྟོན་འོད་ཟེར་རྒྱལ་མཚན། བློ་ཆེན་སངས་རྒྱས་མན་དཀྱུས་བཞིན་ནོ། །བཞི་པ་རྡོ་རྗེ་ཉི་མའི་རིགས་རྒྱུད་ལ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ཇོས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཛ་ལནྡ་ར། ཀཧྞ་པ། ཀུ་ཤ་ལ་ནཱ་ཐ། བི་ཛ་ཡ་པཱ་ད། ཏཻ་ལོ་པ། ནཱ་རོ་པ། སེནྟ་པ། མར་པ་ལོ་ཙཱ། ཁམས་པ་རོ་མཉམ་རྡོ་རྗེ། གསེར་ལྡིང་དགོན་པ་བ། དྭགས་པོ་ཤ་བ་གླིང་པ། ཞང་རོ་ཀ་བ། སྦྲག་གཙང་པོ། རྒྱ་གར་གྲགས་པ། སྲས་ཡོན་ཏན་གྲགས་པ། ས་ཕུག་པ་ཤཱཀྱ་རྡོ་རྗེ། ས་ཆོས་གྲགས་པ། གསེར་ལྡིང་དགོན་པ་པ། དྭགས་པོ་ཤ་བ་གླིང་པ། ཞང་རོ་ཀ་བ། སྦྲགས་གཙང་པ། རྒྱ་གར་གྲགས་པ། སྲས་ཡོན་ཏན་གྲགས་པ། ས་ཕུག་པ་ཤཱཀྱ་རྡོ་རྗེ། ས་ཆོས་གྲགས། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། བློ་ཆེན་སངས་རྒྱས་མན་དཀྱུས་བཞིན་ནོ། །ལྔ་པ་པདྨ་གར་དབང་གི་རིགས་ལ། སྒྲོལ་མ་ཀུ་རུ་ཀུལླེའི་རྟོགས་ན་ཀྲྀཥྞ་པཎ་ཆེན་དང་ནག་འཚོའི་འགྱུར་གྱི་བརྒྱུད་པ་ནི། སངས་རྒྱས། སྤྱན་རས་གཟིགས། ཀུ་ལི་ཀ་ཛ་ཧི། ཀྲྀཥྞཔ་ཆེ་ཆུང་། ནག་འཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། [158a] སྤུག་རྒྱ་གར་རྒྱལ་པོ། སྤུག་ཕྱི་མ་ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས་མན་གོང་བཞིན་ནོ། དྲུག་པ་རྟ་མཆོག་རིགས་ཀྱི་རྒྱུད་ལ། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ་འགྱུར་བྱང་མ་འཁོད་པའི་ལུང་བརྒྱུད་ནི། རྗེ་བཙུན་སྒྲོལ་མ། ཀྲྀཥྞ་པ། ཝཾ་གུ་པཎྚི་ཏ། དྷ་ན་ཤཱི་ལ། ཁུ་རྣལ་འབྱོར་པ། ཟུར་ཁང་གཞོན་ནུ་དབང་ཕྱུག། བསོད་ནམས་ལྷུན་གྲུབ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། མཁན་རྒྱལ་བཟང་དཔལ། གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་པ། སྣར་ཐང་པ་མཁན་ཆེན་ཀུན་དགའ་རྒྱལ་མཚན། བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། གྲུབ་ཆེན་བསོད་ནམས་སེངྒེ་། ཇོ་རྡོ་རྗེ་རྒྱལ་མཚན། རུ་ཐོག་ནམ་མཁའ་གཟི་བརྗིད། གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན་མན་སྤྱི་ལྟར་རོ། །ཕུར་པ་རྩ་བའི་དུམ་བུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའི་ [158b] བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། སློབ་དཔོན་པད་འབྱུང་། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་ཀླུའི་བྱང་ཆུབ། འཁོན་དགེ་སྐྱབ། འཁོན་དགེ་མཆོག་ཤཱཀྱ་བློ་གྲོས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དགོན་ས་སྐྱ་པཎ་ཆེན་གྱི་བར་བསྟན་པ་སྔ་དར་སྐབས་ཀྱི་བརྒྱུད་པ་དང་། ཕྱི་དར་སྐབས་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བཛྲ་པཱ་ཎི། ས་ར་ཧ། མགོན་པོ་ཀླུ་སྒྲུབ། མ་ཏམ་གི་པ། བི་ཁྱཱ་ཏ་དེ་བ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། སུ་ག་ཏ་ཤྲཱི། རྗེ་ས་སྐྱ་པཎ་ཆེན་མན་སྔར་བཞིན་ལ། གཞན་ཡང་ཆོས་རྗེ་དམ་གཙང་བྱམས་གསུམ་སོགས་ཀྱིས་བསྐྱངས་པའི་ཀཿཐོག་རྡོ་རྗེ་གདན་གྱི་བརྒྱུད་པ་དང་། རོང་ཟོམ་ཆོས་ཀྱི་བཟང་པོ་སོགས་ཀྱི་བརྒྱུད་ཚུལ་གྱི་རྣམ་གྲངས་དུ་མ་དང་བཅས་བཞུགས་སོ། །ནག་པོ་ཆེན་པོ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བཅུ་པ་ས་མནྟ་ཤྲཱི་དང་། རྭ་ཆོས་རབ་ཀྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། [159a] སནྟི་པ་ཆེ་ཆུང། ཏཻ་ལོ་ལ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། མཉྫུ་ཀིརྟི། ས་མནྟ་ཤྲཱི་བྷ་དྲ། རྭ་ཆོས་རབ། རྭ་དར་མ་སེངྒེ་། རྭ་དཀོན་མཆོག་སེངྒེ་། རྭ་ཤེས་རབ་རྒྱལ་མཚན། ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས་མན་སྤྱི་ལྟར་རོ། །བདུན་པ་རྡོ་རྗེ་འཆང་གི་རིགས་རྒྱུད་ལ། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་བཞུགས་ཀྱང་སྟོད་བརྒྱུད་དུ་ལུང་རྒྱུན་མི་བཞུགས་ཤིང་། ཕྱིས་དཔལ་ཀཿཐོག་པ་ཆེན་པོ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་བརྒྱུད་དུ་སྤེལ་བར་ལུང་རྒྱུན་བཞུགས་སོ། །གསུམ་པ་ཐབས་གཙོ་བོར་སྟོན་པ་རྣལ་འབྱོར་ཕའི་རྒྱུད་ལ་དྲུག །མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ། དྲུག་པ་རྡོ་རྗེ་འཆང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་དོ། །དང་པོ་གསང་འདུས་རྩ་རྒྱུད་དང་རྒྱུད་ཕྱི་མ། ཨཱ་ཙརྱ་ཤྲངྔྷ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཨནྡྲི་བྷུ་ཏི། ཌཱ་ཀི་བདེ་བའི་ཞབས། ཌོམྦི་པ། དྲིལ་བུ་པ། ཨ་ནཾ་ག་བཛྲ། ཀམྦ་ལ་པ། ནག་པོ་པ། ནཱ་རོ་པ། མར་པ་ལོ་ཙཱ། མཚུར་སྟོན་དབང་རྡོར། འཁོན་གད་པ་ཀཱིརྟི། འགར་སྟོན་ཇོ་ [159b] སྲས། ཨང་ཕུག་རི་སྟོན། སེངྒེ་རྫོང་པ། ཁྱུང་སྟོན་པ་ཞིག་པོ་དྲོད་ཆུང་། ཚུལ་ཁྲིམས་སྙིང་པོ། ཆོས་སྡིང་པ་རྡོ་རྗེ་སྙིང་པོ། ཆོས་སྡིང་འོག་མ། དར་མ་བཟང་པོ། བཀྲ་ཤིས་རྒྱལ་མཚན། ས་བཟང་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། འཇམ་གྲགས་པ། བསོད་ནམས་རྒྱལ་མཚན། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། རྗེ་དཀོན་མཆོག་འཕེལ། ལྷ་མཆོག་སེངྒེ་། དགེ་ལེགས་བཤེས་གཉེན། ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། མགོན་པོ་བསོད་ནམས་མཆོག་ལྡ། རིག་འཛིན་པདྨ་ཕྲིན་ལས་མན་སྤྱི་ལྟར་རོ། །འདིར་གསང་བ་འདུས་པ། དཔལ་མཆོག་དང་པོ། ཟླ་གསང་ཐིག་ལེ་སོགས་ཕལ་ཆེར་བསྟན་པ་སྔ་དར་གྱི་སྐབས་བསྒྱུར་ཞིང་ཕྱིས་ཀྱི་ལོ་ཆེན་རྣམས་ཀྱིས་འགྱུར་བཅོས་ཀྱི་ཞུས་ཆེན་དང་། སླར་རྒྱ་དཔེ་ལ་གཏུག་སྟེ་བསྒྱུར་མཛད་པས་འགྱུར་བྱང་དུ་དེ་ལྟར་བཀོད་དོ། །གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་བསྟན་ལེའུ་བཅུ་གཉིས་པ་འགྱུར་གོང་ལྟར་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་རྣལ་འབྱོར་ཆེན་ [160a] པོའི་རྒྱུད། སུ་ཛྙཱ་ན་ཤྲཱི་དང་ལྷ་བཙུན་ཞི་བ་འོད་ཀྱི་འགྱུར། ལྷ་མོ་བཞིས་ཞུས་སྨྲྀ་ཏིའི་རང་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཛྙཱ་ན་ཀ་ར་དང་ཁུ་དངོས་གྲུབ་ཀྱིས་བསྒྱུར་བ། ༼ཆ༽པ་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་ཞེ་གཅིག་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། གཉིས་མེད་རྣམ་རྒྱལ་གཉིས་བཅས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ། ཀླུ་སྒྲུབ། འཕགས་པ་ལྷ། ནཱ་རོ་པ། མར་པ་ལོ་ཙཱ། དེ་ནས་རྔོག་བརྒྱུད་བཞི་དང་། ཀློག་སྐྱ་དབང་ཕྱུག་གྲགས། ལྡོང་སྟོན་ཤེས་རབ་དཔལ། འགྲོ་མགོན་འཕགས་པ་རིན་པོ་ཆེ། བློ་ཆེན་སངས་རྒྱས་སྲས་མན་སྔར་བཞིན་ནོ། །༼ཇ༽པ་ལ། གོས་སྔོན་ཅན་དྲག་པོ་གསུམ་འདུལ་དང་དེའི་བཤད་རྒྱུད་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སེང་ཧ་མུ་ཁ། ཤ་ཝ་རི་པ། ཛ་ཝ་རི་པ། དེ་ཝ་པུརྞ་མ་ཏི། འགར་ཆོས་བཟང་། རིན་ཆེན་དངོས་གྲུབ། དམར་ཆོས་ཀྱི་རྒྱལ་མཚན། ཤེས་རབ་རྡོ་རྗེ། ཐུབ་པ་ཤེས་རབ། བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་པོ། དབང་ཕྱུག་རྒྱལ་མཚན། འཛིམས་རྒྱལ་མཚན་དཔལ། ཀུན་སྤང་ཆོས་ [160b] གྲགས། མ་ཏི་པཎ་ཆེན་མན་འདྲ། གོས་སྔོན་ཅན་རྡོ་རྗེ་བེ་ཅན་གྱི་རྒྱུད། དེའི་བཤད་རྒྱུད་རྡོ་རྗེ་གདེངས་པའི་རྒྱུད་བཅས་པ་པཎ་ཆེན་ཨ་ཌཱ་ཡ་ཤྲཱི་མ་ཏི་དང་ལོ་ཙཱ་བ་བནྡྷེ་ཆོས་དབང་གིས་བསྒྱུར་བའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཡེ་ཤེས་དབང་ཕྱུག །ལས་ཀྱི་རྡོ་རྗེ། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ། ཝ་ལ་ཙནྡྲ། རས་ཆུང་པ། འབྲོ་སྒོམ་པ། ཟངས་རི་རྒྱ་རས། རླུང་རིང་། འབུམ་གྲགས། ཤེས་རབ་རྒྱལ་མཚན། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས་མན་གོང་བཞིན་ནོ། །གཏུམ་པོ་གསང་རྒྱུད་ཕྱི་མའི་ཕྱི་མ་བཅས་དང་། རྨི་ལམ་མཐོང་བའི་གཟུངས་བཅས་ལ་ལུང་མེད་པར་གྲགས། གོས་སྔོན་ཅན་དྲག་པོ་མེ་ལྕེའི་རྒྱུད་རཏྣ་ཀིརྟི་དང་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་བའི་བརྒྱུད་པ་ནི་གོང་ལྟར་རོ། །འདིར་མེ་ལྕེ་དབབ་པ། ཕྱག་ན་རྡོ་རྗེའི་གསང་བ་བསྟན་པ། བདེ་ཁྲོས་རྣལ་འབྱོར་ཆེན་མོ། གསང་བ་མངོན་བསྟན། རྡོ་རྗེ་བདེ་ཁྲོས་ཀྱི་བར་ཚན་པ་ལྔ་པོ་བར་སྐབས་སུ་ལུང་རྒྱུན་མེད་པར་གྲགས་ཀྱང་། ཕྱིས་དཔལ་ཀཿཐོག་པ་སི་ཏུ་པཎ་ཆེན་གྱིས་ཤིན་ཏུ་དཀོན་རིགས་ཀྱི་ལུང་རྒྱུན་རྣམས་ཐུགས་བརྩོན་ཆེན་པོས་ [161a] བཙལ་ཏེ་གསན་པས་ཁམས་བརྒྱུད་དུ་བཞུགས་པར་གྲགས་སོ། །གཉིས་པ་རྣམ་སྣང་གི་རིགས་སུ་གཏོགས་པའི་རྒྱུད་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལོ་ཆེན་རིན་བཟང་གིས་བསྒྱུར་བའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རྒྱལ་པོ་རབ་གསལ་ཟླ་བ། ཛྙཱ་ན་བཛྲ། ཀུན་དགའ་སྙིང་པོ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤངྔྷ་ཀ་ར་ཝརྨ། རིན་ཆེན་བཟང་པོ། ལེགས་པའི་ཤེས་རབ། ཡེ་ཤེས་འབར། ལྷའི་དབང་ཕྱུག །སངས་རྒྱས་འབར། ལྷོ་པ་ཐམས་ཅད་མཁྱེན་པ། རྗེ་ཆོས་ཀྱི་སེངྒེ་། ཀག་སྟོན་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་པ་སངས་རྒྱས་མན་དཀྱུས་བཞིན་ནོ། །རྣམ་སྣང་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྐོར་ལ། གཤིན་རྗེ་གཤེད་ནག་པོའི་རྒྱུད་དཱི་པཾ་ཀ་ར་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ལ་ལི་ཏ་བཛྲ། ཏཻ་ལོ་པ། ནཱ་རོ་པ། ཤེས་རབ་སྲུང་བ། མེཉྫ་གླིང་པ། རྭ་པ་རྣམ་ལྔ། བློ་ཆེན་སངས་རྒྱས་སྲས། རྒྱལ་བཟང་དཔལ། སྤང་ཁང་པ། མ་ཏི་པཎ་ཆེན་མན་སྔར་བཞིན་ནོ། །གཤེད་ནག་ལས་ [161b] གྲུབ་འཁོར་ལོའི་རྒྱུད་བྷ་རོ་དང་རྭ་འགྱུར། རྟོག་པ་གསུམ་པ་དངོས་གྲུབ་གཏམ་རྒྱུད་ཀྱི་རྟོག་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ལ་ལཱི་ཏ་བཛྲ། ཡེ་འབྱུང་སྦས་པ། པདྨ་བཛྲ། བལ་པོ་བྷ་རོ། རྫེ་བཙུན་རྭ་ཆེན། རྭ་ཆོས་རབ། རྭ་ཡེ་ཤེས་སེངྒེ་། རྭ་འབུམ་སེང་། རྒ་ལོ་རྣམ་རྒྱལ་རྡོ་རྗེ། དེས་སྲས་ཤེས་རབ་སེངྒེ་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་ཤེས་རབ་དཔལ་བཟང་། རྒ་ལོ་གཉིས་པ་དགེ་བ་རྒྱལ་མཚན། གྲ་ཐང་པ་ཤེས་རབ་ཟླ་བ། རྗེ་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། རིག་འཛིན་པདྨ་ཕྲིན་ལས་མན་སྔར་བཞིན་ནོ། །རྟོག་བདུན་དང་རྟོག་གསུམ་གྱི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཛྙཱ་ན་ཌཱ་ཀི། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ་ཆེ་ཆུང་གཉིས། སྐྱོ་འོད་འབྱུང་། སྐྱོ་འཇམ་དཔལ། སྐྱོ་ཁམས་པ། གཉན་རིན་ཆེན་བརྟན་པ། གཉན་འོད་སྲུང་། གཉན་ཆོས་རྒྱལ། བློ་ཆེན་སངས་རྒྱས་སྲས། མཁན་པོ་རྒྱལ་བཟང་། [162a] སྤང་ཁང་པ། མ་ཏི་པཎ་ཆེན་མན་སྔར་བཞིན་ནོ། །གཤེད་དམར་གྱི་རྒྱུད་ཙནྡྲ་ཀཱིརྟི་དང་། གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་བརྒྱུད་པ་ནི། བཅོམ་ལྡན་གཤིན་རྗེ་གཤེད། བྲམ་ཟེ་དཔལ་འཛིན། བི་ར་ཌི་པ། གམྦྷི་ར་མ་ཏི། ནིསྐ་ལཾ་ཀ་དེ་ཝ། རེ་ཝིནྡྲ་པྲ་བྷ། ཆག་ལོ་ཆོས་དཔལ། བླ་མ་དཔལ་གྱི་རྒྱལ་མཚན། ཀློག་སྐྱ་བ། དོན་རི་པ་གྲགས་དཔལ། སྤང་ཁང་པ་གྲགས་དཔལ། ས་བཟང་པཎ་ཆེན་མན་སྔར་བཞིན་ནོ། །འདི་ལ་བུ་སྟོན་གྱི་འགྱུར་ཞིག་ཡོད་ཀྱང་ལུང་མེད། གསུམ་པ་རིན་པོ་ཆེའི་རིགས་རྒྱུད་ལ་རིན་ཆེན་སྡོང་པོ་སོགས་ཡོད་ཀྱང་མ་རྙེད་ཅེས་བུ་སྟོན་པས་གསུངས་སོ། །བཞི་པ་པདྨ་རིགས་ཀྱི་རྒྱུད་ལ། དཔལ་རལ་པ་གཅིག་པའི་རྟོགས་པའི་རྒྱུད་ཤྲཱི་ཁ་ལ་རུ་ཏྲ་དང་ཁྲོ་ལོ་བྱམས་པའི་དཔལ་གྱིས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཁ་སརྤཱ་ཎི། བློ་གྲོས་རིན་ཆེན། ཏཻ་ལོ་པ། ནིསྐ་ལམ་ཀ་ཤྲཱི། མི་ཏྲ་ཛོ་ཀི། ོ་ལོ་བྱམས་པའི་དཔལ། དཔོན་སྟོན་པ། རིན་ཆེན་སེངྒེ་། བུ་སྟོན་པ། གཞོན་ནུ་བསོད་ནམས། དོན་གྲུབ་ལེགས་པ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། [162b] རིན་ཆེན་མཆོག་གྲུབ། ཚུལ་ཁྲིམས་བཟང་མོ། མངའ་རིས་པ་རིག་འཛིན་ལེགས་ལྡན་རྡོ་རྗེ། བླ་མ་ཨོ་རྒྱན་རྒྱལ་པོ། པཎ་ཆེན་ཀུན་བཀྲས་པ། མགོན་པོ་བསོད་ནམས་མཆོག་ལྡན། བྱང་བདག་རིག་འཛིན་པདྨ་ཕྲིན་ལས་མན་དཀྱུས་བཞིན་ནོ། །ལྔ་པ་ལས་ཀྱི་རིགས་རྒྱུད་མ་རྙེད་ལ། དྲུག་པ་རྡོ་རྗེ་འཆང་གི་རིགས་རྒྱུད་ནི་ཟླ་གསང་ཐིག་ལེ། རིན་བཟང་གིས་བསྒྱུར་བའི་བརྒྱུད་པ་ནི་སངས་རྒྱས་མཉམ་སྦྱོར་དང་འདྲའོ། །དེ་དག་གི་གསང་སྔགས་གསར་མར་གྲགས་པའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལེགས་པར་ཐོབ་པའི་ལུང་གི་བརྒྱུད་ཚུལ་རྣམས་སྨོས་ཟིན་ལ། ད་ནི་གསར་རྙིང་ཐུན་མོང་དུ་གྱུར་པ་ཕྱིའི་རྒྱུད་སྡེ་གསུམ་པོ་ཇི་ལྟར་ནོད་ཚུལ་ནི། གོང་གི་རྩ་བའི་ས་བཅད་གཉིས་པ་རྣལ་འབྱོར་རྒྱུད་ཀྱི་སྐོར་ལ། ཐབས་གཙོ་བོར་སྟོན་པའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ལས། དང་པོ་རྩ་བའི་རྒྱུད། བཤད་པའི་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་བཞུགས་པའི་དང་པོ་ནི། ༼ཉ༽པ་ལ། དེ་ཉིད་བསྡུས་པ། རྒྱུད་ཕྱི་མ་ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུས་པ་དང་བཅས་བསྟན་པ་སྔ་དར་གྱི་སྐབས་ [163a] དཔལ་བརྩེགས་སོགས་ཀྱིས་འགྱུར་ལ། ལོ་ཆེན་རིན་ཆེན་བཟང་པོས་སླར་རྒྱ་དཔེ་ལ་གཏུག་སྟེ་བསྒྱུར་བ། གཉིས་པ་ནི་ཡོ་ག་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་པ་བཅུ་པ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་པའི་ཡན་ཆད་རྟོག་པ་ཕྱེད་དང་དྲུག་ཡོད་པ་བམ་པོ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཀརྨ་བཛྲ་དང་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར་རྣམས་སོ། །༼ཏ༽ པ་ལ། ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་འགྱུར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་རྩ་བའི་རྒྱུད་ཕྱི་མ་དང་བཅས་པ་ཁ་ཅིག་གིས་རིན་ཆེན་བཟང་པོས་འགྱུར་བར་བཞེད་ཅིང་། ཁ་ཅིག་གིས་རྨ་དགེ་བློས་བསྒྱུར་བར་བཞེད་པ་ལ། མཁས་པ་ཞྭ་ལུ་བ་ཡེ་ཤེས་རྒྱ་མཚོས་ཚིག་དོན་ལ་ལེགས་པར་དཔྱད་ནས་ཞུས་པ་རྣམས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗོད་ཀྱི་རྒྱལ་པོའི་རྟོག་པ་ཞེས་བྱ་བ་བམ་པོ་གསུམ་པ། རྒྱ་གར་གྱི་ [163b] མཁན་པོ་ཤཱནྟིཾ་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཛ་ཡ་རཀྵི་ཏས་བསྒྱུར་བ། དེའི་གཤམ་དུ་མངོན་སྤྱོད་ཀྱི་ལས་འགྱུར་བྱང་སྔ་མ་དང་འདྲ་ལ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའི་གཟུངས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་དེ་བེནྡྲ་དེ་བའི་ཞབས་དང་། པཎ་ཆེན་མཱ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བསྒྱུར་བ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། ཁ་ཆེའི་པཎྜི་ཏ་ཛྙཱ་ན་བཛྲ་དང་། ལོ་ཙཱ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར་རྣམས་སོ། །གཉིས་པ་ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་ལ། དེ་ཉིད་བསྡུས་པའི་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ལས་དུབ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤདྡྷཱ་ཀར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་འགྱུར། དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དུམ་བུ་དང་པོ་དང་གཉིས་པའི་རྟོག་པ་ཐམས་ཅད་ [164a] བསྡུས་པའི་རྒྱུད་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང་གསང་བ་རས་བྲིས་ཀྱི་ཆོ་ག་དང་། ཕྱག་རྒྱའི་རྒྱུད། རྟོག་པ་ཐམས་ཅད་ཀྱི་རྒྱུད། ཕྱི་མའི་རྩ་བའི་རྟོག་པ་དང་། རྟོག་པ་ཐམས་ཅད་སྒྲུབ་པའི་ཆོ་ག་དང་། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ་རྟོག་པ་ཐམས་ཅད་བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག་དང་རྒྱུད་ཉེ་བར་སྡུད་པ་དང་བཅས་པ་རྣམས་པཎྜི་ཏ་མནྟྲ་ཀ་ལཱ་ཤ་དང་ལོ་ཙཱ་བ་ལྷ་བཙན་པོ་ཞི་བ་འོད་ཀྱིས་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་འགྱུར་བྱང་མ་འཁོད་པ་རྣམས་སོ། །༼ཐ༽པ་ལ། དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། །པཎྜི་ཏ་སུ་ག་ཏ་ཤྲཱི་དང་། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་སྐབས་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་པའི་བར་བསྒྱུར་བའི་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པའི་རྫོགས་པར་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་སལྔ་པ་ཞེས་བྱ་བའི་ [164b] མདོ་འགྱུར་བྱང་མ་འཁོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད། རྒྱ་གར་གྱི་མཁན་པོ་བདེ་བར་གཤེགས་པའི་དཔལ་དང་། སྒྲ་བསྒྱུར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར་བ། འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུད་འགྱུར་བྱང་སྔ་མ་དང་འདྲ་བ་རྣམས་སོ། །རྩ་བའི་ས་བཅད་གསུམ་ལ་སྤྱོད་པའི་རྒྱུད་ལ་རིགས་གསུམ་ལས། དང་པོ་དེ་བཞིན་གཤེགས་པའི་རིགས་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་པོ་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་པ། དེའི་རྒྱུད་ཕྱི་མ་རིམ་པར་ཕྱེ་བ་བདུན་པ་དང་བཅས་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བ་ནྡྷེ་དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་བཀའ་ཉན། ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། རྒྱ་གར་གྱི་མཁན་པོ་ཨུ་པ་ཤ་མ་རཀྵི་ཏའི་ཞལ་སྔ་ནས་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར་ [165a] ལ། ཕྱིས་སུའང་ཆོས་རྒྱལ་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་བ་བཞིན། ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ལ་གཏུགས་ཤིང་དག་པར་བྱས་པ་ལ། སླར་ཡང་མི་དབང་བཀྲ་ཤིས་རབ་བརྟན་སོག་པོ་འཕགས་ཀྱི་སྐུ་རིང་ལ། དགེ་སློང་ཨཱ་ནནྡ་མངྒ་ལས་དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དུ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་རྒྱ་དཔེ་ལ་གཏུགས་ནས། མི་འཆོས་སུ་མི་རུང་བ་རྣམས་ལེགས་པར་བཅོས་ཏེ་དག་པར་བགྱིས་པ་རྣམས་སོ། །གཉིས་པ་པདྨའི་རིགས་ཀྱི་རྒྱུད་ནི་མི་བཞུགས་ཤིང་། གསུམ་པ་རྡོ་རྗེའི་རིགས་ཀྱི་རྒྱུད་ནི། གླེགས་བམ་༼ད༽པར། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་འོག་མིན་དུ་གསུངས་པ་དང་། གྲོང་ཁྱེར་དཔལ་ཡོན་ཅན་དུ་གསུངས་པ་གཉིས་ལ་བམ་པོ་བཅུ་གཉིས་ཡོད་པ་ད་དུང་མཇུག་ཅུང་ཟད་མ་རྫོགས་པར་གྲགས་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་བརྒྱད་ཀྱི་གཟུངས་རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ཅེས་ [165b] བྱ་བ་ལེའུ་བཅུ་གསུམ། ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་ཅེས་ཡ་བའི་རྒྱུད་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་བྱའི་གདོང་པ་ཅན་གྱི་འགྱུར། རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པ་ལྔ་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ར་བྱིད་ལོ་ཙཱའི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཇིག་རྟེན་གསུམ་འདུལ་གྱི་རྒྱུད་ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་སོ། །རྩ་བའི་ས་བཅད་བཞི་པ་བྱ་བའི་རྒྱུད་ལ། བྱ་བ་སོ་སོའི་རྒྱུད་དང་། སྤྱིའི་རྒྱུད་གཉིས། དང་པོ་ལ། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས། ནོར་ཅན་གྱི་རིགས། རྒྱས་པའི་རིགས། འཇིག་རྟེན་པའི་རིགས་ཏེ་དྲུག་དང་། ཕྱོགས་མ་བརྟགས་པའི་གཟུངས་ཕྲན་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་སྟེ་བདུན། དང་པོ་ལའང་རིགས་ཀྱི་གཙོ་བོ་སོགས་བརྒྱད་དུ་དབྱེ་བ་ལས། དང་པོ་རིགས་ཀྱི་གཙོ་བོའི་རྒྱུད་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལེའུ་བཅུ་དགུ་པ། ཀྲྀཥྞ་པཎྜི་ཏ་དང་། ལོ་ཙཱ་ [166a] བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤློ་ཀ་བརྒྱད་པ་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་དེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར་ལ། དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་སྨན་ལ་སྔགས་ཀྱིས་གདབ་པ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པ་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་གྱི་ [166b] ལྷུན་པོའི་འགྱུར་ལ། སླད་ནས་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་པ་རྣམས་སོ། །༼ན༽པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་གཟུངས། པཎྜི་ཏ་བིདྱཱ་ཀཱ་ར་པྲ་བྷ་དང་། ལོ་ཙཱ་བ་རྩངས་དཱེ་ཝེནྡྲ་རཀྵི་ཏའི་འགྱུར། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་རྒྱ་འགྱུར། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ལས་བཏུས་པའི་གཟུངས་འགྱུར་བྱང་མེད་པ་ཅན། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར་བ། སླར་ཡང་ཇོ་བོ་ཨ་ཏི་ཤ་དང་། འབྲོམ་སྟོན་པས་དག་པར་བགྱིས་པ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཆེན་པོ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ་དང་། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འགྱུར་བྱང་མེད་པ་སྟེ། འདི་གཉིས་མདོ་ཕྱོགས་སྐབས་སུའང་སྔར་ནས་སྣང་ [167a] མོད་ཀྱི། བྱ་བའི་རྒྱུད་ཀྱི་གཟུངས་གྲས་སུའང་མི་འགལ་བར་བཤད་པས་བྲིས་སྣང་ངོ་། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་འགྱུར་གོང་དང་འདྲ་བ་ལ། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་མེ་ཏོག་བརྩེགས་པའི་གཟུངས་འགྱུར་བྱང་མེད་པ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས་དང་། འཕགས་པ་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་གཉིས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས། དགེ་སློང་ནོར་བན་རཀྵི་ཏས་ཐོ་གར་གྱི་ཡུལ་ནས་རྙེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་། རྟེན་ཅིང་འབྲེལ་ [167b] བར་འབྱུང་བའི་སྙིང་པོ་གཉིས་འགྱུར་བྱང་མེད་པ། ཡེ་ཤེས་ཏ་ལ་ལའི་གཟུངས་འགྱུར་བྱང་མེད་པ། འདི་ཡང་བར་ལམ་ལུང་རྒྱུན་ཆད་པ། གནས་ལྔ་རིག་པའི་པཎ་ཆེན་དཔལ་ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་རྒྱ་ནག་བཀའ་འགྱུར་ནས་གསན་པའི་ལུང་རྒྱུན་ཕྱིས་སུ་བཞུགས་སོ། །སའི་དབང་པོ་ཆེན་པོའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གདོན་མི་ཟ་བའི་གཟུངས་འགྱུར་བྱང་མེད་པ། འདིའི་ལུང་རྒྱུན་མི་བཞུགས། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་དང་། འཕགས་པ་སྒོ་དྲུག་པའི་གཟུངས་གཉིས་འགྱུར་བྱང་མེད་པ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་གཟུངས། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འདིའང་མདོར་བཞུགས་པ་ཡིན་ཀྱང་། དཀྱིལ་འཁོར་གྱི་ཆོ་ག་སོགས་བསྟན་པས། སྔགས་སུ་མི་འགལ་ལོ། །འཕགས་པ་རིགས་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་གི་གཟུངས་འགྱུར་བྱང་མེད་པ། འཕགས་པ་གཟུངས་ཆེན་མོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ [168a] ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་དུ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་རིན་ཆེན་སྡེའི་འགྱུར་ལ་ལོ་ཙཱ་བ་དགེ་བློ་དང་། ནམ་མཁའ་ལ་སོགས་པས་ཞུས་པས། འདིའང་མདོ་ཕྱོགས་སུ་བཞུགས་མོད་ཀྱི། ཀླུ་སྒྲུབ་ཀྱིས་སྒྲུབ་ཐབས་མཛད་པས་སྔགས་སུ་མཛད་པར་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས། འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པའི་གཟུངས། མཆོད་པའི་སྤྲིན་གྱི་གཟུངས། ཕྱག་དང་། བསྟོད་པ་དང་། བྱིན་རླབས་དང་། མཆོད་པའི་སྤྲིན་འབྱུང་བ་དང་། མཆོད་པ་དང་། བསྙེན་གནས་དང་། ཕྱག་བྱས་པར་འགྱུར་པ་དང་། [168b] རིན་པོ་ཆེ་བརྡར་བའི་གཟུངས། པདྨའི་སྤྱན་གྱི་གཟུངས། སུ་རུ་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས་རྣམས་ལ་འགྱུར་བྱང་མེད་པ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གཉིས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱུད་ལ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་སུམ་ཅུ་རྩ་དྲུག་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལཱ་ཤ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་སོ། །༼པ༽པ་ལ། འཇམ་དཔལ་དཔའི་བོ་གཅིག་པུ་སྒྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ། འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོས་བསྒྱུར་ཅིང་། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་དེ་བ་ཙནྡྲས་གཏན་ལ་ཕབ་པ། འཇམ་དཔལ་གྱིས་དམོད་བཙུགས་པའི་གཟུངས། [169a] འཇམ་དཔལ་གྱིས་དམ་བཅས་པའི་གཟུངས། འཇམ་དཔལ་གྱི་མཚན་གཟུངས། འཇམ་དཔལ་ཤེས་རབ་བློ་འཕེལ་གྱི་གཟུངས། འཇམ་དཔལ་ཡིག་འབྲུ་གཅིག་པ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ། འཇམ་དཔལ་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་རྣམས་སོ། །གསུམ་པ། གཤེགས་རིགས་ཀྱི་ཡུམ་ལ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ། ཤེར་ཕྱིན་ཀཽ་ཤི་ཀ་རྣམས་ལ་འགྱུར་བྱང་མ་འཁོད་པ་དེ་གཉིས་ཀྱི་ལུང་རྒྱུན་མེད། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ། བམ་པོ་བཅུ་དང་ལེའུ་སོ་གཅིག་པ། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ། དམ་པོ་བཅུ་དང་ལེའུ་ཉེར་དགུ་པ། པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ། །༼ཕ༽པ་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ། བམ་པོ་ལྔ་དང་ལེའུ་ཉི་ཤུ་རྩ་གཅིག་འགྱུར་བྱང་མ་འཁོད་པ། དེ་ལྟར་ [169b] ཤེར་ཕྱིན་གྱི་མདོ་ཕྲན་འདི་དག་ནི། མདོ་ཕྱོགས་སུ་སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ལྟར་ཤེར་ཕྱིན་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བཞུགས་པ་ཡིན་ཀྱང་། གཟུངས་སྔགས་ཡོད་པ་ཕལ་ཆེར་གྱི་གཟུངས་སྔགས་ནས་རྣམས་བྱ་བའི་རྒྱུད་དུ་བསྡུས་ཆོག་པར་ལུང་རིགས་མང་པོ་ལ་བརྟེན་ནས་བླ་མ་རྣམས་བཞེད་པ་དང་། གཤེགས་རིགས་ཀྱི་ཡུམ་ཡིན་པའི་ཕྱིར་འདིར་ཡང་བཀོད་པ་ཡིན་ལ། ཁྱད་པར་གསེར་འོད་དམ་པའི་མདོ་སྡེ་ནི། གཟུངས་སྔགས་བསྒྲུབ་པའི་ཆོ་ག །བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་སོགས་བསྟན་པས། ངེས་པར་སྔགས་སུ་འཐད་པའི་ཕྱིར། འདིར་བཀོད་པར་སྣང་ཞིང་བུ་སྟོན་གྱིས་ཀྱང་དེ་བཞིན་བཞེད་དོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྷ་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ་ལ། སླད་ནས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུས་པ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ཤློ་ཀ་བདུན་ [170a] བརྒྱ་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་འགྱུར་བྱང་མ་འཁོད་པ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་ལ། སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུས་པ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་དང་། གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་མདོ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་འགྱུར། འཕགས་མ་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བའི་རྟོག་པ་ཇི་སྙེད་པ་འགྱུར་བྱང་མེད་པ། སྒྱུ་མ་འོད་ཟེར་ཅན་གྱི་དཀྱིལ་ཆོག་འགྱུར་བྱང་མེད་པ། འཕགས་པ་རིགས་སྔགས་ཀྱི་རྒྱལ་མོ་ [170b] རྒྱལ་བ་ཅན། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ། འཕགས་པ་དབང་བསྐུར་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་དུག་སེལ་ཞེས་བྱ་བའི་རིག་སྔགས། བཀླག་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྣམས་འགྱུར་བྱང་མ་འཁོད་པ། འཕགས་པ་གཙུག་གི་ནོར་བུའི་གཟུངས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡི་གེ་དྲུག་པའི་རིགས་སྔགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། ཤེར་ཕྱིན་བརྒྱད་སྟོང་པའི་གཟུངས། ཕར་ཕྱིན་དྲུག་གི་སྙིང་པོའི་གཟུངས། ཕར་ཕྱིན་དྲུག་གཟུང་བར་འགྱུར་བའི་གཟུངས། ཕར་ཕྱིན་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་པ་བཞི་ཐོབ་པའི་གཟུངས། ཤེར་ཕྱིན་ [171a] སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་སྡོང་པོ་བཀོད་པ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བའི་གཟུངས། རྨ་བྱ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས། སོ་སོར་འབྲང་མ་གཟུང་བར་འགྱུར་བའི་གཟུངས། ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས། བཞི་པ་གཤེགས་རིགས་ཀྱི་གཙུག་ཏོར་ལ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཞེས་བྱ་བ་འགྱུར་བྱང་མ་འཁོད་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་པ་ར་ཧི་ཏ་པྲ་བྷ་དང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་བསྒྱུར་ཅིང་ཁ་ཆེའི་ཡུལ་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ [171b] ནས་གཏན་ལ་ཕབ་པ། འདི་བསྟན་པ་སྔ་དར་གྱི་དུས་རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་བསྒྱུར་བ། ཕྱིས་ཁ་ཆེའི་དཔེ་ལ་གཏུགས་ནས་ཞུས་པའོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པའི་གཟུངས། ལི་ཡུལ་མའམ་ལྷ་ཡུལ་མ་ཆེ་བར་གྲགས་པ་འགྱུར་བྱང་མ་འཁོད་པ། འདི་གཉིས་ཀྱི་ལུང་རྒྱུན་ཆད་པ། ཕྱིས་དཔལ་ཀཿཐོག་པ་ཆེན་པོས་རི་བོ་རྩེ་ལྔའི་བཀའ་འགྱུར་ལས་གསན་པའི་ལུང་རྒྱུན་དུ་བཞུགས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ལྷ་ཡུལ་མ་ཆུང་བར་གྲགས་པ་ཁ་ཆེའི་པཎྜི་ཏ་མ་ཧཱ་ཛྙཱ་ནའི་རང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། པཎྜི་ཏ་ཆོས་ཀྱི་སྡེ་དང་། ལོ་ཙཱ་བ་བ་རིའི་འགྱུར། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་འཆི་བདག་གི་དབྱུག་པ་འཛིན་པར་གྲགས་པར་འགྱུར་བྱང་མ་འཁོད་པ། འཕགས་པ་གཙུག་ཏོར་ [172a] རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ་ཆུང་བར་འགྱུར་བྱང་མེད་པ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པའི་རབ་བྱེད་དང་པོ། ནེའུ་མཁན་པོའི་གསུང་བཞིན། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འདི་ལ་ལུང་རྒྱུན་མི་བཞུགས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། ཤེས་པ་ཐམས་ཅད་མཐར་ཕྱིན་པར་སྒྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་གཟུགས། སྙིང་རྗེ་མཆོག་ཅེས་བྱ་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ་རྣམས་སོ། །ལྔ་པ་གཤེགས་རིགས་ [172b] ཀྱི་ཁྲོ་བོ་ཁྲོ་མོའི་རྒྱུད་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བའི་རྩ་བའི་རྒྱུད་རིམ་པར་ཕྱེ་བ་བཅུ་པ་ལས་རིམ་པར་ཕྱེ་བ་བདུན་པ་ཡན་རྣམས་སོ། །༼མ༽པ་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བ་རྩ་བའི་རྒྱུད་ལས་སྔ་མའི་འཕྲོས་རིམ་པར་ཕྱེ་བ་བརྒྱད་པ་དང་། དེའི་རྒྱུད་ཕྱི་མ་རྟོག་པ་བཅུ་པ། ཕྱི་མའི་ཡང་ཕྱི་མ་དང་བཅས་པ་ཐམས་ཅད་བསྡོམས་པས་ལེའུ་ཉེར་གཉིས་པ་སྟེ། འདི་ལ་སྔ་རབས་པ་རྣམས་ལ་གཤིན་རྗེ་སྦྲ་ཁོག་སྣང་དུའང་གྲགས་ཤིང་། སློབ་དཔོན་པདྨའི་སློབ་མ་བིདྱཱ་ཀ་ར་པྲ་བྷ་དང་། གནུབས་ནམ་མཁའི་སྙིང་པོའི་འགྱུར་སོགས་འགྱུར་རྙིང་གསུམ་ཙམ་བྱུང་བ། ཕྱིས་རོང་ཟོམ་ཆོས་བཟང་གིས་རྒྱ་དཔེ་གཉིས་ལ་གཏུགས་ནས་འགྱུར་བཅོས་མཛད་པར་བཤད་དོ། །འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་པཎྜི་ཏ་དོན་ཡོད་རྡོ་རྗེས་བསྒྱུར་ཅིང་སྐྱོ་འོད་འབྱུང་ལ་གནང་བ། འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་ [173a] གཟུངས། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་རྣམས་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ཚིགས་སུ་བཅད་པ་གཉིས་པའི་གཟུངས་འགྱུར་བྱང་མེད་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ལྷ་མོ་སྐུལ་བྱེད་མའི་གཟུངས་འགྱུར་བྱང་མེད་པ་རྣམས་སོ། །དྲུག་པ་གཤེགས་རིགས་ཀྱི་ཕོ་ཉ་མོའི་རྒྱུད་ལ། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་དང་། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མཚན་མོ་བཟང་པོའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མདངས་ཕྱིར་འཕྲོག་པའི་རིག་སྔགས། འཕགས་པ་མིག་རྣམ་པར་སྦྱོང་བའི་རིག་སྔགས། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་རྣམས་ལ་ [173b] འགྱུར་བྱང་མ་འཁོད་པ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་གཉིས། རིམས་ནད་ཞི་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས། མདངས་ཕྱིར་མི་འཕྲོག་པའི་གཟུངས་གཉིས་འགྱུར་བྱང་མ་འཁོད་པ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཛུག་པའི་མདོ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་དང་། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སེལ་བའི་གཟུངས་གཉིས་འགྱུར་བྱང་མེད་པ་རྣམས་སོ། །ཕོ་ཉའི་འཁོར་དུ་གཏོགས་པ་བཀའ་ཉན་ཕོ་མོ་ལ། འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པ་པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། ཁྲོ་བོའི་རྒྱལ་པོ་རྟོག་པ་བསྡུས་པའི་རྒྱུད་ལེའུ་ [174a] བཅུ་པ་འགྱུར་བྱང་མེད་པ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །བདུན་པ་དེ་བཞིན་གཤེགས་པའི་རིགས་སུ་བསྡུ་བའི་བྱང་སེམས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྣམས་དང་། འཕགས་པ་འཇམ་དཔལ་གྱི་ [174b] མཚན་བརྒྱ་རྩ་བརྒྱད་པ་སྙིང་པོ་དང་བཅས་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཕགས་པ་དཀྱིལ་འཁོར་གྱི་བརྒྱད་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས། ཡི་དྭགས་ཁ་ལ་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས། ཡི་དྭགས་ཁ་ལ་མེ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྣམས་ལ་འགྱུར་བྱང་མེད་པ། འཇུར་གེགས་སེལ་བའི་གཟུངས་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ཡེ་ཤེས་སྐར་མདའི་སྙིང་པོ་འགྱུར་བྱང་མེད་པ་རྣམས་དང་། ཤེས་རབ་བསྐྱེད་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་ཀླུའི་དབང་པོའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་བཅོས་པ། ཐོས་པ་འཛིན་པའི་གཟུངས། འཕགས་པ་རྒྱལ་བའི་བླ་མའི་གཟུངས་རྣམས་སོ། །བརྒྱད་པ་གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་ལ། མདོ་ཆེན་པོ་འདུས་པ་ཆེན་པོ་ཞེས་བྱ་བ་འགྱུར་ [175a] བྱང་མ་འཁོད་པ། འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། བགེགས་སེལ་བ་ཞེས་བྱ་བའི་གཟུངས། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་འདིའི་ལུང་མེད། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ལེའུ་སྟོང་ཕྲག་བརྒྱད་པ་ལས་ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་བཅས་པ་ཁོལ་དུ་ཕྱུང་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། སྤྲིན་ཆེན་སྔ་ཕྱི་གཉིས་ཀ་མདོའི་ཁྲོད་དུའང་ཡོད་ཀྱང་རྒྱུད་དང་མི་འགལ་བས་བུ་སྟོན་གྱིས་སྔགས་སུ་བཀོད་པ་བཞིན་མཛད་པར་སྣང་ངོ་། །འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱི་ [175b] ཞུས་པའི་གཟུངས་འགྱུར་བྱང་མེད་པ། འཕགས་པ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམས་ཀྱི་སྐུ་རིང་ལ་བསྒྱུར་བ་ལ། ཕྱིས་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་རྒྱ་དཔེ་ལ་གཏུགས་ནས་དག་པར་བགྱིས་པ། ཡང་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས། ནོར་རྒྱུན་མའི་གཟུངས་ཀྱི་རྟོག་པ། ནོར་རྒྱུན་མའི་རྟོག་པ་ཆུང་བ་ཇི་སྙེད་པ། འདི་ཡང་གོང་ལྟར་དཔལ་ཀཿཐོག་པ་ཆེན་པོས་གསན་པ་ལས། སྔར་གྱི་རྒྱུན་མི་བཞུགས། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྣམས་ལ་འགྱུར་བྱང་མེད་པ་ཚོགས་ཀྱི་བདག་པོའི་རྒྱུད་ལེའུ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རྒྱལ་བའི་འབྱུང་གནས་ལ་གཏད་པ། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་ཕུར་བུ་འོད་ཀྱི་འགྱུར། འདི་ལ་འགའ་ཞིག་ཐེ་ཚོམ་བྱེད་ཀྱང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་སོགས་ནས་ཤངས་པ་བཀའ་བརྒྱུད་པ་རྣམས། ཕྱག་དྲུག་མགོན་པོའི་ཁུངས་ཀྱི་རྒྱུད་ཚད་མར་མཛད་པ་ཡིན་ནོ། །དཔལ་མགོན་ [176a] པོ་ནག་པོ་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ། ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོའི་བསྟོད་པའི་རྒྱལ་པོའི་རྒྱུད། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་ཡོན་ཏན་དང་བཅས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟོད་པ་ཤློ་ཀ་གཉིས་རྣམས་ལ་འགྱུར་བྱང་མེད་དོ། །གཉིས་པ་པདྨའི་རིགས་ཀྱི་རྒྱུད་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས། དང་པོ་རིགས་ཀྱི་གཙོ་བོ་ནི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་ཐུང་གཉིས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ཨོཾ་གསུམ་མ། ཡང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་ཨོཾ་གཉིས་པུཎྱེ་མེད་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས། རྒྱ་གར་གྱི་མཁན་པོ་པུཎྱ་སམ་བྷ་ཝ་དང་། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་ [176b] གཟུངས། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས། བདེ་ལྡན་གྱི་སྙིང་པོའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ་རྣམས་སོ། །གཉིས་པ་རིགས་ཀྱི་འཁོར་ལོས་སྒྱུར་བ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་པདྨ་དྲྭ་བ་ཅན་ཞེས་བྱ་བ་ལེའུ་བཅུ་གཉིས་པ། པཎྜི་ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་དང་། ལོ་ཙཱ་བ་ཀྱུ་ར་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་བ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་ཀྱི་འགྱུར། དེ་ཉིད་ལས་བྱུང་བ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་འགྱུར་བྱང་མ་འཁོད་པ་རྣམས་སོ། །༼མ༽པ་ལ། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་བམ་པོ་ཉེར་ལྔ་པ་ནས་ཧོར་ཁོང་ཆད་པ་རྣམས་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསབས་ཤིང་། དེའི་མཇུག་ཡོངས་སུ་རྫོགས་པར་བསྒྱུར་བ་ལས། བམ་པོ་ཉེར་ལྔ་པ་ཡན་བཞུགས་སོ། །༼ཙ༽པ་ལ། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ཉེར་ལྔ་པ་རྫོགས་འཕྲོ་ནས་བམ་མཚམས་མ་བགྲང་ཡོངས་སུ་ [177a] རྫོགས་པ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། པཎྜི་ཏ་མཉྫུ་ཤྲཱི་ཝརྨ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་སླད་ནས་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། ས་བཅུའི་གཟུངས་ཕན་ཡོན་དང་བཅས་པ་འགྱུར་བྱང་མ་འཁོད་པ། དོན་ཡོད་ཞགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་པཎྜི་ཏ་མཛྙུ་ཤྲཱི་ཝརྨ་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་འགྱུར་བྱང་མ་འཁོད་པ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ་བམ་པོ་གསུམ་པ། ལོ་ཙཱ་བ་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་གཟུངས་ལེའུ་དྲུག་པ་འགྱུར་སྔ་མ་དང་འདྲ་བ། འཕགས་པ་སྤྱན་རས་གཟིགས་དབང་ [177b] ཕྱག་ཞལ་བཅུ་གཅིག་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཞལ་བཅུ་གཅིག་པའི་རིགས་སྔགས་ཀྱི་སྙིང་པོ། ལོ་ཙཱ་བ་བནྡྷེ་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་དང་སྙིང་པོ། འཕགས་པ་ནཱི་ལ་ཀཥྛའི་གཟུངས། སྙིང་རྗེ་མི་བཤོལ་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྒྱ་གར་གྱི་མཁན་པོ་ཛམྦྷ་ལ་དང་། ལོ་ཙཱ་བ་པ་རིའི་འགྱུར། པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག་པ། པཎྜི་ཏ་དྷརྨ་ཤཱི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲའི་རྒྱུད། པཎྜི་ཏ་པྲཛྙཱ་ཀ་ར་དང་། ལོ་ཙཱ་བ་འགོས་ཀྱི་འགྱུར། སྤྱན་རས་གཟིགས་དབང་ཕྱུག་སེངྒེ་སྒྲའི་གཟུངས། རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། ལོ་ཙཱ་བ་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེངྒེ་སྒྲའི་དམ་བཅས་པའི་ [178a] གཟུངས། རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར། སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་རིན་པོ་ཆེའི་ཟ་མ་ཏོག་འགྱུར་བྱང་མ་འཁོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཚིག་ལྷུག་པ་ཅན་འགྱུར་བྱང་མེད་པ་འདི་སྔ་མ་དང་ཚིགས་བཅད་ལྷུག་གི་ཁྱད་པར་ཙམ་ལས་དོན་མཚུངས་པར་སྣང་ངོ་། །འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་བྱ་བའི་གཟུངས་དང་། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་གཉིས་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། གཞན་གྱིས་མི་ཐུབ་པ་རིག་པ་ཆེན་མོ། སྟོང་འགྱུར་གྱི་གཟུངས། ཤློ་ཀ་བརྒྱ་ལོབས་པའི་གཟུངས་གཉིས། ཤློ་ཀ་སྟོང་ལོབས་པའི་གཟུངས་གཉིས། ཤློ་ཀ་སུམ་སྟོང་ལོབས་པའི་གཟུངས། མི་བརྗེད་པའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། ཤེས་རབ་བསྐྱེད་པའི་གཟུངས་གཉིས། པཎྜི་ཏ་བིདྱཱཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་དེ་ཝ་ཙནྡྲས་ཞུས་པ། ཐོས་པ་འཛིན་པའི་ [178b] གཟུངས་འགྱུར་བྱང་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་བཀོད་པ་ཀུན་སྟོན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འདི་མདོར་ཡོད་ཀྱང་རྒྱུད་དང་མི་འགལ་བས་འདིར་ཡང་བཞག་གོ། །འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་རྟོག་པ་ལས་བྱུང་བའི་སྨོན་ལམ་འགྱུར་བྱང་མ་འཁོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་རྣམས་སོ། །གསུམ་པ་རིགས་ཀྱི་ཡུམ་ལ། སྒྲོལ་མ་རལ་པ་གྱེན་བརྗེས་རྩ་བའི་རྟོག་པ་ལས། ལྷག་པར་མོས་པའི་ཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྫོགས་སོ་ཡན་ཆད་དོ། །༼ཚ༽པ་ལ། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པའི་འཕྲོ་ཡོངས་སུ་རྫོགས་པ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་ [179a] བཅད་ཀྱིས་བཅོས་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལེའུ་སོ་ལྔ་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤཱི་མི་ཏྲ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་འགྱུར་བྱང་མ་འཁོད་ཀྱང་ཐར་ལོའི་འགྱུར། རྗེ་བཙུན་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་སྒྲོལ་མ་མཆོག་ཅེས་བྱ་བའི་གཟུངས་ཆོག་དང་བཅས་པ། འཕགས་མ་སྒྲོལ་མའི་གཟུགས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། འཕགས་པ་གྲགས་ལྡན་མའི་གཟུངས་རྣམས་སོ། །བཞི་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ལ། སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲཱྀ་བའི་གཟུངས། ཕྱིར་བཟློག་པ་འཕགས་པ་རྣམ་པར་རྒྱལ་བ། འཕགས་པ་པརྞ་ཤ་བ་རིའི་མདོ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་རི་ཁྲོད་ལོ་མ་གྱོན་མ་ཞེས་བྱ་བའི་གཟུངས་ལ་འགྱུར་བྱང་མ་བཀོད་པར་འདུག་ཀྱང་སྠི་བི་ར་དང་བ་རིའི་འགྱུར་རྣམས་སོ། །ལྔ་པ་རིགས་ཀྱི་བཀའ་ཉན་ཕོ་མོ་ལ། འཕགས་པ་ཕྱིར་བཟློག་པ་ [179b] སྟོབས་ཅན་ཞེས་བྱ་བའི་གཟུངས། ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་སྔགས་དང་བཅས་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་དཔལ་ཆེན་མོའི་མདོ་དང་། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་བ། མཆོག་ཐོབ་པའི་རིག་སྔགས་ཞེས་བྱ་བ་ལྷ་མོ་དུང་ཅན་མའི་སྙིང་པོ་གྱུར་བྱང་མེད་པ་རྣམས་སོ། །གསུམ་པ་རྡོ་རྗེའི་རིགས་ཀྱི་རྒྱུད་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས། དང་པོ་རིགས་ཀྱི་གཙོ་བོ་ནི། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་མི་འཁྲུགས་པའི་གཟུངས་འགྱུར་བྱང་མ་འཁོད་པ་འདི་ཁོ་ནའོ། །གཉིས་པ་རིགས་ཀྱི་བདག་པོའི་རྒྱུད་ལ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ། རྒྱ་གར་གྱི་པཎྜི་ཏ་བདེ་བར་གཤེགས་པའི་དཔལ་དང་། སྒྲ་སྒྱུར་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བ་རྣམས་སོ། །༼ཛ༽པ་ལ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལེའུ་མེད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱི་ [180a] འགྱུར། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིམ་པར་ཕྱེ་བ་གཉིས་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཝརྨ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེའི་འགྱུར། ལག་ན་རྡོ་རྗེ་སྔོན་པོ་ཅན་གྱི་མཚན་བརྒྱ་རྩ་བརྒྱད་པ་གསང་སྔགས་དང་བཅས་པ་འགྱུར་བྱང་མ་འཁོད་པ། འདི་ལ་སྔོན་གྱི་བླ་མ་རྣམས་ཀྱིས་རྒྱུད་གཞན་ཞིག་ནས་ཕྱུང་བར་སྣང་གསུངས་སོ། །ལག་ན་རྡོ་རྗེའི་སྙིང་པོ་བརྒྱད་ཀྱི་ཡ་གྱལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། དེའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་ཁང་པ་བརྩེགས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། གསུམ་པ་རིགས་ཀྱི་ཡུམ་ལ། གླེགས་བམ་༼ཝ༽པ་ལ། [180b] འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་འབར་བ་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །བཞི་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ལ། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས་འགྱུར་བྱང་མ་འཁོད་པ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ་རྣམས་སོ། །ལྔ་པ་རིགས་ཀྱི་ཕོ་ཉ་དང་བཀའ་ཉན་ཕོ་མོ་ལ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པ་སྔགས་དང་བཅས་པ་འགྱུར་བྱང་མ་འཁོད་པ། འདི་ལ་བསྟན་པ་སྔར་དར་གྱི་བརྒྱུད་པ་ལས་ཕྱིས་ཀྱི་ལུང་རྒྱུན་མི་བཞུགས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འཕགས་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི་པ་པཎྜི་ཏ་ཨ་ཏུ་ལ་དཱ་ས་བཛྲ་ལ་ཞུས་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བ། [181a] རྡོ་རྗེ་མཆུ་ཞེས་བྱ་བ་ཀླུའི་དམ་ཚིག་གི་ཆོ་ག །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་ཀྱི་མཆུའི་གཟུངས་དང་། ལྕགས་མཆུ་ནག་པོ་སྟེ་མཆུ་སྡེ་ལྔར་གྲགས་པ་རྣམས་ལ་འགྱུར་བྱང་མ་འཁོད་པ་དག་གོ། །བཞི་པ་ནོར་ཅན་གྱི་རིགས་ལ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཤློ་ཀ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡྷེ་ཀླུའི་དབང་པོའི་འགྱུར། གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ་པཎྜི་ཏ་མཛྙུ་ཤྲཱི་དང་། ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། གནོད་སྦྱིན་སྡེ་དཔོན་མཁན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་ལ་ལེའུ་བཅུ་དྲུག་པ། རྒྱ་གར་གྱི་མཁན་པོ་དྷ་ན་གུཔྟ་དང་། རབ་ཞི་ལོ་ཙཱའི་འགྱུར། གནོད་འཛིན་དཔལ་ཞེས་བྱ་བའི་གཟུངས་དང་། འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ། པཎྜི་ཏ་སྒེག་པའི་རྡོ་རྗེ་དང་། ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར། འཕགས་པ་གནོད་འཛིན་གྱི་མཚན་བརྒྱད་པ་འགྱུར་བྱང་མ་འཁོད་པ་རྣམས་སོ། །ལྔ་པ་རྒྱས་པའི་རིགས་ལ། [181b] འཕགས་པ་མེ་ཁ་ལའི་གཟུངས། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡྷེ་ཡེ་ཤེས་ལ་སོགས་པའི་འགྱུར་ཉིད་དོ། །དྲུག་པ་འཇིག་རྟེན་པའི་རིགས་ལ། རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་འགྱུར་སྔ་མ་དང་འདྲ་བ་ཉིད་དོ། །བདུན་པ་ཕྱོགས་གང་དུའང་ངོས་གཟུང་དཀའ་བའི་གཟུངས་ཕྲན་སྣ་ཚོགས་ཕྱོགས་གཅིག་ཏུ་བྱས་པའི་སྐོར་ལ། རིན་པོ་ཆེ་བརྡར་བའི་གཟུངས། བསྐོར་བ་བྱ་བའི་གཟུངས། མཆོད་རྟེན་བསྐོར་བའི་གཟུངས། ཡོན་ཡོངས་སུ་སྦྱོང་བའི་གཟུངས་གཉིས། ཕྱག་བྱ་བའི་གཟུངས། གོས་བརྒྱ་ཐོབ་པའི་གཟུངས། མི་དགའ་བར་བྱེད་པའི་གཟུངས། འཕགས་པ་སྤྱན་རྣམ་པར་དག་པའི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟུངས། སྐྲན་ཞི་བའི་གཟུངས། མ་ཞུ་བའི་ནད་འབྱང་བའི་གཟུངས། སྡང་བ་ཐམས་ཅད་ཞི་བར་བྱེད་པའི་གཟུངས། སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་གཟུངས། ཁྲོ་བོ་ཞི་བར་བྱེད་པའི་གཟུངས། ཁྲོས་བ་ཞི་བར་བྱེད་པའི་གཟུངས། ཚིག་བཙན་པའི་གཟུངས། བདག་སྲུང་བའི་གཟུངས། ཡིད་དུ་འོང་བའི་གཟུངས། མགྲིན་པ་སྙན་པའི་གཟུངས། དོན་ཐམས་ཅད་འགྲུབ་པའི་གཟུངས། ལས་ [182a] གྲུབ་པའི་གཟུངས། དེ་བཞིན་དུ། དུག་ཐམས་ཅད་ཞི་བར་བྱེད་པའི། བཅིངས་པ་ལས་གྲོལ་བའི། བདུད་སྐྲག་པར་བྱེད། རྨ་འབྱོར་བར། མེའི་ཟུག་རྔུ་ཞི་བར། མཁྲིས་ནད་སེལ་བར། བད་ཀན་གྱི་ནད་སེལ། ཀྵ་ཡའི་ནད་སེལ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། མཆིལ་མ། སྣབས། དྲི་ཆེན། དྲི་ཆུ་རྣམས་སྦྱིན་པར་གཏང་བའི་གཟུངས། བླ་མ་རྡོ་རྗེ་གདན་པས་མདོ་རྒྱུད་ནས་ཕྱུངས་ཏེ་ལོ་ཙཱ་བ་བ་རིས་བསྒྱུར་བ་རྣམས་སོ། །གཉིས་པ་བྱ་བ་སྤྱིའི་རྒྱུད་ལ། རིགས་དྲུག་དང་དེ་དག་སོ་སོའི་སྔགས་སྒྲུབ་ཚུལ་སོགས་གདམས་ངག་གི་ཚུལ་དུ་བསྟན་པ་དཔུང་བཟང་གི་རྒྱུད་ལེའུ་བཅུ་གཅིག་པ། བྱ་རྒྱུད་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་པོ་སྤྱིའི་ཆོག་སྟོན་པ་གསང་བ་སྤྱིའི་རྒྱུད། སྒྲུབ་པའི་སྤྱོད་པ་ལེགས་པར་སྟོན་པ་ལེགས་གྲུབ་ཀྱི་རྒྱུད་ལས་སྒྲུབ་ཐབས་རིམ་པར་ཕྱེ་བ། ཏིང་ངེ་འཛིན་གྱི་སྤྱོད་པ་ཁྱད་པར་ཅན་སྟོན་པ་བསམ་གཏན་གྱི་རིམ་པར་ཕྱེ་བའི་རྒྱུད་བསམ་གཏན་ཕྱི་མར་གྲགས་པ་སྟེ། འདི་རྣམས་བསྟན་པ་སྔ་དར་གྱི་དུས་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་བསྒྱུར་བར་སྣང་ཞེས་གསུངས་སོ། །ལྔ་པ་ཕུན་སུམ་ཚོགས་པའི་ཡན་ [182b] ལག་ཏུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ལ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙཱ་བ་བནྡྷེ་དཔལ་འབྱོར་གྱིས་བསྒྱུར་བ་ལས། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་བམ་པོ་གཉིས་པ། པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་བསྒྱུར་ཅིང་ཞུས། གཞན་ཡང་ལེགས་གྲུབ་ལས་བྱུང་བའི་སྨོན་ལམ་སོགས་དང་། མདོ་ལས་ཕྱུང་བའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་བཅུ་གཉིས་བཅས་རྒྱུད་འབུམ་ཡོངས་རྫོགས་པོད་ཉི་ཤུ་བཞུགས་པ་ཇི་ལྟར་ཐོབ་པའི་བརྒྱུད་པ་ནི། བླ་མེད་ཀྱི་རྒྱུད་སྡེ་གསུམ་པོའི་བརྒྱུད་པ་རྣམས་གོང་དུ་རང་རང་གི་སྐབས་སུ་སྨོས་ཟིན་ལ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའམ་གསང་སྔགས་ཕྱིའི་རྒྱུད་སྡེ་གསུམ་པོ་སྤྱིའི་ལུང་གི་བརྒྱུད་པ་ལ་གཉིས། དང་པོ་གོང་གི་ [183a] འགྱུར་བྱང་ལྟར་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བ་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ནཱ་གརྫུ་ན། བུདྡྷ་གུ་ཧྱ། བི་མ་མི་ཏྲ། ཡེ་ཤེས་གཞོན་ནུ། གཡུ་སྒྲ་སྙིང་པོ། ཁང་སྟོན་ཆེན་པོ། རིན་ཆེན་འབྱུང་གནས། ཤཱཀྱ་འབྱུང་གནས། ཤཱཀྱ་འོད། ཉང་སྟོན་ཆེན་པོ། རྡོ་ཐེལ་པ། དེས་དཔལ་ཀཿཐོག་པ་ཆེན་པོ་ཆོས་རྗེ་དམ་པ་བདེ་གཤེགས་ལའོ། །ཡང་རྡོ་རྗེ་རྣམ་པར་འཇོམས་པ་དང་། བདེ་གཤེགས་གཙུག་ཏོར་དཀར་མོ་སོགས་བྱ་རྒྱུད་ཀྱི་གཟུངས་སྣ་ཚོགས་ཀྱི་བརྒྱུད་པ་གཅིག་ནི། ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། བྲམ་ཟེ་མཆོག་སྲེད། བདེ་བྱེད་བདག་པོ། དྷརྨ་བོ་དྷི། ཁ་ཆེ་ཛྙཱ་ན་བཛྲ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། རྗེ་བློ་གྲོས་བྱང་ཆུབ། ཟུར་ཆེན་ཤཱཀྱ་འབྱུང་གནས། སྐྱོ་སྟོན་ཤཱཀ་ཡེ། རྗེ་གཙང་སྟོན་པ། བླ་མ་ཤེས་རབ་གཞོན་ནུ། དེས་ཆོས་རྗེ་ཀཿཐོག་པ་ཆེན་པོ་ལའོ། །ཡང་རྣམ་སྣང་མངོན་བྱང་སོགས་ཀྱི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། རྡོ་རྗེ་འཛིན་པ། ཡེ་ཤེས་མཁའ་འགྲོ། སངས་རྒྱས་གསང་བ། བི་མ་ལ། ཛྙཱ་ན་ཀུ་མ་རཱ། ཛྙཱ་ན་ཤྲཱི། ལེགས་པའི་སྒྲོན་མེ། བློ་གྲོས་བྱང་ཆུབ། ནམ་མཁའ་སྡེ། ཤཱཀྱ་འབྱུང་གནས་ [183b] ཤཱཀྱ་ཡེ་ཤེས། གཙང་སྟོན་པ། མེ་སྟོན་སེངྒེ་། སློབ་དཔོན་ཤེས་གཞོན། དེ་ལས་ཀཿཐོག་པ་ཆེན་པོས་གསན། ཡང་ཕྱིས་ཀྱི་བརྒྱུད་པ་ཀུན་གཟིགས་རོང་ཟོམ་ཆེན་པོས་སྤེལ་བ་ལྟར་ན། ཐུབ་པའི་དབང་པོ། བྱམས་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་བསྐྱངས། ཡེ་ཤེས་ཞབས། དཱི་པཾ་ཀ་ར་བྷ་དྲ། བི་མ་ལ། གུཔྟ། རིན་ཆེན་རྡོ་རྗེ། ཆོས་འབྱུང་ཞི་བ། པུཎྱ་ཤྲཱི། སུ་མ་ཏི་ཀིརྟི། རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། ཉང་སྟོན་ཆོས་ཀྱི་འཁོར་ལོ། ཉི་མ་འོད་ཟེར། དེས་ཀཿཐོག་པ་ཆེན་པོ་དང་། ཡང་གསང་བདག་གཏུམ་པོ་སོགས་བྱ་རྒྱུ་རྡོ་རྗེའི་རིགས་ཀྱི་ཕྱག་རྡོར་གྱི་སྐོར་མང་ཞིག་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། ས་ར་ཧ་པ། བུདྡྷ་གུ་ཧྱ། བི་མ་མི་ཏྲ། གཉགས་ལོ་ཆེན་པོ། སོག་པོ་དཔལ་ཡེ། ལེགས་པའི་སྒྲོན་མ། ནཱ་རོ་ཚེ་འབྱིན། གནུབས་སྟོན་བླ་མ། རྒྱ་ཕོ་བ་ལུང་པ། དགེ་འདུན་འབུམ་པ། རྗེ་བྱང་སྟོན་པ། དེས་ཆོས་རྗེ་དམ་པ་ལའོ། །དེ་ལྟར་བརྒྱུད་སྲོལ་ཀུན་འདུས་ཆོས་རྗེ་ཀཿཐོག་པ་དམ་པ་བདེ་གཤེགས་ནས་རིམ་བཞིན། གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྒྱལ་ཚབ་བྱམས་པ་འབུམ་པ། མང་ཕུ་བསོདནམས་འབུམ། དབུ་འོད་ཡེ་ཤེས་འབུམ། རྗེ་བཙུན་བྱང་ཆུབ་དཔལ། སྟོན་པ་ [184a] དབང་འབྱོར་དཔལ། རྡོ་རྗེ་དཔལ། བླ་མ་རིན་ཆེན་བཀྲ་ཤིས་། བཤེས་གཉེན་ཆོས་ཀྱི་བརྩོན་འགྲུས། སྟོན་པ་ཡོན་ཏན་གྲགས་པ། གསེར་པ་རྡོ་རྗེ་རྒྱལ་མཚན། མཁན་པོ་མཁའ་རིན་ཆེན། མཁས་གྲུབ་བློ་གྲོས་རབ་བརྟན། བཤེས་གཉེན་ཆོས་ཀྱི་འབྱུང་གནས། བླ་མ་ཆོས་ཉིད་རྒྱ་མཚོ། ངེས་དོན་བསྟན་འཛིན་ནོར་བུ། དེ་གཉིས་ལས། དྲི་མེད་ཞིང་སྐྱོང་མགོན་པོས་གསན། དེ་ནས་དགེ་རྩེ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་མན་སྔར་གྱི་ཤེར་ཕྱིན་སྐབས་བཞིན་ནོ། །གཉིས་པ་བསྟན་པ་ཕྱི་དར་གྱི་སྐབས་སུ་སྤེལ་བའི་ལུང་གི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན་བཟང་པོ། སྭསྟི་ཕ་ལ། ཡེ་ཤེས་རྡོ་རྗེ། པྲཛྙཱ་སིདྡྷི། དེ་བཞི་ལས་སློབ་དཔོན་ཀུན་དགའ་སྙིང་པོ། དེ་ནས་པྲཛྙཱ་ལ་ལི་ཏ། པྲཛྙཱ་བོ་དྷི། རབ་འབྱོར་སྐྱོང་། དྷརྨ་པ་ལ། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་སེངྒེ་། རྩྭ་སྐྱ་སྟོན་གྲགས། མཉམ་གད་པ་ཆེན་པོ། གླན་ཆོས་འབྱུང་། རྩ་སྐྱ་ཤཱཀྱ་འབུམ། དབུས་པ་བློ་གསལ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས་སོ། །ཡང་ཀུན་གཟིགས་རོང་ཟོམ་པཎ་ཆེན་གྱི་བརྒྱུད་པ་ [184a] ལྟར་ན། ཐུབ་དབང་། བྱམས་མགོན། ཐོགས་མེད་སྐུ་མཆེད། སངས་རྒྱས་བསྐྱངས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨཱ་ཨ་ཀ་ར་ཤཱནྟི། དེ་ལ་ཛྙཱ་ན་ཤྲཱི་དང་པུཎྱ་ཤྲཱི་གཉིས་ཀྱིས་གསན། གཉིས་ཀ་ལ་སུ་མ་ཏི་ཀཱིརྟི། རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། ཉང་སྟོན་ཆོས་འཁོར། ཉང་རལ་ཉི་མ་འོད་ཟེར། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་གྲགས་པ་རྒྱལ་མཚན། ཤངས་པ་གྲགས་པ་སེངྒེ་། སྟག་སྟོན་སྤྱིལ་བུ་བ། དེ་ནས་བློ་ཆེན་སངས་རྒྱས་སྲས་དང་། ཡང་དཔྱལ་ཆོས་བཟང་གིས་སྤེལ་བའི་ཁ་ཆེ་ཤཱཀྱ་ཤྲཱིའི་བརྒྱུད་པ་ནི། ཐུབ་དབང་། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མའི་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། འཕགས་ལྷ། འཇམ་དཔལ་གྲགས་པ། རིན་འབྱུང་ཞི་བ། རྡོ་རྗེ་གདན་པ་གསུམ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། དཔྱལ་པདྨ་ཅན། གཞོན་ནུ་ཡེ་ཤེས། ཤེས་རབ་སེངྒེ་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྦུག་སྟོན་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ། ཚོགས་གཉིས་ [185a] དཔལ་གྲུབ། བློ་མཆོག་རྡོ་རྗེ། མགོན་པོ་བསོད་ནམས་མཆོག་ལྡན། བྱང་བདག་རིག་འཛིན་པདྨ་ཕྲིན་ལས་དཀྱུས་བཞིན་ནོ། །ཡང་བ་རི་ནས་བརྒྱུད་པ། ཐུབ་དབང་། འཇམ་དཔལ། ཛེ་ཏཱ་རི། ཨ་ཤྭ་ཀ་ཤྲཱི། ལ་ལཱི་ཏ་བཛྲ། བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེངྒེ་། མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བློ་བརྟན། དབུས་པ་བློ་གསལ། ལོ་ཙཱ་བ་མཆོག་ལྡན། རྗེ་བློ་ཆེན་སངས་རྒྱས་སྲས་མན་དཀྱུས་བཞིན་དང་། ཡང་བ་རི་ནས་ས་ཆེན་གོང་མ་ལྔ་ལ་བརྒྱུད་པ་ཡང་ཡོད་དོ། །ཡང་ནག་འཚོ་ལོ་ཙཱ་བས་སྤེལ་བའི་ཇོ་བོ་རྗེའི་བརྒྱུད་པ་ལྟར་ན། ཐུབ་དབང་། སྤྱན་རས་གཟིགས། ཀླུ་སྒྲུབ་ཡབ་སྲས། ལེགས་ལྡན་རྗེ། ཟླ་གྲགས། ལ་ལཱི་ཏ་བཛྲ། ཙརྱ་བཛྲ། མཉམ་མེད་ཇོ་བོ་རྗེ་དཱི་པཾ་ཀ་ར། ནག་འཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། རྒྱལ་ལྕགས་རི་བ། ཡོལ་ཆོས་དབང་། གཉན་སྟོན་ཁུག་པ། གནས་བརྟན་གཞོན་སེང་། ལ་སྟོད་དབང་རིན། ཤཱཀྱ་རྡོ་རྗེ། དབུས་བློ་སངས་རྒྱས་འབུམ། རྗེ་ལོ་མཆོག་པ། བློ་ཆེན་སངས་རྒྱས་སྲས། །དེ་ལྟར་བརྒྱུད་སྲོལ་མཐའ་དག་གཅིག་འདུས་སུ་བཞུགས་པའི་ཡང་དགོན་པ་ཆེན་པོ་བློ་ཆེན་སངས་རྒྱས་ནས་རིམ་བཞིན མཁན་ [185b] ཆེན་རྒྱལ་བཟང་དཔལ། གངས་ཁྲོད་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན། འཕགས་པ་གཞོན་ནུ་བློ་གྲོས། བླ་མ་འཇམ་དབྱངས་གྲགས་པ། རི་ཁྲོད་པ་བསོད་ནམས་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེངྒེ་། ཆོས་རྗེ་དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། བྲང་ཏི་ནམ་མཁའ་དཔལ་བཟང་། དེ་དབོན་ནམ་མཁའ་སངས་རྒྱས། མགོན་པོ་བསོད་ནམས་མཆོག་ལྡན། རིག་འཛིན་པདྨ་ཕྲིན་ལས། དཀའ་ཆེན་ངག་དབང་རབ་བརྟན། གྲུབ་དཔོན་བསྟན་འཛིན་ཕུན་ཚོགས། ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས། རྗེ་བཀའ་འགྱུར་བ་ཆེན་པོ། མདོ་ཁམས་བླ་མ་བཀྲ་ཤིས་རྒྱ་མཚོ། དེ་ནས་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་མན་གོང་གི་མཚན་ཉིད་ཐེག་པའི་སྐབས་བཞིན་ནོ། །སྤྱིར་གསར་རྒྱུད་ཀྱི་སྐབས་འདིར་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམས་ཀྱི་སྐུ་རིང་བཞིན། ལོ་པཎ་བརྒྱ་ཕྲག་གི་བར་གདན་འཛོམས་ཏེ། ཨུ་རྒྱན་དང་། ལི་ཡུལ། རྒྱ་གར། རྒྱ་ནག་སོགས་ན་བཞུགས་པའི་གསུང་རབ་རྣམས་འཆད་ཉན་བསྒྱུར་ཞུས་ཀྱི་གཏན་ལ་ཕབ་སྟེ། བཤད་ལུང་གི་བརྒྱུད་པ་ཐམས་ཅད་དུས་གཅིག་ཏུ་སྤེལ་བ་མ་ཡིན [186a] པར། སྒྱུར་བྱེད་ལོ་པཎ་རྣམས་ཀྱ་དུས་སྔ་ཕྱི་ཅི་རིགས་པར་བྱོན་ནས། ཡུལ་གྲུ་སོ་སོ་ནས་རིམ་པར་སྤེལ་བས་རྒྱུད་རེ་རེ་ལ་ལོ་རྒྱུས་དང་བརྒྱུད་པ་འདྲ་མིན་དུ་མ་དང་། བྱེ་བྲག་བོད་དུའང་བླ་མ་རྣམས་ཀྱི་སོ་སོའི་གསན་ཕྱོགས་ལས་བརྒྱུད་ཚུལ་སྣ་ཚོགས་མཐའ་ཡས་པ་ཞིག་བཞུགས་ནའང་། དེ་དག་ཐམས་ཅད་ཀྱི་གཙོ་བོ། སྐད་གཉིས་སྨྲ་བའི་ཁྱུ་མཆོག་ལོ་ཆེན་རིན་ཆེན་བཟང་པོ་དང་། ཀུན་གཟིགས་པཎྜི་ཏ་ཆེན་པོ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། དཔལ་ལོ་ཆེན་པོ། བ་རི་ལོ་ཙཱ་བ། ནག་འཚོ་ཚུལ་ཁྲིམས་རྒྱལ་བ་རྣམས་ཀྱིས་སྤེལ་བའི། རིན་བཟང་གི་བརྒྱུད་པ་དང་། ཇོ་བོའི་ལུང་བརྒྱུད། རོང་ལུགས་དང་དཔྱལ་ལུགས། བ་རི་ལོ་ཙཱ་དང་མལ་ལོ་ནས་བརྒྱུད་པའི་ས་ལུགས་ཀྱི་ལུང་བརྒྱུད་རྣམས། བསྟན་པ་ཕྱི་དར་སྐབས་ཀྱི་ལུང་བརྒྱུད་ཐམས་ཅད་ཀྱི་གཞི་མར་གྱུར། གཞན་ཡང་ཟངས་དཀར་བ་དང་། ཁྲོ་ལུ་ལོ་ཙཱ་བ། སྟེང་ལོ། གཉན་ལོ། འགར་ལོ། རྭ། འབྲོ་སོགས་ཀྱིས་སྤེལ་བའི་འདྲ་མིན་གྱི་བརྒྱུད་ཚུལ་ཁ་ཤས་དང་རོང་ལུགས་སོགས་ལའང་ཕྱི་རྒྱུད་དེ་དག་རེ་རེ་སྐབས་ཀྱི་བརྒྱུད་ཚུལ་གྱི་རྣམ་པ་བཞུགས་པ་རྣམས་ནི་གཞན་དུ་གསལ་བས་འདིར་རྒྱས་པར་ [186b] མ་སྤྲོས་སོ། །ཡང་གོང་གི་རྡོ་བྲག་རིག་འཛིན་པདྨ་ཕྲིན་ལས་ནས་རབ་འབྱམས་ཀརྨ་སྨོན་ལམ་བརྒྱུད་དེ་ཀར་ལུགས་སུ་བྱོན་པའི་བརྒྱུད་པ་ལྟར་ན། ཞབས་དྲུང་པད་ཕྲིན་ཡན་སྤྱི་ལྟར་ལ། དེ་ནས་རབ་འབྱམས་ཀརྨ་སྨོན་ལམ། ཀར་དབང་བརྒྱད་པ། སི་ཏུ་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། ཀརྨ་ཐེག་མཆོག་བསྟན་འཕེལ། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་བཀྲ་ཤིས་འོད་ཟེར། དེས་བཀའ་དྲིན་མཚུངས་བྲལ་རྗེ་དྲུང་བྱམས་པའི་འབྱུང་གནས་ཀྱི་ཞལ་སྔ་ནས་བདག་ལའོ། །ཡང་རྒྱལ་བཀའ་ཡོངས་རྫོགས་ཀྱི་བརྒྱུད་ཚུལ་ཕྱོགས་གཅིག་ནི། ཀྲེ་ཧོར་བྲག་དཀར་མཆོག་སྤྲུལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཡན་ཉིད་ཀྱི་གསན་ཡིག་ལྟར་ལ། དེ་ནས་རྗེ་སངས་སྤྲུལ་ངེས་དོན་རྒྱ་མཚོ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །མདོར་ན་བསྟན་པ་ཕྱི་དར་སྐབས་སུ་བྱོན་པའི་ལུང་བརྒྱུད་ཐམས་ཅད་ཡང་དགོན་པ་བློ་ཆེན་སངས་རྒྱས་སྲས་དང་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ་ཚུན་བརྒྱུད་པ་ཐམས་ཅད་གཅིག་ཏུ་གྱུར་ལ། དེར་མ་འདུས་པའི་མདོ་ཕྲན་དང་། [187a] གཟུངས་སྔགས་སོགས་གང་ཡོད་ས་བཟང་པཎ་ཆེན་དང་། ཕྱིས་མགོན་པོ་བསོད་ནམས་མཆོག་ལྡན། ཞབས་དྲུང་པདྨ་ཕྲིན་ལས་རྣམས་ཀྱི་ཐུགས་བརྩོན་ཆེན་པོས་ཕྱོགས་ཀྱི་ལུང་རྒྱུན་མཐའ་དག་གསན་ནས་དེ་ཚུན་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་སོ། །བསྟན་པ་སྔ་དར་གྱི་སྐབས་བཙན་པོ་ལྷ་ཡབ་སྲས་ཀྱི་རིང་ལ་བྱོན་པའི་བཤད་ལུང་མན་ངག་དང་བཅས་པའི་བརྒྱུད་པ་ཐམས་ཅད། སྐ་ཅོག་ཞང་གསུམ། གཉགའ་ཟུར་གནུབས་གསུམ། ཆོས་རྗེ་དམ་གཙང་བྱམས་གསུམ་སོགས་ཀྱིས་འཆད་སྤེལ་གྱིས་བསྐྱངས་ཤིང་། ལྷག་པར་མདོ་ཕྱོགས་ཀྱི་བཤད་ལུང་ཐམས་ཅད་གླང་དར་གྱི་སྐབས་ལོ་བདུན་ཅུ་སྐོར་དབུས་གཙང་དུ་ནུབ་པར་བཤད་ཀྱང་། རྨར་གཡོ་གཙང་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ། སེ་བཙུན་ཆེན་པོ་སོགས་ཀྱི་སྐུ་དྲིན་གྱིས་སྨད་ཕྱོགས་སུ་ཉམས་རྒུད་མ་བྱུང་བའི་ཐོག །སླར་བསྟན་པ་ཕྱི་དར་སྐབས་འདུལ་མངོན་སོགས་ཀྱི་བརྒྱུད་པ་ཕལ་ཆེར་འདི་ནས་གསོས། དེ་ནས་མི་རིང་བར་ཀཿཐོག་དམ་པ་བདེ་གཤེགས་བྱོན་ནས་ཁམས་ཕྱོགས་ཀྱི་བརྒྱུད་པ་ཐམས་ཅད་ [187b] མཆོག་བླ་ཡེ་གཞོན་དང་། སྒ་སྟོན་ཆེན་པོ། བླ་མ་རྗེ་བཙུན་པ་སོགས་ལས་གསན། དབུས་གཙང་དང་། བལ་ཡུལ་དུ་བྱོན་ནས། སོ་ཟུར་གནུབས་གསུམ་ནས་བརྒྱུད་པའི་སྔ་འགྱུར་གྱི་སྐོར་རྣམས་དང་། རྭ་འབྲོ་ཇོ་རྡོག་སོགས་ཀྱི་ལུགས་གསང་སྔགས་གསར་མའི་སྐོར་མཐའ་ཡས་པ་ཞིག་གསན་པས་བརྒྱུད་སྲོལ་ཐམས་ཅད་གཅིག་ཏུ་འདུས། སླར་ཁམས་སུ་ཕེབས་ཏེ་ལྷོ་ཕྱོགས་མ་གཱ་དྷ་གཉིས་པར་གྲགས་པ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་བཏབ་པ་ནས་བཟང་། ཆོས་རྗེ་དམ་གཙང་བྱམས་གསུམ་སོགས་བླ་རབས་རྣམས་དང་། དྲི་མེད་ཞིང་སྐྱོང་མགོན་པོ་སོགས་གདན་རབས་རྣམས་བརྒྱུད་དེ། ཕྱིས་མ་ཧཱ་པཎྜི་ཏ་དགེ་པཎ་ཚེ་དབང་མཆོག་གྲུབ་ཀྱིས་གསན་ནས་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཁམས་བརྒྱུད་ཅེས་གསང་སྔགས་སྔ་འགྱུར་གྱི་བཤད་ལུང་མན་ངག་ཐམས་ཅད་ཀྱི་བརྒྱུད་པ་བར་མ་ཆད་པ་འདིའོ། །དེ་ལྟར་མདོ་ཕྱོགས་རྣམས་ཀཿཐོག་དགེ་པཎ་གྱི་གསན་ཡིག་ལྟར་བཀོད་ལ། འོག་ཏུ་རྙིང་རྒྱུད་སྐབས་སྟོད་དུ་སོ་ཟུར་གནུབས་གསུམ་ཞེས་གྲགས་པ་བཞིན་དབུས་བརྒྱུད་གཙོ་བོར་བཀོད་མོད། གཞན་དུ་རྒྱལ་བ་ཀཿཐོག་པ་ [188a] ལས་བརྒྱུད་པའི་ཁམས་བརྒྱུད་ཀྱང་བཞུགས་སོ། །ཡང་ལུང་རྒྱུན་མི་བཞུགས་པའི་རིགས་རྣམས་ནི་སོ་སོའི་སྐབས་ཀྱི་ཡིག་ཆུང་བཞིན་དང་། བྱ་རྒྱུད་སྒྲོལ་མ་རལ་པ་གྱེན་བརྫེས་འདི་ལ་ལུང་རྒྱུན་མི་བཞུགས་པ་ཕྱིས་ཀཿཐོག་སི་ཏུ་པཎ་ཆེན་གྱིས་རྒྱ་ནག་བཀའ་འགྱུར་ལས་གསན་པའི་བརྒྱུད་པ་བཞིན། པཎ་ཆེན་དེ་ལས། མཁན་ཆེན་དུལ་བའི་སྡེ། དེས་དཔལ་ཡུལ་པད་ནོར་མཆོག་སྤྲུལ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ། དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་བཞིན་དུ་སྩལ་བའི་བཀའ་དྲིན་ཐོབ་བོ། །སྐབ་འདིར་སྣར་ཐང་དང་། ལི་ཐང་སྤར་མ་སོགས་སུ་རྒྱུད་ཛ་ཝ་ཞ་གསུམ་དང་། སྡེ་སྤར་དུ་ཀ་ཁ་ག་སྡེ་གླེགས་བམ་གསུམ་དུ། ཀུན་བྱེད་རྒྱལ་པོ་སོགས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་རྩ་རྒྱུད་རགས་བསྡུས་བཞུགས་པའི་མཚན་བྱང་རྒྱུད་འབུམ་སྐབས་རྒྱས་པར་གསལ་བས་འདིར་ཟློས་པར་མ་བྱས་ལ། དེ་དག་ལེགས་པར་ནོས་པའི་བརྒྱུད་པ་ནི། དང་པོ་གཉིས་མེད་ཡེ་ཤེས་ཆེན་པོར་ལ་ཟློ་བ་ཀུན་བྱེད་རྒྱལ་པོ་སོགས་ཨ་ཏིའི་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་ [188b] པོ། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་། དེ་ལས་སློབ་དཔོན་ཆེན་པོ། བི་མ་ལ། བཻ་རོ་ཙ་ན། དེ་གསུམ་ལས་གཉགས་ལོ་ཆེན་པོ། དེས་པཎ་ཆེན་བདུན་བརྒྱུད་ཀྱི་གདམས་པའི་མཛོད་མངའ་ཨ་རོ་ཡེ་ཤེས་འབྱུང་གནས། རྨ་དཔལ་རྒྱལ། གཉན་བྱང་ཤེས། ཡོན་ཏན་འབྱུང་གནས། ཅོག་རོ་སྒོམ་པ་བ། རྗེ་བྱམས་སྒོམ་པ། བྱང་སྟོན་ཆེན་པོ། དེས་ཀཿདམ་པ་བདེ་གཤེགས་ལའོ། །ཡང་གཉིས་མེད་བདེ་བ་ཆེན་པོར་གཏན་ལ་དབབ་པ་སྤྱི་མདོ་དགོངས་པ་འདུས་པ་སོགས་ཨ་ནུའི་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། ལྷ་ཀླུ་གནོད་སྦྱིན་གསུམ། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ། ཨིནྡྲ་བྷུ་ཏི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། ཀུ་ཀུ་རཱ་ཛ། རི་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་བྷ་ཧསྟི། ཤཱཀྱ་སེངྒེ་། ཤཱཀྱ་མི་ཏྲ། ཤཱཀྱ་པྲ་བྷ། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། ཆེ་བཙན་སྐྱེས། བསུ་དྷ་ར། དྷརྨ་བོ་དྷི། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། བློ་གྲོས་བྱང་ཆུབ། ནམ་མཁའ་སྡེ། ཤཱཀྱ་འབྱུང་གནས། ཤེས་རབ་གྲགས་པ། ཤཱཀྱ་འོད། ཤཱཀྱ་སེངྒེ་། འགྲོ་མགོན་དམ་པ་ [189a] ཤཱཀ་རྒྱལ། དེས་ཆོས་རྗེ་ཀཿཐོག་པ་ལའོ། །ཡང་སེམས་དང་ཡེ་ཤེས་གཉིས་མེད་དུ་སྟོན་པ་དཔལ་གསང་བའི་སྙིང་པོ་སོགས་རྒྱུད་མ་ཧཱ་ཡོ་གའི་སྐོར་རྣམས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའི། ཕྱག་རྡོར། རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། སེངྷ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་དེ་ཝི། མཻ་ཏྲི་ཀ་མ་ལ། ཛི་ན་མི་ཏྲ། རྡོ་རྗེ་བཞད་པ། ཉིན་བྱེད་སེངྒེ་། བདེ་བ་གསལ་མཛད། ཤཱཀྱ་བྱང་ཆུབ། སོ་ཀྵ་དེ་བ། སྒེག་རྡོར། ཆོས་བློ། ཆོས་རྒྱལ་སྐྱོང་། གནུབས་ནས། ཀཿཐོག་པའི་བར་གོང་ལྟར་དང་། དེ་ནས་དྲི་མེད་ཞིང་སྐྱོང་མགོན་པོའི་བར་ཕྱི་རྒྱུད་ཀྱི་སྐབས་ལྟར་དང་། དེས་དགེ་པཎ་ཚེ་དབང་མཆོག་གྲུབ་ནས་རིམ་པར། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མའི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པ་ཆེན་པོས་བཀའ་དྲིན་གྱི་དབྱིག་ཏུ་སྩལ་བ་ནམ་ཡང་གཞལ་བྱའི་ཡུལ་དུ་མ་གྱུར་ཏོ།། །།