བསྟན་འགྱུར་ལས་ཇི་ཙམ་ནོས་པའི་ཚུལ།

From Dudjom Wiki
DJYD-KABUM-21-ZHA-011
Wylie title bstan 'gyur las ji tsam nos pa'i tshul DJYD-KABUM-21-ZHA-011.pdf
Location bdud 'joms rin po che bka' 'bum
Volume 21, Text 11, Pages 465-540 (Folios 233a1 to 270a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bstan 'gyur las ji tsam nos pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 465-540. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: dgongs 'grel bstan bcos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [233a] ཨོཾ་སྭསྟི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་རྒྱལ་ཚབ་སློབ་དཔོན་པཎྜི་ཏ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཀྱི་སྐོར་གངས་ཅན་གྱི་ལྗོངས་འདིར་འགྱུར་རོ་ཅོག་ལས་རང་གི་སྐལ་བས་ཇི་ཙམ་ནོས་པའི་ཚུལ་ནི། ཐོག་མར་བསྟོད་ཚོགས་སྐོར་ལ། ཀ༽ ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། ཛ་རནྡ་ན་དང་རིན་ཆེན་བཟང་པོའི་འགྱུར། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའི་བསྟོད་པ་ཞེས་བྱ་བ་མཐོ་བཙུན་གྲུབ་རྗེས་མཛད་པ། ཛ་རནྡ་ན་དང་རིན་ཆེན་བཟང་པོའི་འགྱུར། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་བདེ་བྱེད་བདག་པོས་མཛད་པ། སརྦ་ཛྙཱ་དེ་བ་དང་། རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་ཤིང་ཕབ་པ། དེའི་རྒྱ་ཆེར་བཤད་པ་ཤེས་རབ་གོ་ཆས་མཛད་པ། ཛ་རནྡ་ན་དང་། རིན་བཟང་གི་འགྱུར། འཕགས་མ་ནོར་རྒྱུན་ [233b] མས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ། རྒྱལ་བ་བཟང་པོ་དང་། ཉི་མ་རྒྱལ་མཚན་གྱི་འགྱུར། ཆོས་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པའི་བསྟོད་པ་ཐོགས་མེད་ཀྱིས་མཛད་པ། ཛི་ན་མི་ཏྲ་དང་། ཤི་ལེནྡྲ་བོ་དྷི། ལོ་ཙཱ་ཡེ་ཤེས་སྡེའི་འགྱུར། དེ་ཁོ་ན་ཉིད་ལ་བསྟོད་པ་དཔལ་གྱི་གོ་ཆས་མཛད་པ། མཉྫུ་ཤྲཱི་བྷ་དྲ་དང་། ཤཱཀྱ་འོད་ཀྱི་འགྱུར། བདུད་བཏུལ་བ་ལ་བསྟོད་པ་རབ་དགའི་ལྷས་མཛད་པ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེར་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ་བཅས་རྣམས་པཎྜི་ཏ་ནག་པོ་པ་དང་། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྐུ་གསུམ་ལ་བསྟོད་པའི་འགྲེལ་པ་ཤརྡ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ཇོ་བོ་རྗེ་དང་། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་ཐིག་ལེ་བུམ་པ་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང་། བསྟོད་པ་ལས་འདས་པར་བསྟོད་པ། [234a] བླ་ན་མེད་པའི་བསྟོད་པ། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་མི་འདྲ་བ་གཉིས། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་བཅས་པཎྜི་ཏ་ཏི་ལ་ཀ་དང་། པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཡོན་ཏན་མཐའ་ཡས་པར་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། སརྦ་ཛྙཱ་དེ་བ་དང་། རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་། ཡོན་ཏན་མཐའ་ཡས་པའི་དོན་ཚིག་ལེའུར་བྱས་པ་གཉིས་ཕྱོགས་གླང་གིས་མཛད་པ། སརྦ་ཛྙཱ་དེ་བ་དང་། རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། སཾ༽ བསྐལ་བཟང་སངས་རྒྱས་སྟོང་གི་བསྟོད་པ་དེ་བཞིན་གཤེགས་པའི་མཚན་བརྗོད་ལ་རྒྱན་འཕྲེང་ཁ་ཆེ་པཎ་ཆེན་གྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བ་རྣམས་སོ། །དེ་དག་གི་བླ་མ་བརྒྱུད་པའི་རིམ་པའི་ནི། མཉམ་ [234b] མེད་ཐུབ་པའི་དབང་པོ། ཀླུ་སྒྲུབ། ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །གཞོན་ནུ་འབུམ། ཧ་སུ་མ་ཏི། གསེར་གྱི་གོ་ཆ། པ་ཚབ་ལོ་ཙཱ། རྨ་བྱང་ཆུབ་ཡེ་ཤེས། གཞོན་ནུ་སེང་གེ །རྨ་ཤཱཀྱ་སེང་གེ ། སྤང་ཆོས་ཀྱི་བློ་གྲོས། སངས་རྒྱས་སྒོམ་པ། སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི། རབ་དཀར་ལོ་ཙཱ། མཆོག་ལྡན། དཔལ་ལྡན་སེང་གེ །བུ་སྟོན། སྒྲ་ཚད་པ་རིན་རྣམ། སངས་རྒྱས་དཔལ། རོང་སྟོན། དོན་ཡོད་དཔལ་ལྡན། ཤཱཀྱ་མཆོག །ཡེ་ཤེས་ལྷུན་གྲུབ། གྲོལ་མཆོག །ཀུན་དགའ་མཆོག་ལྡན། ཐར་རྩེ་བ། སྒྲུབ་ཁང་པ། བསོད་ནམས་མཆོག་ལྡན། མཁན་ཤེས་རབ་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་ངག་དབང་བློ་བཟང་། རྒྱུད་སྟོད་མཁན་བློ་བཟང་ཚུལ་ཁྲིམས། དགེ་རྒན་སྐྱེས་མཆོག ། སྨིན་གླིང་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྒྱལ་སྲས་གཞན་ཕན་མཐའ་ཡས་ལའོ། །ཡང་ཀློང་རྡོལ་བ་ནས། རྒྱུད་སྨད་སྔགས་རམ་པ་བློ་བཟང་ཆོས་འབྱོར། རྒྱུད་སྨད་མཁན་པོ་ངག་དབང་ཆོས་འཕེལ། རྒྱུད་སྟོད་མཁན་པོ་དགེ་འདུན་དར་རྒྱས། [235a] རྒྱལ་སྲས་གཞན་ཕན་མཐའ་ཡས། ཐུགས་སྲས་པདྨ་དམ་ཆོས་འོད་ཟེར། བླ་མ་ཀུན་བཟང་བསོད་ནམས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ཀུན་སྤང་བ་དགེ་འདུན་རྒྱ་མཚོ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། ། ༈ ། གཉིས་པ་མདོའི་སྐོར་ལ། ཀ༽ བྱམས་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་པཎྜི་ཏ་གོ་ལི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དེའི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། མཆོག་སྡེ། དུལ་བའི་སྡེ། མཁན་པོ་རྣམ་པར་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་ཡོན་ཏན་བཤེས་གཉེན། ལོ་ཆེན་རིན་བཟང་། རྒྱ་གར་ཤར་ཕྱོགས་པ་ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ། ལོ་ཙཱ་བློ་ཤེས། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། དཀར་ཆུང་རིང་མོ། ཞང་གཡེ་བ། གཉལ་ཞིག་འཇམ་རྡོར། དར་མ་ཚུལ་ཁྲིམས། བརྩོན་འགྲུས་རྡོ་རྗེ། སེང་གེ་རྒྱལ་མཚན། དཔང་ལོ་བློ་བརྟན། བླ་མ་ [235b] བསོད་ནམས་རྒྱལ་མཚན། གཞོན་བློ། རྗེ་བློ་བཟང་གྲགས་པ། རྒྱལ་ཚབ་དར་རིན། རིན་ཆེན་བསམ་འགྲུབ། འཇམ་དབྱངས་ཆོས་རྗེ། བཀྲ་ཤིས་དཔལ་ལྡན། ཀུན་མཁྱེན་བློ་གྲོས་རིན་སེང་། དཔལ་འབྱོར་ལྷུན་གྲུབ། རྗེ་དོན་ཡོད་དཔལ་ལྡན། རིག་པའི་རལ་གྲི། བློ་གྲོས་ལེགས་འཕེལ། གཙང་སྟོན་དགེ་བའི་བཤེས་གཉེན། དིའུ་རི་པ་དགེ་འདུན་བསམ་འགྲུབ། བློ་བཟང་ཆོས་འཕེལ། ཁྲི་དཀོན་མཆོག་ཆོས་འཕེལ། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ། ཞབས་དྲུང་བློ་བཟང་པད་ཕྲིན། ཡོངས་འཛིན་བློ་དོན། པཎ་ཆེན་བློ་ཡེ། བརྩོན་འགྲུས་རྒྱ་མཚོ། དྲུང་རྒྱལ་ཚབ་པ། དྲ་ཕུག་པ། སེང་གེ་རྒྱ་མཚོ། ཀློང་རྡོལ་བླ་མ། རྒྱུད་སྟོད་མཁན་ཟུར་བློ་བཟང་ཚུལ་ཁྲིམས། དགེ་རྒན་སྐྱེས་མཆོག །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྒྱལ་སྲས་གཞན་ཕན་མཐའ་ཡས། ཡང་ན་ཀློང་རྡོལ་བླ་མ་ནས། རྒྱུད་སྨད་སྔགས་རམ་བློ་བཟང་ཆོས་འབྱོར། མཁན་ངག་དབང་ཆོས་འཕེལ། མཁན་དགེ་འདུན་དར་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཐུགས་སྲས་པདྨ་དམ་ཆོས་འོད་ཟེར། བླ་མ་ཀུན་བཟང་བསོད་ནམས། རྡོར་འཛིན་ [236a] རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །ཇ༽ སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་དོན་གསལ་བམ་པོ་ལྔ་པ་དཔལ་བརྩེགས་ཀྱི་འགྱུར་ལ། གོ་མི་འཆི་མེད་དང་། བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་གཏན་ལ་ཕབ་པ། དེའི་བརྒྱུད་པ་ནི། ཐུབ་དབང་། བྱམས་མགོན། ཐོགས་མེད། དབྱིག་གཉེན། བཙུན་པ་གྲོལ་སྡེ། མཆོག་སྡེ། དུལ་བའི་སྡེ། སློབ་དཔོན་སེང་བཟང་། སློབ་དཔོན་སངས་རྒྱས་ཡེ་ཤེས། སློབ་དཔོན་ཡོན་ཏན་བཤེས་གཉེན། སློབ་དཔོན་རིན་བཟང་། ཟླ་བ་བཟང་པོ། འབུམ་ཕྲག་གསུམ་ལ། ལོ་ཙཱ་བློ་ཤེས། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། དཀར་ཆུང་རིང་མོ། འཇམ་དཔལ་རྡོ་རྗེ། དར་མ་ཚུལ་ཁྲིམས། བརྩོན་འགྲུས་རྡོ་རྗེ། དཔང་ལོ་ཆེན་པོ། བླ་མ་བསོད་ནམས་རྒྱལ་པོ། རེ་མདའ་བ། རྗེ་ཙོང་ཁ་པ། རྒྱལ་ཚབ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། རིན་ཆེན་རྒྱལ་མཚན། མཁན་ངག་དབང་དཔལ། རྗེ་དགེ་འདུན་གྲུབ། ཤེས་རབ་རྒྱལ་པོ། [236b] མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དགེ་ལེགས་རབ་རྒྱས། བློ་བཟང་ཕྲིན་ལས། བློ་བཟང་དོན་འགྲུབ། བློ་བཟང་ཡེ་ཤེས། དམ་ཆོས་དཔལ་འབྱོར། བློ་བཟང་མཐའ་ཡས། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། རྒྱུད་སྨད་སྔགས་རམ་བློ་བཟང་ཆོས་འབྱོར། རྒྱུད་སྨད་མཁན་ངག་དབང་ཆོས་འཕེལ། རྒྱུད་སྟོད་མཁན་དགེ་འདུན་དར་རྒྱས། ཡང་ན་ངག་དབང་ཆོས་འཕེལ། རྒྱུད་སྨད་རབ་འབྱམས་བློ་བཟང་རྒྱ་མཚོ། འགྱུར་མེད་སྐྱེས་མཆོག །ཕྲིན་ལས་ཆོས་སྒྲོན། དེ་གཉིས་ཀས་རྒྱལ་སྲས་གཞན་ཕན་མཐའ་ཡས། པདྨ་དམ་ཆོས་འོད་ཟེར། བླ་མ་ཀུན་བཟང་བསོད་ནམས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། དེས་བདག་ལའོ། །ཡང་ན་ཀློང་རྡོལ་བླ་མ་ནས། ཁྲི་གུང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ། ཁྲི་ངག་དབང་ཆོས་འཕེལ། རྒྱུད་སྟོང་མཁན་མན་འདྲའོ། །ཙ༽ དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཛྙཱ་ན་གརྦྷ་དང་། ཅོག་རོའི་འགྱུར། རིག་པ་དྲུག་ཅུ་པ་ཀླུ་སྒྲུབ་ཀྱིས་ [237a] མཛད་པ། མུ་ཏི་ཏ་ཤྲི་དང་། པ་ཚབ་ཀྱི་འགྱུར། ཞིབ་མོ་རྣམ་འཐག་གི་མདོ་ཀླུ་སྒྲུབ་ཀྱིས་མཛད་པ། ཨ་ནནྟ་དང་། གྲགས་ཤེས་ཀྱི་འགྱུར། སྟོང་ཉིད་བདུན་ཅུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། གཞོན་ནུ་མཆོག་དང་། དར་གྲགས་ཀྱི་འགྱུར། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཛྙཱ་ན་གརྦྷ་དང། དཔལ་བརྩེགས་ཀྱིས་བསྒྱུར་བ་ལ། ཛ་ཡ་ཨ་ནནྟ་དང་། ཁུ་མདོ་སྡེ་འབར་གྱིས་བཅོས་པ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་སློབ་དཔོན་སངས་རྒྱས་བསྐྱང་གིས་མཛད་པ། ཛྙཱ་ན་གརྦྷ་དང་། ཅོག་རོས་བསྒྱུར་བ་བཅས་སོ། །དེ་དག་གི་བརྒྱུད་པ་ནི། འཕགས་པ་ཀླུ་སྒྲུབ། སློབ་དཔོན་སངས་རྒྱས་བསྐྱང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་གྲགས། རིག་པའི་ཁུ་བྱུག ། པ་ར་ཧི་ཏ། ཧ་སུ་མ་ཏི། ཀ་ན་ཀ་ཝརྨ། པ་ཚབ་ཉི་གྲགས། རྨ་བྱང་བརྩོན། དྷརྨ་ཤཱཀ་སེང་། ཀུན་མཁྱེན་མཆིམས་པ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། གྱང་རོ་པཎ་ཆེན། དཔལ་ལྡན་མཆིམས་པ། རིན་ཆེན་ཀུན་རྒྱལ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་རིན། ལྷ་བཙུན་བློ་གྲོས་རྒྱ་མཚོ། རྗེ་སྟོད་ [237b] ལུང་པ། ཆུ་བཟང་པ། ཤེར་འབྱུང་བློ་གྲོས། བསྟན་པ་དར་རྒྱས། བསོད་ནམས་རྒྱ་མཚོ། བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན། སྙིང་སྟོབས་རྒྱ་མཚོ། འཇམ་དབྱངས་གྲགས་པ། རྗེ་དོན་གྲུབ་སེང་གེ །ཁྲི་སྦྱིན་པ་རྒྱ་མཚོ། འཇམ་དབྱངས་བཞད་པའི་རྡོ་རྗེ། ཁྲི་ངག་དབང་མཆོག་ལྡན། རྗེ་རྒྱལ་བ་སྐལ་བཟང་རྒྱ་མཚོ། ཀློང་རྡོལ་བླ་མ་ལའོ། །ཡང་ན་པཎ་ཆེན་བློ་བཟང་ཆོས་རྒྱན་ནས། དགེ་འདུན་ཡར་འཕེལ། རྡོར་འཛིན་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཡེ་ཤེས། ངག་དབང་དམ་ཆོས། ཡེ་ཤེས་ཡར་འཕེལ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ། སྔགས་བློ་བཟང་ཆོས་འབྱོར། མཁན་ངག་དབང་ཆོས་འཕེལ། མཁན་དགེ་འདུན་དར་རྒྱས། གཞན་ཕན་མཐའ་ཡས། པདྨ་དམ་ཆོས་འོད་ཟེར། བླ་མ་ཀུན་བཟང་བསོད་ནམས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །སློབ་དཔོན་སངས་རྒྱས་བསྐྱང་གིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་ལུང་བརྒྱུད་ནི། རྗེ་བཀྲ་ཤིས་རྣམ་རྒྱལ་གྱི་གསན་ཡིག་ཏུ་གུ་རུ་སངས་རྒྱས་བཀྲ་ཤིས་ཡན་སླར་བཙལ་དགོས་རྒྱུ་ [238a] གསལ་ཞིང་། དེ་ནས། སངས་རྒྱས་དཔལ་བཟང་། ངག་དབང་ལྷུན་གྲུབ་ཕྲིན་ལས། ངག་དབང་ལྷུན་གྲུབ། བློ་བཟང་བསྟན་འཛིན། ཡེ་ཤེས་ཡར་འཕེལ། ཀློང་རྡོལ་བླ་མ་ལའོ། །ཡང་ན་རྒྱལ་མཆོག་ལྔ་པ་ཆེན་པོ། ཕ་བོང་ཁ་པ་འཇམ་གྲགས། འཇམ་དབྱངས་བཞད་རྡོར། ཁྲི་དགེ་འདུན་ཕུན་ཚོགས། བློ་བཟང་བསྟན་འཛིན། ཀ་ཆེན་ཡེ་ཤེས་ཡར་འཕེལ། ཀློང་རྡོལ་བླ་མ་ལའོ། །དེ་ནས་བརྒྱུད་ཚུལ་གཉིས་ཀ་གོང་དང་འདྲའོ། །ཚ༽ སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་དབུ་མ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་པུཀྵ་ཛཱ་ན་དང་། པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ། དེའི་བརྒྱུད་པ་ནི། འཕགས་པ་ལྷ། སངས་རྒྱས་བསྐྱང་། ལེགས་ལྡན་འབྱེད། རིག་པའི་ཁུ་བྱུག །པ་ར་ཧི་ཏ། ཧ་སུ་མ་ཏི། ཀ་ན་ཀ་ཝརྨ། ཆག་ལོ་ཆོས་རྗེ། ཡེ་ཤེས་བརྩོན་འགྲུས། རྨ་ཤཱཀ་སེང་། ཀུན་མཁྱེན་མཆིམས་པ། སྐྱོ་སྟོན་སྨོན་ཚུལ། གྱང་རོ་པཎ་ཆེན། རྗེ་དགེ་འདུན་གྲུ། ཤེས་རབ་རྒྱ་མཚོ། སངས་རྒྱས་ཤེས་རབ། པཎ་ཆེན་བློ་བཟང་ཆོས་རྒྱན། སྙིང་སྟོབས་རྒྱ་མཚོ། ཕ་བོང་ཁ་པ་འཇམ་གྲགས། [238b] མཁན་ངག་དབང་བཀྲ་ཤིས། འཇམ་དབྱངས་ཆོས་འཕེལ། བླ་མ་བཟང་པོ་བསྟན་འཛིན། དགེ་འདུན་རྒྱ་མཚོ། འཇམ་དབྱངས་བཞད་སྤྲུལ་དཀོན་མཆོག་འཇིགས་མེད། ཀློང་རྡོལ་བླ་མ་ལའོ། །ཡང་ན་སློབ་དཔོན་ཨཱརྱ་དེ་ཝ། ཟླ་གྲགས། གསེར་གྱི་གོ་ཆ། པ་ཚབ་ཉི་གྲགས། ཁུ་མདོ་སྡེ་འབར། རྨ་བྱང་བརྩོན། ཚུལ་གཞོན་ནུ་སེངྒེ་། རྨ་ཤཱཀ་སེང་། ཞང་ཆོས་ཀྱི་བླ་མ། སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། དབུ་མ་བྱང་ཆུབ་གྲུབ། དབང་ཕྱུག་གྲགས། མཁན་བསོད་ནམས་གྲགས། གྲུབ་པ་ཤེས་རབ། ཀརྨ་དཀོན་མཆོག་གཞོན་ནུ། རོང་སྟོན་དོན་ཡོད་དཔལ་ལྡན། ཤཱཀྱ་མཆོག་ལྡན། གྲོལ་མཆོག །བྱ་བཏང་དཀོན་མཆོག །ཐར་རྩེ་ནམ་མཁའ་དཔལ། དཔལ་ལྡན་དོན་གྲུབ། ཤེས་རབ་རྒྱ་མཚོ། ཕྱོགས་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་ལྷུན་གྲུབ། སངས་རྒྱས་བཀྲ་ཤིས། ངག་དབང་ཀུན་དགའ་ལེགས་འབྱུང་། ཞི་སྤྲུལ་དགེ་ལེགས་རྒྱ་མཚོ། ཀློང་རྡོལ་བླ་མ་ལའོ། །དེ་ནས་བརྒྱུད་ཚུལ་གཉིས་ཁ་གོང་དང་མཐུན་ནོ། །ཝ༽ སློབ་དཔོན་ཟླ་བ་གྲགས་ [239a] པས་མཛད་པའི་དབུ་མ་འཇུག་པའི་རྩ་བ། ཀྲྀཥྐྵི་པཎྜི་ཏ་དང་། ཚུལ་རྒྱལ་གྱི་འགྱུར་ལ། ཐིག་ལེ་བུམ་པ་དང་། ཉི་གྲགས་ཀྱིས་བཅོས་པ། དབུ་མ་འཇུག་པའི་རང་འགྲེལ། ཐིག་བུམ་དང་། ཉི་གྲགས་ཀྱིས་བསྒྱུར་བ་ལ། ཀ་ན་ཀ་ཝརྨ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་གཏན་ལ་ཕབ་པ། དེ་དག་གི་བརྒྱུད་ཚུལ་ནི། སྟོན་པ་ཐུབ་དབང་། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། སངས་རྒྱས་བསྐྱང་། དཔལ་ལྡན་ཟླ་གྲགས། པཎྜི་ཏ་ཧ་སུ་མ་ཏི། པ་ཚབ་ཉི་གྲགས། རྨ་བྱང་ཆུབ་ཡེ་ཤེས། རྨ་དབང་ཕྱུག་བརྩོན་འགྲུས། མཚུར་སྟོན་སེང་གེ ། རྨ་ཤཱཀ་སེང་། ཞང་ཆོས་ཀྱི་བླ་མ མཆིམས་ནམ་གྲགས། རིག་པའི་རལ་གྲི། དེ་གཉིས་ཀ་ལས་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། ངག་དབང་བློ་ལྡན་པ། སློབ་དཔོན་བྱང་སེང་། རེ་མདའ་གཞོན་བློ། ཙོང་ཁ་པ། རྒྱལ་ཚབ་དར་རིན། རྗེ་རིན་ཆེན་བསམ་འགྲུབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས། མུས་སྲས་ཀུན་མཁྱེན་སློབ་སེང་། དཔལ་འབྱོར་ལྷུན་གྲུབ། དོན་ཡོད་དཔལ་ལྡན། ཆོས་ཀྱི་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། པཎ་ཆེན་བློ་བཟང་ [239b] ཆོས་རྒྱན། བསྟན་པ་དར་རྒྱས། རྡོར་འཛིན་བློ་གྲོས་མགོན་པོ། པཎ་ཆེན་བློ་བཟང་ཡེ་ཤེས། བློ་བཟང་བསྟན་འཛིན། ཡེ་ཤེས་ཡར་འཕེལ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །ཡང་ན་པཎ་ཆེན་བློ་བཟང་ཆོས་རྒྱན་ནས། ཚུལ་ཁྲིམས་ཆོས་འཕེལ། དགེ་འདུན་ཡར་འཕེལ། བཟང་པོ་དོན་འགྲུབ། པཎ་ཆེན་བློ་ཡེ། དམ་ཆོས་དཔལ་འབྱོར། བློ་བཟང་མཐའ་ཡས། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །ཡང་ཉེ་བརྒྱུད་ལྟར་ན། འཇམ་དཔལ་དབྱངས། དབུ་མ་དཔའི་བོ་རྡོ་རྗེ། རྒྱལ་བ་འཇམ་དཔལ་སྙིང་པོ། རྒྱལ་ཚབ་དར་རིན། རིན་ཆེན་བསམ་འགྲུབ་མན་རིང་བརྒྱུད་ལྟར་རོ། །ཀློར་རྡོལ་བླ་མ་ནས་བརྒྱུད་ཚུལ་གོང་དང་འདྲའོ། །ལ༽ སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལུང་བརྒྱུད་ནི། སྟོན་པ་ཐུབ་དབང་། འཇམ་དབྱངས། ཞི་བ་ལྷ། པཎྜི་ཏ་ཨེ་ལ་དྷ་རི། སློབ་དཔོན་དཔའི་བོ། གསེར་གླིང་པ། དཱི་པཾ་ཀ་ར། འབྲོམ་རྒྱལ་བའི་འབྱུང་གནས། པོ་ཏོ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆོས་ལུང་ཤེས་གྲགས། བློ་གྲོས་གྲགས་པ། ཞང་བཙུན་རྡོ་རྗེ་འོད། [240a] ཞང་སྟོན་ཆོས་གྲགས། སངས་རྒྱས་སྒོམ་པ། མཆིམས་ནམ་གྲགས། རིག་པའི་རལ་གྲི། སྐྱི་སྟོན་ཤཱཀ་འབུམ། འཇམ་གྲགས། ཀུན་མཁྱེན་དོལ་པོ། མ་ཏི་པཎ་ཆེན། ས་བཟང་འཕགས་གཞོན། ངོར་ཆེན་ཀུན་དགའ་བཟང་པོ། ཀུན་མཁྱེན་བསོད་སེང་། འཇམ་དབྱངས་སངས་རིན། དྭགས་པོ་ཕྱོགས་ལས་རྣམ་རྒྱལ། ལྷ་དབང་བློ་གྲོས། དཔལ་ལྡན་དོན་གྲུབ། དབང་ཕྱུག་རྒྱལ་མཚན། ངག་དབང་རྣམ་རྒྱལ། རིན་ཆེན་རྒྱ་མཚོ། བསྟན་པ་དར་རྒྱས། རབ་འབྱམས་ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་ལྷུན་གྲུབ། སངས་རྒྱས་བཀྲ་ཤིས། བློ་བཟང་རྒྱལ་མཚན། ཀློང་རྡོལ་བླ་མ་ལའོ། །ཡང་ན་རྒྱལ་སྲས་ཞི་བ་ལྷ་ནས། པཎྜི་ཏ་མི་བརྗེད་གཟུངས་ཐོབ། ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། ཟླ་གྲགས་ཆུང་བ། པཎྜི་ཏ་ཤྲཱི་ཀ་ན་ཤ་བ། སུམ་ཏི་ཀིརྟི། རྡོག་ལོ་ཆེན་པོ། ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཆོས་ཀྱི་སེངྒེ་། བརྩོན་འགྲུས་སེང་གེ །དཔལ་ལྡན་གྲོ་མོ་ཆེ་བ། དགྲ་བཅོམ་པ་གྲགས་ཤེར། མཆིམས་བློ་གྲགས། གྲོ་སྟོན་ཀུན་རྒྱལ། མཁན་ཆེན་གྲུབ་ཤེས། འཇམ་དབྱངས་ [240b] ཤེས་རབ་རྒྱ་མཚོ། རཏྣ་ཝརྡ། དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་དཔལ། སྒྲུབ་ཁང་དཔལ་དོན། མགོན་པོ་བསོད་མཆོག ། ཆོས་རྗེ་རིན་ཆེན་རྒྱ་མཚོ། རབ་འབྱམས་ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་ལྷུན་གྲུབ། སངས་རྒྱས་བཀྲ་ཤིས། སྤྲུལ་སྐུ་བློ་བཟང་རྒྱལ་མཚན། དེས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ལའོ། །དེ་ནས་བློ་བཟང་ཆོས་འབྱོར། ངག་དབང་ཆོས་འཕེལ་སོགས་ནས་བརྒྱུད་ཚུལ་གོང་དང་འདྲའོ། །ཨ༽ ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་བམ་པོ་ལྔ་པ། ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བྷོ་དྷི་དང་། ཡེ་ཤེས་སྡེའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་དང་པོ། བར་མ། མཐའ་མ་བཅས་པྲཛྙཱ་ཝརྨ་དང་། ཡེ་ཤེས་སྡེའི་འགྱུར། དེ་གཉིས་ཀ་ལས་སྒོམ་རིམ་བར་མཐའི་བརྒྱུད་པ་ནི། ཀ་མ་ཤཱི་ལ། ཇོ་བོ། འབྲོམ། པོ་ཏོ་བ། ཤར་བ། ཆུ་མིག་པ། སངས་རྒྱས་སྒོམ་པ། མཆིམས་ནམ་གྲགས། གྱང་རོ་པཎ་ཆེན། མཆིམས་བློ་གྲགས། རྗེ་བསོད་ལྷུན། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་ཤེར། རྒྱ་སྟོན་ཙནྡྲ་དེ་བ། བསོད་ [241a] ནམས་རྒྱ་མཚོ། འགར་སྟོན་ཤེས་རྒྱ། བདུད་རྩི་གྲགས། དཔལ་ལྡན་རྡོ་རྗེ། དཀོན་མཆོག་ཆོས་འཕེལ། ཀུན་དགའ་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་ཕྲིན་ལས། སྒྲུབ་ཁང་དཔལ་དོན། བསོད་ནམས་མཆོག་ལྡན། དབུ་མཛད་ཀུན་དགའདངོས་གྲུབ། ཕུན་ཚོགས་ལེགས་འབྱོར། ངག་དབང་རབ་བརྟན། ངག་དབང་ཀུན་ལྷུན། འཇམ་དཔལ་རྒྱ་མཚོ། མཁན་དགེ་འདུན་རྒྱ་མཚོ། ངག་དབང་བློ་བརྟན། འཇམ་དབྱངས་གྲགས་པ། མཁན་བློ་བཟང་ཚེ་འཕེལ། བློ་བཟང་བསྟན་དར། ལྷ་བཙུན་ཡེ་དོན་རྒྱལ་མཚན། ཡེ་ཤེས་རྒྱ་མཚོ། བློ་བཟང་བཟོད་པ། དགེ་ལེགས་ཚེ་རིང་། བླ་མ་ཀུན་བཟང་བསོད་ནམས། ཐུབ་བསྟན་བཀྲ་ཤིས་དར་རྒྱས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། འགྱུར་མེད་བདེ་ཆེན་ཆོས་འཛིན། དེས་སོ། །མདོ་ཀུན་བཏུས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཟླ་གྲགས། རིག་པའི་ཁུ་བྱུག །ཁ་ཆེ་གཞོན་ནུ། ཧ་སུ་མ་ཏི། གསེར་གྱི་གོ་ཆ། ཉི་གྲགས། རྨ་བྱང་ཡེ། རྨ་བྱང་ [241b] བརྩོན། མཚུར་གཞོན་སེང་། རྨ་བྱང་སེང་། ཞང་ཆོས་བླ། སྒོམ་པ་སེང་སྐྱབས། མཆིམས་ནམ་གྲགས། རིག་པའི་རལ་གྲི། དེ་གཉིས་ཀས། ལོ་ཙཱ་མཆོག་ལྡན། བླ་མ་དཔལ་ཡེ། བུ་སྟོན་རིན་ཆེན་གྲུབ། སྒྲ་ཚད་རིན་ཆེན་རྣམས། སངས་རྒྱས་དཔལ། ཤཱཀྱ་རྒྱལ་མཚན། དོན་ཡོད་དཔལ་ལྡན། ཤཱཀྱ་ཆོས་ལྡན། ཡེ་ཤེས་ལྷུན་གྲུབ། ཀུན་དགའ་གྲོལ་མཆོག ཐར་རྩེ་ནམ་དཔལ། དཔལ་ལྡན་དོན་འགྲུབ། བསོད་ནམས་མཆོག་ལྡན། ཤྲི་རྒྱ་མཚོ། ཕྱོགས་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་ལྷུན་གྲུབ། བཀྲ་ཤིས་ཡེ་ཤེས། ཀུན་དགའ་ལེགས་འབྱུང་། ཞི་སྤྲུལ་དགེ་ལེགས་འབྱུང་། ཞི་སྤྲུལ་དགེ་ལེགས་རྒྱལ་མཚན། ཀློང་རྡོལ་བླ་མ། དེ་ནས་རྒྱུད་སྟོད་མཁན་ཟུར་བློ་བཟང་ཚུལ་ཁྲིམས། དགེ་རྒན་འགྱུར་མེད་སྐྱེས་མཆོག །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཡང་ན་རྒྱུད་སྨད་སྔགས་རམ་བློ་བཟང་ཆོས་འབྱོར། མཁན་ངག་དབང་ཆོས་འཕེལ། མཁན་དགེ་འདུན་དར་རྒྱས། དེ་གཉིས་ཀས་གཞན་ཕན་མཐའ་ཡས། པདྨ་དམ་ཆོས་འོད་ཟེར། མཁན་ཀུན་བཟང་བསོད་ནམས། བླ་མ་བཀྲ་ཤིས་ [242a] རྣམ་རྒྱལ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མན་འདྲ། ཀི༽ སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། དེའི་ལུང་བརྒྱུད་ནི། ཐུབ་དབང་། འཇམ་དབྱངས། རྒྱལ་སྲས་ཞི་བ་ལྷ་། ཨེ་ལ་དྷ་རི། ཛེ་ཏཱ་རི། ཟླ་གྲགས་ཆུང་བ། པུཎྱེ་ཤྲཱི། བལ་པོ་ཀ་ན་ཀ་པ། སུ་མ་ཏི་ཀཱིརྟི། རྔོག་ལོ་ཆེན་པོ། གྲོ་ལུང་པ། ཕྱྭ་པ་ཆོས་སེང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་པཎ། ཕྱར་ཕུ་བ་བྱང་ཆུབ་དཔལ། ཡང་ན་རྔོག་ལོ་ནས། ཁྱུང་རིན་ཆེན་གྲགས། སྟོད་ལུང་རྒྱ་དམར། སློབ་དཔོན་ཕྱྭ་པ། འཇད་པ་སྟོན་སྐྱབས། མུས་སྲས་པ། གཙང་སོ་པ། ཕྱར་ཕུ་བ་མན་སྔར་བཞིན་ལས། མཁན་པོ་བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། བྱང་སེམས་བསོད་གྲགས། བུ་སྟོན། ཇོ་བསྟན་གྲགས་མགོན། བསོད་ནམས་ཚུལ་ཁྲིམས། བཟད་པ་བློ་རྒྱམ། དེས་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཡང་ན་ཞི་བ་ལྷ། ཨེ་ལ་དྷ་རི། དཔའི་བོ་རྡོ་རྗེ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། ཆོས་ལུང་པ་བློ་གྲོས་ [242b] གྲགས། དཔལ་ལྡན་གྲོ་མོ་ཆེ། ཞང་བཙུན་པ། ཞང་སྟོན་ཆེན་པོ། སངས་རྒྱས་སྒོམ་པ། མཆིམས་ནམ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་འཇམ་དབྱངས་ཀུན་མཁྱེན་དོལ་པོ་བ། ཕྱོགས་ལས་རྣམ་རྒྱལ། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། རྗེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། བསོད་ནམས་མཆོག་ལྡན། བློ་གྲོས་ཐོགས་མེད། དཔལ་ལྡན་དོན་འགྲུབ། དབང་ཕྱུག་རྒྱལ་མཚན། ངག་དབང་རྣམ་རྒྱལ། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། ཡང་ན། མཆིམས་ནམ་གྲགས་ནས། བྱང་ཆུབ་འབུམ། མཆིམས་བློ་གྲགས། བསོད་ནམས་ལྷུན་གྲུབ། གྲགས་པ་རྒྱ་མཚོ། གྲུབ་པ་ཤེས་རབ། ཙནྡྲ་དེ་བ། བསོད་ནམས་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དཔལ་ལྡན་རྡོ་རྗེ། དཀོན་མཆོག་ཆོས་འཕེལ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་བཀྲས། དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། སྦྱིན་པ་རྒྱ་མཚོ། བློ་བཟང་བསྟན་རྒྱན། པདྨ་བློ་བཟང་། སྐལ་བཟང་རྒྱ་མཚོ། ཀློང་རྡོལ་བླ་མ་རིན་པོ་ [243a] ཆེ་ལའོ། །དེ་ནས་བརྒྱུད་ཚུལ་གོང་དང་འདྲ། །གི༽ ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་དགེ་བའི་བློ་གྲོས་ཀྱི་འགྱུར། སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་། ཚུལ་རྒྱལ་གྱི་འགྱུར། བདེན་པ་གཉིས་ལ་འཇུག་པོ་ཇོ་བོས་མཛད་པ། དེ་ཉིད་དང་། བརྩོན་སེང་གི་འགྱུར། དབུ་མའི་མན་ངག་ཇོ་བོས་མཛད་པ། དེ་ཉིད་དང་། ཚུལ་རྒྱལ་གྱི་འགྱུར། སྙིང་པོ་བསྡུ་བ་ཇོ་བོས་མཛད་པ། དེ་ཉིད་དང་། ཚུལ་འབྱུང་གི་འགྱུར། སྙིང་པོ་ངེས་པར་བསྡུ་པ་ཇོ་བོ་རྗེས་མཛད་པ། དེ་ཉིད་དང་། ཚུལ་རྒྱལ་གྱི་འགྱུར། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། འཁོར་བ་ལས་ཡིད་ཆེས་པར་འབྱུང་བར་བྱེད་པ་ལས་བྱ་བའི་གླུ་བཅས་ཇོ་བོས་མཛད་པ། དེ་ཉིད་དང་། བརྩོན་སེང་གི་འགྱུར་ལ། ཚུལ་རྒྱལ་གྱིས་བཅོས་པ། སྤྱོད་པའི་གླུ་ཇོ་བོས་མཛད་པ། དེ་ཉིད་དང་། ཆོས་ཤེསས་ [243b] ཀྱི་འགྱུར། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ཇོ་བོས་མཛད་པ། དེ་ཉིད་དང་། ཚུལ་རྒྱལ་གྱི་འགྱུར། དྲན་པ་གཅིག་པའི་མན་ངག་ཇོ་བོས་མཛད་པ་འགྱུར་གོང་འདྲ། བྱང་ཆུབ་སེམས་དཔའི་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་ཇོ་བོས་མཛད་པ་འགྱུར་གོང་འདྲ། སྐྱབས་སུ་འགྲོ་བ་བསྟན་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་བཅས་ཇོ་བོས་མཛད་པ། དེ་ཉིད་དང་། དགེ་བའི་བློ་གྲོས་ཀྱི་འགྱུར། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པའི་ཡི་གེར་བྲིས་པ་ཇོ་བོས་མཛད་པ་འགྱུར་གོང་འདྲ། མདོ་སྡེའི་དོན་ཀུན་ལས་བཏུས་པ་མན་ངག་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དང་། ལས་རྣམ་པར་འབྱེད་པ་རྣམས་ཇོ་བོས་མཛད་པ། དེ་ཉིད་དང་། ཚུལ་རྒྱལ་གྱི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ཇོ་བོས་མཛད་པ། དེ་ཉིད་དང་། ཤཱཀ་བློའི་འགྱུར། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་དང་། ཁ་ཏོན་དང་། གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །ཕ་རོལ་ [244a] ཏུ་ཕྱིན་པའི་ཐེག་པའི་སཱཙྪ་གདབ་པའི་ཆོ་ག་བླ་མའི་བྱ་བའི་རིམ་པ་མདོར་བསྡུས། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་བཅས་ཇོ་བོས་མཛད་པ། དེ་ཉིད་དང་། དགེ་བའི་བློ་གྲོས་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། པུ་ན་ཡ་ཤྲཱི་མི་ཏྲ་དང་། དར་གྲགས་ཀྱི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སུ་རེནྡྲ་བོ་དྷི་དང་། ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡི་དམ་བླང་བའི་ཆོ་ག་བཅས་བྱང་སེམས་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། སུ་མ་ཏི་ཀིརྟི་དང་། བློ་ལྡན་ཤེས་རབ་ཀྱི་འགྱུར། ལས་དང་པོ་པའི་ས་སྦྱང་བ་དགྲ་ལས་རྒྱལ་བ་གསང་བས་མཛད་པ། ཀྲིཥྞ་པ་དང་། ཆོས་ཤེས་ཀྱི་འགྱུར། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིངས་ཡིག་དགྲ་ལས་རྒྱལ་གསང་གིས་མཛད་པ། ཨ་ཙཱརྱ་དུ་ལོ་དང་། ཆོས་ཤེས་ཀྱི་འགྱུར། བཤེས་པའི་སྤྲིངས་ཡིག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སརྦ་ཛྙཱ་དེ་བ་དང་། [244b] དཔལ་བརྩེགས་ཀྱི་འགྱུར། སློབ་མ་ལ་སྤྲིངས་པའི་སྤྲིངས་ཡིག་ཙནྡྲ་གོ་མིས་མཛད་པ་འགྱུར་གོང་འདྲ། རྒྱལ་པོ་ཀ་ཎི་ཀ་ལ་སྤྲིངས་པའི་སྤྲིངས་ཡིག་སློབ་དཔོན་མ་ཏྲི་ཙི་ཊས་མཛད་པ། བིདྱ་ཀ་ར་པྲ་བྷ་དང་། རིན་ཆེན་མཆོག་གི་འགྱུར་ལ། དཔལ་བརྩེགས་ཀྱིས་བཅོས་པ། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་དོན་ཡོད་ཆར་གྱིས་མཛད་པ། ཀ་མ་ལ་གུཔྟ་དང་། རིན་བཟང་གི་འགྱུར། འཕགས་པ་སྤྱན་རས་གཟིགས་ཀྱི་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིངས་ཡིག །སརྦ་ཛྙཱ་དང་། དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཀླུ་སྒྲུབ་ཀྱིས་མཛད་པ་འགྱུར་གོང་འདྲ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་ཆོས་ལྡན་རབ་དབྱངས་ཀྱིས་མཛད་པ། དྷརྨ་ཀ་ར་དང་། དེ་ཝནྡྲ་རཀྵི་ཏའི་འགྱུར། མི་དགེ་བཅུའི་ལས་ཀྱི་ལམ་བསྟན་པ་རྟ་དབྱངས་ཀྱིས་མཛད་པ། ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ཤཱཀ་འོད་ཀྱི་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཆོས་ལྡན་རབ་དབྱངས་ཀྱིས་མཛད་པ། བུདྡྷ་ཀ་ར་ཝརྨ་དང་། ཆོས་ཤེས་ཀྱི་འགྱུར། [245a] མྱ་ངན་བསལ་བ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ཨ་ཛི་ཏི་ཤྲཱི་བྷ་དྲ་དང་། ཤཱཀ་འོད་ཀྱི་འགྱུར། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་སློབ་དཔོན་གསང་བྱིན་གྱིས་མཛད་པ་དང་། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དབྱིག་གཉེན་གྱིས་མཛད་པ་གཉིས་གདྒ་དྷ་ར་དང་། རིན་བཟང་གི་འགྱུར། ཚུལ་ཁྲིམས་ཀྱི་གཏམ་དབྱིག་གཉེན་གྱིས་མཛད་པ། ཛ་རནྡྷ་ན་དང་། རིན་ཆེན་བཟང་པོའི་འགྱུར། ཚོགས་ཀྱི་གཏམ་དབྱིག་གཉེན་གྱིས་མཛད་པ། གངྒ་དྷ་ར་དང་། རིན་བཟང་གི་འགྱུར། མི་ཁོམས་བརྒྱད་ཀྱི་གཏམ་རྟ་དབྱངས་ཀྱིས་མཛད་པ། ཤྲཱི་ཨ་ཛི་ཏ་བྷ་དྲ་དང་། ཤཱཀ་འོད་ཀྱི་འགྱུར། ལེགས་བཤད་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་སློབ་དཔོན་དཔའི་བོས་མཛད་པ། ཏ་རུ་ཏྲ་དང་། ཤཱཀ་འོད་ཀྱི་འགྱུར། ཕྱིན་ཅི་ལོག་བཞི་སྤོང་པའི་གཏམ་མ་ཏྲི་ཙི་ཊས་མཛད་པ། བུདྡྷ་བྷ་དྲ་དང་། རིན་བཟང་གི་འགྱུར། རྩོད་པའི་དུས་ཀྱི་གཏམ་མ་ཏྲི་ཙི་ཊས་མཛད་པ། ཤྲཱི་བྷ་དྲ་དང་། ཤཱཀྱ་འོད་ཀྱི་འགྱུར། དབེན་པའི་གཏམ་ས་འཚོ་སྦྱིན་གྱིས་མཛད་པ དཱི་པཾ་ཀ་ར [245b] དང་། དགེ་བའི་བློ་གྲོས་ཀྱི་འགྱུར། ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་བཅས་ཀླུ་སྒྲུབ་ཀྱིས་མཛད་པ། བུདྡྷ་ཨཱ་ཀཱ་ར་ཝརྨ་དང་། ཆོས་ཤེས་ཀྱི་འགྱུར། སྨོན་ལམ་བདུན་ཅུ་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཞན་ཕན་དབྱངས་དགོན་པས་མཛད་པ། དྷརྨ་ཤྲཱི་བྷ་དྲ་དང་། དཔལ་བརྩེགས་ཀྱི་འགྱུར། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་པདྨ་སྤུངས་པ་ཞེས་བྱ་བ་བཅས་རྟ་དབྱངས་ཀྱིས་མཛད་པ། པདྨ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ་དབྱིག་གཉེན་གྱིས་མཛད་པ། པྲཛྙཱ་ཝརྨ་དང་། ཡེ་ཤེས་སྡེའི་འགྱུར། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་བཅས་དབྱིག་གཉེན་གྱིས་མཛད་པ། དྷརྨ་ཤྲཱི་བྷ་དྲ་དང་། རིན་བཟང་གི་འགྱུར། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ [246a] སྡེའི་སྡིག་པ་བཤགས་པ་དང་། སྒྲུབ་པའི་ཆོ་ག་ལོགས་ཤིག་ཏུ་ཕྱུངས་པ། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པ་བསྲུང་བ་དང་། སྡིག་པ་བཤགས་པའི་ཆོ་ག་བཅས་ཞི་བ་ལྷས་མཛད། མཎྜལ་བྱ་བའི་ཆོ་ག་སངས་རྒྱས་གསང་བས་མཛད་པ། མཎྜལ་དབུལ་བའི་ཆོ་ག་དགྲ་རྒྱལ་གསང་བས་མཛད་པ་བཅས་ཨ་དུ་ལོ་པ་དང་། ཆོས་ཤེས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་རིན་འབྱུང་སྦས་པས་མཛད་པ། དར་གྲགས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་རྙོགས་མེད་རྡོ་རྗེས་མཛད་པ། ཨ་དུ་ཨྱེ་དཱ་བ་དང་། བློ་ཤེས་ཀྱི་འགྱུར། མཎྜལ་གྱི་ཆོ་ག་ཀཾ་པ་ལས་མཛད་པ། སྔོན་གྱི་ལོ་ཙཱ་རྣམས་ཀྱི་འགྱུར་རྙིང་ཞེས་པ་ལས་གསལ་ཁ་མི་སྣང་། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་བྱང་ཆུབ་བཟང་པོས་མཛད་པ། བི་ན་ཡ་ཙནྡྲ་དང་། ཆོས་ཤེས་ཀྱི་འགྱུར། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ནག་པོ་པས་མཛད་པ། དེ་ཉིད་དང་། ཆོས་ཤེས་ཀྱི་འགྱུར། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པ་ཨ་ཝ་དྷུ་ཏི་པས་མཛད་པ། དེའི་འགྲེལ་པ་དཱ་ན་ཤཱི་ལས་མཛད་པ། དྷརྨ་ཤྲཱི་བྷ་དྲ་དང་། རིན་བཟང་གི་འགྱུར། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ [246b] རྣམ་པར་བཞག་པ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཕྱུངས་པ། རྒྱའི་མཁན་པོ་ཧ་ཤང་ཟབ་མོ་དང་། ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། རྣལ་འབྱོར་པ་རྟོགས་པ་གེགས་སེལ་བ་སངས་རྒྱས་གསང་བས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ་བྱང་ཆུབ་དཔལ་བཟང་གིས་མཛད་པ་དང་། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཀ་མ་ལ་ཤྲཱི་ལས་མཛད་པ་བཅས། པྲཛྙཱ་ཝརྔྷ་དང་། ཡེ་ཤེས་སྡེའི་འགྱུར། རྣལ་འབྱོར་བསྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཕྱོགས་གླང་གིས་མཛད་པ་བཅས། ཤྲཱི་བྷ་དྲ་དང་། རིན་བཟང་གི་འགྱུར། མི་སྡུག་པ་སྒོམ་པའི་རིམ་པ་སློབ་དཔོན་གོ་ཆས་མཛད་པ། ལུས་ཡོངས་སུ་དཔྱད་པའི་སྒོམ་པའི་རིམ་པ་ནག་པོ་པས་མཛད་པ། དེ་ཉིད་དང་ཆོས་ཤེས་ཀྱི་འགྱུར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྒོམ་པའི་མན་ངག་ཡེ་ཤེས་གྲགས་ཀྱིས་མཛད་པ། པདྨ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་སྒོམ་པ་མདོའི་རྗེས་སུ་འགྲོ་བ་མ་ཧཱ་མ་ཏིས་མཛད་པ། ཨ་ཙརྱ་བི་ན་ཡ་ཙནྡྲ་དང་། ཆོས་ཤེས་ཀྱི་ [247a] འགྱུར། རྣལ་འབྱོར་ལ་འཇུག་པའི་མན་ངག་ཆོས་ཀྱི་དབང་པོས་མཛད་པ། ཛ་རཾ་དྷ་ན་དང་། རིན་བཟང་གི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་མན་ངག་རིན་འབྱུང་ཞི་བས་མཛད་པ། ཤཱནྟི་བྷ་དྲ་དང་། འགོས་ལྷའི་འགྱུར། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་མདོར་བསྡུས་བསྟན་པ་ཡེ་ཤེས་ཟླ་བས་མཛད་པ། པྲཛྙཱ་ཝརྨ་དང་། ཡེ་ཤེས་སྡེའི་འགྱུར། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ཛེ་ཏ་རིས་མཛད་པ། ཤནྟི་བྷ་དྲ་དང་། ཤཱཀ་འོད་ཀྱི་འགྱུར། ཡོན་ཏན་བདུན་བསྟན་པའི་གཏམ་དབྱིག་གཉེན་གྱིས་མཛད་པ། ཀ་མ་ལ་གུ་པ་ཏ་དང་། རིན་བཟང་གི་འགྱུར། བསླབ་བཏུས་ཚིག་ལེའུར་བྱས་པ་ཞི་བ་ལྷས་མཛད་པ། བསླབ་བཏུས་མངོན་པར་རྟོགས་པའི་རྒྱུན་ཞེས་བྱ་བ། མར་མེ་མཛད་དང་། ཚུལ་རྒྱལ་གྱི་འགྱུར། ཐེག་པ་ཉི་ཤུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཨ་ནནྡ་དང་། གྲགས་ཤེས་ཀྱི་འགྱུར། འཕགས་པ་སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཤྲཱི་བྷ་དྲ་དང་། ལེགས་པའི་བློ་གྲོས། ཛྙཱ་ན་ཀུ་མཱ་རའི་ [247b] འགྱུར་ལ། དཔལ་བརྩེགས་རཀྵི་ཏས་བཅོས་པ། རྟེན་འབྲེལ་སྙིང་པོའི་ཚིག་ལེའུར་བྱས་པ་དང་། རྟེན་འབྲེལ་སྙིང་པོའི་རྣམ་བཤད། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་བཅས་ཀླུ་སྒྲུབ་ཀྱིས་མཛད་པ། ཤྲཱི་ཏ་ཐ་དང་། གྲགས་ཤེས་ཀྱི་འགྱུར། བྱང་ཆུབ་སེམས་ཀྱི་རྣམ་བཤད་ཀླུ་སྒྲུབ་ཀྱིས་མཛད་པ། རབ་ཞིའི་འགྱུར་ལ་གཞི་བྱས། ཆོས་ཤེས། ཤཱཀ་འོད། ཤེར་གྲགས། མར་པ། ཉི་གྲགས། གྲགས་ཤེས་སོགས་ཀྱིས་བཅོས་པ། བླ་ན་མེད་པ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཏྲ་དང་། ཤཱཀ་འོད་ཀྱི་འགྱུར། སྲིད་པ་ལས་འདས་པ་འཕགས་པ་ཀླུས་མཛད་པ། ཤྲཱི་ཏ་ཐ་དང་། གྲགས་ཤེས་ཀྱི་འགྱུར། ཡོན་ཏན་མཐའ་ཡས་པར་དཀོན་མཆོག་འབངས་ཀྱིས་མཛད་པ། སརྦ་ཛྙཱ་དང་། རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་གཏམ་ལ་ཕབ་པ། དེའི་འགྲེལ་པ་ཕྱོགས་གླང་གིས་མཛད་པ་འགྱུར་གོང་འདྲ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་ཚིག་ལེའུར་བྱས་པ་ཕྱོགས་གླང་གིས་མཛད་པ་དང་། ཁྱད་པར་འཕགས་བསྟོད་མཐོ་བཙུན་གྲུབ་རྗེས་མཛད་པ། ལྷ་ལས་ཕུལ་བྱུང་བསྟོད་ [248a] པ་བདེ་བྱེད་དཔག་པོས་མཛད་པ་བཅས་འགྱུར་གོང་འདྲ། སྐྱབས་སུ་འགྲོ་བ་བདུན་ཅུ་པ་ཟླ་གྲགས་ཀྱིས་མཛད་པ། དཱི་པཾ་ཀ་ར་དང་། རིན་བཟང་གི་འགྱུར། སྐྱབས་འགྲོ་ཡན་ལག་དྲུག་པ་སློབ་དཔོན་བི་མ་ལས་མཛད་པ་དང་། དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་ཇོ་བོས་ནིརྱ་ཕ་ལ་ལ་བརྫངས་པ་ཤླཽ་ཀ་བཞི་བཅུ་བཅས་བླ་མ་དེ་ཉི་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ལེགས་པར་བསྒྱུར་བ་བཅས་སོ། །དེ་ལྟར་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་གྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པའི་ལུང་གི་བརྒྱུད་པ་ནི། ཇོ་བོ་ཨ་ཏི་ཤ ། འབྲོམ་སྟོན་པ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཤེས་རབ་གྲགས་པ། བདུད་རྩི་གྲགས། སངས་རྒྱས་སྒོམ་པ། སེང་སྐྱབས། ཞང་སྟོན་པ། སངས་རྒྱས་སྙིང་པོ། མཆིམས་ནམ་གྲགས། རིག་པའི་རལ་གྲི། སྐྱི་སྟོན་འཇམ་དབྱངས། བྱམས་བ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཡེ་ཤེས་རྒྱལ་མཚན། གྲགས་པ་དོན་སེང་། ཤཱཀྱ་རྒྱལ་མཚན། དཀོན་མཆོག་ཚུལ་ [248b] ཁྲིམས། མཁན་རཏྣ་ཨ་ཀ་ར། གཉུག་ལ་པཎ་ཆེན། སྤྱན་སྔ་ཆོས་གྲགས། མཻ་ཏྲི་དོན་རྒྱན། ཤར་ཆེན་སྒོམ་སྡེ། ནམ་མཁའ་རྒྱལ་མཚན། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་རྒྱན། བཀའ་ཆེན་ཚེ་འཕེལ། བསོད་ནམས་གྲགས་པ། པཎ་ཆེན་བློ་ཡེ། བློ་བཟང་བསྟན་འཛིན། ཡེ་ཤེས་ཡེ་འཕེལ། ཡེ་ཤེས་མཐའ་ཡས། དེས་ཀློང་རྡོལ་བླ་མ་རིན་པོ་ཆེ་ལའོ། །ཡང་ན་རྒྱལ་སྲས་ཞི་བ་ལྷ། སློབ་དཔོན་ཛེ་ཏ་རི། ཤེར་འབྱུང་། དྷ་ན་ཤྲཱི། སུ་མ་ཏི་ཀིརྟི། རྔོག་ལོ་བློ་ཤེས། ཁྱུང་རིན་གྲགས། སྟོད་ལུང་རྒྱ་དམར་པ། ཕྱྭ་པ་ཆོས་སེང་། གཙང་པ་རྟ་ནག་པ། རྨ་ཤཱཀ་སེང་། བདེ་ཧན་གྲུབ་པ། བླ་མ་ཤེས་རྡོར། ཆོས་དཔལ་ཤེས་གྲགས། བསོད་ནམས་སེང་གེ །རིན་གྲགས་དོན་གྲུབ། ཤཱཀྱ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། འབུམ་རམ་པ། ཚུལ་ཁྲིམས་པ། མང་ཐོས་པ། སྤྱན་སྔ་བ། གྲགས་དོན་པ། ཚོགས་གཉིས་པ། སྨན་ལུང་པ། གནས་གསར་པ། ཞབས་དྲུང་རིན་ཆེན་བློ་བཟང་། པད་ཕྲིན། གསུང་རབ་གླིང་པ། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་ [249a] མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །ཡང་བྱང་ཆུབ་ལམ་གྱི་སྒྲོན་མའི་བརྒྱུད་ཚུལ་ནི། ཇོ་བོ། འབྲོམ། དབང་ཕྱུག་རྒྱལ་མཚན། ཤེས་རབ་འབར། དར་མ་སེང་གེ །ཤུད་བུ་ནམ་སེང་། ནམ་མཁའ་རྒྱལ་པོ། རྒྱལ་སྲས་བཟང་པོ། ལྷོ་བྲག་ནམ་རྒྱན། རྗེ་ཙོང་ཁ་པ། བ་སོ་ཆོས་རྒྱན། རྗེ་བཙུན་སྐྱབས་མཆོག །བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་བརྩོན་རྒྱན། བཀའ་ཆེན་ཚེ་འཕེལ། རྗེ་བསོད་གྲགས། བློ་བཟང་ཡེ་ཤེས། བྱམས་པ་རྒྱལ་མཚན། དཔལ་ལྡན་ཡེ་ཤེས་ ཀློང་རྡོལ་བླ་མ་ལའོ། །དེ་ལྟར་བརྒྱུད་ཚུལ་གསུམ་ཀ་ཀློང་རྡོལ་བླ་མ་ནས། བློ་བཟང་ཆོས་འབྱོར། ངག་དབང་ཆོས་འཕེལ། བློ་བཟང་རྒྱ་མཚོ། སྒྲ་རིམ་སྐྱེས་མཆོག །ཕྲིན་ལས་ཆོས་སྒྲོན་ལའོ། །ཡང་ན་རྒྱུད་སྨད་སྔགས་རམ་བློ་བཟང་ཆོས་འབྱོར། རྒྱུད་སྨད་མཁན་ངག་དབང་ཆོས་འཕེལ། རྒྱུད་སྟོད་མཁན་དགེ་འདུན་དར་རྒྱས། དེ་གཉིས་ཀས་གཞན་ཕན་མཐའ་ཡས། ཐུགས་སྲས་པདྨ་དམ་ཆོས་འོད་ཟེར། མཁན་ཀུན་བཟང་བསོད་ [249b] ནམས། ཐུབ་བསྟན་བཀྲ་ཤིས་དར་རྒྱས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། འགྱུར་མེད་བདེ་ཆེན་ཆོས་འཛིན། དེས་བདག་ལའོ། །ཕ༽ མགོན་པོ་བྱམས་པས་མཛད་པའི་ཆོས་སྡེ་ལྔ་པ་ལས་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ། ཤཱཀྱ་སིདྡྷི་དང་། དཔལ་བརྩེགས་སོགས་ཀྱི་འགྱུར། མདོ་སྡེ་རྒྱན་གྱི་རབ་ཏུ་བྱེད་པ་བམ་པོ་གསུམ་པ་འགྱུར་གོང་འདྲ། དབུས་མཐའ་རྣམ་པར་འབྱེད་པ། ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བྷོ་དྷི། ཡེ་ཤེས་སྡེའི་འགྱུར། ཆོས་ཉིད་རྣམ་པར་འབྱེད་པ་ཚིག་ལེའུར་བྱས་པ། ཞི་བ་བཟང་པོ་དང་། ཚུལ་རྒྱལ་གྱི་འགྱུར་ལ། ར་ཧི་ཏ་དང་། དགའ་བ་རྡོ་རྗེས་བཅོས་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། སཾ་ཛྙཱ་ན་དང་། བློ་ཤེས་ཀྱིས་བསྒྱུར་བ་བཅས་སོ། །དེ་དག་ལས་མངོན་རྟོགས་རྒྱན་གྱི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས། གུ་ཎ་མི་ཏྲ། པཎྜི་ཏ་རིན་རིན་ཆེན་བཟང་པོ། ཤར་ཕྱོགས་ [250a] ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ་དྷཱི་ར་པཱ་ལ། རྔོག་ལོ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། འདུལ་འཛིན་དཀར་མོ། དཀར་ཆུང་རིང་མོ་། ཞང་གཡེ་པ། གཉལ་ཞིག་འཇམ་དཔལ་རྡོ་རྗེ། བཟང་རིང་དར་མ་ཚུལ་ཁྲིམས། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། བོ་དོང་རིན་རྩེ། ལྷོ་པ་གྲུབ་སེང་། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་རིན་ཆེན་གྲུབ། ཡང་ན། སེང་གེ་བཟང་པོ་ནས། ཀུ་ས་ལི་ཆེ་ཆུང་། །གསེར་གླིང་པ། ཇོ་བོ་ཨ་ཏི་ཤ ། འབྲོམ་སྟོན་པ། འབྲོམ་སྟོན་བཙན་ནམ། མགོ་བླ་མ། འབྲེ་ཤེས་རབ་འབར་མན་སྔར་བཞིན། ཡང་ན། ཇོ་བོ་རྗེ་ནས། ཁུ་ཆེན་པོ་ལྷ་སྡིངས་པ། རྒྱ་རྒྱལ་བ་ཚུལ་ཁྲིམས། ལི་སྟོན་ཆོས་གྲགས། འབྲེ་ཤེས་རབ་འབར་མན་འདྲ། བུ་སྟོན་ནས་ཐུགས་སྲས་རིན་ཆེན་རྣམ་རྒྱལ། གཡག་ཕྲུག་སངས་རྒྱས་དཔལ། རོང་སྟོན་ཤཱཀྱ་རྒྱལ་མཚན། བྱམས་རམ་པ་སངས་རྒྱས་འཕེལ། རྗེ་ཕྲིན་ལས་བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ཆོས་འཕེལ། ཡང་ན། རོང་སྟོན་ནས་ [250b] པཎ་ཆེན་ཤཱཀྱ་མཆོག་ལྡན། ཡང་། རོང་སྟོན་ནས། དོན་ཡོད་དཔལ་བ། ཤཱཀ་མཆོག་པ། དེ་ནས། སྡེ་བདུན་པ་དབང་ཕྱུག་དཔལ། བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ཆོས་འཕེལ། ནོར་བུར་རྒྱན་པ། འབྲི་གུང་པ་ཆོས་ཀྱི་གྲགས་པ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། དེས་གཏེར་བདག་གླིང་པ་དང་། ལོ་ཆེན་དྷརྨ་ཤྲཱི་གཉིས་ལ། ཡང་ན། བཀྲ་ཤིས་རྣམ་རྒྱལ་ནས། ངག་དབང་ནོར་བུ། ངག་དབང་བཟང་པོ། དཔག་བསམ་དབང་པོ། ནོར་བུ་རྒྱན་པ་མན་སྔར་ལྟར། ལོ་ཆེན་དྷརྨ་ཤྲཱི་ནས། རྫོགས་ཆེན་པདྨ་རིག་འཛིན། འདྲེན་མཆོག་ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། བཀའ་འགྱུར་བ་བཀྲ་ཤིས་རྒྱ་མཚོ། མཁའ་མཆོག་རིག་འཛིན་བཟང་པོ། མཁན་ཆེན་པདྨ་བཀྲ་ཤིས། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཀུན་བཟང་བསོད་ནམས། གཉིས་ཀས་མཁས་གྲུབ་ཆོས་འབྱོར་རྒྱ་མཚོ། ཡོངས་འཛིན་དཀོན་མཆོག་རབ་བརྟན། དེས་བདག་ལའོ། །འདི་ཉིད་བྱམས་ཆོས་གཞན་རྣམས་ཀྱང་འདྲ་སྟེ་བཤད་རྒྱུན་གཙོ་ཆེ་བའི་ལུགས་སོ། །ཡང་ [251a] མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་གཉིས་ཀྱི་བརྒྱུད་པ་ནི། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་གྲོས་བརྟན་པ། རིག་པའི་ཁུ་བྱུག ། སློབ་དཔོན་མཆེ་བའི་སྡེ། བྷ་དྲ་པཱ་དང་། མར་མེ་མཛད། མངྒ་ངྷ་ར། པུཎྱེ་ཤྲཱི། ཁ་ཆེ་དགོན་པ་བ། བྲམ་ཟེ་ས་ག་པ། ཁ་ཆེ་ཛྙཱ་ན་ཤྲཱི། རྔོག་ལོ་བློ་ཤེས། བ་རི་ལོ་ཙཱ་བ་རྒྱལ་མཚན། བ་རིགས་སྟོན་སྐྱོབས། སྐྱེས་བུ་ཡོན་ཏན་དགའ། བཀྲ་ཤིས་རྡོ་རྗེ། བླ་མ་འདུལ་འཛིན། ཉང་རོ་ཀུན་དགའ་རྡོ་རྗེ། འཇམ་དབྱངས་དར་མ་འོད་ཟེར། ཚད་མའི་སྐྱེས་བུ་བསོད་ནམས་མགོན། བུ་སྟོན་རིན་ཆེན་གྲུབ། དཀོན་མཆོག་ཀུན་དགའ་དཔལ། རེ་མདའ་གཞོན་བློ། ཙོང་ཁ་པ། རྒྱལ་ཚབ་དར་རིན། གུ་རུ་རིན་ཆེན་དབང་ཕྱུག །དཔལ་འབྱོར་ལྷུན་གྲུབ། ཆོས་དཔལ་རྒྱལ་མཚན། དྲུང་ཆེན་ཉི་རྒྱན། ཆོས་ཀྱི་བཤེས་གཉེན། ཚ་རག་པ་བློ་བཟང་། ཁྲི་དཔལ་འབྱོར་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རྗེ་ཆོས་དཔལ་རྒྱལ་མཚན། ཉི་གྲགས། དྲུང་ཆོས་ཀྱི་བཤེས་གཉེན། བློ་བཟང་ཨེ་ཝཾ། དཔལ་འབྱོར་ [251b] རྒྱལ་མཚན། དཔལ་འབྱོར་ལྷུན་གྲུབ། དཔལ་འབྱོར་ཕྲིན་ལས་རབ་འབྱམས། ཕྱག་བཞི་པདྨ། ཀུན་གཟིགས་ལྔ་པ་ཆེན་པོ། བློ་བཟང་བཀྲ་ཤིས། བློ་བཟང་དོན་གྲུབ། པཎ་ཆེན་བློ་ཡེ། དམ་ཆོས་དཔལ་འབྱོར། བློ་བཟང་མཐའ་ཡས། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ། ཧོར་པ་སྐལ་བཟང་དོན་གྲུབ། ཁྲི་ངག་དབང་ཆོས་འཕེལ། མཁན་དགེ་འདུན་དར་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཡང་ན། ཀློང་རྡོལ་བླ་མ་ནས། བློ་བཟང་ཆོས་འབྱོར། རྒྱུད་སྨད་མཁན་ངག་ཆོས་འཕེལ། རབ་འབྱམས་བློ་བཟང་རྒྱ་མཚོ། འགྱུར་མེད་སྐྱེས་མཆོག ། ཕྲིན་ལས་ཆོས་སྒྲོན། གཞན་ཕན་མཐའ་ཡས་སོ། །དེ་ནས་མཁན་པདྨ་བཛྲ། བླ་མ་ཀུན་བཟང་བསོད་ནམས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་སོ། །རྒྱུད་བླ་མ་དང་། ཆོས་ཉིད་རྣམ་འབྱེད་གཉིས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། བྱམས་མགོན། ཐོགས་མེད། མངའ་བདག་མཻ་ཏྲི་པ། པཎྜི་ཏ་དགའ་བའི་གྲགས་པ། པཎྜི་ཏ་ཁ་ཆེ་སཙྫ་ན། རྔོག་ལོ་བློ་ཤེས། ཁྱུང་རིན་གྲགས། [252a] རྒྱ་དམར་བ་བྱང་ཆུབ་གྲགས། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱྭ་པ་ཆོས་ཀྱི་སེང་གེ །འདུལ་འཛིན་དཀར་ཆུང་བ། གཙང་པའི་འབྲེ་རྒུར་པ། སྡོང་ཁྲོད་འདུལ་འཛིན། དར་མ་འོད་ཟེར། ལྷོ་པ་གྲུབ་སེང་། སློབ་དཔོན་རིགས་ཐིགས། བུ་སྟོན་རིན་ཆེན་གྲུབ། སྟག་དབོན་ཀུན་དགའ་དཔལ། རེ་མདའ་གཞོན་བློ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་རིན། གུ་རུ་རིན་ཆེན་དབང་ཕྱུག །ཆོས་རྗེ་གཉལ་བ། དཔལ་འབྱོར་ལྷུན་གྲུབ། ཆོས་དཔལ་རྒྱལ་མཚན། དྲུང་ཉི་གྲགས། རྗེ་ཆོས་ཀྱི་བཤེས་གཉེ། ཚ་རག་པ་བློ་བཟང་། ཨེ་ཝཾ་ཁྲི་ཆེན། དཔལ་འབྱོར་རྒྱ་མཚོ། འཁོན་སྟོན་དཔལ་ལྷུན། བློ་བཟང་ཆོས་གྲགས། ཚུལ་ཁྲིམས་དབང་པོ། སྔགས་རམ་བསོད་ནམས་ལུང་རིག །བློ་བཟང་བསྟན་པ། རྗེ་ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་མན་སྔར་བཞིན་ནོ། །ཞ༽ སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་དང་པོའི་གོ་རིམ་ཤླཽ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་པ། པྲཛྙཱ་ཝརྨ་དང་། ཡེ་ཤེས་སྡེའི་འགྱུར། དེའི་ལུང་བརྒྱུད་ [225b] ནི། འཕགས་པ་ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། ཀུ་ས་ལི་ཆེ་བ། སེང་གེ་བཟང་པོ། རིག་པའི་ཁུ་བྱུག ། ཁ་ཆེའི་སྡེ། བཟང་པོའི་ཞབས། མར་མེ་མཛད། ག་ཡ་ངྷ་ར། སུ་ན་ཤྲཱི། དགོན་པ་བ། བྲམ་ཟེ་སེང་གེ །རྔོག་ལོ་བློ་ཤེས། ཡོན་ཏན་སྐྱབས། སྐྱེས་བུ་སྟོན་དགའ། བཀྲ་ཤིས་རྡོ་རྗེ། སྡོང་ཁྲོད་འདུལ་འཛིན། ཉག་རོ་ཀུན་རྡོར། དར་མ་ཤཱཀ་མཆོག ། ཡེ་ཤེས་ལྷུན་གྲུབ། ཀུན་དགའ་གྲོལ་མཆོག །ཀུན་དགའ་མཆོག་ལྡན། ཐར་རྩེ་ནམ་དཔལ། སྒྲུབ་ཁང་དཔལ་དོན། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། བློ་བཟང་མཁས་བཙུན། བྱམས་པ་དཔལ་འབྱོར། བློ་བཟང་ཆོས་འཛིན། སྤྲུལ་སྐུ་བློ་བཟང་རྣམ་རྒྱལ། ཁྲི་ངག་དབང་མཆོག་ལྡན། རྒྱལ་བ་སྐལ་བཟང་རྒྱ་མཚོ། ཀློང་རྡོལ་བླ་མ་ལའོ། །དེ་ནས་བརྒྱུད་པའི་གྱེས་ཚུལ་རྣམས་གོང་དང་འདྲའོ། །ལི༽ སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཐུན་མོང་གི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་བམ་པོ་ལྔ་པ། ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བྷོ་དྷི། ཡེ་ཤེས་སྡེའི་འགྱུར། [253a] འདིའི་བརྒྱུད་ཚུལ་ཐོགས་མེད་ནས། ཀློང་རྡོལ་བླ་མ་བར་བྱང་ས་དང་མཐུན་ནོ། །གུ༽ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཆེན་ལེའུར་བྱས་པ། ཛི་ན་མི་ཏྲ་དང་། དཔལ་བརྩེགས་རཀྵི་ཏས་བསྒྱུར་བ། དེའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། ཉན་ཐོས་འོད་སྲུང་། ཀུན་དགའ་པོ། བཙུན་པ་དབྱངས་སྒྲོགས་པ། ཁ་ཆེ་འདུས་བཟང་། སློབ་དཔོན་དབྱིག་གཉེན། བློ་གྲོས་བརྟན་པ། པཎྜི་ཏ་གང་བ་སྤེལ། པཎྜི་ཏ་དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ལོ་ཙཱ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་པ། ཟླ་བ་རྡོ་རྗེ། ལྷ་ལུང་དཔལ་རྡོར། སྦ་ཡེ་ཤེས་དབང་པོ། དེ་གསུམ་ཀ་ལས་ཅོག་གྲུ་མཆོག་གི་ཡེ་ཤེས། བླ་མ་ཡེ་བཙུན། འགར་སྟོན། ཁུ་སྟོན་བརྩོན་འགྲུས། ར་ཁྲི་ཚུལ་རྒྱལ། དར་མ་སྙིང་པོ། ཀོ་ཡེ་ཤེས་འབྱུང། རཏྣ་བཛྲ། ཀུན་དགའ་རྡོ་རྗེ། ཡོན་ཏན་རྡོ་རྗེ། ཡོན་ཏན་སྐྱབས། གཞོན་ནུ་བྱང་ཆུབ། འབྲི་མཆིན་རིན་རྩེ། སེང་གེ་རྒྱལ་མཚན། བློ་གྲོས་བརྟན་པ། བྱང་ཆུབ་རྩེ་མོ། རེ་མདའ་གཞོན་བློ། ཙོང་ཁ་པ། རྒྱལ་ཚབ། དགེ་འདུན་གྲུབ། [253b] བློ་གྲོས་རིན་སེང་། གཉལ་སྟོན་དཔལ་ལྷུན། དོན་ཡོད་དཔལ་ལྡན། པོ་ར་རྗེ་བཙུན། སྒོམ་སྡེ་ནམ་རྒྱན། ཚུལ་ཁྲིམས་ཆོས་འཕེལ། དགེ་འདུན་ཡར་འཕེལ། བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཡེ་ཤེས། སྔགས་ཆེན་དཔལ་འབྱོར། བཀའ་ཆེན་བློ་བཟང་མཐའ་ཡས། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །ཡང་ན་དགེ་འདུན་གྲུབ་ནས། འཇམ་དབྱངས་ལྷ་མཆོག་འོད་ཟེར། ཞབས་དྲུང་ལེགས་དོན། བསོད་ནམས། བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན། སྙིང་སྟོབས་རྒྱ་མཚོ། ཕ་བོང་ཁ་པ་འཇམ་གྲགས། མི་རྒན་ངག་འདོན། བློ་བཟང་བསྟན་པ། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་མན་ཇོ་བའི་ཆོས་ཆུང་བརྒྱ་རྩ་དང་འདྲའོ། །དུ༽ ཆེད་དུ་བརྗོད་པའི་ཚོམ་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་བསྡུས་པ་ཤླཽ་ཀ་སྟོང་ཕྲག་ལྔ་བརྒྱ་བཞི་བཅུ་པ། བིདྱ་ཀ་ར་པྲ་བྷ་དང་། རིན་ཆེན་མཆོག་གི་འགྱུར་ལ། དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། དེའི་བརྒྱུད་པ་ནི། དགྲ་བཅོམ་པ་ཆོས་སྐྱབས། དགྲ་བཅོམ་པ་ཀྲིཥྞའི་གོས་ཅན། དགྲ་བཅོམ་ [254a] ཤ་ནའི་གོས་ཅན། དགྲ་བཅོམ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་གཉེན་ཀླུ་སྒྲུབ། ཨཱརྱ་དེ་བ། འཇམ་དཔལ་གྲགས་པ། རཏྣ་ཨ་ཀར་ཤ་ཏི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང་། པདྨོ་ཅན། མཁོན་གཞོན་ཡེ། ཤེར་སེང་། གཞོན་ནུ་ཚུལ་ཁྲིམ། བླ་མ་མགོན་པོ། འབུམ་སྟོན་བསོད་ནམས་རྒྱལ་མཚན། མཁན་ཤེས་རྡོར། བླ་མ་ཆོས་ཤེས། བསོད་ནམས་སེང་གེ ། རིན་ཆེན་གྲགས་དོན། རིན་ཆེན་གྲགས་པ། ཤཱཀྱ་རྒྱལ་མཚན། སློབ་དཔོན་རྒྱལ་མཚན། འབུམ་རམ་པ། ཚུལ་ཁྲིམས་པ། མང་ཐོས་པ། སྤྱན་སྔ་བ། གྲགས་དོན་པ། ཚོགས་གཉིས་པ། སྨན་ལུང་པ། གནས་གསར་བ། པདྨ་ཕྲིན་ལས། གསུང་རབ་གླིང་པ། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །དེ་ནས་རོག་བླ་བཀྲ་རྣམ་དང་། འབྲས་སྤྲུལ་བརྒྱུད་ཚུལ་གོང་དང་མཐུན་ནོ། །ཟུ༽ སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་ཤླཽ་ཀ་ཉིས་སྟོང་བདུན་བརྒྱ་ [254b] བམ་པོ་དགུ་པ། ཛི་ན་མི་ཏྲ་དང་། ཀླུའི་རྒྱལ་མཚན་གྱི་འགྱུར། ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་པ་ལས་བརྒྱ་རྩ་གཅིག་པ་ཤླཽ་ཀ་སུམ་སྟོང་བདུན་བརྒྱ་བམ་པོ་དགུར་བྱས་པ་མཛད་འགྱུར་གོང་འདྲ། དེའི་བརྒྱུད་ཚུལ་ནི། སྟོན་པ་རྫོགས་པའི་སངས་རྒྱས། འཕགས་པ་ཉེ་བར་འཁོར། གནས་བརྟན་འོད་སྲུང་ཆེན་པོ། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ། ནག་པོ་པ། ལེགས་མཐོང་ཆེན་པོ། བློས་མི་འབེབ་པ། ཁ་ཆེ་འདུས་བཟང་། སློབ་དཔོན་དབྱིག་གཉེན། བྲམ་ཟེ་བཙུན་པ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཆོས་ཀྱི་བཤེས་གཉེན། སློབ་དཔོན་ཤཱཀ་འོད། དགྲ་བཅོམ་སེང་གེའི་གདོང་ཅན། དཱ་ན་ཤི་ལ། ཛི་ན་མི་ཏྲ། ཤཱཀྱ་སེང་གེ །ཡར་ལུང་ལོ་ཙཱ་བ། སྐྱོག་འདུལ་འཛིན་པ། རྡོ་རྗེ་རྒྱལ་མཚན། གླན་ཚུལ་ཁྲིམས་བྱང་ཆུབ། སྣར་ཆུང་ཡེ་ཤེས་ཤེས་རབ། སྣེ་པོ་གྲགས་རྒྱལ། འཛི་མ་ཤེར་འོད། འདུལ་འཛིན་བྱང་ཆུབ་ཚུལ་ཁྲིམས། ཇོ་གདན་ཚ་རོང་པ། ཡར་སྟོན་པ། ཐག་ཡ་པ་དཀར་ཆེན་དར་སེང་། སྣ་རི་དགྲ་བཅོམ་པ། དེའི་དབོན་པོ་ཞིག །དེས་ [255a] ཤེས་རབ་སེང་གེ ། གཞོན་ནུ་བློ་གྲོས། དབང་ཕྱུག་ཤེས་རབ། ཤེས་རབ་རྡོ་རྗེ། ཀུན་དགའ་འབྱུང་གནས། བློ་གྲོས་བཟང་པོ། རྗེ་བློ་བཟང་གྲགས་པ། དགེ་འདུན་གྲུབ། བློ་གྲོས་རིན་སེང་། དཔལ་འབྱོར་ལྷུན་གྲུབ། དོན་ཡོད་དཔལ་ལྡན། སེ་ར་རྗེ་བཙུན། ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམས་ཆོས་འཕེལ། དགེ་འདུན་ཡར་འཕེལ། བློ་བཟང་དོན་འགྲུབ། པཎ་ཆེན་བློ་ཡེ། དམ་ཆོས་དཔལ་འབྱོར། བློ་བཟང་མཐའ་ཡས། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ། ཡོངས་འཛིན་ཡེ་རྒྱན། ཁྲི་ངག་དབང་ཆོས་འཕེལ། རྒྱུད་སྟོད་མཁན་དགེ་འདུན་དར་རྒྱས། ཡང་ན། ཀློང་རྡོལ་བླ་མ་ནས། སྔགས་རམ་བློ་བཟང་ཆོས་འབྱོར། ཁྲི་ངག་དབང་ཆོས་འཕེལ། བློ་བཟང་རྒྱ་མཚོ། འགྱུར་མེད་སྐྱེས་མཆོག །རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། དེ་གཉིས་ཀས་གཞན་ཕན་མཐའ་ཡས། པདྨ་བཛྲ། མཁན་ཀུན་བཟང་བསོད་ནམས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ། དེས་བདག་ལའོ། །ཡང་ན་ཛི་ན་མི་ཏྲ་ཡན་གོང་ལྟར་ལ། དེ་ནས་དཱ་ན་ཤཱི་ལ། ཅོག་རོ་ཀླུའི་ [255b] རྒྱལ་མཚན། གཡོར་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེད་ཚུལ་ཁྲིམས་བྱང་ཆུབ། རྡོ་རྗེ་རྒྱལ་མཚན། ཚུལ་ཁྲིམས་བླ་མ། ཡེ་ཤེས་བླ་མ། རིན་ཆེན་བླ་མ། ཚུལ་ཁྲིམས་དབང་ཕྱུག །བྱང་ཆུབ་རྡོ་རྗེ། བྱ་འདུལ་བརྩོན་འབར། ཆོས་ཀྱི་དབང་ཕྱུག ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས་རིན་ཆེན་དཔལ་བཟང་། བཀའ་བཞི་གྲགས་གཞོན། རིན་ཆེན་བསོད་གྲགས། བུ་སྟོན་རིན་ཆེན་གྲུབ། རྒྱ་མཚོ་རིན་ཆེན། རྗེ་ཙོང་ཁ་པ། དགེ་འདུན་གྲུབ་མན་གོང་དང་འདྲ། ཡང་ན་འདུལ་མདོ་རྩ་བའི་བརྒྱུད་ལུགས་གཅིག་ནི། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ནས། རྗེ་སྟོབས་ལྡན་འོད་ཟེར། པཎ་ཆེན་ནམ་བཟའ་པ། རྗེ་དོན་ཡོད་པ། རྗེ་རིག་པའི་སེང་གེ །བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན། གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ། ཕ་བོང་ཁ་པ་འཇམ་གྲགས། ངག་དབང་བློ་གྲོས། དོན་གྲུབ་བཀྲ་ཤིས། ངག་དབང་སྦྱིན་པ། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་བྱམས་པ། སྐལ་བཟང་ཐུབ་བསྟན། ཀློང་རྡོལ་བླ་མ་མན་གོང་དང་ [256a] འདྲ། ཧུ༽ དགྲ་བཅོམ་པ་ས་ག་ལྷས་མཛད་པའི་ཐམས་ཅད་ཡོད་སྨྲ་བའི་འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་བརྒྱུད་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་བམ་པོ་བརྒྱད་པ་གཉིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་། ཁྲོ་ཕུ་ལོ་ཙཱ་བའི་འགྱུར། སུམ་བརྒྱ་པའི་བཤད་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་དུལ་བའི་ལྷས་མཛད་པ། བུདྡྷ་ཤནྟི་དང་། དགེ་བའི་བློ་གྲོས་ཀྱི་འགྱུར། དེ་ལས་མེ་ཏོག་ཕྲེང་བརྒྱུད་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འོད་སྲུང་ཆེན་པོ། ཀུན་དགའ་བོ། དགྲ་བཅོམ་ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ། ནག་པོ་པ། ལེགས་མཐོང་། དགེ་འདུན་འབངས། དགྲ་བཅོམ་པ་ས་ག་ལྷ། སློབ་དཔོན་མ་ཏི་རཏྣ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། མཁན་སེང་གེ་ཟིལ་གནོན། ཁྲོ་ཕུ་རིན་ཆེན་བསོད་སེང་། འོལ་ཕུག་གནས་རྙིང་པ་ཀུན་དགའ་དབང་ཕྱུག ། ཐར་ལོ་ཉི་མ་རྒྱལ་མཚན། བཀའ་བཞི་པ་བསྟན་འཛིན་བཟང་པོ། ཀརྨ་དཀོན་མཆོག་གཞོན་ནུ། ཀུན་མཁྱེན་རོང་སྟོན། རྗེ་གྲགས་པ་བཟང་པོ། ཀུན་མཁྱེན་སངས་ [256b] རྒྱས་འཕེལ། གོ་རམ་སྟོན་པ། དཀོན་མཆོག་ཆོས་འཕེལ། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ ། ཐར་རྩེ་ནམ་མཁའ་དཔལ་བཟང་། ཀུན་དགའ་ལེགས་གྲུབ། ཀུན་དགའ་ཆོས་གྲགས། མཆོག་ལེགས་རྡོ་རྗེ། མཁྱེན་རབ་དབང་ཕྱུག ། སངས་རྒྱས་བཀྲ་ཤིས། ཕུན་ཚོགས་རྒྱ་མཚོ། བློ་བཟང་ཚུལ་ཁྲིམས། ཀློང་རྡོལ་བླ་མ་མན་འདྲའོ། །ཡང་བརྒྱུད་ལུགས་གཅིག་ནི། ཐར་ལོ་ཉི་རྒྱན་ཡན་འདྲ་ལ། དེ་ནས་སྣར་ཐང་བཀའ་བཞི་པ་ཤེར་སེང་། བཀའ་བཞི་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་དགེ་བ་དཔལ། མཁས་བཙུན་སྐལ་བཟང་དཔལ། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཆོས་རྗེ། ངོར་ཀུན་དགའ་དབང་ཕྱུག ། སངས་རྒྱས་དཔལ། ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ ། ཐར་རྩེ་ན་མ་དཔལ། དཔལ་ལྡན་དོན་གྲུབ། མགོན་པོ་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་བ་ལྔ་པ། དགེ་སློང་འཇམ་དབྱངས་གྲགས་པ། དོན་གྲུབ་ཆོས་འཕེལ། བློ་བཟང་བསྟན་པ། བློ་བཟང་རྣམ་རྒྱལ། ཕུན་ཚོགས་རྒྱ་མཚོ་མན་འདྲའོ། །འདུལ་བ་སུམ་བརྒྱ་པ་ [257a] དང་། དེའི་འགྲེལ་པ་འོད་ལྡན་གཉིས་ཀྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གདོང་ཅན། དྷརྨ་པ་ལ། ཞང་ཞུང་པ་རྒྱལ་བ་ཤེས་རབ། དབང་ཕྱུག་ཤེས་རབ། བྱང་ཆུབ་སེང་གེ །སྨན་གཡུང་དྲུང་། རྩིས་འདུལ་ཐུགས་རྗེ། བྱང་ཆུབ་འོད། བདེ་བ་ཅན་པ་བྱང་ཆུབ། ཟུར་ཕུ་ཡོན་གྲགས། སློབ་དཔོན་བསོད་བློ། སློབ་དཔོན་བཀའ་བཅུ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཐུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱལ་མཚན། དོན་གྲུབ་ཤེས་རབ། ལྷ་མཆོག་སེང་གེ །ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་དཔལ། སྒྲུབ་ཁང་དཔལ་དོན། མགོན་པོ་བསོད་ནམས་མཆོག་ལྡན། ཆོས་མཛད་རྒྱན་བཟང་། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། རྡོར་འཛིན་བློ་བཟང་དོན་གྲུབ། པཎ་ཆེན་བློ་ཡེ། བྱང་ཆེན་བློ་བཟང་བསྟན་འཛིན། ཡེ་ཤེས་ཡར་འཕེལ། ཡེ་ཤེས་མཐའ་ཡས། རྗེ་མཁས་བཙུན། བསོད་ནམས་དབང་པོ། ཀློང་རྡོལ་བླ་མ་མན་འདྲའོ། །སུམ་བརྒྱ་པའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་མཛད་པའི་ལུང་བརྒྱུད་ནི། གསན་ [257b] ཡིག་ཏུ་བར་འདིར་མ་རྙེད་ཞེས་པ་གསལ་བ། བློ་བཟང་དོན་གྲུབ། གནས་བརྟན་བློ་བཟང་བསྟན་འཛིན། ཡེ་ཤེས་ཡར་འཕེལ། ཡེ་ཤེས་མཐའ་ཡས། དགེ་སློང་མཁའས ངེས་པཎྜི་ཏ་མུ་ནེ་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་སློབ་དཔོན་པུ་ཎ་ཤྲཱི་ད་མཛད་པ། དེ་ཉིད་དང་། དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བ་བཅས་ཀྱི་བརྒྱུད་པ་ནི་མདོ་ཀུན་བཏུས་དང་འདྲའོ། །ཀ༽ སློབ་དཔོན་དཔའི་བོས་མཛད་པའི་སྐྱེས་རབས་སོ་བཞི་པ། བམ་པ་བཅུ་གཉིས་པ། བིདྱཱ་ཀ་ར་སིདྷ་། མཉྫུ་ཤྲཱི་ཝརྨའི་འགྱུར། དེའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དབྱངས། ཀླུ་སྒྲུབ། མཛད་པ་པོ། འཇམ་དཔལ་གྲགས་པ། ཤནྟིཾ་པ། འཇིགས་མེད་གྲགས་པ། དགེ་འབྱུང་སྦས་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། ཆོས་ཀྱི་བཤེས་གཉེན། སུརྱ་ཤྲཱི། སྟེང་ལོ་པ། སོ་འཛམ་རྒྱན། ལྷོ་པ་ཀུན་མཁྱེན། བླ་མ་རྒྱལ། [258a] ཀརྨ་པ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། རོལ་པའི་རྡོ་རྗེ། གྲགས་པ་ཡོན་ཏན། གྲགས་པ་འབྱུང་གནས། ཚུལ་ཁྲིམས་དར་རྒྱས། བསོད་ནམས་ལྷ་དབང་། ངག་དབང་ཆོས་གྲགས། རྗེ་བཙུན་མདོ་མཁར་བ། ཤར་ཆེན་ནམ་རྒྱལ། ལས་ཆེན་དཔལ་འབྱོར། བསོད་ནམས་ལྷུན་གྲུབ། འཁོན་སྟོན་དཔལ་འབྱོར། ལྷུན་གྲུབ་དཔལ་འབྱོར། ཕྲིན་ལས་རབ་རྒྱས། རྒྱལ་དབང་ལྔ་པ། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཕྲིན། ཆོས་ཀྱི་རྒྱ་མཚོ། ཤེས་རབ་དཔལ་འབྱོར། ལྷ་སྤྲུལ་བློ་བཟང་ཕྲིན་ལས། བྲག་སྤྲུལ་བློ་བཟང་རྣམ་རྒྱལ། ཡོངས་འཛིན་བློ་བཟང་བཟོད་པ། བློ་བཟང་དཔལ་ལྡན་ཡེ་ཤེས། ཡོངས་འཛིན་གུ་གེ་བློ་བརྟན། རྒྱུད་སྨད་རབ་འབྱམས་རྒྱན་ཆོས། ཁྲི་ངག་དབང་ཆོས་འཕེལ། མཁན་དགེ་འདུན་དར་རྒྱས། གཞན་ཕན་མཐའ་ཡས། མཁན་པདྨ་བཛྲ། བླ་མ་ཀུན་བཟང་བསོད་ནམས་མན་གོང་བཞིན་ནོ། །ཡང་བརྒྱུད་ལུགས་གཅིག་ནི། ལེགས་ལྡན་འབྱེད། ཟླ་གྲགས། རིག་པའི་ཁུ་བྱུག ། ཀུ་མཱ་ར་ལཀྵི། ཧ་སུ་མ་ཏི། ཛ་ཡ་ཨ་ནན། ཁུ་མདོ་སྡེ་འབར། ལེགས་ [258b] ལྡན། གཙང་ནག་པ། གཤན་ཆུང་སྐོར་བ། ཇོ་ནག་པ། འོད་ཟེར་མགོན། ཤཱཀྱ་གཞོན་ནུ། རང་བྱུང་རྡོ་རྗེ། གཡུང་སྟོན། བྱང་ཆུབ་བརྩེ་མོ། ལོ་ཙཱ་ནམ་བཟང་། ཙོང་ཁ་པ། འཇམ་དབྱངས་ཆོས་རྗེ། སྨོན་ལམ་དཔལ་བ། འཇམ་དབྱངས་ལེགས་པ་ཆོས་འབྱོར། དགེ་འདུན་རྒྱ་མཚོ། ཁྲི་བདེ་བ་ཅན་པ། ཁྲི་རྒྱལ་ཁང་རྩེ་པ། ཁྲི་སྟག་ལུང་ལུང་གྲགས་པ། ཁྲི་དཔོན་མཆོག་ཆོས་འཕེལ། རྒྱལ་དབང་ལྔ་པ། སྤྲུལ་སྐུ་ངག་དབང་བསྟན་ཕྲིན་མན་འདྲའོ། །ག༽ སྙན་ངག་མཁན་དགེ་བའི་དབང་པོས་མཛད་པའི་བྱང་ཆུབ་སེམས་པའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་། ལཀྵི་ཀ་ར་དང་། ཤོང་སྟོན་རྡོར་རྒྱལ་གྱི་འགྱུར། དེའི་ལུང་བརྒྱུད་ནི། མཛད་པ་པོ་དགེ་དབང་། དེ་སྲས་ཟླ་བའི་དབང་པོ། པཎྜི་ཏ་ལཀྵ་མཱ་ཀ་ར། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། དེ་དབོན་ཆོས་སྐྱོང་དཔལ་བཟང་། དཔང་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཙཱ་བ་གྲགས་རྒྱན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ངག་དབང་གྲགས་པ། ཀུན་སྤངས་རྣམ་རྒྱལ་གྲགས་པ། འབུམ་རམ་པ་ [259a] རིན་ཆེན་ཆོས་དབང་། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །དཔལ་ཁང་ལོ་ཙཱ་བ་ཆོས་ཀྱི་རྒྱ་མཚོ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་ཚེ་དབང་བཀྲ་ཤིས། མཁྱེན་བརྩེ་ཚེ་དབང་ཀུན་ཁྱབ། ཀུན་བཟང་རྩེ་བ་དབང་ཕྱུག་རྒྱལ་མཚན། གཡུ་ལོ་བཀོད་པ་རྡོ་རྗེ་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། ནོར་གླིང་ངག་དབང་རྒྱ་མཚོ། དོན་འགྲུབ་ཆོས་གླིང་བསྟན་པ་དར་རྒྱས། རབ་འབྱམས་ཕྱོགས་ལས་རྣམ་རྒྱལ། ངག་དབང་ཀུན་དགའ་ལྷུན་གྲུབ། དེ་དབོན་ངག་དབང་ལེགས་འབྱུང་། ཞི་སྤྲུལ་འཕགས་པ་དགེ་ལེགས། ཡེ་ཤེས་མཐའ་ཡས། ལོ་སྤྲུལ་བློ་བརྟན་རྒྱ་མཚོ། འཇམ་བཞད་སྤྲུལ་སྐུ་དཀོན་མཆོག་འཇིགས་མེད་དབང་པོ། ཁྲི་ངག་དབང་སྙན་གྲགས། སྔགས་རམ་བློ་བཟང་ཆོས་འབྱོར། ཁྲི་ངག་དབང་ཆོས་འཕེལ། མཁན་དཀོན་མཆོག་དར་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པདྨ་བཛྲ། མཁན་ཀུན་བཟང་བསོད་ནམས། ཐུབ་བསྟན་བཀྲ་ཤིས་དར་རྒྱས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་ [259b] པ། དེས་བདག་ལའོ། །ཡང་ན་འཇིགས་མེད་དབང་པོ། ཁྱབ་བདག་རྡོ་རྗེ། འཇིགས་མེད་ངག་གི་དཔལ་ལྡན། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་ནས་གཞན་ཕན་མཐའ་ཡས་ལའོ། །ངེ་༽ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་ཆེན་ཕྲེང་བ། ཛྙཱ་ན་གརྦྷ་དང་། ཀླུའི་རྒྱལ་མཚན་གྱི་འགྱུར་ལས། ཀ་ཤ་ཀ་ཝརྨ་དང་། བ་ཚབ་ཀྱིས་བཅོས་པ། དེའི་བརྒྱུད་པ་ནི་གོང་གི་དབུ་མ་རྩ་བ་ཤེས་རབ་དང་མཐུན་ནོ། །ཅེ ༽ སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་མདོ་ཀུན་ལས་བཏུས་པ། བ་སུ་དྷ་ན་རཀྵི་ཏ་དང་། ཞང་མ་སེང་རྒྱལ་གྱི་འགྱུར། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ཚིག་ལེའུར་བྱས་པ། སུབྷུ་ཏི་ཤྲཱི་ཤནྟི་དང་། དགེ་བའི་བློ་གྲོས་ཀྱི་འགྱུར་ལ། སྐལ་ལྡན་རྒྱལ་པོ་དང་། རྔོག་ལོ་བློ་ཤེས་ཀྱིས་བཅོས་ཤིང་། སླར་ཤཱཀྱ་ཤྲཱི་བྷ་དྲ་དང་། ཀུན་རྒྱལ་གྱིས་བཅོས་ཤིང་ཕབ་པ། ཚད་མ་རྣམ་ངེས་ཆོས་གྲགས་ཀྱིས་མཛད་པ། གཞན་ཕན་བཟང་པོ་དང་། བློ་ཤེས་ཀྱི་འགྱུར། རིགས་པའི་ཐིགས་མཛད་འགྱུར་གོང་འདྲ། གཏན་ཚིག་ཐིགས་ [260a] པའི་རབ་ཏུ་བྱེད་པ་ཆོས་གྲགས་ཀྱི་མཛད་པ། པྲཛྙཱ་ཝརྨ་དང་། དཔལ་བརྩེགས་རཀྵི་ཏའི་འགྱུར། འགྲེལ་པ་བརྟགས་པའི་རབ་ཏུ་བྱེད་པ་ཆོས་གྲགས་ཀྱིས་མཛད་པ། ཛྙཱ་ན་གརྦྷ་དང་། ནམ་མཁའི་འགྱུར་ལ། རབ་ཞི་དང་ཏིང་འཛིན་བཟང་པོས་གཏན་ལ་ཕབ་པ་དང་། རྩོད་པ་རིགས་པ་དང་། རྒྱུད་གཞན་གྲུབ་པར་བྱ་བ་གཉིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པ། བི་ཤུདྡྷ་སེངྷ་དང་། དཔལ་བརྩེགས་ཀྱི་འགྱུར་རྣམས་སོ། །དེ་དག་རྣམས་ལས་ཚད་མ་ཀུན་བཏུས་ཀྱི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དཔལ་དབྱངས། དགྲ་བཅོམ་པ་ཆོས་སྐྱབས། མཁས་པ་མི་ཝཾ་གྷ། སློབ་དཔོན་དབྱིག་གཉེན། ཕྱོགས་ཀྱི་གླང་པོ། སློབ་དཔོན་དབང་ཕྱུག་སྡེ། རིག་པའི་ཁུ་བྱུག །ཆོས་ཀྱི་གྲགས་པ། ལྷ་དབང་བློ། ཤཱཀྱ་བློ། རྒྱན་མཁན་པོ། ཆོས་མཆོག ། ཛ་མ་རི་པ། དུལ་བའི་ལྷ། ཤངས་ཀརྞ། ཝཾ་གུ། ཤཱཀྱ་ཤྲཱི། ས་པཎ་ཀུན་དགའ་རྒྱལ་མཚན། འུ་ཡུག་རིག་པའི་སེང་གེ །མདོ་སྡེ་དཔལ། མཁས་པ་འཇམ་སྐྱ། སྡེ་བདུན་སེང་གེ །མཁས་པ་ནོར་བཟང་། མཁས་གྲུབ་ [260b] བརྩོན་དཔལ། གཡག་ཕྲུག་པ། རོང་སྟོན་ཀུན་གཟིགས། དོན་ཡོད་དཔལ། ཤཱཀྱ་མཆོག་ལྡན། ཡེ་ཤེས་ལྷུན་གྲུབ། གྲོལ་མཆོག །ཀརྨ་བཟང་པོ། ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ་ཀུན་ལེགས། རྣམ་རྒྱལ་པ། ཤཱཀྱ་ཕུན་ཚོགས། རིན་ཆེན་རྒྱ་མཚོ། ངག་དབང་སྦྱིན་པ། བློ་བཟང་ཆོས་འཛིན། བློ་བཟང་བསྟན་པ། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ལའོ། །ཚད་མ་རྣམ་འགྲེལ་གྱི་ལུང་བརྒྱུད་ནི། དབང་ཕྱུག་སྡེ་བར་ཚད་མ་ཀུན་བཏུས་དང་འདྲ་ལ། དེ་ནས། སློབ་དཔོན་ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། རྒྱལ་མཁོན་པ་ཆོས་མཆོག ། ཛ་མ་རི་པ། དུལ་བ་ལྷ། ཤངས་ཀརྞ། ཝཾ་གུ། ཤཱཀྱ་ཤྲཱི། ས་པཎ། རིག་པའི་སེང་གེ ། མདོ་སྡེ་དཔལ། འཇམ་སྐྱ་ནམ་དཔལ། དཔང་ལོ། བླ་མ་དམ་པ་གཉགས། དབོན་ཀུན་དཔལ། རེ་མདའ་གཞོན་བློ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་རིན། གྲ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་ལྷ་དར། གླིང་སྨད་ཞབས་དྲུང་། ལྷ་དབང་དཔལ་འབྱོར། དཔལ་འབྱོར་རྒྱ་མཚོ། དམ་ཆོས་ཡར་འཕེལ། པཎ་ཆེན་བློ་བཟང་ཆོས་རྒྱན། [261a] སྙིང་སྟོབས་རྒྱ་མཚོ། ཕ་བོང་ཁ་པ་འཇམ་གྲགས། ངག་དབང་བསྟན་ཕྲིན། བློ་བཟང་རྣམ་རྒྱལ། རྗེ་བྱམས་པའི་མཚན་ཅན། ཞང་ཞུང་པ་ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་མན་གཞན་དང་འདྲའོ། །རྣམ་ངེས། རིགས་ཐིགས། གཏན་ཚིག །འགྲེལ་བརྟགས། རྒྱུད་གཞན་གྲུབ། རྩོད་རིགས་བཅས་ཀྱི་བརྒྱུད་པ་ནི། དུལ་བའི་ལྷ་བར་གོང་དང་འདྲ་ལ། དེ་ནས་པཎྜི་ཏ་གཞན་ཕན་བཟང་པོ། རྔོག་བློ་ཤེས། ཁྱུང་རིན་གྲགས། ཕྱྭ་པ་ཆོས་སེང་། གཙང་ནག་པ། བརྩོན་སེང་། གཉལ་ཞིག་འཇམ་རྡོར། ཀུན་མཁྱེན་ཇོ་ནང་པ། མཁས་པ་འོད་ཟེར་མགོན། གཡག་སྡེ་པཎ་ཆེན། མཁན་ཚུལ་ཁྲིམས་རིན་ཆེན། ཆོས་སྐྱོང་རྒྱ་མཚོ། ཤཱཀ་མཆོག །ཡེ་ཤེས་ལྷུན་གྲུབ། གྲོལ་མཆོག །ཀརྨ་དར་མ་བཟང་པོ། ཤཱཀྱ་བསྟན་འཛིན། ཤཱཀྱ་ནོར་བུ། ཀུན་ལེགས། ཤཱཀྱ་ཕུན་ཚོགས། རྣམ་རྒྱལ་བ། རི་ན་ཆེན་རྒྱ་མཚོ། ངག་དབང་སྦྱིན་པ། བློ་བཟང་ཆོས་འཛིན། བློ་བཟང་བསྟན་པ། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་ [261b] མ་ལའོ། །ཚེ ༽ རྒྱུད་གཞན་གྲུབ་པའི་འགྲེལ་བཤད་དུལ་བ་ལྷས་མཛད་པ། བི་ཤུདྡྷ་སེང་ཧ་དང་། དཔལ་བརྩེགས་རཀྵི་ཏས་བསྒྱུར་བ། རྩོད་པ་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ། ཤནྟ་རཀྵི་ཏས་མཛད་པ། ཀུ་མཱ་ར་ཤྲཱི་བྷ་དྲ་དང་། འཕགས་པ་ཤེས་རབ། འབྲེ་སེང་དཀར་གྱིས་བསྒྱུར་བ་བཅས་སོ། །དེའི་བརྒྱུད་པ་ནི། མཛད་པ་པོ་ནས་གོང་གི་རྩ་བའི་ལུང་བརྒྱུད་དང་འདྲ། གསུམ་པ་རྒྱུད་སྡེའི་སྐོར་ལ། ཀ༽ རིགས་ལྡན་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཅེས་བྱ་བ་ཁ་ཆེ་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་འབྲོམ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ། སླར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བཅོས་ཤིང་གཏན་ལ་ཕབ་པ། ཁ༽ གོང་འཕྲོས་ཤོག་གྲངས་སུམ་བརྒྱ་དང་བཞིས་ཡོངས་སུ་རྫོགས་པའོ། །དེའི་བརྒྱུད་པ་ནི། དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ། རྒྱལ་བ་ཤཱཀྱ་ཐུབ་པ། རྒྱལ་པོ་ཟླ་བ་བཟང་པོ། ལྷ་དབང་གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག ། སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན། རིགས་ལྡན་འཇམ་ [262a] དཔལ་གྲགས། རིགས་ལྡན་པད་དཀར། རིགས་ལྡན་བཟང་པོ། རིགས་ལྡན་རྣམ་རྒྱལ། རིགས་ལྡན་བཤེས་གཉེན་བཟང་པོ། རིགས་ལྡན་ཕྱག་ན་རིན་ཆེན། རིགས་ལྡན་ཁྱབ་འཇུག་སྦས་པ། རིགས་ལྡན་ཉི་གྲགས། རིགས་ལྡན་ཤིན་ཏུ་བཟང་པོ། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ། རིགས་ལྡན་རྒྱལ་དཀའ། རིགས་ལྡན་ཉི་མ། རིགས་ལྡན་སྣ་ཚོགས་གཟིགས། རིགས་ལྡན་ཟླ་འོད། རིགས་ལྡན་མཐའ་ཡས། རིགས་ལྡན་ས་སྐྱོངས། རིགས་ལྡན་དཔལ་སྐྱོངས། འཇམ་སྤྲུལ་རྩི་ལུང་པཎྜི་ཏ། པཎྜི་ཏ་ཨཱ་ཙརྱ། དུས་ཞབས་ཆེ་བ། ཆུང་བ། ན་ལེནྡྲ་པ། མཉྫུ་ཀིརྟི། ས་མནྟ་ཤྲཱི། ར་ཆོས་རབ། ར་ཡེ་ཤེས་སེངྒེ་། ར་འབུམ་སེང་། སྒ་ལོ་རྣམ་རྡོར། རོང་པ་ཤེས་སེང་། བླ་མ་རྡོ་རྗེ་རྒྱལ་མཚན། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་རིན་རྣམས། རྗེ་བཙུན་རཏྣ་ཤྲཱི། མཁས་པ་ཟླ་བ་དཔལ་རིན། འཁྲུལ་ཞིག་ཚུལ་རྒྱན། སྐུ་ཞང་མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱ་མཚོ། དོན་གྲུབ་རྒྱལ་མཚན། བྱང་གླིང་བཀྲ་ཤིས་རྒྱ་མཚན། དཀོན་མཆོག་རྒྱལ་མཚན། མཁན་བསོད་ནམས་མཆོག་ [262b] གྲུབ། རཏྣ་བི་ཛ། རིན་ཆེན་བསོད་ནམས་རྒྱ་མཚོ། རིན་ཆེན་འཇམ་དཔལ་ཆོས་མཆོག ། རྗེ་ཕུན་ཚོགས་རྒྱ་མཚོ། དེ་གཉིས་ཀ་ལས་ཞང་ཞུང་ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ། དགེ་བཤེས་བསྟན་འཛིན་རྒྱ་མཚོ། མཁན་དགེ་འདུན་དར་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས་མན་འདྲ། ཆ༽ བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་བྱང་ཆུབ་སེམས་དཔའི་ཕྱག་ན་རྡོ་རྗེས་མཛད་པ། དཔལ་འབྱོར་ཞི་བ་དང་། ཅོག་གྲུ་ཏིང་འཛིན་བཟང་པོས་བསྒྱུར་བ། ཤོང་ལོ་བརྟན་གྱིས་བཅོས་ཤིང་དག་པར་བྱས་པ། བ༽ ཀྱེ་རྡོ་རྗེའི་འགྲེལ་པ་བྱང་སེམས་རྡོ་རྗེའི་སྙིང་པོས་མཛད་པ། ལེའུ་ལྔ་པ་ཡན་དཱ་ན་ཤཱི་ལ་དང་། འབྲོ་སེང་ཤཱཀ་འོད་ཀྱི་འགྱུར་ལ། ཤྲཱི་ཤཱནྟི་དང་། ཅོག་གྲུ་ཏིང་བཟང་གིས་གཏན་ལ་ཕབ་པ་ལས། སླར་འཇིགས་མེད་ལྷ་དང་། སྙེར་ཅོར་ཤེར་གྲགས་ཀྱི་འགྱུར། དཔང་བློ་བརྟན་གྱིས་བཅོས་པ་དང་། ལེའུ་དྲུག་པ་མན་ཆད་འབྲོའི་འགྱུར་རོ། །དེ་དག་རྣམས་ལ་སེམས་འགྲེལ་སྐོར་གསུམ་དུ་གྲགས་པ་ལས། དུས་འཁོར་བརྒྱུད་རིམ་གོང་དུ་སོང་། བདེ་མཆོག་སྟོད་འགྲེལ་དང་། ཀྱེ་རྡོར་འགྲེལ་པ་གཉིས་ [263a] ཀྱི་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང་ཆེན་པོ། རིགས་ལྡན་ཟླ་བཟང་། ལྷ་དབང་གཟི་བརྗིད་ཅན། ཟླ་བས་བྱིན། ལྷ་ཡི་དབང་ཕྱུག ། སྣ་ཚོགས་གཟུགས། ལྷའི་དབང་ལྡན། འཇམ་དབྱངས་གྲགས་པ། པདྨ་དཀར་པོ། དུས་ཞབས་ཆེ་ཆུང་། ན་ལེནྡྲ་པ། ཁ་ཆེ་ཟླ་མགོན། འབྲེ་བློ་ཤེས་གྲགས་པ། ལྷ་རྗེ་སྙིང་ལོ་པ། སྒྱེ་སྟོན་གནམ་ལ་གཅི། གྲུབ་ཆེན་ཕུ་མོ་བ། སྲས་ཆོས་ཀྱི་དབང་ཕྱུག །ནམ་མཁའ་འོད་ཟེར། སྤྲུལ་སྐུ་ཇོ་འབུམ། གྲུབ་པོ་ཆེན་པོ། འཇམ་གསར་བ། ཆོས་སྐུ་འོད་ཟེར། ཀུན་སྤང་ཆོས་རྗེ། བྱང་སེམས་རྒྱ་ཡེ། འཕགས་འོད་ཡོན་ཏན། ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ཇོ་ནང་ལོ་ཙཱ། མ་ཏི་པཎ་ཆེན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཉག་དབོན་པ། གྲུབ་ཆེན་ཀུན་བློ། འཇམ་དབྱངས་དཀོན་མཆོག ། ནམ་མཁའ་ཆོས་སྐྱོང་། ནམ་མཁའ་དཔལ་བཟང་། ལོ་ཆེན་རིན་བཟང་། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །ལུང་རིགས་རྒྱ་མཚོ། ངག་དབང་གྲགས་པ། རྗེ་སྒྲོལ་བའི་མཆོག །མངོན་དགའ་རིན་ཆེན་རྒྱ་མཚོ། སྙིང་པོ་བློ་ [263b] གྲོས། ངག་དབང་ཀུན་ཕྲིན། ཀུན་བཟང་དབང་པོ། བློ་བཟང་དར་རྒྱས། བསྟན་འཛིན་ཆོས་ཀྱི་ཉི་མ། དགེ་ལེགས་རིན་ཆེན། སྒྲུབ་བརྒྱུད་ཤིང་རྟ། ལུང་རྟོགས་བདག་ཉིད། ངག་དབང་བློ་གྲོས། བསོད་ནམས་རབ་བརྟན། འཇམ་དབྱངས་ཀུན་དགའ་བསྟན་འཛིན། དགེ་ལེགས་རྒྱལ་མཚན། ཀློང་རྡོལ་བླ་མ་ལའོ། དེ་མན་སེམས་འགྲེལ་སྐོར་དང་འདྲ། ཡང་ན་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ནས། འཇམ་དབྱངས་སྨོན་ལམ། སྐལ་བཟང་མཁས་གྲུབ། དགེ་འདུན་དར་རྒྱས། གཞན་ཕན་མཐའ་ཡས་ནས་གོང་ལྟར་རོ། །ན༽ ཨུ་ལི་པས་མཛད་པའི་བདེ་མཆོག་གི་སྒྲུབ་ཐབས་དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་པ་ཞེས་བྱ་བ། ཤྲརྔྷ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར་ལ། ནཱ་བ་ཀོ་ཊི་དང་། འགོས་ལྷས་བཙས་ཀྱིས་བཅོས་པ། སློབ་དཔོན་དྲིལ་བུ་པས་མཛད་པའི་བདེ་མཆོག་གི་དཀྱིལ་ཆོག་དབང་གི་བྱ་བ་མདོར་བསྡུས་པ། ཀྲྀཥྞ་པ་དང་། ཆས་ཤེས་ཀྱི་འགྱུར། འཁོར་ལོ་སྡོམ་པའི་ལུས་དཀྱིལ་སྒྲུབ་ཐབས་དྲིལ་བུ་པས་མཛད་ [264a] པ། པྲཛྙཱ་བཛྲ་དང་། བློ་གྲོས་གྲགས་ཀྱི་འགྱུར། རྫོགས་རིམ་སྟོན་པ་འཁོར་ལོ་སྡོམ་པའི་རིམ་ལྔ་དྲིལ་བུ་པས་མཛད་པ། ཀྲིཥྞ་པ་དང་། ཚུལ་རྒྱལ་གྱི་འགྱུར་བཅས་ལ་དྲིལ་བུ་སྐོར་གསུམ་དུ་གྲགས་སོ། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ནག་པོ་པས་མཛད་པ་ཤླཽ་ཀ་བརྒྱ་ཉི་ཤུ་བརྒྱད་པ་དང་། བདེ་མཆོག་འཁོར་ལོའི་དཀྱིལ་མཆོག་ནག་པོ་པས་མཛད་པ་བཅས། ག་ཡ་དྷ་ར་དང་། འགོས་ལྷས་བཙས་ཀྱི་འགྱུར། བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ནག་པོ་པས་མཛད་པ། དྷརྨ་བྷ་དྲ་དང་། རིག་པ་གཞོན་ནུའི་འགྱུར་ཏེ་བསྐྱེད་རིམ་སྐོར་གསུམ་མོ། །རྫོགས་རིམ་སྐོར་གསུམ་ལ། དཔྱིད་ཀྱི་ཐིག་ལེ་ནག་པོ་པས་མཛད་པ། སུ་མ་ཀིརྟི་དང་། མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། གསང་བ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ནག་པོ་པས་མཛད་པ། ག་ཡ་དྷ་ར་དང་། འགོས་ལྷས་བཙས་ཀྱི་འགྱུར་ལ་སུ་མ་ཀིརྟི་དང་། ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། རིམ་པ་བཞི་པ་ནག་པོ་པས་མཛད་པ། སུ་མ་ཀིརྟི་དང་། གྲགས་ཤེས་ཀྱི་འགྱུར་ཏེ་ནག་པོ་པའི་གཞུང་དྲུག་ཏུ་གྲགས་སོ། །བདེ་ [264b] མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་དྲིལ་བུ་པས་མཛད་པ། ནི་སྐ་ལཾ་ཀ་དང་། དཔྱལ་ཆོས་བཟང་གི་འགྱུར། གསན་ཡིག་ཏུ་འདི་གཉིས་ལུང་སྩལ་རུང་རྒྱུན་མཆིས་མིན་དཔྱད་དགོས་ཞེས་གསོལ། བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རིན་ཆེན་ཡིད་ནོར་དྲིལ་བུ་པས་མཛད་པ། སུ་མ་ཀིརྟི་དང་། ཆོས་ཀྱི་དབང་ཕྱུག་གི་འགྱུར་བཅོས་སོ། །དེ་དག་གི་བརྒྱུད་ཚུལ་ནི་དྲིལ་བུ་སྐོར་གསུམ་གྱི་བརྒྱུད་པ་གསལ་མ་བྱུང་བས་ནག་པོ་ཆོས་དྲུག་དང་འདྲ་མིན་དཔྱད་དགོས་ལུགས་གསལ་ཞིང་། གཞུང་དྲུག་གི་བརྒྱུད་པ་ནི། མཛད་པ་པོ་ནས། གྲུབ་ཆེན་རྣམ་རྒྱལ་ཞབས། གྲུབ་ཆེན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། ཕམ་ཐང་པ། འཇིགས་མེད་གྲགས་པ། ངག་དབང་དབང་ཕྱུག །ཀློག་སྐྱ་ཤེས་རབ། ལོ་ཙཱ་བློ་གྲོས་གྲགས་པ། ས་ཆེན་ཀུན་སྙིང་། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བསོད་ནམས་རྒྱལ་མཚན། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་རྒྱན། ཀུན་དགའ་བཟང་པོ། མུས་ཆེན། དཀོན་ [265a] མཆོག་རྒྱལ་མཚན། ཞྭ་ལུ་སངས་རྒྱས་དཔལ་བཟང་། དཔལ་ལྡན་རྒྱལ་པོ། ནམ་མཁའ་དབང་ཕྱུག །རྗེ་བཙུན་ཆོས་ཀྱི་དབང་ཕྱུག ། རྗེ་སངས་རྒྱས་རྒྱལ་མཚན། ངག་དབང་ཀུན་བསོད། བསོད་ནམས་དབང་ཕྱུག ། ཀུན་དགའ་རིན་ཆེན། བསོད་ནམས་དབང་པོ། གྲགས་པ་བློ་གྲོས། དེ་གཉིས་ཀས་ཀུན་དགའ་བསོད་ནམས། བྱམས་པ་ལྷ་དབང་མཐའ་ཡས། སངས་རྒྱས་འཕེལ། ངག་དབང་ཆོས་འཕེལ། བསོད་ནམས་དཔལ་བཟང་། ངག་དབང་ཀུན་དགའ་ལེགས་འབྱུང་། ཐབས་མཁས་རྒྱ་མཚོ། མངའ་རིས་པ་ཡེ་ཤེས་མཐས་ཡས། ཀློང་རྡོལ་བླ་མ་ལའོ། །དེ་ནས་གོང་དང་འདྲ། ས༽ གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཤྲ་རྔྷ་ཀ་ར་ཝརྨ་དང་། རིན་ཆེན་བཟང་པོའི་འགྱུར། དེའི་བརྒྱུད་པ་ནི། དཔལ་ལྡན་ཟླ་གྲགས། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། སྤྲིན་གྱི་ཤུགས་ཅན། རྟ་ནག་ ། འགོས་སེང་གེ་རྒྱལ་མཚན། རྔོག་ཡེ་ཤེས་སེང་གེ །རྔོག་ནོར་གྲགས། ཉི་མ་སེང་གེ ། རྔོག་ཨཱརྱ་དེ་བ། ཉི་ལྕམ་རིན་ [265b] གྲགས། ཚུལ་ཁྲིམས་སྐྱབས། འཕགས་པ་སྐྱབས། གསེར་ལྡིང་པ། ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་བསོད་ནམས་རྒྱལ་མཚན། ལོ་ཙཱ་ནམ་བཟང་། རེ་མདའ་གཞོན་བློ། རྗེ་ཙོང་ཁ་པ། ཤེས་རབ་སེང་གེ །སྦྱིན་པ་དཔལ། དཔལ་ལྡན་བཟང་པོ། དགེ་འདུན་འཕེལ། བཀྲ་ཤིས་འཕགས། བསམ་གྲུབ་རྒྱལ་མཚན། བརྩོན་འགྲུས་འཕགས། སངས་རྒྱས་རྒྱ་མཚོ། ཁྲི་དཔལ་འབྱོར་རྒྱ་མཚོ། བློ་བཟང་ཤེས་རབ། འཇམ་དབྱངས་བཞད་རྡོར། ཁྲི་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ། ཁྲི་ངག་དབང་མཆོག་ལྡན། བསོད་ནམས་བཟང་པོ། ངག་དབང་དོན་གྲུབ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ལའོ། དེ་མིན་གོང་དང་འདྲ། གི ༽ སྒྲུབ་ཐབས་མདོར་བྱས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཤྲརྔྷ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཚིགས་བཅད་མ། གུ་ཎ་ཨཱ་ཀ་ར་དང་། རང་བཞིའི་བཤེས་གཉེན་གྱི་འགྱུར་ལ། ཀ་ན་ཀ་ཝརྨ་དང་། པ་ཚབ་ཀྱིས་བཅོས་པ། [266a] བྱང་ཆུབ་སེམས་འགྲེལ་ལྷུག་པ། ཛ་ཡ་ཨ་ནནྡཱ་དང་། ཁུ་མདོ་འབར་གྱི་འགྱུར། རྫོགས་རིམ་རིམ་ལྔ་ཀླུ་སྒྲུབ་ཀྱིས་མཛད་པ། ཤྲརྔྷ་ཀ་ར་ཝརྨ་དང་། རིན་བཟང་གི་འགྱུར་ལ། ཀ་པ་ལ་གུཔྟ་དང་། རིན་བཟང་གིས་བཅོས་པ། ཀླུ་བྱང་གིས་མཛད་པའི་བསྐྱེད་རིམ་རྣམ་བཞག་རིམ་པ་དང་། དཀྱིལ་ཆོག་ཉི་ཤུ་པ་ཐིག་བུམ་དང་། པ་ཚབ་ཀྱི་འགྱུར། གསང་འདུས་དཀྱིལ་ཆོག་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། ཤཱཀྱ་ཤྲཱི་བྷ་དྲ་དང་། ཀུན་དགའ་རྒྱལ་མཚན་གྱི་འགྱུར་བཅས་སོ། །དེ་དག་རྣམས་ལས་སྒྲུབ་ཐབས་མདོར་བྱས། དཀྱིལ་ཆོག་ཉི་ཤུ། སྒྲ་གཅན་འཛིན་གྱིས་མཛད་པའི་དཀྱིལ་ཆོག་བཅས་ཀྱི་ལུང་བརྒྱུད་ནི། དཔལ་མགོན་ཀླུ་སྒྲུབ་ཀྱིས། འཕགས་པ་ལྷ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་གྲགས་བཅས་ལ་གནང་། དེ་བཞི་ཀ་ལས། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། དཱི་པཾ་ཀ་ར། དེ་ཝ་ཨ་ཀ་ར། བིདྱཱ་དྷ་ར། དེས་བཙུན་མོ་ཅན་པ། རྡོ་རྗེ་གདན་གྱི་ནག་པོ་པ། མངོན་ཤེས་ཅན་གསུམ་ལ་གནང་། དེ་གསུམ་ལས། ལོ་ཙཱ་བ་ [266b] རྟ་ནག་འགོས་ཀྱིས་ཞུས། དེ་ནས་ཡང་རི་བ། རྔོག་ཡེ་སེང་། རྔོག་ཉི་སེང་། རྔོག་མུ་ནི། ཀླག་རྩ་ཉི་ལྕེ། རྔོག་ཨཱརྱ་དེ་བ། མཁན་ཆེན་འཕགས་སྐྱབས། གསེར་ལྡིང་པ། དགེ་ལྡིང་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་རྒྱན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། བསོད་ནམས་སེང་གེ ། དབང་ཕྱུག་གྲུབ་པ། འདྲེན་མཆོག་རཏྣ་ཝརྟ། མུས་ཆེན་སངས་རྒྱས་རིན་ཆེ། བདག་ཆེན་ངག་གི་དབང་ཕྱུག །སྤྱན་སྔ་དཀོན་མཆོག་རྒྱ་མཚོ། པཎ་ཆེན་དཀོན་མཆོག་ཆོས་གྲགས། ཕྱོགས་ལས་རྣམ་རྒྱལ། ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་འབྱུང་། འཇམ་དབྱངས་ཀུན་དགའ་བསྟན་འཛིན། དགེ་ལེགས་རྒྱལ་མཚན། ཀློང་རྡོལ་བླ་མ་ལའོ། །ཡང་ཀླུ་སྒྲུབ་ཀྱི་རིམ་ལྔ་དང་། བསྐྱེད་རིམ་རྣམ་བཞག་བཅས་ཀྱི་ལུང་བརྒྱུད་ནི། སློབ་དཔོན་ཀླུ་སྒྲུབ། མ་ཏཾ་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། མཚུར་དབང་རྡོར། འཁོན་གད་པ་ཀིརྟི། བྱ་སྒང་བསོད་རིན། ཚུལ་ཁྲིམས་སྐྱབས། འཕགས་ [267a] པ་སྐྱབས། གསེར་ལྡིང་གཞོན་འོད། དགེ་སྡིང་གཞོན་འོད། ཇོ་ཆོས་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། ཁྱུང་པོ་ལྷས་པ། རྗེ་ཙོང་ཁ་པ། རྗེ་ཤེར་སེང་། སྦྱིན་པ་དཔལ། གྲགས་པ་བཟང་པོ། རྗེ་བཀྲ་ཤིས་རྒྱལ་མཚན། རྗེ་ཤེར་བཟང་། ནམ་རྒྱལ་དཔལ་བཟང་། སྟག་ལུང་གྲགས་བློ་རྒྱ་མཚོ། རྗེ་ངག་དབང་ཆོས་གྲགས། ངག་དབང་ཆོས་རྒྱན། བསྟན་འཛིན་ལེགས་བཤད། དཔལ་ལྡན་རྒྱལ་མཚན། དམ་ཆོས་རྣམ་རྒྱལ། བློ་བཟང་དོན་ཡོད། བློ་བཟང་རྣམ་རྒྱལ། བློ་བཟང་ནོར་བུ། ཤེས་རབ་རྒྱ་མཚོ། བློ་གྲོས་རྒྱ་མཚོ། སྦྱིན་པ་རྒྱ་མཚོ། དཔལ་འབྱོར་རྒྱ་མཚོ། དོན་གྲུབ་རྒྱ་མཚོ། དགེ་འདུན་ཕུན་ཚོགས། ངག་དབང་མཆོག་ལྡན། རྒྱལ་བ་སྐལ་བཟང་རྒྱ་མཚོ། ཀློང་རྡོལ་བླ་མ་ལའོ། །བྱང་ཆུབ་སེམས་འགྲེལ་གྱི་བརྒྱུད་པའང་གོང་དང་འདྲ། ཐུ༽ དཀྱིལ་མཆོག་རྡོ་རྗེ་ཕྲེང་བ་སློབ་དཔོན་ཨ་བྷ་ཡ་ཀཱ་རས་མཛད་པ། དེ་ཉིད་དང་། ཁེར་གད་བནྡེ་འཁོར་གྲགས་ཀྱི་འགྱུར། རྫོགས་པའི་རྣལ་འབྱོར་ཕྲེང་བ་ཤླཽ་ཀ་ཉིས་བརྒྱ་ཨ་བྷ་ཡ་ཀ་རས་མཛད་པ། ཐམས་ [267b] ཅད་མཁྱེན་པ་དཔལ་བཟང་པོའི་རང་འགྱུར། སྦྱིན་སྲེག་ཆོ་ག་འོད་ཀྱི་སྙེ་མ་མཛད་འགྱུར་གོང་དང་འདྲ། དེ་ལྟར་ཕྲེང་བ་སྐོར་གསུམ་གྱི་བརྒྱུད་པ་ནི། མཛད་པ་པོ་ནས། ཨ་ནུ་ས་མ་རཀྵི་ཏ། རྣམ་པར་གྲགས་པའི་ལྷ། པཎ་ཆེན་ཤཱཀྱ་ཤྲཱི། དབོན་ཆུང་ཐུ་མི་ཤྲཱི། དེ་སྲས་བི་མ་ལ་ཤྲཱི། མང་མཁར་ལོ་ཙཱ་བ་བྱང་ཆུབ་སེང་གེ །སྐྱི་སྟོན་གྲགས་རྒྱན། དོལ་པོ་ཤེར་རྒྱན། མ་ཏི་ཤེར་རྒྱན། མ་ཏི་པཎ་ཆེན། འཕགས་པ་གཞོན་བློ། ངོར་ཆེན་ཀུན་དགའ་བཟང་པོ། འཇམ་དཔལ་རྡོ་རྗེ། བསོད་ནམས་སེང་གེ །རྡོ་རྗེ་སེང་གེ །ཤཱཀྱ་འོད་ཟེར། སངས་རྒྱས་སེང་གེ ། བྲང་ཏི་ནམ་མཁས་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་བཟང་། བྱམས་པ་ངག་ལྷུན། རབ་སྨད་པ་ཀུན་དགའ་ལྷུན་གྲུབ། འཇམ་དབྱངས་རྒྱ་མཚོ། དགེ་འདུན་རྒྱ་མཚོ། འཇམ་བཞད་དཀོན་མཆོག་འཇིགས་མེད། ཞང་ཞུང་ཡེ་ཤེས་མཐའ་ཡས། ཀློང་རྡོལ་བླ་མ་མན་གོང་དང་འདྲ། དུ༽ དཔལ་བ་རི་བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ། ཆོས་ཀྱི་རྣམ་གྲགས་པ། ཆོས་ཀྱི་རྣམ་གྲངས་གོ་གསུམ་བཞུགས་པ་ [268a] དང་། ལོ་ཙཱ་གྲགས་པ་རྒྱལ་མཚན་གྱི་འགྱུར། བོད་སྤར་ཤོག་གྲངས་རེ་དགུའི་བར་ཡོད། ཆོས་ཀྱི་རྣམ་གྲངས་ཁ་གསལ་དགོས་ཚེ་དཀར་ཆག་ཏུ་གསལ། མཆན། སྒྲུབ་ཐབས་ཀུན་ལས་བཏུས་པ་ཆོས་ཚན་ཉིས་བརྒྱ་དང་ཞེ་གཉིས་ཡོད་པ་བཅས་སོ། བོད་སྤར་ཤོག་གྲངས་རེ་དགུ་ནས་སུམ་བརྒྱ་བཞིའི་ཁོངས་ཚང་། འདི་ཡང་དཀར་ཆག་ཏུ་གཟིགས་དགོས། མཆན། མ་ལྔ། བར་འདིར་ཁ་ཤས་མ་རྙེད་མཆན། དེ་གཉིས་ལས་བ་རི་བརྒྱ་རྩའི་ལུང་བརྒྱུད་ནི། བ་རི་བ་རིན་ཆེན་གྲགས། ས་སྐྱ་པ་གོང་མ་ལྔ། ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ །ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། དཔལ་ལྡན་ལེགས་མཆོག་རྒྱལ་མཚན། སངས་རྒྱས་ཕུན་ཚོགས་རྒྱལ་མཚན། བསོད་ནམས་དབང་ཕྱུག །རྗེ་ངག་དབང་མཐར་ཕྱིན། བླ་མ་དགེ་ལེགས་རྒྱ་མཚོ། ཀློང་རྡོལ་བླ་མའི་ལའོ། །སྒྲུབ་ཐབས་རྒྱ་མཚོ་ཀུན་ལས་བཏུས་པའི་ལུང་བརྒྱུད་ནི། གྲུབ་ཆེན་ཨ་བྷྱ་ཀ་ར། ཤུ་པ་ཀ་ར་གུ་པ་ཏ། ཕུ་ཛི་རི་གུ་པཏ། རཏྣ་ཀྵི་ཏ། གི་ཏཾ་ཀྵི་ཏ། གི་ཏཾ་ཤྲཱི། པཎྜི་ཏ་ཀིརྟི་ཙནྡྲ། ལོ་ཙཱ་གྲགས་པ་རྒྱལ་ [268b] མཚན། རྒྱལ་མཚན་རིན་ཆེན། བསོད་ནམས་རྒྱལ་མཚན། བཀའ་བཅུ་གཞོན་སེང་། བླ་མ་མགོན་འབུམ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་རྒྱན། ངོར་ཆེན་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ ། རཏྣ་ཝརྟ། ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ ། ཐར་རྩེ་ནམ་མཁའ་དཔལ་བཟང་། རྗེ་ནམ་མཁའ་སངས་རྒྱས། བསོད་ནམས་རྒྱ་མཚོ། རྗེ་ཨེ་ཝཾ་ཆོས་སྐྱོངས། བསོད་ནམས་དབང་ཕྱུག །ངག་དབང་མཐར་ཕྱིན། བླ་མ་དགེ་ལེགས་རྒྱ་མཚོ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་ཕྱོགས་ལས་རྣམ་རྒྱལ། ཁྲི་ངག་དབང་སྙན་གྲགས། ངག་དབང་བྱམས་པ། མཁན་དགེ་འདུན་དར་རྒྱས། རྒྱལ་སྲས་གཞན་ཕན་མཐའ་ཡས་མན་གོང་བཞིན་ནོ། །ཡང་ན་ལུང་སྤྱིར་ཀློང་རྡོལ་བླ་མའི་བར་རང་རང་ལྟར་ལས། དེ་ནས་རྒྱུད་སྨད་ཆོས་ལྡན་ཤེས་རབ། ཁྱི་ངག་དབང་སྙན་གྲགས་སོགས་ནས་བརྒྱུད་ཚུལ་གོང་ལྟར་ཀུན་ལ་འགྲེའོ། །བུ༽ རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ན་ལེནྡྲའི་པཎྜི་ཏ་ཆེན་པོ་སྒེག་པ་རྡོ་རྗེས་མཛད་ [269a] པའི་རིན་པོ་ཆེ་པར་བཀབ་ཀྱི་ལུང་གི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རིགས་གསུམ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ ཨིནྡྲ་བྷུ་ཏ། སིདྷ་ར་ཛ། ཨུ་པ་རཱ་ཛ། གོ་མ་དེ་བཱི། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། རྒྱལ་པོ་པྲ་ཧསྟི། སངས་རྒྱས་གསང་བ། སྒེག་པ་རྡོ་རྗེ། བི་མ་ལི་མི་ཏྲ། རྨ་རིན་ཆེན་མཆོག །དེ་ལ་གཙུག་གྱེར་རྣམ་གཉིས་ཀྱིས་གསན། གཉིས་ཀ་ལ་ཁྱུང་པོ་དབྱིག་འོད། དེས་ཞང་རྒྱལ་བའི་ཡོན་ཏན། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས། དེ་ནས་སོ་ཡེ་ཤེས་དབང་ཕྱུག །ངབ་ཐུབ་བྱང་རྒྱལ། ཀོར་ཐུང་ཤེར་ཡེ། ར་ཐུང་ཡེ་ཚུལ། ཉང་ཤེར་མཆོག །ཉང་ཡེ་འབྱུང་། ཟུར་ཆེན། ཟུར་ཆུང་། གླན་ཤཱཀ་བཟང་། སྒྲོ་ཕུག་པ། དེ་ལ་གཙང་པ་བྱི་སྟོན་དང་། ཉེ་སྟོན་ཆོས་སེང་གཉིས་ཀས་གསན། གཉིས་ཀ་ལས་གཙང་ནག་འོད་འབར། མེ་སྟོན་མགོན་པོ། སྲོ་ཆེན་ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ་འབུམ། མདའ་ཤཱཀྱ་འཕེལ། ཟུར་བྱམས་སེང་། སྒྲོལ་ཆེན་བསམ་རྡོར། སངས་རྒྱས་རིན་ཆེན། [269b] འགོས་ལོ་གཞོན་དཔལ། སྤྱན་སྔ་ཆོས་གྲགས། འབྲི་གུང་པ་རཏྣ། རང་གྲོལ་ཉི་ཟླ་སངས་རྒྱས། འཁོན་ཚེ་དབང་ནོར་རྒྱས། འཁོན་དཔལ་འབྱོར་ལྷུན་གྲུབ། ཟུར་བཀྲ་ཤིས་ཀུན་དགའ། གསང་བདག་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་ཨོ་རྒྱན་ཆོས་གྲགས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌཱི་ཡ་ན། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། པདྨ་ཡོན་ཏན་རྒྱ་མཚོ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་པའི་ཉི་མ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་རབ་འབྱམས་ཨོ་རྒྱན་ཆོས་གྲགས་ནས། ང་ཕོད་པདྨ་བསྟན་འཕེལ། སྒོམ་སྤྲུལ་པདྨ་དབང་རྒྱལ། དགེ་སློང་ཨོ་རྒྱན་ཕུན་ཚོགས། པད་སྤྲུལ་པདྨ་དབང་རྒྱལ། རྡོ་རྗེ་ལྷུན་གྲུབ་རྩལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། བཤེས་གཉེན་པདྨ་བཟང་པོ། གཏེར་སྲས་ཚེ་དབང་ནོར་བུ། ངེས་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་དང་། རྡོར་འཛིན་ཤེས་རབ་བསྟན་དར། དེ་གཉིས་ཀས་རྡོར་ [270a] འཛིན་བདེ་ཆེན་ཆོས་འཛིན། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །སྒྱུ་འཕྲུལ་ལམ་རིམ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལེའུ་དགུ་པ། པཎྜི་ཏ་དེ་ཉིད་དང་གཉགས་ལོས་མང་ཡུལ་ཁྲི་བབས་སུ་བསྒྱུར་བ་ལས། སླར་ཡང་བི་མ་ལ་དང་། གཉགས་ལོས་བཅོས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། ཕྱག་རྡོར། དྲ་མ་ལྔ། རྒྱལ་པོ་ཛཿ དགེ་སློང་ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། སེངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ། སངས་རྒྱས་གསང་བ། བི་མ་ལ། གཉགས་ཀུ་མཱ་ར། སོག་པོ་དཔལ་ཡེ། སངས་རྒྱས་ཡེ་ཤེས། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་བ། ཟུར་ཆེན། ཟུར་ཆུང་། ཐུགས་སྲས་ཀ་ཆེན་བཞི། རྗེ་སྒྲོ་ཕུག་པ། གཡུ་སངས་རྒྱས། རྒྱ་སྟོན་དགའ་སྒྲུབ། གཡུ་ཆོས་མགོན། གཡུ་ཡེ་ཤེས་རྒྱལ་མཚན། ལྕེ་སྒྲུབ་པ་འབུམ། ཟུར་བྱམས་སེང་། སྒྲོལ་ཆེན་བསམ་རྡོར། སངས་རྒྱས་རིན་ཆེན། ཆོས་གྲགས་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་རིན་རྒྱན། ཡང་ན། [270a] སྒྲོན་ཆེན་སངས་རྒྱས་རིན་ནས། འགོས་ལོ་གཞོན་ནུ་དཔལ། ལོ་ཆེན་བསོད་ནམས་རྒྱ་མཚོ། སེ་རིན་རྒྱན། དེ་ནས་སྐྱི་སངས་དབང་། སྐྱི་ལེགས་ལྡན་བཀྲ་ཤིས། སྐྱི་འགྲོ་མགོན། སྐྱི་རིན་ཆེན་ཕུན་ཚོགས། སྐྱི་པདྨ་དབང་ཆེན། རིག་འཛིན་གཏེར་བདག་གླིང་པ་མན་གོང་གི་སྤར་བཀབ་ལྟར་ལ། ཁྱབ་བདག་མཁན་ཆེན་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མའི་ཞལ་སྔ་ནས། བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པའོ།། །།