གསང་སྔགས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་སྐོར་ཇི་ལྟར་ནོས་པའི་ཚུལ།

From Dudjom Wiki
DJYD-KABUM-21-ZHA-010
Wylie title gsang sngags snga 'gyur rgyud 'bum rin po che'i skor ji ltar nos pa'i tshul DJYD-KABUM-21-ZHA-010.pdf
Location bdud 'joms rin po che bka' 'bum
Volume 21, Text 10, Pages 379-464 (Folios 190a1 to 232b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. gsang sngags snga 'gyur rgyud 'bum rin po che'i skor ji ltar nos pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 379-464. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rnying ma brgyud 'bum skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [190a] ཨོཾ་སྭསྟི། ད་ནི་གསང་སྔགས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་སྐོར་ཉིད་ཇི་ལྟར་ནོས་པའི་ཚུལ་ཐེག་པ་ཡས་བབས་ཀྱི་ལུགས་སུ་འགོད་པ་ལ། མན་ངག་ཨ་ཏི་ཡོ་ག །ལུང་ཨ་ནུ་ཡོ་ག །རྒྱུད་མ་ཧཱ་ཡོ་ག་སྟེ། རྒྱུད་ལུང་མན་ངག་གསུམ་དུ་བཞུགས་པའི། དང་པོ་ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོར་སྟོན་པ་ཨ་ཏི་ཡོ་ག་ལ་ནང་གསེས་སུ། གསང་བ་མན་ངག་གི་སྡེ། ནང་ཀློང་གི་སྡེ། ཕྱི་སེམས་ཀྱི་སྡེ་དང་གསུམ་ལས། དང་པོ་ལའང་ཤིན་ཏུ་གསང་བ་ཡང་གསང་བླ་ན་མེད་པའི་སྐོར། གསང་སྐོར། ནང་སྐོར། ཕྱི་སྐོར་དང་བཞིའི། དང་པོ་ལ། ཡང་ཏི། སྤྱི་ཏི། ཡང་གསང་བླ་ན་མེད་པ་དང་གསུམ་གྱི། དང་པོ་རྫོགས་པ་ཆེན་པོ་ཡང་ཏིའི་སྐོར་ལ། ཀ༽ རྫོགས་པ་ཆེན་པོ་ཡང་ཏི་ཡོ་ག་མ་རྒྱུད་སྤྲོས་བྲལ་དོན་གསལ་ཆེན་པོ་སེམས་ཅན་སངས་རྒྱས་སུ་མཉམ་པར་སྦྱོར་བའི་རྒྱུད་ལེའུ་བརྒྱ་དང་ཉེར་གསུམ་པ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་སྒྲ་རང་འགྱུར་དུ་མཛད་པ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སོ་དགུ་པ་ཤྲཱི་བཛྲ་གྱིས་བཤད་ཅིང་དཔལ་ཧེ་རུ་ཀས་བསྒྱུར་བ། [190b] རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ཕབ་པ། ནམ་མཁའ་འབྲུག་སྒྲོགས་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལེའུ་བཅུ་པ་སློབ་དཔོན་པདྨ་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། ལྟ་བ་ལ་ཤན་རིན་ཆེན་སྒྲོན་མ་ལེའུ་བཅུ་བཞི་པ། རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན་པ་འཇམ་དཔལ་འདུས་པའི་རྒྱུད་ལས་བཏུས་པ། རྩ་རླུང་གི་རྩ་བ་ཞེས་པ་རྫོགས་སོའི་མཐའ་ཅན། སྲོག་གི་འཁོར་ལོའི་རྒྱུད། བརྒྱུད་པ་གསུམ་པ་ལྟ་བ་ལ་ཐལ་གྱི་རྒྱུད། སྣང་བྱེད་སྤུ་གྲིའི་རྒྱུད། ཀུན་ཏུ་བཟང་པོ་སྲོག་གི་ཐིག་པ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། ཐིག་ལེ་མཐོང་བརྡོལ་ཡང་ཏི་ནག་པོའི་རྒྱུད། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལེའུ་ཉེར་བཞི་པ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལེའུ་ཉེར་གཅིག་པ་རྣམས་ལོ་པཎ་གོང་མཚུངས། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་མཆོག་ [191a] རྒྱལ་པོའི་རྒྱུད་ཕྱི་མ་ལེའུ་ཉེར་བརྒྱད་པ་སློབ་དཔོན་པདྨ་དང་ལོ་ཙཱ་བ་ནམ་མཁའི་སྙིང་པོས་བསྒྱུར་བ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས་ཅད་ཀྱི་དམ་ཚིག་གི་རྒྱུད་ལེའུ་ཉེར་བདུན་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལེའུ་བརྒྱད་ཅུ་གཅིག་པ་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་བ། རྫོགས་པ་ཆེན་པོ་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་རིག་པའི་རྒྱུད་ལེའུ་ཉི་ཤུ་བཞི་པ། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའི་ཀློང་ཡངས་ཀྱི་རྒྱུད་ལེའུ་ང་གསུམ་པ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལེའུ་དྲུག་ཅུ་ལྔ་པ། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སྐུ་དོན་འདུས་རིག་པའི་གསུང་ལེའུ་དྲུག་ཅུ་རྩ་བདུན་པ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ [191b] ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་པོ་ཆེ་གསེར་གྱི་ཡང་ཞུན་ཞེས་བྱ་བ་ལེའུ་སོ་བདུན་པ་རྣམས་ལོ་པཎ་གོང་མཚུངས། ཁ༽ རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་བཅུ་གཉིས་པ་བི་མ་ལ་མི་ཏྲ་དང་གཉགས་ཛྙཱ་ན་ཀུ་མཱ་ར་དྲན་པ་ཡེ་ཤེས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། རྫོགས་པ་ཆེན་པོ་ངེས་དོན་རིག་པའི་གསུང་རང་བྱུང་བདེ་བའི་འཁོར་ལོ་ལེའུ་སོ་གསུམ་པ། རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་སེལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལེའུ་ཞེ་གཅིག་པ་རྣམས་ལོ་པཎ་གོང་མཚུངས། རྫོགས་ཆེན་ལྟ་བའི་སྙིང་རྒྱུད་ལེའུ་ཉེར་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ། དེའི་རྒྱུད་ཕྱི་མ་ལེའུ་བཞི་པ། དེའི་ཕྱི་མའི་ཡང་ཕྱི་མ་ལེའུ་བཞི་པ་རྣམས་ཤྲཱི་སིདྷ་དང་ཡང་དབང་གཏེར་གྱིས་བསྒྱུར་བ། ཡེ་ཤེས་འཁོར་ལོའི་རྒྱུད་ལེའུ་བདུན་པ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ་པ། འཇམ་དཔལ་འདུས་པའི་རྒྱུད་ལེའུ་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་ [192a] གཅིག་པའི་རྒྱུད་ལེའུ་བཅུ་གསུམ་པ་རྣམས་བི་མ་ལ་དང་ཉང་ཏིང་འཛིན་བཟང་པོས་བསྒྱུར་བ། གཉིས་པ་རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་ལ། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིག་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ་སློབ་དཔོན་པདྨས་བཤད་ཅིང་། ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་ཐ་དྲས་ཐག་གཅོད་པ་སྤྲོས་གཅོད་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ། སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ལེའུ་བཅོ་ལྔ་པ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བ་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་སོ་ལྔ་པ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་འདུས་ཀྱི་རྒྱུད་ལེའུ་བཅུ་པ། གཏེར་སྙིང་རིན་པོ་ཆེ་སྤུངས་པའི་རྒྱུད་ལེའུ་དགུ་པ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད་ལེའུ་བཅུ་བདུན་པ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉེར་གཉིས་པ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ཉི་ཤུ་པ། ཐུགས་ཀྱི་ [192b] ཡང་སྙིང་དགོངས་པའི་བཅུད་འདུས་པ་བཀའ་བརྒྱུད་རྣམས་ཀྱི་གསང་དོན་བཅུད་དྲིལ་བ་མ་རིག་མུན་སེལ་ཉི་ཟླ་འབར་བའི་རྒྱུད་ལེའུ་གསུམ་པ། ག༽ རི་བོ་བརྩེགས་པའི་རྒྱུད་ལེའུ་ཉེར་གཅིག་པ། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ་ལེའུ་བཅུ་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་རྒྱུད་ལེའུ་གྱ་གཅིག་པ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལེའུ་བཅུ་པ་རྣམས་ལོ་པཎ་གོང་མཚུངས། གསུམ་པ་ཡང་གསང་བླ་ན་མེད་པའི་སྐོར་ལ། སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ་དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལེའུ་ཉེར་ལྔ་པ། རྫོགས་པ་རང་བྱུང་གི་རྒྱུད་དུམ་བུ་བཅུ་གཉིས་པ་རྫོགས་སོའི་མཐའ་ཅན། ཡི་གེ་མེད་པའི་རྒྱུད་ཆེན་པོ་རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོས་གདུང་རྒྱུད། ལྟ་བ་ནམམཁའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་དྲུག་པ་རྣམས་བི་མ་ལ་དང་། ཉང་ཏིང་འཛིན་བཟང་པོས་བསྒྱུར་བ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལེའུ་བརྒྱད་ཅུ་གྱ་དྲུག་པ་བི་མ་ལ་མི་ཏྲ་དང་སྐ་ཅོག་གསུམ་གྱིས་དཔལ་བསམ་ཡས་སུ་བསྒྱུར་བ། རིག་ [193a] པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་པ། རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོའི་མཐའ་ཅན་བི་མ་ལ་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ལེའུ་གསུམ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལེའུ་དྲུག་པ་རྫོགས་པ་ཆེན་པོ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བཀོད་པ་རྫོགས་སོའི་མཐའ་ཅན་བི་མ་ལ་དང་ཉང་གི་འགྱུར། ང༽ བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་ལེའུ་བརྒྱད་པ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་གསུངས་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ལེའུ་བཞི་པ། ངོ་སྤྲོད་རིན་པོ་ཆེ་སྤྲས་པ་ཞིང་ཁམས་བསྟན་པའི་རྒྱུད་ལེའུ་གསུམ་པ། མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བརྒྱད་པ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་སྐབས་དྲུག་པ། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལེའུ་བཞི་པ། ཉི་མ་དང་ཟླ་བ་ཁ་སྦྱོར་པ་ཆེན་པོ་གསང་བའི་རྒྱུད་ལེའུ་བཞི་པ། སེངྒེ་ [193b] རྩལ་རྫོགས་ཆེན་པོའི་རྒྱུད་ལེའུ་བཅུ་གསུམ་པ། ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ལེའུ་བཅུ་བཞི་པ་རྣམས་བི་མ་ལ་དང་དཔལ་བརྩེགས་ཀྱིས་བསྒྱུར་བ་བཅས། འདི་དག་རྣམས་ནི་གསང་བ་བླ་ན་མེད་པའི་རྒྱུད་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་སྙིང་པོ་ལས་ཀྱང་ཆེར་སྙིང་པོར་གྱུར་པ་གསང་ཆེན་ངེས་པའི་རྒྱུད་ཆེན་བཅུ་བདུན་དུ་གྲགས་པ་སྟེ། འདི་དང་འབྲེལ་བར་ཁྲོས་ནག་གསང་བའི་སྙིང་རྒྱུད། ཚངས་པར་སྤྲུལ་ནས་གསུངས་པའི་རྒྱུད། ཡང་སྤྲུལ་མུ་སྟེགས་བདུད་དུ་སྤྲུལ་ནས་གསུངས་པའི་རྒྱུད་དེ་ནག་མོ་ཁྲོས་མའི་རྒྱུད་གསུམ་འདི་ཤིན་ཏུ་བཀའ་གཉན་པས་དཔེ་རྒྱུན་ཟུར་དུ་བཞུགས་ལ། ལུང་རྒྱུན་ནི་དཀྱུས་བཞིན་ནོ། །རྒྱུད་ཀྱི་ཁོག་སྙིང་སྡེབ་པ་གསལ་བའི་ལྡེ་མིག་ཅེས་བྱ་བ་གསང་བའི་ཐེམ་རྫོགས་སོའི་མཐའ་ཅན་བི་མ་ལ་དང་ཉང་གིས་བསྒྱུར་བ། གཉིས་པ་གསང་སྐོར་ལ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་འགྲེལ་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལེའུ་གོ་བདུན་པ་རྒྱ་གར་གྱི་མཁན་པོ་དཔལ་ལྡན་སེངྒེའི་འོད་ཅན་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ། ཡེ་ [184a] ཤེས་མར་མེའི་རྒྱུད་ལེའུ་གསུམ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད་ལེའུ་གསུམ་པ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ། སྐུའི་རྒྱུད་པདྨ་འཁྱིལ་བ་ལེའུ་ཉེར་གཅིག་པ་རྣམས་བི་མ་ལ་དང་དཔལ་བརྩེགས་ཀྱིས་བསྒྱུར་བ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་བྱ་བ་ལེའུ་དང་པོའི་མཐའ་ཅན། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལེའུ་གཉིས་པའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་མུན་པའིས་སྒྲོན་མ་ཞེས་བྱ་བ་ལེའུ་གསུམ་པའི་མཐའ་ཅན། རིན་པོ་ཆེ་དྲྭ་བའི་མཛོད་ལེའུ་བཞི་པའི་མཐའ་ཅན། རིན་པོ་ཆེ་སྤྱི་བཅིངས་ཀྱི་མན་ངག་ལེའུ་ལྔ་པའི་མཐའ་ཅན། རྡོ་རྗེ་སེམས་དཔའི་རིན་པོ་ཆེའི་ཟ་མ་ཏོག་སྤྲས་པའི་མན་ངག་ལེའུ་དྲུག་པའི་མཐའ་ཅན། བྱང་ཆུབ་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ་ལེའུ་བདུན་པའི་མཐའ་ཅན། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལྔ་གདམས་པར་བཞག་པ་ཞེས་བྱ་བ་ལེའུ་བཅུ་པའི་མཐའ་ཅན། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལེའུ་བདུན་པ་རྣམས་བི་མ་ལ་དང་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་བ། རྫོགས་པ་ཆེན་པོ་བྱང་ཆུབ་ [194b] ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལེའུ་ལྔ་པ། རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལེའུ་གྲངས་མེད་པ་གཉིས་བི་མ་ལ་དང་དཔལ་བརྩེགས་ཀྱི་འགྱུར། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེའི་མཆུ་ཅན་གྱི་རྒྱུད་ཅེས་བྱ་བ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལེའུ་བདུན་པ་བི་མ་ལས་གདམས་སོའི་མཐའ་ཅན་རྣམས་སོ། །གསུམ་པ་ནང་སྐོར་དང་། བཞི་པ་ཕྱི་སྐོར་གྱི་མན་ངག་སྡེ་གཉིས་ཀའི་རྒྱུད་ཕལ་ཆེར་ཐུན་མོང་དུ་གྱུར་པ་དེ་དག་གི་སྐོར་ལ། རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད་ལེའུ་བཅུ་དྲུག་པ ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལེའུ་སུམ་ཅུ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད་ལེའུ་བཅུ་དྲུག་པ། ཅ༽ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་ལེའུ་སོ་གསུམ་པ་རྣམས་བི་མ་ལ་དང་གཉགས་ཀྱིས་བསྒྱུར་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལེའུ་དགུ་པ་པཎ་ཆེན་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ནས་རྒྱལ་པོ་ལ་གཏད། དེས་ཉང་ཏིང་འཛིན་ལ་གཏད་པ་འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ལེའུ་ [195a] དྲུག་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ལེའུ་བཅུ་གཅིག་པ་བི་མ་ལས་མངའ་བདག་ལ་གདམས་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ། རྡོ་རྗེ་ཡང་ཏོག་གི་རྒྱུད་ལེའུ་བཅོ་ལྔ་པ་པདྨ་འབྱུང་གནས་ཀྱི་ནམ་མཁའི་སྙིང་པོ་ལ་གདམས་པ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལེའུ་ཉེར་གསུམ་པ་པདྨས་རྗེ་འབངས་གྲོགས་གསུམ་ལ་གདམས་པ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་གསུམ་པ་རྫོགས་སོའི་མཐའ་ཅན། འབྱུང་པོ་ཀུན་འདུལ་གྱི་རྒྱུད་ལེའུ་སོ་གཉིས་པ་རྫོགས་སོའི་མཐའ་ཅན། ལྷ་རྒྱུད་དབང་རིན་པོ་ཆེ་འཁོར་ལོ་ལེའུ་བཅུ་གསུམ་པ་རྣམས་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། རྡོ་རྗེ་གསང་བ་ཆེན་པོ་སྐུ་རིན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ་ལེ་མེད་གྲུ་གུ་སྨོན་སེང་ནས་བསྒྱུར་བ། གཉིས་པ་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལེའུ་བཞི་བཅུ་རྩ་བརྒྱད་པ་དང་། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལེའུ་བཅུ་བདུན་པ་རྒྱ་གར་གྱི་སློབ་དཔོན་མཁས་པ་ [195b] ཤྲཱི་སེང་ཧ་དང་བོད་ཀྱི་བནྡྷེ་བཻ་རོ་ཙ་ནས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པར་རང་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའི་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་ཉེར་བདུན་པ་རྣམས་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་ངྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བ། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་མན་ངག་གི་རྒྱུད་གཏན་ལ་ཕབ་པ། རིན་པོ་ཆེ་འཁོར་ལོའི་རྒྱུད་ལེའུ་བརྒྱད་པ། ཡེ་ཤེས་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ་རྣམས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ་བི་མ་ལ་དང་གཡུ་སྒྲ་སྙིང་པོས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོའི་རྒྱུད་ལེའུ་བཅུ་གཉིས་པ་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་བསྒྱུར་བ། གསུམ་པ་སེམས་སྡེའི་སྐོར་ལ། ཀུན་ [196a] བྱེད་རྒྱལ་པོའི་སྐོར་དང་། སེམས་སྨད་བཅོ་བརྒྱད་ཀྱི་སྐོར་དང་། དེར་མ་འདུས་པའི་སེམས་སྡེ་སྤྱིའི་སྐོར་དང་གསུམ་པ་ལས། དང་པོ་ནི། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལེའུ་ལྔ་བཅུ་རྩ་བདུན་པ་ཤྲཱི་སེང་ཧ་པྲ་བྷ་དང་བཻ་རོ་ཙ་ནས་བསྒྱུར་བ། དེའི་རྒྱུད་ཕྱི་མ་གོང་གི་འཕྲོས་ལེའུ་ང་བརྒྱད་ནས་བརྒྱད་ཅུ་རྩ་བཞིའི་བར་མཁན་པོ་དཔལ་གྱི་སེང་གེ་དང་བཻ་རོ་ཙ་ནས་བསྒྱུར་བ། ཆ༽ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་སུ་འདུས་པའི་མདོ་ལེའུ་བཞི་པ། དེའི་དོན་འགྲེལ་རྫོགས་སོའི་མཐའ་ཅན། རྣམ་པར་བགྲང་བའི་མདོ་ལེའུ་གསུམ་པ། ཕུན་སུམ་ཚོགས་པའི་མདོ་ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། བྱེ་བྲག་འབྱེད་པའི་མདོ་ལེའུ་གཅིག་པ་དོན་འགྲེལ་རྫོགས་སོའི་མཐའ་ཅན། ཁྱད་པར་འཕགས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། གོལ་སྒྲིབ་བསྟན་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། གཏན་ལ་འབེབས་པའི་མདོ་རྩ་བ་དང་དོན་འགྲེལ་རྫོགས་སོའི་མཐའ་ཅན། ངེས་པར་བསྟན་པའི་མདོ་རྩ་བ་དང་དོན་ [196b] འགྲེལ། ཐེག་ཡ་ཡས་འབུབས་ཀྱི་མདོ་དང་དོན་གྱི་འགྲེལ་པ་དགུ་པ་རྫོགས་སའི་མཐའ་ཅན། ཡོངས་སུ་རྫོགས་པའི་མདོ་རྩ་བ་དང་དོན་འགྲེལ་བཅུ་པ་རྫོགས་སོའི་མཐའ་ཅན། དོན་གྱི་འགྲེལ་པ་ལྔ་པ་རྫོགས་སོའི་མཐའ་ཅན། ཡོངས་སུ་གཏད་པའི་ལེའུ་མདོ་འགྲེལ་ཆེན་པོ་བཅུ་པ་རྫོགས་སོའི་མཐའ་ཅན། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དབ་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལེའུ་བདུན་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་བཅུ་གཅིག་པ། གཅོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅུ་བཞི་པ་རྣམས་ཤྲཱི་སེངྷ་དང་བཻ་རོས་བསྒྱུར་བ། གཉིས་པ་ [197a] སེམས་སྨད་བཅོ་བརྒྱད་ལ། བྱང་ཆུབ་སེམས་རྩལ་ཆེན་གྱི་རྒྱུད་ལེའུ་དགུ་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་ཁྱུང་ཆེན་གྱི་རྒྱུད་ལེའུ་བཅུ་པ་དང་། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ་བཻ་རོ་ཙ་ན་དང་ཛྙཱ་ན་གརྦྷས་བསྒྱུར་བ། བདེ་བ་རབ་འབྱམས། ནམ་མཁའི་རྒྱལ་པོ། རྩེ་མོ་བྱུང་རྒྱལ། སྲོག་གི་འཁོར་ལོ། བྱང་ཆུབ་ཀྱི་སེམས་བདེ་བའི་མྱུ་གུ། བྱང་ཆུབ་ཀྱི་སེམས་བདེ་བ་ཕྲ་བཀོད། བྱང་ཆུབ་ཀྱི་སེམས་རྫོགས་པ་སྤྱི་གཅོད་རྣམས་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་རྣམས་ཤྲཱི་སིདྷ་དང་བཻ་རོས་བསྒྱུར་བ། གསུམ་པ་སེམས་སྡེ་སྤྱིའི་སྐོར་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྡོ་རྗེ་ཐེག་པ་རྩ་བའི་རྒྱུད་ལེའུ་སུམ་ཅུ་པ་བཻ་རོས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པ་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་བསྡུ་བ་གསུངས་པའི་སྐབས་རྫོགས་སོའི་མཐའ་ཅན། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡེ་ཤེས་ཀུན་འབྱུང་བའི་རྒྱུད་ལེའུ་བརྒྱད་པ་རྣམས་ཤྲཱི་ [197b] སེང་ཧ་དང་བཻ་རོས་བསྒྱུར་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ་བི་མ་ལ་དང་གཡུ་སྒྲ་སྙིང་པོས་འགྲེལ་པ་དང་བཅས་པས་བཤད་པ། བྱང་ཆུབ་སེམས་ཀྱི་མན་ངག་རིན་པོ་ཆེའི་ཕྲེང་བ་བང་མཛོད་འཕྲུལ་གྱི་ལྡེ་མིག་ལེའུ་དྲུག་ཅུ་གཅིག་པ་རྫོགས་སོའི་མཐའ་ཅན། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལེའུ་བཅུ་བཞི་པ་ཚིག་ལེའུར་བྱས་པ་རྫོགས་སོའི་མཐའ་ཅན། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་པ་མ་ཚང་བ་ཁ་སྐོང་བ་རྫོགས་སོའི་མཐའ་ཅན་རྣམས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། འཁོར་ལོ་རྡོ་རྗེའི་རྒྱུད་ལེའུ་བཞི་པ་ཛྙཱ་ན་གརྦྷ་དང་བཻ་རོ་ཙ་ནས་བསྒྱུར་བ་ལ་ཕྱིས་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོའི་རྒྱུད་ལེའུ་བཅུ་པ་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གརྦྷ་དང་བཻ་རོ་ཙ་ནས་བསྒྱུར་བ་ལ་ཕྱིས་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལེའུ་གསུམ་པ་ཤྲཱི་སེང་ཧ་དང་བཻ་ [198a] རོས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་གྱི་རྒྱུད་ལེའུ་དྲུག་པ་བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་བཅུ་དགུ་པ་བི་མ་ལ་དང་གཡུ་སྒྲས་བསྒྱུར་བ། བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལེའུ་དྲུག་པ། ཆོས་ཆེན་པོ་རྨད་དུ་བྱུང་བ་ལེའུ་ཉི་ཤུ་པ་གཉིས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ་ཤཱི་ལེནྡྲ་མི་ཏྲ་དང་འཇིང་གསལ་འབར་གྱིས་བསྒྱུར་བ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་སུམ་ཅུ་རྩ་དགུ་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་ལེའུ་བཅུ་གཅིག་པ། བཀྲ་ཤིས་པའི་དཔལ་རིག་པའི་ཁུ་བྱུག་གི་རྒྱུད་ལེའུ་བདུན་པ་བཅས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་སིངྒ་ལའི་སློབ་དཔོན་དྷརྨ་གརྦྷས་ཨོ་རྒྱན་གྱི་སློབ་དཔོན་མ་ཧཱ་བོ་དྷི་ལ་བཤད་ནས་ཨཱ་ཙ་རྱ་དྲན་པའི་ཡེ་ཤེས་ཀྱིས་བོད་ཡུལ་དུ་བསྣན་ནས་བྱོན་པ། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་གསང་བའི་སྙིང་པོ་རྣལ་མངོན་གྱི་རྒྱུད་ལེའུ་བཅུ་ [198b] གཉིས་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལེའུ་བཅུ་གཅིག་པ་གཉིས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་བ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་པ་ཤྲཱི་སེང་ཧ་དང་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་ལེའུ་མེད་པ་དང་། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་ལེའུ་ལྔ་པ་ཤྲཱི་སེང་ཧ་དང་བཻ་རོའི་འགྱུར། སེམས་ལུང་ཆེན་མོའི་མདོ་གསང་བ་སྤྱིའི་རྒྱུད་ལེའུ་ཉེར་ལྔ་པ་པཎྜི་ཏ་དྲི་མེད་བཤེས་གཉེན་དང་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་རས་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་བུ་ཚལ་གསེར་ཁང་དུ་ཞུས་ཤིང་གཏན་ལ་ཕབ་པ། རིན་པོ་ཆེ་རྒྱས་པའི་རྒྱུད་ལེའུ་བཅུ་གཅིག་པ་ཤྲཱི་སེང་ཧ་དང་བཻ་རོ་ཙ་ནས་བསྒྱུར་བ། ཇ༽ གཉིས་པ་ལུང་ཨ་ནུ་ཡོ་ག་ལ། སྤྱིར་རྒྱུད་ལུང་ཉེར་གཅིག །མདོ་བཅུ། ལུང་གི་ཡི་གེ་བདུན་ཅུ་སོགས་མང་དུ་སྣང་ལ། དེ་ཡང་རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག །དཀོན་རྒྱུད་བཅུ་གཉིས་རྣམས་ཀྱི་རིམ་པ་ལས། ཐོག་མར་རྩ་བའི་མདོ་བཞི་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ [199a] ཐུགས་གསང་བ་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ལེའུ་སུམ་ཅུ་རྩ་གསུམ་པ་དྲི་མེད་བཤེས་གཉེན་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པ་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ཞེས་བྱ་བའི་མདོ་ལེའུ་བདུན་ཅུ་དོན་ལྔ་པ། རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ཅིང་གཏན་ལ་ཕབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསང་བའི་མཛོད་ཆེན་པོ་མི་ཟད་པ་གཏེར་གྱི་སྒྲོན་མ་བརྟུལ་ཞུགས་ཆེན་པོ་སྒྲུབ་པའི་རྒྱུད་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་བདུན་པ་རྣམས་བི་མ་ལ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། [199b] ཉ༽ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་བཞི་པ། བྱང་ཆུབ་ཀྱི་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་ཐེག་པ་ཆེན་པོའི་མདོ་ལེའུ་བཞི་བཅུ་ལྔ་པ་བཻ་རོས་བསྒྱུར་བ། གཉིས་པ་མཐའ་དྲུག་གི་རྒྱུད་ལ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལེའུ་བཅུ་དྲུག་པ་མན་ཆད་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན། དབང་གི་རྒྱལ་པོ་དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་བཅུ་པ་རྡོ་རྗེ་ཡང་དབང་གཏེར་གྱི་མན་ངག །ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཏིང་འཛིན་མཆོག་གི་རྒྱུད་ལེའུ་བཅུ་གཅིག་པ། ཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལེའུ་དྲུག་པ། དམ་ཚིག་བཀོད་པའི་རྒྱུད་ལེའུ་སོ་བཞི་པ་རྣམས་རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བ། གསུམ་པ་དཀོན་རྒྱུད་བཅུ་གཉིས་པ། ཞི་བ་ལྷ་རྒྱུད་ཆེན་པོ་ལེའུ་དགུ་པ་རྒྱ་གར་གྱི་མཁན་པོ་པྲ་མ་སཏྭ་དང་ལོ་ཙཱ་བ་པདྨ་རུ་ཙེས་བསྒྱུར་བ། ཆོས་ཉིད་ཞི་བའི་ལྷ་ [200a] རྒྱུད་ལེའུ་གྲངས་མེད་པ། ཁྲོ་བོའི་ལྷ་རྒྱུད་ཆེན་མོ་ཞེས་བྱ་བ་ལེའུ་བདུན་པ། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་བཅས་བི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཐུགས་རྗེ་ཆེན་པོའི་གཏོར་མ་དང་ཤ་ཁྲག་རུས་པའི་གཏོར་རྒྱུད་ཆེན་པོ་ལེའུ་ཞེ་གསུམ་པ་རྒྱ་གར་གྱི་མཁན་པོ་པདྨ་སམྦྷ་ཝ་དང་། བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ་ལས། ཕྱིས་བ་སུ་དྷ་ར་དང་སངས་རྒྱས་ཡེ་ཤེས་ཀྱིས་ཞུས་གཏུགས་མཛད་པ། རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལེའུ་དྲུག་པ་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བ། དཔལ་འབར་ཁྲོ་མོའི་རྒྱུད་ལེའུ་མེད་པ་སློབ་དཔོན་རྡོ་རྗེ་གྲོ་ལོད་རྩལ་དང་ལོ་ཙཱ་བ་ཞང་དྲུང་གིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རཀྟ་དམར་གྱི་རྒྱུད་ལེའུ་བཅོ་ལྔ་པ། རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད་ལེའུ་ཉེར་དྲུག་པ། རྡོ་རྗེ་དུར་མོའི་ཏནྟྲ་ཞེས་བྱ་བ་ཁྲོ་བོའི་སྦྱིན་སྲེག་ལེའུ་བཅུ་པའི་མཐའ་ཅན། ཧཱུཾ་མཛད་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག་པ། ཟླ་གསང་ཆེན་པོའི་མདོ་ལེའུ་ཉེར་ལྔ་པ་རྣམས་ལོ་པཎ་ [200b] དེ་ཉིད་ཀྱིས་བསྒྱུར་བ། ཏ༽ གསུམ་པ་རྒྱུད་མ་ཧཱ་ཡོ་ག་ལ། རྩ་བར་གྱུར་པ་སྒྱུ་འཕྲུལ་དང་། བཤད་པ་དང་ཆ་མཐུན་གྱི་རྒྱུད་ཏནྟྲ་སྡེ་བཅོ་བརྒྱད། སྒྲུབ་སྡེ་བཀའ་བརྒྱད་དང་གསུམ་གྱི། དང་པོ་སྒྱུ་འཕྲུལ་རྩ་བའི་སྐོར་ལ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་གཉིས་པ་ཐོག་མར་སློབ་དཔོན་ཆེན་པོ་པདྨའི་རང་འགྱུར། དེ་རྗེས་ལོ་ཆེན་བཻ་རོ་དང་རྨ་གཉགས་གསུམ་གྱིས་བསྒྱུར་བ། ཕྱིས་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ཐར་པ་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བ། ཐ༽ སྒྱུ་འཕྲུལ་བརྒྱད་པ་ལེའུ་བརྒྱད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལེའུ་བཅུ་བཞི་པ། སྒྱུ་འཕྲུལ་བཞི་བཅུ་པ་ལེའུ་བཞི་བཅུ་ཞེ་དྲུག་པ། སྒྱུ་འཕྲུལ་ལེ་ལག་ལེའུ་སོ་གསུམ་པ། བཤད་རྒྱུད་སྡེ་བཞིའི་གྲོལ་ལམ་ཅིག་ཅར་སྟོན་པའི་རྒྱུད་སྒྱུ་འཕྲུལ་རོལ་པ་ཆེན་པོའི་རྒྱུད་ལེའུ་བཅུ་གསུམ་པ། ཐབས་ལམ་རིམ་གྱིས་པ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་ལེའུ་ཉེར་གཉིས་པ། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་ [201a] གསུམ་པ། ད༽ ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ལེའུ་བཅུ་གསུམ་པ་རྣམས་འགྱུར་བྱང་མ་འཁོད་ཀྱང་སློབ་དཔོན་སྒེག་རྡོར་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་བ། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ་པ། དཔལ་རྩ་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལེའུ་ཉེར་གཉིས་པ། བཤད་རྒྱུད་སྡེ་བཞིའི་གྲོལ་ལམ་རིམ་གྱིས་པ་སྟོན་པའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བ་ཐབས་ཀྱི་མེ་ལོང་གི་རྒྱུད་ལེའུ་བཅུ་གསུམ་པ་རྣམས་འགྱུར་བྱང་མ་འཁོད་ཀྱང་བི་མ་ལ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། སྒྱུ་འཕྲུལ་བརྒྱད་ཅུ་ལེའུ་བརྒྱད་ཅུ་གྱ་གཉིས་པ་པདྨ་སམྦྷ་ཝ་དང་ནམ་མཁའི་སྙིང་པོས་བསྒྱུར་བ། ཐབས་ལམ་ཅིག་ཅར་སྟོན་པའི་རྒྱུད་སྒྱུ་འཕྲུལ་ཐལ་བ་ལེའུ་ཉེར་དྲུག་པ། ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་གྲུབ་པའི་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལེའུ་མེད་པ། ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྒྱུད་རྒྱལ་ལེའུ་མེད་པ་རྫོགས་སོའི་མཐའ་ཅན་བཅས་འགྱུར་བྱང་མ་འཁོད་ཀྱང་བི་མ་ལ་དང་བཻ་རོས་བསྒྱུར་བ་རྣམས་སོ། །གཉིས་པ་བཤད་པ་དང་ཆ་མཐུན་གྱི་རྒྱུད་ཏནྟྲ་སྡེ་བཅོ་བརྒྱད་ལ། རྩ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ [201b] ཀྱི་རྒྱུད་ལྔ་ལས། སྐུའི་རྒྱུད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་རྒྱུད་མཆོག་ཅེས་བྱ་བ་རྟོག་པ་བཅུ་གཅིག་པ། ན༽རྟོག་པ་ཐམས་ཅད་འདུས་པ་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པའི་རྟོག་པ་ཉེར་གསུམ་པ་སློབ་དཔོན་སངས་རྒྱས་གསང་བ་དང་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ། གསུང་གི་རྒྱུད་ཟླ་གསང་ཐིག་ལེ་ལེའུ་ལྔ་པ་མན་ལ་ལེའུ་གྲངས་མེད་པ་རྫོགས་སོའི་མཐའ་ཅན་པདྨ་སམྦྷ་ཝ་དང་དཔལ་བརྩེགས་ཀྱིས་བསྒྱུར་བ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ་ལེའུ་བཅུ་བདུན་པ་བི་མ་ལ་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ། དེའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་སློབ་དཔོན་བུདྡྷ་གུ་ཧྱ་དང་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ་རྫོགས་ཚིག་བཅུ་གསུམ་པ་སངས་རྒྱས་གསང་བ་དང་རྨ་རིན་ཆེན་མཆོག་གིས་བསྒྱུར་བ། དཔལ་མཆོག་དང་པོ་སྔགས་ཀྱི་རྟོག་པའི་དུམ་བུ་པཎྜི་ཏ་ཆེན་པོ་མནྟྲ་ཀཱ་ལ་ཤ་དང་ལྷ་བཙན་པོ་དགེ་སློང་ཞི་བ་འོད་ཀྱིས་བསྒྱུར་བ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་ལེའུ་ [202a] དགུ་པ་སློབ་དཔོན་དྷརྨ་ཤྲཱི་པྲ་བྷཱ་དང་ཨ་ཙརྱ་བི་མ་ལ་སོགས་ལས་རྨ་རཏྣ་ཨ་གྲས་ཞུས་པ། པ༽ སྒྲུབ་པ་ལག་ལེན་དུ་སྟོན་པའི་རྒྱུད་སྡེ་ལྔ་ལས་ཧེ་རུ་ཀ་རོལ་པའི་རྒྱུད་ནི་མ་རྙེད། དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་པ་བཛྲ་རཏྣ་དང་རྡོ་རྗེ་དཔལ་བརྩེགས་ཀྱིས་བསྒྱུར་བ། ཐུགས་ཀྱི་རྒྱུད་དཔལ་སྙིང་རྗེ་རོལ་པ་ལེའུ་བཅུ་བ་བིདྱཱ་ཀ་ར་སིདྷ་དང་བི་ཤྭ་མི་ཏྲ་ལས་ལོ་ཙཱ་བ་ཁུ་བྱིན་བཙུན་པ་མཆོག་གིས་བསྒྱུར་བ། ཡོན་ཏན་གྱི་རྒྱུད་ཆེན་པོ་དཔལ་བདུད་རྩི་རོལ་པ་རིམ་པར་ཕྱེ་བ་བརྒྱད་པ། ཕྲིན་ལས་ཀྱི་རྒྱུད་ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལེའུ་ཉེར་བཞི་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་བི་མ་ལ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་རྣམས་སོ། །སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་ལས་གཞན་བཞི་པོ་ཨ་ནུའི་སྐབས་སུ་སོང་། གླང་པོ་ཆེ་རབ་འབོག་གི་རྒྱུད་ལེའུ་ཉེར་བརྒྱད་པ་རྒྱ་གར་གྱི་པཎྜི་ཏ་བི་ཤྭ་མི་ཏྲ་དང་འཇིང་གསལ་འབར་གྱི་འགྱུར། མ་ཚང་བ་ཁ་སྐོང་བའི་རྒྱུད་གཉིས་ལས། ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལེའུ་ཞེ་གཅིག་པ་བི་མ་ལ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཕ༽ ཏནྟྲའི་ལེ་ལག་ཏུ་གཏོགས་པ་ [202b] དྲི་མེད་བཤགས་པའི་རྒྱུད་ལེའུ་བཅུ་དྲུག་པ་བི་མ་ལ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད་ལེའུ་གྲངས་མེད་པ་འགྱུར་བྱང་མ་འཁོད་ཀྱང་བི་མ་ལ་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་རྣམས་སོ། །གསུམ་པ་སྒྲུབ་སྡེའི་ཕྱོགས་ལ། བླ་མ་དང་། ཡི་དམ་གཉིས་ལས། དང་པོ་བླ་མ་དགོངས་པ་འདུས་པའི་སྐོར་ལ། རྒྱུད་འཆད་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་ལེའུ་གྲངས་མེད་པ། རྩ་རྒྱུད་པད་སྡོང་བརྩེགས་པ་ལེའུ་ཉེར་གཅིག་པ། སྐུ་རྒྱུད་ཤེལ་གྱི་རི་བོ་ལེའུ་སུམ་ཅུ་པ། གསུང་རྒྱུན་རིན་ཆེན་འབྲུག་སྒྲ་ལེའུ་བཅུ་གསུམ་པ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལེའུ་དྲུག་ཅུ་པ། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལེའུ་བརྒྱ་དང་བརྒྱད་པ། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལེའུ་ལྔ་པ། བླ་མའི་གསང་རྒྱུད་བཀའི་བང་མཛོད་ལེའུ་དྲུག་པ། ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལེའུ་ལྔ་པ། མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ལེའུ་བརྒྱད་པ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ་ལེའུ་དྲུག་པ་རྣམས་སློབ་དཔོན་ཆེན་པོ་པདྨས་སྒྲ་རང་འགྱུར་དུ་བསྒྱུར་བ། གཉིས་པ་ཡི་དམ་ལ། སྤྱི་དང་བྱེ་བྲག་གཉིས་ [203a] ལས། དང་པོ་ཡི་དམ་སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར་ལ། རྩ་བའི་རྒྱུད་ཀྱི་རྒྱལ་པོ། བདེ་གཤེགས་འདུས་པ་ཕྱི་མའི་རྒྱུད། བདེ་གཤེགས་འདུས་པ་ཕྱི་མའི་ཕྱི་མ། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད། འབྱེད་ལྡེ་ཁྲོ་བོའི་སྐབས། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། བ༽ ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕྲིན་ལས་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། རིག་འཛིན་འདུས་པ་རྩ་བའི་རྒྱུད། མཆོད་བསྟོད་འདུས་པ་རྩ་བའི་རྒྱུད། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད། བདེ་གཤེགས་འདུས་པའི་རྒྱུད། བཀའ་བརྒྱད་གསང་བ་འདུས་པའི་རྒྱུད་རྣམས་སློབ་དཔོན་ཆེན་པོས་སྒྲ་རང་འགྱུར་དུ་བསྒྱུར་བ། གཉིས་པ་ཡི་དམ་སྒྲུབ་པ་བཀའ་བརྒྱད་བྱེ་བྲག་གི་སྐོར་ལ། འཇམ་དཔལ་སྐུ། པདྨ་གསུངས། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། བསྟན་སྲུང་མཆོད་བསྟོད། དམོད་པ་དྲག་སྔགས་སྐོར་དང་བརྒྱད་ལས་ [203b] དང་པོ་འཇམ་དཔལ་སྐུའི་སྐོར་ལ། འཕགས་པའི་ཡུལ་དུ་འཇམ་དཔལ་ཁྲི་དྲུག་སྟོང་བཞུགས་པར་གྲགས་པ་ལས་བོད་ཀྱི་ལྗོངས་འདིར་ཡེ་ཤེས་དང་ལས་ཀྱི་རྒྱུད་དྲུག་ཅུ་རྩ་ལྔ་འགྱུར་བར་གྲགས་པ་ལས། དཔལ་ཟླ་གསང་ནག་པོ་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་ལྔ་བཅུ་ང་བརྒྱད་པ། འཇམ་དཔལ་གཤིན་རྗེ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་ནམ་འཇམ་དཔལ་གསང་རྒྱུད་ཕྱི་མར་གྲགས་པ་ལེའུ་བརྒྱད་པ། ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད་ལེའུ་དོན་བཞི་པ་རྣམས་ནམ་མཁའི་སྙིང་པོས་སིནྡྷུའི་ནགས་ཚལ་དུ་བསྒྱུར་བ། མ༽ ཟླ་གསང་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་བདུན་ཅུ་དོན་གསུམ་པ། དྲག་སྔགས་ཟླ་གསང་ནག་པོ་ཤན་པ་སྤུ་གྲིའི་རྒྱུད་ལེའུ་བརྒྱ་དང་གཅིག་པ། དྲག་སྔགས་ཟླ་གསང་ནག་པོ་ལེའུ་བཅུ་བཞི་པ། འཇམ་དསཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལེའུ་ཉེར་དྲུག་པ། དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱིན་ཐང་འཁྲུག་པའི་རྒྱུད་ལེའུ་ང་གསུམ་པ། གཤིན་རྗེ་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད་ལེའུ་སོ་བཞི་པ། འཕགས་པ་འཇམ་དཔལ་གསང་བ་རྒྱུད་ཀྱི་རྒྱལ་པོ་པྲ་ཁོག་སྣང་གི་བརྟག་པ་ལེའུ་བདུན་པ། ཁྲོ་བོ་རྣམ་ [204a] པར་རྒྱལ་བའི་རྩ་བའི་རྟོག་པ་ལེའུ་ཉི་ཤུ་རྩ་གཉིས་པའི་མཐའ་ཅན། ཚེ་བདག་ནག་པོ་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་པ། སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལེའུ་བཅོ་ལྔ་པ། དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད། དྲག་སྔགས་མཚོན་ཆ་ནག་པོའི་ལེའུ་དགུ་པ། ཚེ་བདག་ནག་པོའི་རྒྱུད་དྲག་སྔགས་ཀྱི་དེ་ཁོ་ན་ཉིད་སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལེའུ་བཅུ་གཉིས་པ། འཇམ་དཔལ་ལས་བཞིའི་འཁོར་ལོ་གསང་བའི་རྒྱུད་ལེའུ་བཅུ་བདུན་པ། ཙ༽ གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལེའུ་ཉེར་གཅིག་པ་རྣམས་བ་སུ་དྷ་ར་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་རྒྱུད་ལེའུ་བརྒྱད་པ་འཇམ་དཔལ་ནས་ཡང་དབང་གཏེར་གྱི་བར་རིམ་གྱིས་བཀའ་བབས་པ། དེའི་རྒྱུད་ཕྱི་མ་ལེའུ་ལྔ་པ། ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལེའུ་ཉེར་གཅིག་པ། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་གདུག་པ་ཀླུ་འདུལ་བྱེད་ལེའུ་བཀོད་པའི་མཐའ་ཅན། དྲག་པོ་ཕུང་བྱེད་མཆོད་རྟེན་ནག་པོའི་རྒྱུད་ [204b] ལེའུ་ཉེར་གཅིག་པ། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ་ལེའུ་བརྒྱད་པ། འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད་ལེའུ་བརྒྱད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལེའུ་དགུ་པ། གནོད་སྦྱིན་གདོང་གསུམ་པ་ཆུ་ཐིགས་སྔོན་མོའི་རྒྱུད་ལེའུ་བཅོ་བརྒྱད་པ་རྣམས་འགྱུར་གོང་འདྲ། གནོད་སྦྱིན་གདོང་གསུམ་པའི་རྒྱུད་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བ། འདི་ཟུར་པའི་མཐུ་བྱུང་ནས་འགོས་དཔོན་སློབ་དམར་བཤལ་གྱིས་བསྙུན་པ་བཟློག་པའི་ཆེད་དུ་བསྒྱུར་སྐད། འདི་ལ་འཆར་ཀ་ནག་པོ་བཟློག་པའི་རྒྱུད་དང་། འཆི་བདག་བྷེ་བ་སྭ་ཏོའི་རྒྱུད་དང། རཱ་ཧུ་ནག་པོ་རྔམ་བྱེད་ཀྱི་རྒྱུད་དང་། གཤིན་རྗེ་འཆར་ཀ་ནག་པོ་གནོད་སྦྱིན་གདོང་གསུམ་པའི་རྒྱུད་རྣམས་ཞེས་གསན་ཡིག་ཏུ་སོ་སོ་ལྟ་བུར་མཛད་འདུག་ཀྱང་རྒྱུད་འདིའི་མཚན་གྱི་རྣམ་གྲངས་ཡིན་ནམ་སྙམ། ངན་སྔགས་ཕྱིར་བཟློག་པའི་རྒྱུད་ལེའུ་བདུན་པ། འཇམ་དཔལ་མ་རུ་ཙེ་མཆེད་བཞིའི་རྩ་བའི་སྔགས་རྒྱུད་ལེའུ་དགུ་པ། འཇམ་དཔལ་གསང་རྒྱུད་ཕྱི་མ་ལེའུ་བདུན་པ་དབང་ཕྱུག་ཆེན་པོས་བསྟོད་པ་ཕྱི་མའི་ཕྱི་མ་དང་བཅས་ཡོད་པ། གནོད་སྦྱིན་མ་རུ་ཙེ་རོ་ལངས་ [205a] གསང་བའི་རྒྱུད་ལེའུ་བརྒྱད་པ་རྫོགས་སོའི་མཐའ་ཅན། མ་རུ་ཙེའི་སྔགས་རྒྱུད་ལེའུ་བདུན་པ། དྲེགས་པ་ཕོ་མོའི་ལས་རྒྱུད་ལེའུ་བཅུ་བདུན་པ་རྣམས་འགྱུར་བྱང་མ་འཁོད་ཀྱང་བ་སུ་དྷ་ར་དང་གནུབས་ཆེན་གྱིས་བསྒྱུར་བ། གཉིས་པ་པདྨ་གསུང་གི་རྒྱུད་ལ། རྟ་མཆོག་རོལ་པའི་རྒྱུད་ལེའུ་ཉིས་བརྒྱ་དགུ་པ་ལྕེ་ཀུ་ཀུ་རཱ་ཛས་བསྒྱུར་བ། དབང་རྒྱལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལེའུ་དྲུག་ཅུ་པ་ཨོ་རྒྱན་ཆེན་པོ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཚ༽ པདྨ་དབང་ཆེན་དྲེགས་པ་སྲུང་ཟློག་ཡོན་ཏན་གྱི་རྒྱུད་ལེའུ་དགུ་པ་པདྨ་སམྦྷ་ཝ་དང་ལོ་ཙཱ་བ་ཁ་ཆེ་ཨ་ནནྡས་བསྒྱུར་བ། པདྨ་དབང་ཆེན་དྲེགས་པ་ཅན་གཟན་ལ་འབེབས་པ་ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་གཉིས་པ་ལོ་པཎ་གོང་འདྲ། པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལེའུ་བཅུ་གཅིག་པ། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལེའུ་བཅུ་གསུམ་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། དབང་ཆེན་འདུས་པའི་རྒྱུད་དམ་གལ་པོའི་རྒྱུད་དུ་གྲགས་པ་ལེའུ་སོ་ལྔ་པ་རཀྵ་སིདྡྷི་དང་ཀུ་ཀུ་རཱ་ཛས་བསྒྱུར་བ། དབང་ཆེན་བསྡུས་པའི་ཏནྟྲ་ལེའུ་དྲུག་ཅུ་གཉིས་པ་འགྱུར་ [205b] བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་ས་རྡོ་རྗེ་ཕྲེང་བའི་རྣམ་པར་བརྗོད་པ་རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལེའུ་ཉེར་བཞི་པ་སློབ་དཔོན་པདྨ་དང་ལོ་ཙཱ་བ་རྦ་སང་ཤི་ཏ་དང་ངན་ལམ་རྒྱལ་བ་མཆོག་དབྱངས་ཅོག་རོ་རྣམས་ཀྱིས་བསྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པ་བདེ་གཤེགས་སྤྱི་དྲིལ་རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ལེའུ་བཅུ་བདུན་པ་ཨོ་རྒྱན་ཆེན་པོ་དང་ཁ་ཆེ་ཨ་ནནྡ་བཻ་རོ་གསུམ་གྱིས་བསྒྱུར་བ། དཔལ་རྟ་མགྲིན་ལས་རྒྱུད་ལེའུ་བཅུ་གཅིག་པ་ཨོ་རྒྱན་དང་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་དགུ་པ་པདྨ་སམྦྷ་ཝའི་རང་འགྱུར། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལེའུ་བཅུ་གསུམ་པ་སློབ་དཔོན་གྱིས་མངའ་བདག་ལ་གདམས་པ་བཻ་རོ་ཙ་ནས་བསྒྱུར་བ། གཏེར་སྟོན་གསུམ་གྱིས་སེ་བ་ལུང་ནས་སྤྱན་དྲངས་པ་རྟ་མགྲིན་དཔའི་བོ་གཅིག་པ་གསང་བ་ཕྲིན་ལས་ཀྱི་རྒྱུད་ལེའུ་ཉེར་གཉིས་པ་གནམ་སྐས་ [206a] བྲག་ནས་རཏྣ་གླིང་པས་བཏོན་པ། ཕྱིར་བཟློག་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ལེའུ་དྲུག་པ་ཨོ་རྒྱན་ཆེན་པོ་དང་འདན་མ་རྩེ་མང་གིས་བསྒྱུར་བ། རྟ་མགྲིན་ནཱ་ག་ཀླུ་འདུལ་གྱི་རྒྱུད་ལེའུ་སོ་བདུན་པ་འགྱུར་བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། གསུམ་པ་ཡང་དག་ཐུགས་ཀྱི་རྒྱུད་ལ། ཧེ་རུ་ཀའི་གལ་པོ་ཞི་ཁྲོ་འབུམ་རྒྱུད་ལེའུ་བཅུ་དྲུག་པ། ཧེ་རུ་ཀ་ཐུགས་ཀྱི་རྒྱུད་གལ་པོ་ལེའུ་དགུ་པ་པདྨ་སམྦྷ་ཝ་དང་ནམ་མཁའི་སྙིང་པོས་བསྒྱུར་བ། ཛ༽ ཁྲག་འཐུང་གལ་པོ་ཆེ་རྒྱུད་ལུང་ཐམས་ཅད་ཀྱི་རྒྱལ་པོ་བརྟག་པ་ཉེར་གསུམ་པ། དཔལ་ཧེ་རུ་ཀ་གལ་པོ་དུར་ཁྲོད་མངོན་པར་འབྱུང་བའི་རྒྱུད་ཕྱི་མ་གཉིས་འགྱུར་བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། ཧེ་རུ་ཀ་འདུས་པའི་རྒྱུད་ལེའུ་གཅིག་གིས་རྫོགས་པ་ཤྲཱི་སེངྷ་དང་བཻ་རོས་བསྒྱུར་བ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་སྒྲུབ་ལུགས་ཉེར་གཅིག་པ། དེ་བཞིན་རིགས་ཀྱི་སྒྲུབ་ལུགས་གསང་བ་མེ་དཔུང་གི་རྒྱུད་ལེའུ་གཉིས་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། བཞི་པ་བདུད་རྩི་ཡོན་ཏན་གྱི་རྒྱུད་ལ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཉེ་བའི་སྙིང་པོ་བདུད་ [206b] རྩི་མཆོག་གི་ལུང་བམ་པོ་བརྒྱད་པ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་གྱི་རྒྱུད་རྫོགས་སོའི་མཐའ་ཅན། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལེའུ་ཉེར་གཉིས་པ། ཝ༽ བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལེའུ་བདུན་པ་རྣམས་བི་མ་ལ་སདང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལེའུ་བཅུ་བདུན་པ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལེའུ་བཅུ་པ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པ་འབྲས་བུ་རིན་པོ་ཆེ་འོད་ལྟར་འབར་བའི་རྒྱུད་ལེའུ་ཉེར་བདུན་པ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལེའུ་ཉི་ཤུ་པ་རྣམས་འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་མཆོག་གི་རྒྱུད་ལེའུ་བཅོ་ལྔ་པ་ཡང་དབང་གཏེར་གྱིས་སྲུ་ལེགས་པའི་སྒྲོན་མ་ལ་གཏད་པ། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལེའུ་དྲུག་པ་འགྱུར་གོང་འདྲ། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི་པ་བིམ་ལ་དང་འཇིང་གསལ་འབར་གྱིས་བསྒྱུར་བ། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་ [207a] གྱི་རྒྱུད་ལེའུ་དྲུག་ཅུ་པ་སློབ་དཔོན་པདྨས་སྒྲ་རང་འགྱུར་དུ་བསྒྱུར་ནས་གཏེར་དུ་གཏམས་པ་མངའ་བདག་ཉང་གིས་སྤྱན་དྲངས། ལྔ་པ་ཕྲིན་ལས་ཕུར་པའི་སྐོར་ལ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་སློབ་དཔོན་པདྨ་དང་ངམ་འབྲེ་ས་ལེས་བསྒྱུར་བ། ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལེའུ་བཅུ་གསུམ་པ་དངོས་གྲུབ་བརྙེས་པའི་རྗེ་བཙུན་རྡོ་རྗེ་སེམས་མ་དང་ལོ་ཙཱ་བ་འགར་ཤེས་རབ་འབྱུང་གིས་བསྒྱུར་བ། རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལེའུ་ཉི་ཤུ་པ་ཕྱི་མ་དང་བཅས་པ་པདྨ་འབྱུང་གནས་དང་བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པའི་བཤད་རྒྱུད་དྲི་མེད་འོད་ལྡན་ལེའུ་ཞེ་བཞི་པ། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ཀརྨ་གུ་རུ་ལེའུ་བཅོ་ལྔ་པ་གཉིས་བི་མ་ལ་དང་གཉགས་ཛྙཱ་ནས་བསྒྱུར་བ། ཞ༽ ཕུར་པ་ཕྲིན་ལས་ཀརྨ་ལས་ཀྱི་རྒྱུད་ལེའུ་བཅུ་བཞི་པ་སླར་ཡང་སློབ་དཔོན་ཆེན་པོ་མཁའ་འགྲོའི་གནས་ནས་བྱོན་པ་ལས་རོང་ཟོམ་གཞོན་བློས་བསྒྱུར་བ། རྡོ་རྗེ་ཕུར་པ་ཞེས་བྱ་བ་དྲག་པོ་ལས་ཀྱི་རྟོག་པ་ལེའུ་བཅོ་བརྒྱད་པ་ས་ལེས་བསྒྱུར་ [207b] ཟེར་བ། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལེའུ་བདུན་པ་གཏན་ཚིགས་དང་བཅས་པ། ཕུར་པ་ཟ་བྱེད་ཡཀྴ་འབར་བའི་རྒྱུད་ལེའུ་བཅུ་གཅིག་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་རོང་ཟོམ་གཞོན་བློས་བསྒྱུར་བ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ལེའུ་ཉེར་བརྒྱད་པ་སློབ་དཔོན་བྷ་ཥི་ཏའི་འགྱུར། སྐུ་དང་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་འདུས་པའི་རྒྱུད་ལེའུ་བཅོ་ལྔ་པ་ཛྙཱ་ན་གརྦྷ་དང་བཻ་རོས་བསྒྱུར་བ། ཡན་ལག་གི་རྒྱུད་བཅུ་ལ། ཁྲོ་བོ་ཧཱུྃ་ཀཱ་རའི་རྒྱུད་ལེའུ་ལྔ་པ། རྣམ་པར་རྒྱལ་བའི་རྒྱུད་ལེའུ་བདུན་པ། དབྱུག་པ་སྔོན་པོའི་རྒྱུད་ལེའུ་ལྔ་པ། གཤིན་རྗེ་གཤེད་པོའི་རྒྱུད་ལེའུ་བཞི་པ། མི་གཡོ་མགོན་པོའི་རྒྱུད་ལེའུ་ལྔ་པ། རྟ་མགྲིན་གྱི་རྒྱུད་ལེའུ་དྲུག་པ། གཞན་གྱིས་མི་ཐུབ་པའི་རྒྱུད་ལེའུ་ལྔ་པ། བདུད་རྩི་འཁྱིལ་བའི་རྒྱུད་ལེའུ་དྲུག་པ། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལེའུ་བདུན་པ། སྟོབས་པོ་ཆེའི་རྒྱུད་ལེའུ་ལྔ་པ་རྣམས་འགྱུར་བྱང་མ་འཁོད་ཀྱང་ལོ་པཎ་གོང་འདྲ། རྡོ་རྗེ་ཕུར་པ་མེ་ལོང་གསལ་བ་སྤུ་གྲི་རེག་གཅོད་འཁོར་ལོ་རྩིབས་ཀྱི་རྒྱུད་ལེའུ་བདུན་པ། རྒྱུད་ཀྱི་རྒྱལ་པོ་དཔལ་ [208a] འཇིག་རྟེན་སྣང་བྱེད་ལེའུ་ཉེར་བདུན་པ་གཉིས་ཛྙཱ་ན་གརྦྷ་དང་བཻ་རོ་ཙ་ནས་བསྒྱུར་བ། ཕུར་པ་དམ་པ་གསང་ཆེན་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བའི་རྒྱུད་ལེའུ་བཅུ་དྲུག་པ་འགྱུར་གོང་འདྲ། དཔལ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ་པ་ཤྲཱི་ཛྙཱ་ནའི་འགྱུར་ལ་དཔལ་གྱི་ཡེ་ཤེས་ཀྱིས་བཅོས་པ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ལེའུ་ལྔ་བཅུ་ང་གཉིས་པ། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བ་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད་ལེའུ་ལྔ་པ། སྦས་པ་གསང་བ་ཟབ་མོ་མདུང་རྩེའི་རྒྱུད་ལེའུ་དགུ་པ་རྣམས་ཛྙཱ་ན་གརྦྷ་དང་བཻ་རོས་བསྒྱུར་བ། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ལེའུ་བཅུ་དགུ་པ་པདྨ་འབྱུང་གནས་དང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། བསེ་སྒྲོམ་དམར་པོའི་རྒྱུད་ལེའུ་བཞི་པ་པདྨས་ལྷ་སྲས་ལྕམ་སྲིང་ལ་གཏད་པ། ཤྭ་ན་དཀར་ནག་གི་རྒྱུད་ལེའུ་བཞི་པ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ་གབ་པ་གསང་བའི་རྒྱུད་ལེའུ་བཅུ་གཉིས་པ་གཉིས་རྡོ་རྗེ་ཐོད་ཕྲེང་རྩལ་དང་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྴི་ཏས་བསྒྱུར་བ། རྡོ་རྗེ་འབར་བ་གསང་བའི་རྒྱུད་ཀལྤ་དུམ་བུ་ཕྱི་མ་ལེའུ་ [208b] བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་མཆོག་དམ་པ་གསང་ཆེན་རྡོ་རྗེ་འབར་བའི་རྒྱུད་ལེའུ་བཅུ་བདུན་པ་གཉིས་ཛྙཱ་ན་གརྦྷ་དང་བཻ་རོས་བསྒྱུར་བ། ཟ༽ རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལེའུ་བཞི་བཅུ་བཞི་པ། ཀའི་ལ་ཡ་གསང་བའི་དགོངས་བརྒྱུད་ཆེན་མོ་ལེའུ་བརྒྱད་ཅུ་གྱ་གསུམ་པ་གཉིས་ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་དང་། བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་གཏན་ལ་ཕབ་པ། ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་གཉིས་པ་སློབ་དཔོན་ནག་པོའི་ཞབས་དང་ལོ་ཙཱ་བ་ཤྲའི་བྷ་ལ་ཀུ་ཏྲ་དྷ་ན་དེ་བས་བསྒྱུར་བ། ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་ཕྲིན་ལས་རྫོགས་པ་ལེའུ་བཅུ་དྲུག་པ་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་བ། ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད་ལེའུ་བཅོ་བརྒྱད་པ། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆུང་ངུ་ལེའུ་བཅུ་གཉིས་པ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་དམ་ཀའི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལེའུ་བཅུ་གཉིས་པ་རྣམས་སློབ་དཔོན་ཐོད་ཕྲེང་རྩལ་དང་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ [209a] ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་བ། དྲུག་པ་མ་མོ་རྦོད་གཏོང་གི་སྐོར་ལ། ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད་མ་མོ་སྲིད་པའི་རྫོང་ལུང་ཆེན་མོ། དེའི་རྒྱུད་ཕྱི་མ་དང་བཅས་པའི་ལེའུ་ང་གསུམ་པ། སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་ནག་མོ་ལས་རྒྱ་མཚོའི་རྒྱུད་ལེའུ་དགུ་པ། མ་མོ་ལམ་རྒྱུད་ལུང་ཞེས་པ་ལེའུ་བཅུ་བཞི་པ། མ་མོའི་འབུམ་གྱི་ཏི་ཀ་སྔགས་ཀྱི་སྲུང་མ་དཔལ་ཨེ་ཀ་ཛ་ཊཱིའི་རྒྱུད་དེའི་ཕྱི་མ་དང་བཅས་པར་ལེའུ་གོ་དྲུག་པ་རྣམས་རྒྱ་གར་གྱི་མཁན་པོ་དྷ་ན་སཾ་སྐྲྀ་ཏ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་དང་གནུབས་ཀྱིས་བསྒྱུར་བ། འ༽ རལ་གཅིག་མ་ཆོས་དབྱིངས་བདག་མོ་སྤུ་གྲི་ཡ་མའི་རྒྱུད་ལེའུ་ཉེར་ལྔ་པ་དཱ་ན་ཤཱི་ལ་དང་ཡང་དབང་གཏེར་གྱིས་བསྒྱུར་བ། ཨེ་ཀ་ཛ་ཊཱི་སྦས་པ་ནག་མོའི་རྒྱུད་ལེའུ་ལྔ་པ། ཨེ་ཀ་ཛ་ཊཱི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལེའུ་སོ་གཉིས། མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལེའུ་བཞི་པ་རྣམས་མཁའ་འགྲོ་དོམ་པ་ཀ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་པ། ཧེ་སྡུད་འབར་མ་རེ་ཏི་མཆེད་བཞིའི་རྒྱུད་ལེའུ་བཅུ་གཅིག་པ། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ [209b] ཉིད་གསུམ་འདུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད་ལེའུ་བཞི་པ་གཉིས་ཤཱནྟིཾ་གརྦྷ་དང་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བ། སྲིད་པ་མཚོ་བཞིའི་རྒྱུད་བསྟན་པ་ལས་རྒྱ་མཚོ་ལེའུ་ཉེར་གཉིས་པ། མ་མོ་འདུས་པའི་རྒྱུད་དམ་གསང་བ་གཏན་ཚིག་ཀྱི་རྒྱུད་ལེའུ་བརྒྱད་པ། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད་ལེའུ་བཅུ་གཉིས་པ་རྣམས་པཎྜི་ཏ་གུ་ཧྱ་གསང་བ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ། བསྟན་པ་སྲུང་བའི་མན་ངག་ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཏིག་གི་རྒྱུད་ལེའུ་ཞེ་བརྒྱད་པ། དེའི་ཕྱི་མ་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་གོང་གི་འཕྲོས་ལེའུ་ཞེ་དགུ་ནས་བརྒྱ་ཞེ་གཅིག་པ་རྫོགས་སོའི་མཐའ་ཅན། མ་མོ་སྣང་སྲིད་ཐིག་ལེའི་རྒྱུད་ལུང་བྱང་སྐོར་གྱི་རྩ་རྒྱུད་ལེའུ་སོ་གཉིས་པ་རྣམས་གནུབས་ནམ་མཁའི་སྙིང་པོས་བསྒྱུར་བ། བྱང་སྐོར་གྱི་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ། འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལེའུ་བཅོ་ལྔ་པ། དེའི་རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ། དེའི་ཕྱི་མའི་ཕྱི་མ་ཚིག་རྐང་ཡོངས་སུ་གཅོད་པ་ལེའུ་བདུན་པ། འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད་ལེའུ་བཅུ་གཅིག་པ། [210a] དེའི་ཕྱི་མའི་རྒྱུད་ལེའུ་བཅུ་གཉིས་པ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་ཙིཏྟ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད་པ། སྙིང་ཏིག་བཀོལ་བའི་རྒྱུད་ལེའུ་དགུ་པ། ཡང་ཏིག་བཀོལ་བའི་རྒྱུད་ལེའུ་བཅུ་པ། སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ལེའུ་ཉི་ཤུ་པ། དབྱིངས་གསང་བ་འཁོར་ལོའི་རྒྱུད་ལེའུ་དགུ་པ། ཕྲ་མེན་སྦྱང་ཀི་ལས་ཀྱི་རྒྱོལ་མོའི་རྒྱུད་ལེའུ་ཉེར་བཞི་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ་སྲིད་པ་རྡོ་རྗེ་མཁའ་འགྲོ་ཕྲ་མེན་ལས་རྒྱུད་ལེའུ་ཉེར་བཞི་པོ་རྣམས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། ཡ༽ བདུན་པ་བསྟན་སྲུང་མཆོད་བསྟོད་དང་། བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ཐུན་མོང་ལ། དྲེགས་པ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་པདྨ་སམྦྷ་ཝ་དང་བཻ་རོའི་འགྱུར། དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་གཅིག་པ་འགྱུར་གོང་འདྲ། དཔལ་མགོན་པོ་གསང་བ་སྙིང་གི་འཁོར་ལོ་དངོས་གྲུབ་ཆེན་པོ་འབྱུང་བའི་རྒྱུད་ལེའུ་བཅོ་ལྔ་པ་གནུབས་ཆེན་གྱི་འགྱུར། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་ཞེ་ལྔ་པ་དྷ་ན་སཾ་སྐྲྀ་ཏ་དང་བཻ་རོས་བསྒྱུར་བ། དཔལ་ [210b] ནག་པོ་ཆེན་པོ་དུར་ཁྲོད་ནག་པོའི་རྒྱུད་བརྟག་པ་བཅུ་གཉིས་པ་བླ་མ་ནག་པོ་རོ་འཛིན་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། ནག་པོ་ཆེན་པོ་མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ལེའུ་ཉེར་གཅིག་པ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ནག་པོ་ཆེན་པོ་སྐུ་གསུམ་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ་ཉང་གི་གཏེར་བྱོན། མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལེའུ་སུམ་ཅུ་རྩ་དྲུག་པ་བྲམ་ཟེ་གསལ་བའི་རྒྱན་དང་བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བ། ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ལེའུ་བཅུ་པ་སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་བ། ནག་པོ་ཆེན་པོ་གཟུངས་ཅན་གཅེར་བུའི་རྒྱུད་ལེའུ་བཅུ་གཉིས་པ། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལེའུ་བཅུ་བཞི་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་འགྱུར་གོང་འདྲ། མ་མོ་སྲིད་པའི་བེམ་ཆེན་མོའི་ལེའུ་སོ་ལྔ་པ་མན་ཆད་མི་གསལ་བ་གུ་རུ་འཕྲུལ་གྱི་གཤོག་རྒོད་རྩོལ་དང་བན་ཆུང་ཡང་དབང་གཏེར་གྱིས་བསྒྱུར་བ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ལེའུ་བཅོ་ལྔ་པ་སྣ་ནམ་གྱིས་བསྒྱུར་བ། ཀི་ཀང་རོག་ཏིའི་མདོ་སྙིང་གཟེར་ [211a] ནག་པོའི་རྒྱུད་ལེའུ་བཅོ་ལྔ། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ལེའུ་ང་གསུམ་པ་གཉིས་འགྱུར་བྱང་མ་འཁོད་ཀྱང་སློབ་དཔོན་ཆེན་པོ་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། དེ་རྣམས་ཀྱི་མཐར་བདེ་ལེགས་སུ་བྱེད་པ་བཀྲ་ཤིས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་དང་བཅས། དེ་ནས་གོང་གི་གོ་རིམ་དུ་ཕྱི་མོ་མ་འབྱོར་བས་སྐབས་འདིར་རྒྱུད་འདི་འཛུད་ཅེས་བྲིས་པ་རྣམས་ཕྱིས་འབྱོར་པ་ཕྱོགས་གཅིག་ཏུ་ཁ་སྐོངས་སུ་བཀོད་པའི་གླེགས་བམ། ར༽ རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལེའུ་ཉེར་བདུན་པ་བི་མ་ལ་དང་གཉགས་ཀྱི་འགྱུར། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་ཕྱི་མ་གསང་བའི་རྒྱུད་ལེའུ་བཞི་པ། རྒྱུད་ཕྱི་མའི་ཕྱི་མ་མཐར་ཐུག་གི་རྒྱུད་ལེའུ་བཞི་པ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་བཞུགས་པ་ལེའུ་བརྒྱད་པ་རྣམས་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གཏད་པ། རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུ་ལེའུ་བརྒྱད་པ་ [211b] འགྱུར་གོང་འདྲ། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ལེའུ་བཅུ་གསུམ་པ། ཐིག་ལེ་གསང་བའི་བརྡ་བརྒྱུད་ལེའུ་བཅུ་དགུ་པ་གཉིས་བི་མ་ལ་དང་གཉགས་ཀྱིས་བསྒྱུར་བ། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲད་པ་ངོ་སྤྲོད་བཞིའི་རྒྱུད་ལེའུ་བརྒྱད་པ་དང་། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པ་ལེའུ་སོ་ལྔ་པ་སློབ་དཔོན་ཆེན་པོས་རྗེ་འབངས་གྲོགས་གསུམ་ལ་གདམས་པ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཕུད་ལྟ་པ་ཀློང་ཆེན་ཡངས་པ་ལེའུ་ལྔ་བཅུ་རྩ་གསུམ་པ་རྡོ་རྗེ་གླིང་པས་སྤྱན་དྲངས་པ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི་པ་རྗེ་འབངས་གཉིས་ཀྱི་མནོག་ཆོས་ཡིན་ཞེས་པ་དང་། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ་འགྱུར་བྱང་མ་འཁོད་ཀྱང་འགྱུར་གོང་འདྲ། ཀུན་ཏུ་བཟང་པོ་གསང་བ་སྙིང་པོ་བདེ་བ་ཆེན་པོ་སྤུ་གྲི་པདྨ་རལ་གྲི་འཁོར་ལོའི་རྒྱུད་ལེའུ་ཉེར་དྲུག་པ་ཤྲཱི་སེང་ཧ་དང་བཻ་རོའི་འགྱུར། ལོ་ཟླ་གསང་བའི་འཁོར་ལོ་ལེའུ་བཅུ་གཅིག་པ། རྗེ་བཙན་དམ་པ། རིན་ཆེན་ཀུན་འདུས། ཁམས་གསུམ་སྒྲོན་མ་རྣམས་ཚིགས་སུ་བཅད་པ། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པ་ལེའུ་བཅུ་ [212a] དྲུག་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་ཞེ་གཉིས་པ་རྣམས་ཤྲཱི་སེང་ཧ་དང་བཻ་རོས་བསྒྱུར་བ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རྒྱལ་པོ་དངོས་གྲུབ་རང་བྱུང་དུ་སྤྱོད་པ་དབང་བསྐུར་བ་རྣ་བརྒྱུད་ཟམ་པ་ལེའུ་མེད་པ་རྫོགས་སོའི་མཐའ་ཅན། ཐིག་ལེ་རྒྱ་མཚོ་གནས་པ་ལ་འཇུག་པའི་རྒྱུད་ལེའུ་བཅུ་པ་གཉིས་བི་མ་ལ་དང་གཡུ་སྒྲས་བསྒྱུར་བ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལེའུ་མེད་པ། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་མའི་རྒྱུད་ལེའུ་བཅོ་ལྔ་པ། རྨ་བྱ་མཇིང་བསྣོལ་ཕྱི་མཐའི་མུན་སེལ་ཆེན་པོ་ལེའུ་ལྔ་པ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལེའུ་སུམ་ཅུ་གཅིག་པ། སྐུ་གདུང་འབར་བ་སཱཙྪ་མཆོད་རྟེན་གྱི་རྒྱུད་ལེའུ་དགུ་པ་རྣམས་སློབ་དཔོན་རྡོ་རྗེ་གྲོ་ལོད་དང་ལོ་ཙཱ་བ་ཞང་དྲུང་གིས་བསྒྱུར་བ། ཀུན་ཏུ་བཟང་མོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད། རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གཉིས་སློབ་དཔོན་ཆེན་པོས་སྒྲ་རང་འགྱུར་དུ་བསྒྱུར་ཏེ་གཏེར་དུ་གཏམས་པ་རཏྣ་གླིང་པའི་གཏེར་བྱོན་བཅས། ཨ༽ རྒྱུད་སྡེ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་དང་བཅས་ [212b] སྡེ་དགེ་མཚལ་སྦར་གྱི་གླེགས་བམ་གྱི་ཕྲེང་བ་བཅུ་ཕྲག་གཉིས་ལ་དྲུག་གིས་ལྷག་པ་ཉིད་དང་། སྡེ་སྤར་དུ་མ་འཁོད་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་དཔེ་བྲིས་མའི་ཁོངས་སུ་བཞུགས་རིགས་ལ། ཀ༽ ས་གཅིག་པའམ་རིག་པའི་ཁུ་བྱུག་གི་བྱུག་གི་རྒྱུད་རྐང་པ་དྲུག །སེམས་སྒོམ་དོན་དྲུག་པ་རྐང་པ་གཅིག་གིས་དམན་པའི་ཀློ་ཀ་ལྔ། མན་ངག་རྩལ་ཆེན་གྱི་རྒྱུད་ཤློ་ཀ་ཕྱེད་དང་དྲུག །བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ཤློ་ཀ་ཕྱེད་དང་བཅུ་གསུམ། ཁྱུང་ཆེན་གྱི་རྒྱུད་ཤློ་ཀ་བཅུ་བཞི། ཡིད་བཞིན་ནོར་བུ་ཚིགས་བཅད་གསུམ་དང་རྐང་པ་གཅིག །སྐྱེ་མེད་དོན་ཏིག་རྐང་པ་གཅིག་གིས་དམན་པའི་ཤློ་ཀ་བདུན། རྡོ་རྗེ་སེམས་དཔའི་ནམ་མཁའ་ཆེ་རྒྱས་པ་ལེའུ་བརྒྱད་པ། བྱང་ཆུབ་སེམས་སྒོམ་པ་འཇམ་དཔལ་བཤེས་གཉེན་ཕྱི་མས་མཛད་པ་ལྡེབ་གཅིག །ག༽ རྡོ་རྗེ་སེམས་དཔའི་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་དྲུག་ཅུ་རྩ་བཞི་པ་ཤྲཱི་སེང་ཧ་དང་བཻ་རོའི་འགྱུར། ཆ༽ མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཁྲག་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལེའུ་བརྒྱད་དང་ཞེ་གཉིས་པ་རྡོར་གླིང་གཏེར་མ། ཐ༽ དམ་ཚིག་བཀོད་པའི་ [213a] རྒྱུད་ལེའུ་སོ་བཞི་པ། རྣལ་འབྱོར་ནང་གི་ཚོགས་རྒྱུད་ཆེན་པོ་ལེའུ་བཅོ་ལྔ་པ། ད༽ གསང་སྙིང་མཇུག་ཏུ་ལེའུ་ཉེར་གཉིས་པ་དང་ཉེར་གསུམ་པ་ལྷག་པ་ཐར་ལོའི་འགྱུར། དཔལ་གསང་བའི་སྙིང་པོའི་རྒྱུད་བྱི་ཐ་ལེའུ་ལྔ་པ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྒྱུད་ཕྱི་མའི་ཕྱི་མ་བམ་པོ་ཕྱེད་པ་ཞེས་ལེའུ་སུམ་ཅུ་རྩ་གསུམ་ནས་དབུ་བཟུང་རྩ་དྲུག་གི་བར་དུ་ཡོད་པ། ན༽ སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་རྒྱུད་ལེའུ་བཅུ་གསུམ་པ། རྡོ་རྗེ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ན་ཉིད་ངེས་པ་ལེའུ་སོ་གསུམ་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲྭ་བ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་ཚུལ་ཟབ་མོ་གསང་བའི་མཆོག་ལེའུ་བཅུ་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་བཀོསད་པ་ལེའུ་བརྒྱད་པ། བ༽ འཕགས་པ་འཇམ་དཔལ་གཤིན་རྗེ་དམར་པོ་འཇིག་རྟེན་ལས་འདས་པའི་མདོ་རྒྱུད་ཆེན་པོ་ལེའུ་ཉེར་ལྔ་པ། འཇམ་དཔལ་དམར་པོའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་པ་ཤནྟིཾ་གརྦྷ་དང་གནུབས་བན་དབང་ཕྱུག་དཔལ་གྱི་འགྱུར། མ༽ འཇམ་དཔལ་མ་རི་རྩེའི་སྔགས་རྒྱུད་ལས་ཕྱི་མའི་ཕྱི་མ་རྫོགས་སོའི་མཐའ་ [213b] ཅན་ལྡེབ་གཅིག །ཛ༽ ཡང་དག་འཇིག་རྟེན་ལས་འདས་པའི་མདོ་ལེའུ་བཅུ་གཅིག་པ་པདྨ་དང་ནམ་སྙིང་གི་འགྱུར། ཝ༽ ཕུར་པ་རྡོ་རྗེ་ཁྲོས་པ་རྩ་བའི་དུམ་བུ་པདྨ་དང་ལྕེ་ཀུ་ཀུ་ཛ་ལ་རཀྵི་ཏའི་འགྱུར། ཟ༽ མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལེའུ་བཅུ་དྲུག་པ་རྫོགས་སོའི་མཐའ་ཅན་བཅས་སོ། །དེ་ལྟར་ལེགས་པར་ནོས་པའི་བླ་མ་བརྒྱུད་པའི་རིམ་པ་ལ། ཐོག་མར་རྫོགས་པ་ཆེན་པོ་ཡང་ཏིའི་སྐོར་སྤྱིའི་བརྒྱུད་པ་ནི། དཔལ་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཨོ་རྒྱན་ཆེན་པོ་པདྨ། ཁྲི་སྲོང་ལྡེའུ་བཙན། ཛྙཱ་ན་ཀུ་མཱ་ར། དེའི་བུ་ཆེན་དཔལ་བརྒྱད། ཡང་ཛྙཱ་ན་ཀུ་མཱ་ར་ནས། གཉགས་ཀླུའི་དབང་ཕྱུག །ཉང་པོ་ཀླུའི་རྒྱལ་མཚན། སྦ་ལུ་འཕགས་པ་ཤེས་རབ། འགོས་མི་ཚུལ་ཁྲིམས་རྒྱལ་མཚན། ཡར་མདའི་ཞང་ཛྙཱ་ན་ཤེས་རབ། ཁམས་པ་ཡེ་ཤེས་ཚུལ་ཁྲིམས། བྱང་ལམ་གྱི་པ་ཚབ་སྟོང་གྲགས། བྱང་ནག་ཤོད་ཀྱི་ཡེ་ཤེས་སྙིང་པོ། བྱང་སྒོམ་རིན་ཆེན་བཟང་པོ། བྱང་པོ་འཇམ་དཔལ། ཤངས་པ་ནག་པོ། གླ་ན་རྡོ་རྗེ [214a] འོད། སྲས་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་རྒྱལ་མཚན། སྲས་བསམ་འགྲུབ་འཕེལ། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ། བླ་མ་རྡོ་རྗེ་རྒྱལ་མཚན། རྒྱལ་ཁམས་བདེ་ལེགས་དཔལ། རོག་སྒྲུབ་པ། མཁས་པ་འཇམ་དབྱངས་བཤེས་གཉེན། མཁས་བཙུན་ཆོས་དཔལ་རྒྱལ་མཚན། ཆོས་རྗེ་བསམ་གཏན་བཟང་པོ། ཆོས་རྒྱལ་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། རིག་འཛིན་ངག་དབང་གྲགས་པ། མཉམ་མེད་ངག་དབང་ནོར་བུ། རིག་འཛིན་ནོར་བུ་ཡོངས་གྲགས། རྒྱལ་སྲས་ནོར་བུ་དབང་རྒྱལ། པད་གླིང་གསུང་སྤྲུལ་གསུམ་པ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ། པད་གླིང་གསུང་སྤྲུལ་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེ། ཐུགས་སྲས་ལྔ་པ་འགྱུར་མེད་མཆོག་གྲུབ་དཔལ་འབར། རྡོར་འཛིན་པདྨ་དོན་གྲུབ་གྲགས་པ། གསུང་སྤྲུལ་དྲུག་པ་ཀུན་བཟང་བསྟན་པའི་རྒྱལ་མཚན། རྦ་ཁ་བདུན་པ་ཀུན་བཟང་རིག་འཛིན་རྡོ་རྗེ། པད་ [214b] གླིང་གསུང་སྤྲུལ་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། རྦ་ཁ་བརྒྱད་པ་རིག་འཛིན་ཁམས་གསུམ་ཡོངས་གྲོལ། སྨིན་གླིང་རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། ཁྱབ་བདག་བླ་མ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ་ནས། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། རྗེ་བཀའ་འགྱུར་བ་འབར་ཆུང་བཀྲ་ཤིས་རྒྱ་མཚོ། གནས་ལྔ་རིག་པའི་བཤེས་གཉེན་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས། རྗེ་ཨོ་རྒྱན་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མཚུངས་མེད་ཀུན་དགའ་རྒྱལ་མཚན། ཐུབ་བསྟན་དཔལ་ལྡན་གྲགས་པ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མན་གོང་བཞིན་ནོ། །བྱེ་བྲག་ཡང་ཏི་ཀ་དག་ཁོ་ན་སྟོན་པའི་རྒྱུད་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། བྲམ་ཟེ་བདེ་མཆོག་སྙིང་པོའམ་འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། བི་མ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། འབྲོམ་ཡེ་ཤེས་སྙིང་པོ། ཉང་དབང་ཕྱུག་རྒྱ་མཚོ། [215a] ཡོན་ཏན་མཆོག ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་སངས་རྒྱས་ཤེས་རབ། རྔོག་སྟོན་ཚུལ་ཁྲིམས་རྒྱལ་མཚན། འབྲེ་གཙུག་ཏོར་ཤེས་རབ། གླན་ཤཱཀྱ་དབང་ཕྱུག ། གཉོས་ཆུ་བོ་རི་པ། བླ་མ་རྡོ་རྗེ་འོད། འགོས་དགེ་སློང་། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ། རྗེ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས། རོག་སྒྲུབ་པ། མཁས་གྲུབ་འཇམ་དབྱངས་བཤེས་གཉེན། མཁས་བཙུན་ཆོས་དཔལ་རྒྱལ་མཚན། ཆས་རྗེ་བསམ་གཏན་བཟང་པོ། གཏེར་ཆེན་རཏྣ་གླིང་པ་མན་གོང་ལྟར་རོ། །རྫོགས་པ་ཆེན་པོ་སྤྱི་ཏིའི་སྐོར་གྱི་བརྒྱུད་པ་ནི། ཤྲཱི་སེང་ཡན་གོང་བཞིན་ལ། དེ་ནས་ཛྙཱ་ན་སཱུ་ཏྲ། སློབ་དཔོན་ཆེན་པོ། ཛྙཱ་ན་ཀ་མཱ་ར་མན་གོང་བཞིན། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་ཐིག་གི་རྒྱུད་བཅུ་བདུན་པོའི་སྐོར་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའི། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། རང་བྱུང་པདྨ་རྒྱལ་པོ། ཚངས་པ་ལྷའི་མེ་ [215b] ཏོག །ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇམ་དབྱངས་ཁྱབ་བརྡལ་ལྷུན་གྲུབ། མཁས་གྲུབ་གྲགས་པ་འོད་ཟེར། ཉི་མ་འོད་ཟེར། ཆོས་རྗེ་ཆོས་དབྱིངས་གྲགས་པ། དཀོན་མཆོག་དཔལ་བཟང་། དཀར་ཆེན་ཀུན་གྲགས། རབ་འབྱམས་དགེ་བའི་བློ་གྲོས། བསྟན་འཛིན་ནོར་བུ། སྔགས་འཆང་བསྟན་པའི་འབྱུང་གནས། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་མན་སྔར་བཞིན་དང་། ཡང་ན་པདྨ་ཕྲིན་ལས་ནས། འགྱུར་མེད་ཐེག་མཆོག་བསྟན་འཛིན་མན་གོང་བཞིན་ནོ། །རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་སྐོར་གྱི་བརྒྱུད་པ་ནི། བི་མ་ལ་མི་ཏྲ་ནས། ཉང་ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག ། འབྲོམ་རིན་ཆེན་འབར་བ། ལྡང་མ་ལྷུན་གྲུབ་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །འ་སྒོམ་ཀླུ་པོ། བླ་མ་ཤེས་རབ་གྲགས། ལ་སྟོད་ཟླ་བ་རྗེ་བཙུན། རྒྱལ་བ་ཞང་སྟོན། [216a] མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། འགོས་དངོས་གྲུབ་མགོན། ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ། རྡོ་རྗེ་རྒྱལ་མཚན། བདེ་ལེགས་པ། རོག་སྒྲུབ་པ། འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། མེ་སྒོམ་བསམ་གཏན་བཟང་པོ། སྤྲུལ་སྐུ་རཏྣ་གླིང་པ་མན་སྔར་བཞིན་ནོ། །རྫོགས་པ་ཆེན་པོ་མན་ངག་སྡེའི་ནང་སྐོར་དང་ཕྱི་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏེ་ལོ། སྲས་ཐུ་བོ་རཱ་ཛ། པྲ་ཧསྟི། སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་དགའ་པོ། གནོད་སྦྱིན་མོ་བྱང་ཆུབ་མ། གཟུགས་འཚོང་མ་ས་ར་ཎི། ཁ་ཆེའི་མཁན་པོ་རབ་སྣང་། བུདྡྷ་ས་མནྟི། སྲས་མོ་གོ་མ་དེ་ཝི། ཨ་ཙརྱ་ཨ་ལོ་ཀེ ། ཀུ་ཀུ་རཱ་ཛ། དྲང་སྲོང་བ་ཤི་ཏ། སྨད་འཚོང་མ་བདག་ཉིད་མ། ནཱ་གརྫུ་ན། ཁྱི་རྒྱལ་ཕྱི་མ། འཇམ་དཔལ་བཤེས་གཉེན་ཕྱི་མ། ལྷའི་མཁན་པོ་མ་ཧཱ་རཱ་ཛ། བྷཱུ་ཏ་ཀཊྚ། ཤྲཱི་སེང་ཧ། ཀུན་དགའ་མོ། བཻ་རོ་ཙ་ན། སྤང་སངས་རྒྱས་མགོན། སྦས་རཀྵི་ཏ། ཁམས་པ་ཡ་ཟི་དར་མ་ཤེས་རབ། ཉང་སྟོང་སྨྲ་བའི་སེངྒེ་། [216b] མར་པ་ཁྲོམ་རྒྱལ། མར་པ་ཤེས་རབ་འོད། ཤངས་ཆུང་དར་མ་བསོད་གྲགས། ལྷ་རྗེ་སྒྲོ་ཕུག་པ། དགེ་བཤེས་སྟོན་སྙིང་། གླན་ཤཱཀྱ་དབང་ཕྱུག ། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན་མན་སྔར་བཞིན་ནོ། །རྫོགས་པ་ཆེན་པོ་ཀློང་སྡེའི་སྐོར་གྱི་བརྒྱུད་པ་ལ། རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས། དང་པོ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། དྷ་ན་ཏཱཻ་ལོ། སྲས་ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་ནཱ་ག་ཙརྱ། གནོད་སྦྱིན་མོ་བྱང་ཆུབ། སྨད་འཚོང་མ་ས་ར་ཎི། གནས་བརྟན་རབ་སྣང་། སྨད་འཚོང་མ་བུདྡྷ་ས་མནྟི། ཀུ་ཀུ་རཱ་ཛ། ཨོ་རྒྱན་གྱི་དགེ་སློང་མ་ཧཱ་རཱ་ཛ། ཨ་ཙརྱ་ཨ་ལོ་ཀ ། ཁྱིའི་རྒྱལ་པོ་ཕྱི་མ། བྷཱུ་ཏ་ཀུཊྚ། འཇམ་དཔལ་བཟང་པོ། དྲང་སྲོང་བ་ཤི་ཏ། སྨད་འཚོང་མ་ཕྱི་མ། ཤནྟིཾ་གརྦྷ། ནཱ་གརྫུ་ན། ཤྲཱི་སེང་ཧ། དགེ་སློང་མ་ཀུན་དགའ་མོ། བི་མ་མི་ཏྲ། བཻ་རོ་ཙ་ན། ཡང་ན། ཤྲཱི་སིང་ཧ་ནས། བཻ་རོ་ཙ་ན། བི་མ་དང་། བཻ་རོ་གཉིས་ཀྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ལ། གཉགས་ཛྙཱ་ནས། [217a] སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས། ཐག་བཟང་དཔལ་གྱི་རྡོ་རྗེ་སྟེ་དཔལ་སྔ་མ་བཞི་དང་། ལམ་མཆོག་དཔལ་གྱི་རྡོ་རྗེ། དར་རྗེ་དཔལ་གྱི་གྲགས་པ། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ་སྟེ་དཔལ་ཕྱི་མ་བཞི་བཅས་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་ལྟར་ན། གཉགས་ཛྙཱ་ནས། གཉགས་ཀླུའི་དབང་ཕྱུག །ཉང་པོ་ཀླུའི་རྒྱལ་མཚན་ནས་སྔར་ཡང་ཏིའི་བརྒྱུད་པ་བཞིན་ནོ། །གཉིས་པ་ཉེ་བརྒྱུད་ནི། སྟོན་པ་སངས་རྒྱས། ལྷའི་བུ་ཀུན་དགའ་སྙིང་པོ་སེམས་ལྷག་ཅན། དགའ་རབ་རྡོ་རྗེ་ནས། གྲུབ་ཆེན་ཤ་བ་རི་པ། མཻ་ཏྲི་པ། ཤྲཱི་སེང་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། ཨ་རོ་ཡེ་ཤེས་འབྱུང་གནས། ཁམས་པ་ཡ་ཟི་བོན་སྟོན། གྲུ་གུ་གློག་འབྱུང་། ཀོང་རབ་འཚོ། བླ་མ་དཀོན་པ་བ། བླ་མ་སྤོར་ལ་བ། དམ་པ་གྲུ་སྐྱོགས། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན། དེས་སྲས་བསམ་གྲུབ་འཕེལ་དང་འགོས་དགེ་སློང་གཉིས་ལ། དེ་གཉིས་ཀས་འགོས་དངོས་གྲུབ་མགོན་མར་སྔར་ལྟར་དང་། [217b] ཡང་ལུགས་གཅིག་ལ། ཨ་རོ་ཡེ་ཤེས་འབྱུང་གནས་ནས། ཡ་ཟི་བོན་སྟོན། དེས་གཙང་ཅོག་རོ་ཟངས་དཀར། ཁ་རག་གི་བྲུ་ཤ་རྒྱལ་བུ། དབུས་པ་གྲུབ་སེང་། ཤེས་རབ་སྔོན་ལམ་སྟེ་བཞི་ལ། ཡང་ཡ་ཟི་དང་ཅོག་རོ་གཉིས་ཀྱིས། གྲུ་གུ་བློ་གྲོས་འབྱུང་གནས་ལ། དེ་ནས་བྲག་ཟངས་ཕུག་གི་སྐྱོང་རབ་འཚོ། ལྷ་ལྕམ་ལྷ་དར། ལྷ་ལྕམ་སྒོམ་པ། གྱི་མཁར་མཆིན་ཡུལ་དུ་ཚི་མི་བྱང་ཆུབ་རྡོ་རྗེ། སྟག་ཚལ་གྱི་སྦོག་གམ་ལོ་གྲགས། ཡང་ལྕེ་སྒོམ་གྱི་བྲག་དཀར། དེ་ཁ་རག་གི་བནྡྷེ་གྲགས་པ་དཔལ། རྔོག་སྟོན་རྒྱལ་བ་བཀྲ་ཤིས། འགོས་རི་ཁྲོད་དབང་ཕྱུག །འགོས་དངོས་གྲུབ་རྒྱལ་མཚན་མན་གོང་བཞིན་ནོ། །རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་ལ། སྤྱི་བརྒྱུད་དང་། སྒོས་བརྒྱུད་གཉིས་ལས། དང་པ་སྤྱི་བརྒྱུད་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏེ་ལོ། སྲས་ཐུ་བོ་རཱ་ཛ། སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་ནཱ་ག་ཙརྱ། ལག་ན་རྡོ་རྗེའི་སྲས་མོ་གནོད་སྦྱིན་མོ་བྱང་ཆུབ་མ། སྨད་འཚོང་མ་ས་ [218a] ར་ཎི། ཁ་ཆེའི་རྒྱལ་པོ་རབ་སྣང་། སྨད་འཚོང་མ་བུདྡྷ་ས་མནྟི། ཀུ་ཀུ་རཱ་ཛ་སྔ་མ། ཨོ་རྒྱན་གྱི་མཁན་པོ་མ་ཧཱ་རཱ་ཛ། ཨ་ཙརྱ་ལོ་ཀ ། ཁྱིའི་རྒྱལ་པོ་ཕྱི་མ། བྷཱུ་ཏ་ཀུཊྚ། འཇམ་དཔལ་བཟང་པོ། དྲང་སྲོང་བ་ཤི་ཏ། སྨད་འཚོང་མ་ཕྱི་མ་བདག་ཉིད་མ། ནཱ་གརྫུ་ན། ཤྲཱི་སེང་ཧ། དགེ་སློང་ཀུན་དགའ་མོ། བི་མ་ལ་མི་ཏྲ། ཡང་ན་ཤྲཱི་སེང་ཧ་ནས། བཻ་རོ་ཙ་ན། དེ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། གཡུ་སྒྲ་སྙིང་པོས་གསན། ཡང་ཤྲིའི་སེང་ཧ་ནས། ཨོ་རྒྱན་པདྨ་འབྱུང་གནས་སོ། །དེ་ནས་སློབ་དཔོན་པདྨ་དང་། བི་མ་ལ། བཻ་རོ་གསུམ་ཀ་ལ་གཉགས་ཛྙཱ་ན་ཀུ་མཱ་རས་ཞུས་ཏེ། རང་གི་སློབ་མ་དཔལ་གྱི་བུ་བརྒྱད་ལ་བཤད། ཉེ་བརྒྱུད་དུ་ཛྙཱ་ན་ཀུ་མཱ་རས་གཉགས་ཀླུའི་དབང་ཕྱུག །ཉང་ཀླུའི་རྒྱལ་མཚན། སྦ་ལུ་འཕགས་པ་ཤེས་རབ། འགོས་ཚུལ་ཁྲིམས་རྒྱལ་མཚན་མན་སྔར་ཡང་ཏིའི་སྐབས་དང་འདྲ། གཉིས་པ་སེམས་སྨད་བཅོ་བརྒྱད་སྒོས་ཀྱི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏཻ་ལ། སྲས་ཐུ་བོ་རཱ་ཛ། སྲས་མོ་མེ་ [218b] ཏོག་གསལ། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་བྱང་ཆུབ་མ། སྨད་འཚོང་མ་ས་ར་ཎི། ཁ་ཆེའི་རྒྱལ་པོ་རབ་སྣང་། སྨད་འཚོང་མ་བུདྡྷ་ས་མནྟི། ཀུ་ཀུ་རཱ་ཛ། མ་ཧཱ་རཱ་ཛ། སྲས་མོ་གོ་མ་དེ་ཝི། ཨ་ཙརྱ་ཨ་ལོ་ཀ ། ཁྱི་རྒྱལ་ཕྱི་མ། དྲང་སྲོང་བ་ཤི་ཏ། ནཱ་གརྫུ་ན། གཟུགས་འཚོང་མ་བདག་ཉིད་མ། འཇམ་དཔལ་བཤེས་གཉེན་ཕྱི་མ། དེ་ཝ་རཱ་ཛ། བྷཱུ་ཏ་ཀུཊྚ། དགེ་སློང་མ་ཀུན་དགའ་མོ། ཤྲཱི་སེང་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །དན་ཡོན་ཏན་མཆོག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས། རོག་སྟོན་ཚུལ་ཁྲིམས་རྒྱལ་མཚན། འབྲེ་གཙུག་ཏོར་གཞོན་ནུ། ཉ་ཚལ་གྱི་གླན་ཤཱཀྱ་བྱང་ཆུབ། གཙང་པ་དར་མ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་ཆུང་དགེ་སློང་། འགོས་དངོས་གྲུབ་མགོན་པོ་ལའོ། །ཡང་གླན་ཤཱཀྱ་བྱང་ཆུབ་ཀྱིས། གཉོས་ཆུ་བོ་རི་པ། ཁ་རག་སྟོན་སྙིང་། བྱ་སྟོན་ཐོག་པོ། འགྲོག་སྟང་གི་སོ་སྟོན་སྲི་ཀ ། ཉ་ཚལ་ [219a] པ་གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན་མན་གོང་བཞིན་ནོ། །རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ཆ་ལག་དང་བཅས་པའི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏེ་ལོ། སྲས་ཐུ་བོ་རཱ་ཛ། པྲ་ཧསྟི། སྲས་མོ་ས་ར་ནི། ཀླུའི་རྒྱལ་པོ། གནོད་སྦྱིན་མོ་བྱང་ཆུབ་མ། སྨད་འཚོང་མ་ས་ར་ཎི། ཁ་ཆེའི་མཁན་པོ་རབ་སྣང་། སྨད་འཚོང་མ་བུདྡྷ་ས་མནྟི། སྲས་མོ་གོ་མ་དེ་ཝི། ཨ་ཙརྱཱ་ལོ་ཀ ། ཀུ་ཀུ་རཱ་ཛ། དྲང་སྲོང་བ་ཤི་ཏ། གཟུགས་འཚོང་བདུད་རྩི་མ། ནཱ་གརྫུ་ན། ཀུ་ཀུ་རཱ་ཛ་ཕྱི་མ། འཇམ་དཔལ་བཤེས་གཉེན་ཕྱི་མ། ལྷའི་མཁན་པོ་མ་ཧཱ་རཱ་ཛ། བྷཱུ་ཏ་ཀུཊྚ། ཤྲཱི་སེང་ཧ། དགེ་སློང་མ་ཀུན་དགའ་མོ། བཻ་རོ་ཙ་ན། སྤང་སངས་རྒྱས་མགོན། སྦས་རཀྵི་ཏ། ཡ་ཟི་དར་མ་ཤེས་རབ། ཉང་སྟོན་སྨྲ་བའི་སེངྒེ། མར་པ་ཁྲོམ་རྒྱལ། མར་པ་ཤེས་རབ་འོད། ཤངས་ཆུང་དར་མ་བསོད་ནམས་གྲགས། ལྷ་རྗེ་སྒྲོ་ཕུག་པ། དགེ་བཤེས་སྟོན་སྙིང་། གླན་ཤཱཀྱ་བྱང་ཆུབ། གླན་རྡོ་རྗེ་འོད། སྲས་བསོད་ནམས་ [219b] རྒྱལ་མཚན། འགོས་དངོས་གྲུབ་མགོན་པོ་མན་གོང་མ་རྣམས་དང་འདྲའོ། །ལུང་ཨ་ནུ་ཡོ་གའི་བླ་མ་བརྒྱུད་པའི་རིམ་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་བརྒྱུད་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། ལྷ་ཀླུ་གནོད་སྦྱིན་གསུམ་གྱི་རིག་འཛིན། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ སྲས་ཨིནྡྲ་བྷཱུ་ཏི། ནཱ་ག་པུ་ཏྲ། གུ་ཧྱ་པུ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། སློབ་དཔོན་པྲ་ཧསྟི། སློབ་དཔོན་ཤཱཀྱ་སེངྒེ་། ཤཱཀྱ་མི་ཏྲ། ཤཱཀྱ་པྲ་བྷ། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། ཆེ་བཙན་སྐྱེས། བ་སུ་དྷ་ར། དྷརྨ་བོ་དྷི། གནུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་ལྡེ། སྣ་ནམ་ཞལ་ཡོན། འུག་པ་ལུང་པ། ཡང་རྒྱ་སྟོན་བློ་གྲོས་བྱང་ཆུབ་ནས། བསོད་ནམས་ཤཱཀྱ། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། ཡང་ཁྱེད་བླ་མ། སྒྲོ་ཕུག་པ་ཤཱཀྱ་སེངྒེ་། གནུབས་བཤེས་གཉེན་སྙིང་པོ། གླན་རྡོ་རྗེ་འོད། ཡང་ཟུར་ཆུང་པ་ནས། ཀ་བ་བཞིའི་ནང་ཚན་གླན་ཤཱཀྱ་བཟང་པོ། སློབ་དཔོན་ [220a] འགར། གླན་རྡོ་རྗེ་འོད། དེ་ནས་ཡང་ཁང་ཚག་དཔལ། འདན་མ་རྡོ་རྗེ་འོད། འགོས་དགེ་སློང་། འགོས་དངོས་གྲུབ་མགོན། འགོས་བན་ནོར་བུ། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྡོ་རྗེ་རྒྱལ་མཚན། བདེ་ལེགས་དཔལ་བ། རོག་སྒྲུབ་པ། འཇམ་དབྱངས་བཤེས་གཉེན། ཆོས་དཔལ་རྒྱལ་མཚན། བསམ་གཏན་བཟང་པོ། ཆོས་རྒྱལ་རཏྣ་གླིང་པ་མན་སྔ་མ་རྣམས་བཞིན་ནོ། །གཉིས་པ་སྒོས་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རིགས་གསུམ་མགོན་པོ། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེངྒེ་། ཤཱཀྱ་པྲ་བྷ་། ཤཱཀྱ་མི་ཏྲ། ཤཱཀྱ་སེང་གེས། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་ལྡེ། སྣ་ན་མ་ཞལ་ཡོན། འུག་པ་ལུང་པ། ཡང་རྒྱ་བློ་གྲོས་བྱང་ཆུབ་ནས། འགོས་དངོས་གྲུབ་མགོན་མན་གོང་ལྟར་རོ། །སེམས་ལུང་ཆེན་པོ་སོགས་ཀྱི་སྒོས་བརྒྱུད་ནི། ཀུན་བཟང་། རྡོར་ [220b] སེམས། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ ནཱ་ག་པུ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེངྒེ་། ཤཱཀྱ་པྲ་བྷ། ཤཱཀྱ་མི་ཏྲ། ཤཱཀྱ་སེང་གེས། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། རྒྱ་བློ་གྲོས་བྱང་ཆུབ། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ། ཐོ་གར་ནམ་མཁའ་ལྡེ། འུག་པ་ལུང་པ། ལྷ་རྗེ་ཟུར་ཆུང་པ། དེའི་སློབ་མ་ཀ་བཞི་གདུང་བརྒྱད། ཟུར་སྒརོ་ཕུག་པ། རྩགས་ཚ་ཤཱཀ་རྡོར། རྩགས་ཤཱཀྱ་འབྱུང་གནས། གླན་རྡོ་རྗེ་འོད། འགོས་དགེ་སློང་། འགོས་དངོས་གྲུབ་མགོན་མན་གོང་ལྟར་རོ། །ཀུན་འདུས་རིག་པ་གོང་འོག་གི་བརྒྱུད་པ་ནི། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི་ནས་སྣ་ནམ་ཞལ་ཡོན་ཡན་གོང་བཞིན་ལས། སྣ་ནམ་གྱིས་བདེ་གཤེགས་ཟུར་པོ་ཆེ། དེས་རྩེ་མོ་བཞི་དང་། ཀ་བཞི་གདུང་བརྒྱད་ལ། ཉ་རི་བ། རྩགས་ཚ་ཤཱཀྱ་རྡོ་རྗེ་མན་འདྲའོ། །རྒྱུད་མ་ཧཱ་ཡོ་ག་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། བློ་གྲོས་ཐབས་ལྡན། [221a] ཀུ་ཀུ་རཱ་ཛཿ རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། གོ་མ་དེ་བི། ཤཱཀྱ་པུ་ཏྲི། རཱ་ཛ་ཧསྟི། ཧཱུྃ་ཀ་ར། བྷཱུ་ཏ་ཀུཊྚ། མཁན་པོ་པྲ་ཧསྟི། རྡོ་རྗེ་བཞད་པ། སྠི་ར་མ་ཏི། ར་གི་ནཱ་ག ། བྲམ་ཟེ་ཉི་མ། ཀརྟི་པདྨ། བྲམ་ཟེ་ཚངས་པ། ལྕེ་བཀྲ་ཤིས། ཁྱུང་པོ་དབྱིག་འོད། འཇམ་དཔལ་ཡེ་ཤེས། སྣང་བ་ལྷ་དཔལ། ལྷ་རྗེ་རྒྱལ་བ་བྱང་ཆུབ། ལྕེ་བྱང་ཆུབ་ཤེས་རབ། བློ་གྲོས་རྒྱལ་བའི་སྙིང་པོ། གླན་གྲགས་པ་རྒྱལ་མཚན། གླན་རྡོ་རྗེ་འོད། སྟོང་རིན་ཆེན་ལྷུན་པོ། གླན་བྱང་ཆུབ་ཚུལ་ཁྲིམས། འདས་དགའ་དཔལ་གྱི་གྲགས་པ། ལྷ་རྗེ་རྒྱལ་བ། ལྕེ་སྒོམ་པ། སྦས་སྟོན། དབུས་གྲུ་སྨོན་ལམ་སེངྒེ་། སྦས་སྟོན་གཞོན་ནུ། བླ་མ་བསམ་འཕེལ་བ། ཤཱཀྱ་རྒྱལ་མཚན། དཔལ་བཟང་པོ། རྡོ་རྗེ་རྒྱལ་མཚན། བདེ་ལེགས་དཔལ་བ། རོག་སྒྲུབ་པ། འཇམ་དབྱངས་བཤེས་གཉེན། ཆོས་དཔལ་རྒྱལ་མཚན། བསམ་གཏན་བཟང་པོ། གཏེར་ཆེན་རཏྣ་གླིང་པ་མན་གོང་བཞིན་ནོ། །ཞི་ཁྲོ་སྒྱུ་འཕྲུལ་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། རྒྱལ་སྲས་རིགས་གསུམ། སྐལ་ལྡན་དྲྭ་མ་ལྔ། [221b] དགེ་སློང་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། སིངྷ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་དེ་བི། བྷཱུ་ཏ་ཀུཊྚ། མཻ་ཏྲི་ཀ་མ་ལ། སངས་རྒྱས་གསང་བ། སྦས་མཉྫུ་ཤྲཱི། བྲན་ཁ་མུརྟི་པ། ཡང་ཀུ་ཀུ་རཱ་ཛ་ནས། དྲང་སྲོང་བ་ཤི་ཏ། པྲ་ཧསྟི། པདྨ་འབྱུང་གནས། ངན་ལམ་རྒྱལ་བ་མཆོག་དབྱངས། ཡང་ཀུ་ཀུ་རཱ་ཛ། དན་ལུ་ཀྲི་ཤ་ཀ ། མ་ཧཱ་རཱ་ཛ། རོ་ལངས་བདེ་བ། དེས་ནམ་མཁའི་སྙིང་པོ་སོགས་ལོ་ཙཱ་བ་དྲུག་ལ། ཡང་རྒྱལ་པོ་ཛཿས། སྒོམ་པ་མ། བི་མ་མི་ཏྲ། རྨ་རིན་ཆེན་མཆོག དེས་གཙུག་རུ་རིན་ཆེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀྱིས་ཁྱུང་པོ་དབྱིག་འོད། དེས་དར་རྗེ་དཔལ་གྱི་གྲགས་པ། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས། དེ་ནས་སོ་ཡེ་ཤེས་དབང་ཕྱུག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཤེས་རབ་མཆོག ། [222a] ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀ་འབྱུང་། ཟུར་ཆུང་ཤེས་རབ་གྲགས་པ། དེས་ཀ་བ་བཞི། གདུང་མ་བརྒྱད། ཡང་རྒྱལ་པོ་ཛཿནས། ཨིནྡྲ་བྷཱུ་ཏི། ནཱ་ག་བོ་དྷི། ཁྱི་རྒྱལ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཙོར་རྒྱལ་པོ་པྲ་ཧསྟི། དེས་ཤཱཀྱ་པྲ་བྷ། ཤཱཀྱ་མི་ཏྲ། ཤཱཀྱ་སེངྒེ་གསུམ་ལ་བཤད། ཤཱཀྱ་པྲ་བྷས་གངས་ཏི་སེར། རྨ་བན་རིན་ཆེན། སྦས་མཉྫུ་ཤྲཱི། བྲན་པ་མུརྟི་གསུམ་ལ་བཤད། རྨ་བན་གྱིས་གཙུག་རུ་རིན་ཆེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀྱིས་ཞང་རྒྱལ་བའི་ཡོན་ཏན། ཅོག་རོ་ཤེས་རབ་བྱང་ཆུབ། འགོས་ཚུལ་ཁྲིམས་བྱང་ཆུབ། སོ་ཡོན་ཏན་བཟང་པོ་བཞི་ལ་བཤད། དེ་བཞིས་ཞང་བྱང་ཆུབ་འབྱུང་གནས། ཡ་ཟི་ཡེ་ཤེས་འཕགས། གནུབས་བླ་ཆེན་བྱང་ཆུབ་སྙིང་པོ། ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱི་བར་རིམ་པར་བརྒྱུད། ཟུར་གྱིས་ཉང་ཤེས་རབ་མཆོག །ཀློ་བོ་བླ་མ། སྒྲགས་བྱང་ཆུབ་འབྱུང་གནས་གསུམ་ལ་བཤད། ཉང་ཤེས་རབ་མཆོག་གིས་ཟུར་ཆུང་པ། རིམ་པར་ཀ་བ་བཞི། [222b] སྒྲོ་ཕུག་པ་ཤཱཀྱ་སེངྒེ་། རྩགས་ཤཱཀྱ་རྡོ་རྗེ། རྩགས་ཤཱཀྱ་འབྱུང་གནས། གླན་རྡོ་རྗེ་འོད། སྲས་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན་མན་སྔ་མ་རྣམས་བཞིན་ནོ། །ཡང་སྒྱུ་འཕྲུལ་བླ་མ་དང་། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་སོགས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་ཡན་གོང་ལྟར་ལ། དེ་ནས། སངས་རྒྱས་གསང་བ། འབྲོག་མི་དཔལ་གྱི་ཡེ་ཤེས། སྲས་དཔལ་གྱི་ཉི་ཤར། ཁྱུང་པོ་བྱང་ཆུབ་རྒྱལ་མཚན། གྲུ་གུ་བྱང་ཆུབ་ཤེས་རབ་འབྱུང་གནས། ལྡན་མ་དབྱིག་གི་ཚུལ་ཁྲིམས། ཟུར་ཚ་དབང་ཕྱུག་རྒྱལ་མཚན། བདེ་གཤེགས་ཟུར་པོ་ཆེ། ཟུར་ཆུང་པ་མན་གོང་དང་འདྲའོ། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྒྱུད་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བལ་པོ་བ་སུ་དྷ་ར། སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །དན་ཡོན་ཏན་མཆོག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་སངས་རྒྱས་ཤེས་རབ། རྔོག་སྟོན་ཚུལ་ཁྲིམས་རྒྱལ་མཚན། འབྲེ་གཙུག་ཏོར་གཞོན་ནུ། [223a] གླན་ཤཱཀྱ་དབང་ཕྱུག །མྱོས་ཆུ་བོ་རི་པ། གླན་རྡོ་རྗེ་འོད། འགོས་དགེ་སློང་། འགོས་དངོས་གྲུབ་མགོན་མན་གོང་ལྟར། ཡང་འཇམ་དཔལ་ཟླ་གསང་ཐིག་ལེའི་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དཔལ་ཟླ་གསང་ཐིག་ལེ། རྒྱལ་བ་རིགས་ལྔ། ཕྱག་རྡོར། ལི་ཙ་བི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། ཡུ་རིག་པ། ཉི་ཟླ་རྡོ་རྗེ། བྷ་ཧུ་ར་མུ་ཏོ། སངས་རྒྱས་གསང་བ། བི་མ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡོན་ཏན་ཚུལ་ཁྲིམས། ཉང་ཤེས་རབ་འབྱུང་གནས། ཟུར་ཆེན། ཟུར་ཆུང་། སྒྲོ་ཕུག་པ། ཡམ་ཤུད་བློ་གྲོས་འབྱུང་གནས། འགོས་ཟླ་འབར། འགོས་འབུམ་གྲགས་པ། འགོས་དངོས་གྲུབ་རྒྱལ་མཚན། སྲས་བསམ་འཕེལ། འགོས་དངོས་གྲུབ་མགོན་མན་གོང་ལྟར་རོ། །དབང་ [223b] ཆེན་རྟ་མགྲིན་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། པདྨ་ཧེ་རུ་ཀ ། འཕགས་པ་ཀླུ་སྒྲུབ་སྙིང་པོ། པདྨ་འབྱུང་གནས། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་བན་རིན་ཆེན་མཆོག །དེས་གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་གཉིས་ལ། གཉིས་ཀས་ཁུ་བྱང་ཆུབ་འོད། དེས་ཁྱུང་པོ་དབྱིག་འོད། ཁྱུང་པོ་དཔལ་གྱི་རྡོར་གྲགས། ཞང་རྒྱལ་བའི་ཡོན་ཏན་གསུམ་ལ། ཞང་གིས་གནུབས་སངས་རྒྱས་ཡེ་ཤེས། དེ་ནས་རིམ་པར། སོ་ཡེ་ཤེས་དབང་ཕྱུག །ངབ་ཐུབ་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡེ་ཤེས་ཚུལ་ཁྲིམ། ཉང་ཡེ་མཆོག །ཉང་ཡེ་འབྱུང་། ཟུར་པོ་ཆེ། ཟུར་ཆུང་པ། དེས་ཀ་བཞི་གདུང་བརྒྱད། ཉ་རི་བ་ཤཱཀྱ་སེངྒེ་། ཐག་པ་ཤཱཀྱ་རྡོ་རྗེ། ལྕེ་བཙུན་ཤཱཀྱ་འབྱུང་གནས། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན་མན་གོང་ལྟར་རོ། །དཔལ་ཆེན་ཡང་དག་ཐུགས་ཀྱི་རྒྱུད་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། དགའ་རབ་རྡོ་རྗེ། ཤྲཱི་སེངྷ་། ཨིནྡྲ་བྷུ་ཏི། ཀུ་ཀུ་རི་པ། རྡོ་རྗེ་ཕྲེང་བའི་འོད། འཕགས་པ་ [224a] རྡོ་རྗེ་རྣོན་པོ། ཤ་ར་ཚོགས་ཀྱི་དབང་ཕྱུག །བློ་གྲོས་གཟི་བརྗིད། ཀུ་ཀུ་རི་པ། ཧཱུྃ་ཀ་ར། ཀུན་དགའ་སྙིང་པོ། བི་ཤྭ་མི་ཏྲ། ཡང་ཧཱུྃ་ཀ་རས། སློབ་དཔོན་པདྨ་དང་། བི་ཤྭ་མི་ཏྲ་གཉིས་ལའོ། །དེ་གཉིས་ཀྱིས་ནམ་མཁའི་སྙིང་པོ། རིམ་པར་མཁར་ཆེན་མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །སྒྲོ་ཉ་ཡེ་ཤེས། གྲུ་གུ་ཡོན་ཏན་བཤེས་གཉེན། རིག་བྱེད་འཕགས་པ། ཤཱཀྱ་འབྱུང་གནས། བཟང་སྒོམ། དེས་ཟུར་ཆུང་དང་། སྦ་སྒོམ་གཉིས་ལ། གཉིས་ཀས་སྦས་དོན་སྲི། དེས་སྐྱོ་གསང་བདག །དེ་ནས་རིམ་པར་ཞང་འཁོར་ལོ་རྒྱལ་པོ། འགོས་དངོས་གྲུབ་ཡབ་སྲས། འགོས་དངོས་གྲུབ་མགོན་མན་གོང་ལྟར། ཡང་བརྒྱུད་ཚུལ་གཅིག་ནི། ཀུན་ཏུ་བཟང་པོ། བདེ་གཤེགས་རིགས་ལྔ། དགའ་རབ་རྡོ་རྗེ། སློབ་དཔོན་པདྨ། གུ་རུ་ཤནྟིཾ། ཀླུའི་བུ་མོ་རྒྱ་མཚོ་མ། གུ་ཧྱ་མནྡྲ། སིངྷ་རཱ་ཛ། ཟ་ཧོར་རྒྱལ་པོ། གོ་མ་དེ་ཝི། དགེ་བསྙེན་རཱ་ཛ། དཔལ་ལྡན། ཤཱཀྱ་དེ་བ། ཧཱུཾ་ཀ་ར། ཡང་ཀུན་བཟང་། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། སངས་རྒྱས་གསང་བ། ཧཱུྃ་ཀ་རའོ། །ཡང་ན་ཀུན་བཟང་། ཕྱག་རྡོར། རྒྱལ་པོ་ཛཿ རྒྱལ་པོ་ཨུ་པ་ཤངས་ཏེ། ཧཱུཾ་ཀ་ར། [224b] རྡོ་རྗེ་བཞད་པ། པདྨ་སམྦྷ་ཝ། ནམ་མཁའི་སྙིང་པོ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། །གནུབས་སངས་རྒྱས་ཡེ་ཤེས། ཡང་ཧཱུྃ་ཀ་ར། བལ་པོ་བྷ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས་ལའོ། །ཡང་ལུགས་གཅིག་ལ། ཧཱུཾ་ཀ་ར། རྡོ་རྗེ་བཞད་པ། སློབ་དཔོན་པདྨ། སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག ། ཡང་སློབ་དཔོན་པདྨ་ཡན་གོང་ལྟར་ལ། དེ་ནས་ནམ་མཁའི་སྙིང་པོ། མཁར་ཆེན་མཚོ་རྒྱལ། མཁར་ཆེན་དཔལ་གྱི་བང་ཕྱུག །སྐྱོ་རྟ་གུ་རྡོ་རྗེ། འཇམ་དཔལ་ཡེ་ཤེས་འབྱུང་གནས། ལ་བྱིད་ཡེ་ཤེས་བརྩེགས། རླངས་དཔལ་གྱི་སེངྒེ་། ཅོག་རོ་དཔལ་གྱི་དབང་ཕྱུག །ལྕམ་དཔལ་གྱི་མཆོད་གནས། སོ་ཡེ་ཤེས་དབང་ཕྱུག །སྲས་ཀལྤོ། སྲས་དབང་གི་གཙུག་ཏོར། སྲས་རྒྱལ་པོ། ཆོས་ཀྱི་སེངྒེ་། ཡེ་ཤེས་རྡོ་རྗེ། རཱ་ཛ་འབར། དར་བརྩོན་འགྲུས། དར་སྲི། འཚོ་རྡོ་རྗེ་འོད། དར་མ་ཀུན་དགའ། དར་མ་སྙིང་པོ། ཞང་བྱང་ཆུབ་སེམས། འགོས་དངོས་གྲུབ་མགོན། སྲས་བསམ་འགྲུབ་འཕེལ་བ་དང་། དཔོན་ལྷུན་གྲུབ་རྒྱལ་མཚན་གཉིས་ལ། གཉིས་ཀས་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ་ [225a] མན་ཆད་སྔ་མ་རྣམས་བཞིན་ནོ། །བདུད་རྩི་ཡོན་ཏན་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རིགས་གསུམ་མགོན་པོ། ལྷ་ཀླུ་གནོད་སྦྱིན་གསུམ། ལི་ཙ་བི། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཀུ་ཀུ་རཱ་ཛ། ཨུ་པ་རཱ་ཛ། སེང་ཧ་རཱ་ཛ། ཨོ་རྒྱན་ཐོར་ཅོག་ཅན། ཨིནྡྲ་བྷཱུ་ཏི། མ་ཧཱ་རཱ་ཛ། ཉིན་བྱེད་སེངྒེ་། སངས་རྒྱས་གསང་བ། བི་མ་མི་ཏྲ། ཤྲཱི་སེངྷ། པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། ཡང་བི་མ་ལས། བལ་པོ་གླང་གི་གཉའ་ཅན་དང་། གཉགས་སྟག་སྒྲ་ལྷ་འཚོའམ་ཛྙཱ་ན་ཀུ་མཱ་ར་ལ་བཤད། ཀུ་མཱ་རས། སོག་པོ་དཔལ་གྱི་ཡེ་ཤེས་དང་། འོ་བྲན་དཔལ་གྱི་གཞོན་ནུ་གཉིས་ལ། དེ་གཉིས་ཀས་གནུབས་སངས་རྒྱས་ཡེ་ཤེས། དེ་ནས་སྲུ་ལེགས་པའི་སྒྲོན་མ། སྲས་གཞོན་ནུ་སྙིང་པོ། རྡོ་རྗེ་དབང་ཕྱུག །བླ་མ་བསོད་ནམས་གྲགས། །བྱང་ཆུབ་མཆོག ། བྱང་ཆུབ་རྒྱལ་མཚན། ཡེ་ཤེས་མཆོག །ངབ་ཐུབ་བྱང་རྒྱལ། ཀོར་ཐུང་ཤེས་རབ་ཡེ་ཤེས། ཀླུ་ཤེས་རབ་ཕན། རྒྱ་ཆོས་ཀྱི་གཟི་བརྗིད། རྒྱ་སྟོན་འབར། རྒྱ་སྟོན་འཁོར་ལོ། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན། སྲས་ཐུ་བོ་བསམ་འགྲུབ། བར་པ་དགེ་སློང་། གཅུང་པོ་དངོས་གྲུབ་མགོན་གསུམ་ལ་ [225b] བཤད། དངོས་གྲུབ་མགོན་གྱིས་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ་མན་གོང་བཞིན་ནོ། །རྡོ་རྗེ་ཕུར་པའི་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། ལྷུན་གྲུབ་རིག་འཛིན། ཕྱག་རྒྱ་རིག་འཛིན། ཚེ་དབང་རིག་འཛིན། རྣམ་སྨིན་རིག་འཛིན། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ སློབ་དཔོན་པདྨ། ཡེ་ཤེས་མཚོ་རྒྱལ། ལྕེ་ཀུ་ཀ་རཱ་ཛ། དཔལ་གྱི་དབང་ཕྱུག །ལ་བྱིད་ཡེ་ཤེས་བརྩེགས། མི་ནུབ་རྒྱལ་བའི་སྙིང་པོ། རྗེ་བཙུན་དཔལ་གྱི་སྒྲོན་མ། ཟ་རི་ཀླུ་ཡི་རྒྱལ་མཚན། ངམ་འབྲེ་གསལ་ལེ། ལང་ལབ་བྱང་རྡོར། སྣ་ནམ་ཤེར་ཚུལ། སྟོང་ཚབ་འཕགས་པ་རྒྱ་མཚོ། རྒྱ་སྟོན་སངས་རྒྱས། ངབ་ཐུང་ཤེར་རྒྱལ། འགོས་རྡོར་རྒྱལ། ཉང་དར་མ་སེངྒེ། ཡོན་ཏན་རྡོ་རྗེ། རམ་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། འགོས་དངོས་གྲུབ་མགོན་མན་གོང་དང་འདྲའོ། །ཡང་བརྒྱུད་ལུགས་གཅིག་ལ། དཔལ་རྡོ་རྗེ་གཞོན་ནུ། ཡུམ་འཁོར་ལོ་རྒྱས་འདེབས། ཨོ་རྒྱན་ཆེན་པོ། ཡེ་ཤེས་མཚོ་རྒྱལ་ནས། ཨ་ཙརྱ་ས་ལེ། ལང་ལབ་བྱང་རྡོར། སྣ་ནམ་ཤེར་ཚུལ། རྨ་སྒོམ་ཤཱཀ་ཚུལ། དར་མ་ཤཱཀྱ། ཁྱུང་པོ་ཚལ་པ། མཚམས་ཕུག་པ། གུ་རུབ་དགྲ་བཅོམ། གུ་རུབ་ཡང་དག །བྷ་སྟོན་ལྷ་འབར། [226a] འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ། འགོས་དངོས་གྲུབ་མགོན་མན་གོང་བཞིན། ཡང་རྡོ་རྗེ་ཕུར་པ་པདྨ་རྒྱལ་པོའི་ལུགས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་པདྨས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཤུད་བུ་དཔལ་སེང་། མཆིམས་ཤཱཀྱ་པྲ་བྷ་གསུམ་ལ་བཤད། དེ་དག་གི་ནང་ནས་སྣ་ནམ་གྱིས་ལ་བྱིད་ཡེ་ཤེས་བརྩེགས། སྙི་བན་སེ་བ་དཔལ། རྩེ་བན་རྒྱལ་བ་བཙན་གསུམ་ལ་བཤད། དེའི་ནང་ནས་ལ་བྱིད་ཀྱིས་ཅོག་རོ། ལྷ་ལུང་དཔལ་རྡོར། སྲས་མོ་ཞང་དཔལ། དཔལ་གྱི་མཆོད་གནས་མ། སྟོང་འདུས་དཔལ་གྱི་ལྷུན་པོ། རྡོ་རྗེ་ལྷུན་པོ། ཡེ་ཤེས་ལྷུན་པོ་སྟེ་བདུན་ལ། བདུན་ཀས་བྱང་ཆུབ་རྒྱལ་མཚན། དེ་ནས་རིམ་པར་བདུད་རྩི་འབར་བ། བླ་ཆེན་བྱང་ཆུབ་རྒྱལ་མཚན། རྒྱ་དབང་ཕྱུག་འཕགས། རྒྱ་ཆོས་ཀྱི་གཟི་བརྗིད། འགོས་དངོས་གྲུབ་རྒྱལ་མཚན་མན་གོང་ལྟར། ཡང་རྡོ་རྗེ་ཕུར་པ་རྣམ་གསུམ་སྐོར་གྱི་བླ་མ་བརྒྱུད་པ་ནི། རྡོ་རྗེ་གཞོན་ནུ། སློབ་དཔོན་པདྨ། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན་མན་གོང་དང་འདྲའོ། །ཡང་ཕུར་པ་ལྕམ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་པདྨ་ནས། ལྕམ་དཔལ་གྱི་མཆོད་གནས། སོ་ཡེ་ཤེས་དབང་ཕྱུག །སྲས་ཀལྤོ། དེས་དབང་ [226b] གི་གཙུག་ཏོར་དང། སོ་རྒྱལ་པོ་གཉིས་ལ། གཉིས་ཀས་རཱ་ཛ་འབར་བ། སོ་སེངྒེ། སོ་དར་མ་སྙིང་པོ། སོ་དར་མ་སེངྒེ། ཨ་སེང་། དར་མ་བརྩོན་འགྲུས། སྲས་གཟི་བརྗིད། འགོས་དངོས་གྲུབ་མགོན་མན་གོང་ལྟར། ཡང་ཕུར་པ་སྟོད་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་གཞོན་ནུ། སློབ་དཔོན་པདྨ། མཁར་ཆེན་བཟའ། མཁར་ཆེན་དཔལ་གྱི་དབང་ཕྱུག །ལ་བྱིད་ཡེ་ཤེས་བརྩེགས། མི་ནུབ་རྒྱལ་བའི་སྙིང་པོ། དཔལ་གྱི་བློ་གྲོས། ལྕེ་སྟོན་བཟང་པོ། ལྕེ་མོ་དཔལ་སྒྲོན། ངམ་འབྲེ་ཀླུའི་རྒྱལ་མཚན། ངམ་འབྲེ་སྲས་མཚོ། ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཤེས་རབ་ཚུལ་ཁྲིམས། རྒྱ་སྟོན་སངས་རྒྱས། རྒྱ་ཐུང་ཤེས་རབ་རྒྱལ་མཚན། དགེ་བཤེས་སྨན་སྟོན། ཉང་དར་མ་ཡེ་ཤེས། རྒྱ་སྟོན་ཡོན་ཏན། རྭ་སྟོན་གྲུབ་པ་རྡོ་རྗེ། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ་དངོས་གྲུབ་མགོན་མན་སྔར་ལྟར་རོ། །སྲིད་པ་མ་མོའི་སྐོར་གྱི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། དཔལ་ཟླ་གསང་རིན་ཆེན། རྒྱལ་བ་རིགས་ལྔ། ཕྱག་ན་རྡོ་རྗེ། དམ་པའི་རིགས་ཅན་ལྔ། ལི་ཙ་བི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མ་ཏི། ཉི་ཟླ་རྡོ་རྗེ། [227a] བྷ་ཧུ་ར་མུ་ཏོ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། དྷ་ན་སཾསྐྲྀ་ཏ། འབྲོག་མི་དཔལ་གྱི་ཡེ་ཤེས། ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྱི་གྲགས་པ། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངབ་བྱང་ཆུབ་རྒྱལ་མཚན། ཀོར་ཐུང་ཤེས་རབ་ཚུལ་ཁྲིམས། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། བདེ་གཤེགས་ཟུར་ཆུང་བ། ཉ་རི་པ་ཡམ་ཤུད་ཆུ་ཀླུང་པ། འགོས་ཟླ་འབར། འགོས་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། སྲས་གཅུང་པོ་དངོས་གྲུབ་མགོན་མན་གོང་བཞིན་ནོ། །བསྟན་སྲུང་དྲག་སྔགས་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་བ་རིགས་ལྔ། རིགས་གསིུ། ལྷ་ཀླུ་གནོད་སྦྱིན་གསུམ། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧསྟི། ཤཱཀྱ་སེངྒེ། དྷ་ན་རཀྵི་ཏ། སྠི་ར་མ་ཏི། བདེ་བ་གསལ་མཛད། དྷརྨ་བོ་དྷི། པཎྜི་ཏ་ཟླ་བ་མགོན་པོ། ལྕེ་དོལ་སྒང་པ། འགོས་ཁང་གསར་པ། འགོས་འབུམ་གྲགས་པ། [227b] འགོས་དངོས་གྲུབ་རྒྱལ་མཚན། སྲས་དགེ་སློང་། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པོ། བླ་མ་རྡོ་རྗེ་རྒྱལ་མཚན། རྒྱལ་ཁམས་བདེ་ལེགས་དཔལ། རོག་སྒྲུབ་པ། མཁས་པ་འཇམ་དབྱངས་བཤེས་གཉེན། མཁས་བཙུན་ཆས་དཔལ་རྒྱལ་མཚན། ཆོས་རྗེ་བསམ་གཏན་བཟང་པོ། ཆོས་རྒྱལ་རཏྣ་གླིང་པ་མན་གོང་བཞིན་ནོ། །ཡང་པད་གླིང་གསུང་སྦྲུལ་ངག་དབང་ཀུན་བཟང་རྡོ་རྗེ་ནས། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། རྗེ་བཀའ་འགྱུར་བ་འབར་ཆུང་བཀྲ་ཤིས་རྒྱ་མཚོ། གནས་ལྔ་རིག་པའི་བཤེས་གཉེན་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས། རྗེ་ཨོ་རྒྱན་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མཚུངས་མེད་ཀུན་དགའ་རྒྱལ་མཚན། ཐུབ་བསྟན་དཔལ་ལྡན་གྲགས་པ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མན་གོང་བཞིན་ནོ། །ཡང་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་བཀའ་ལུང་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཅིག་ནི། པད་གླིང་ཐུགས་སྲས་སྐུ་ཕྲེང་བཞི་པ་བསྟན་འཛིན་འགྱུར་མེད་རྡོ་རྗེ་ཡན་སྔར་བཞིན་ལ། དེ་ནས། སྨིན་གླིང་གཏེར་ཆེན་རིག་འཛིན་ [228a] འགྱུར་མེད་རྡོ་རྗེ། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རྗེ་འགྱུར་མེད་རིག་འཛིན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། རྗེ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས། འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས། མཁན་ཆེན་ཀུན་བཟང་དཔལ་ལྡན་གྲགས་པ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །དེ་དག་གིས་རིང་བརྒྱུད་བཀའ་ནས་བཀར་བྱོན་པའི་རྒྱུད་ཚུལ་རྣམས་སྨོས་ཟིན་ལ། གཞན་ཡང་སློབ་དཔོན་ཆེན་པོས་ཆེས་ཟབ་པའི་གསང་རྒྱུད་འགའ་ཞིག་ཟབ་མོའི་བཀའ་མི་འཆལ་ཞིང་དུས་བབ་གདུལ་བྱའི་ངོ་སྐལ་བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པའི་ཕྱིར་མཁའ་འགྲོའི་བརྡ་ཡིག་ཤོག་སེར་དུ་བཀོད་དེ་གཏེར་རྒྱས་བསྡམས་པ་ཉིད། ཕྱིས་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་རིམ་པར་སྤྱན་དྲངས་པ་ཚིག་དོན་གཉིས་ཀར་ཞུས་དག་ཕེར་བའི་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་གཏེར་རྒྱུད་རྣམས་ཀྱི་བརྒྱུད་རིམ་དམིགས་སུ་སྨོས་ན། ཐོག་མར་རྫོགས་པ་ཆེན་ [228b] པོ་ཡང་ཏི་སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་གུ་རུ་ཆོས་དབང་གི་གཏེར་བྱོན་གནམ་ས་བར་གྱི་གཏེར་གཅིག་ཏུ་གྲགས་པའི་བརྒྱུད་པ་ནི། སློབ་དཔོན་ཆེན་པོ་ཡན་ཡང་ཏི་སྤྱི་བརྒྱུད་ལྟར་ལ། དེ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག །སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉེན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་སངས་རྒྱས་དཔལ། དེ་སྲས་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། བློ་མཆོག་རིག་པའི་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། གྲུབ་ཆེན་པདྨ་དབང་དྲག །རྡོ་རྗེ་ཚེ་དབང་ནོར་བུ། རིག་འཛིན་ཆོས་ཀྱི་དབང་པོ། དྲི་མེད་ཞིང་སྐྱོང་མགོན་པོ། ཀཿཐོག་དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ། མཆོག་སྤྲུལ་ཡིད་བཞིན་དབང་རྒྱལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་ཀྱི་གྲགས་པ། དེས་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མ་དང་། ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། །དེ་གཉིས་ཀས་བདག་ལའོ། །ཡང་གསང་བླ་ན་མེད་པ་རྒྱུད་བཅུ་བདུན་གྱི་སྐོར་སློབ་དཔོན་བི་མ་ [229a] ལས་མངའ་བདག་ལ་གདམས་ཏེ་ཉང་ཏིང་འཛིན་བཟང་པོས་དབུ་རུ་ཞྭ་ཡི་ལྷ་ཁང་དུ་སྦས་པ་ལྡང་མ་ལྷུན་གྱི་རྒྱལ་མཚན་གྱིས་བཏོན་པའི་བརྒྱུད་པ་ནི་གོང་བཞིན་བཀའ་མའི་སྐབས་དང་ཆུ་བོ་གཅིག་འདྲེས་སུ་བཞུགས་སོ། །ཡང་སློབ་དཔོན་ཆེན་པོས་ལྷ་སྲས་མུ་རུབ་བཙན་པོའི་དབང་སྐལ་དུ་གདམས་ཏེ་ཀོང་པོ་པུ་རི་ཕུག་མོ་ཆེར་སྦས་པ་གཏེར་ཆེན་སངས་རྒྱས་གླིང་པས་སྤྱན་དྲངས་པ་བླ་མ་དགོངས་པ་འདུས་པའི་གཏེར་རྒྱུད་སྐོར་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་སྤྱན་རས་གཟིགས་དབང་། ཀུན་འདུས་པདྨ་བཛྲ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། མུ་རུབ་བཙན་པོ། གཏེར་ཆེན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། ཆོས་བདག་གཞོན་ནུ་སེང་གེ །གུ་རུ་འོད་ཟེར། ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། སྤྲུལ་སྐུ་ཀརྨ་གུ་རུ། འབྲི་གུང་རིན་ཆེན་ཕུན་ཚོགས། ཡང་ན་ལྷ་སྲས་ཡེ་ཤེས་རྡོ་རྗེ་ནས། སངས་རྒྱས་དཔལ་ལྡན། རྫོང་ལུང་རིག་འཛིན་ཆེན་པོ། བྱང་ཆུབ་བཟང་པོ། གཏེར་ཆེན་ [229b] ཤེས་རབ་འོད་ཟེར། འབྲི་གུང་རིན་ཆེན་ཕུན་ཚོགས། གཏེར་ཆེན་ཞིག་པོ་གླིང་པ། གར་དབང་པདྨ་རྒྱལ་མཚན། ཀཿཐོག་པ་མཁས་གྲུབ་པདྨ་མ་ཏི། མཚན་ལྡན་པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་པར་རྒྱལ་བ། རིག་འཛིན་ཆོས་ཀྱི་དབང་པོ། དྲི་མེད་ཞིང་སྐྱོང་མགོན་པོ། ཀཿཐོག་དགེ་པཎ་མན་གོང་བཞིན་ནོ། །ཡང་སློབ་དཔོན་ཆེན་པོས་མངའ་བདག་རྒྱལ་པོའི་དབང་སྐལ་དུ་གདམས་པ་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྡེ་གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ་བདེ་གཤེགས་འདུས་པའི་སྐོར་སོགས་གཏེར་རྒྱུད་རྣམས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་བཀའ་བརྒྱད། སྤྲུལ་སྐུ་རྡོ་རྗེ་སེམས་དཔའི། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། རྒྱ་གར་གྱི་བཀའ་བབ་རིག་འཛིན་བརྒྱད། ཀུན་འདུས་པདྨ་འབྱུང་གནས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་སོགས་བོད་ཀྱི་བཀའ་བབ་མི་དགུ། ཉང་རལ་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། གུ་རུ་ཆོས་ཀྱི་དབང་ཕྱུག །བློ་ལྡན། བདུད་འདུལ། མདོ་སྡེ་སེང་གེ །པདྨ་དངོས་གྲུབ། [230a] འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། དཱེ་བ་བྷ་དྲ། བཟང་པོ་ལྷུན་གྲུབ། ལྷུན་གྲུབ་འོད་ཟེར། ཀུན་དགའ་ལྷུན་གྲུབ། རིག་འཛིན་ལེགས་ལྡན་རྗེ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པརྩལ། རིག་འཛིན་པདྨ་ཕྲིན་ལས། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཀཿཐོག་པ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན། གྲུབ་དབང་ནམ་མཁའ་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ། དགེ་པཎ་ཚེ་དབང་མཆོག་གྲུབ་མན་འདྲ། རྡོ་རྗེ་གླིང་པའི་རྫོགས་ཆེན་ལྟ་བ་ཟློང་ཡངས་རིང་བརྒྱུད་ལྟར་ན། ཀུན་ཏུ་བཟང་པོ། རྣམ་པར་སྣང་མཛད། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའི་སོགས་སྟོན་པ་བཅུ་གཉིས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཨོ་རྒྱན་ཆེན་པོ། ལོ་ཆེན་བཻ་རོ། གཏེར་ཆེན་རྡོ་རྗེ་གླིང་པ། འབྲོམ་སྟོན་བཀྲ་ཤིས་འབྱུང་གནས། མཚན་ལྡན་ནམ་མཁའ་དཔལ་འབྱོར། ཆོས་རྗེ་ནམ་མཁའ་བཟང་པོ། རིན་ཆེན་ཆོས་དབང་། སེང་གེ་རྒྱལ་མཚན། པུ་འབོར་ཡོན་ཏན་བཟང་པོ། [230b] སློབ་དཔོན་ཡོན་ཏན་རབ་བརྟན། པུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་ཀྱི་འབྱུང་གནས། སྤ་གྲོ་པ་ནམ་མཁའ་རྡོ་རྗེ། རྗེ་བློ་གྲོས་རྒྱལ་མཚན། སྟག་བླ་རིག་འཛིན་རྣམ་རྒྱལ། ཀུན་བཟང་ཆོས་རྒྱལ། འགྱུར་མེད་བསྟན་འཛིན། བླ་མ་ཆོས་ཉིད་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ། ཀཿཐོག་དགེ་རྩེ་པཎ་ཆེན་མན་འདྲ། ཉེ་བརྒྱུད་ལྟར་ན། བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། གཏེར་ཆེན་རྡོ་རྗེ་གླིང་པའི་ཡེ་ཤེས་ཀྱི་སྐུ་དངོས་ཀྱིས་རྗེས་སུ་བཟུང་ནས་ཉིད་ཀྱི་ཟབ་གཏེར་ཐམས་ཅད་ཀྱི་སྨིན་གྲོལ་ཉེ་བརྒྱུད་དུ་སྩལ་བ་ལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེས་རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ལ། དེས་བདག་ལའོ། །གཏེར་ཆེན་རཏྣས་གྲུ་ཤུས་གུང་ཐང་མཁར་གྱི་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་སོགས་གཏེར་རྒྱུད་ཁ་ཤས་བཞུགས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའི། དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། པདྨ་འབྱུང་གནས། མཁའ་འགྲོ་མཚོ་རྒྱལ། གཏེར་སྟོན་རཏྣ་གླིང་པ་མན་ [231a] རྒྱུད་འབུམ་དཀྱུས་ལྟར་རོ། །སྨིན་གླིང་ཕྱག་དཔེ་བྲིས་མའི་སྐོར་རྣམས་ཐོབ་པའི་བརྒྱུད་པ་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡན་ནང་རྒྱུད་སྡེ་གསུམ་སོ་སོའི་སྐབས་ཀྱི་ངེས་པ་བཞིན་ལ། དེ་མན་སྨིན་གླིང་གི་བརྒྱུད་ཚུལ་གོང་དུ་སྨོས་པ་ལྟར་རོ། །ཡང་སྡེ་སྤར་གླེགས་བམ་ཏ་ཐ་གཉིས་ཀྱི་ནང་དུ་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དཔལ་གསང་བ་སྙིང་པོའི་འགྲེལ་པ་གྲོལ་ལམ་གཙོ་བོར་བསྟན་ནས་བསྡུས་དོན་འབྲུ་འགྲེལ་གྱི་ཚུལ་དུ་གཏན་ལ་ཕབ་པ་གསང་བདག་དགོངས་རྒྱན་དང་། སྤྱི་དོན་མཐའ་དཔྱོད་ཀྱི་སྒོ་ནས་གཏན་ལ་ཕབ་པ་གསང་བདག་ཞལ་ལུང་གཉིས་པོ་འདི་རྒྱུད་དངོས་མ་ཡིན་ཀྱང་། དུས་འཁོར་གྱི་རྒྱས་འགྲེལ་དྲི་མེད་འོད་བཞིན་དབྱིངས་འཇལ་བ་ལ་རླབས་ཆེ་ཞིང་གོ་དོན་གསལ་བས་འཇུག་བདེ་བ། རྒྱུད་སྡེ་མཐའ་དག་གི་སྤྱི་འགྲེལ་ལྟ་བུ་ཡིན་པས། བསྟན་བཅོས་རྒྱུད་ཀྱི་དངོས་པོ་དང་ཐ་མི་དད་ཅིང་། མཛད་པ་པོ་འཕགས་པའི་སར་བཞུགས་པ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ཉིད་དཔེ་རྒྱུན་དང་ལུང་ཁྲིད་འཆད་ཉན་ཕྲིན་ལས་ཀྱི་རྒྱུན་ལ་ཁྱད་ཆེ་བར་བརྟེན་དཀྱུས་ས་གཅིག་ཏུ་ [231b] བཞུགས་སུ་གསོལ་བའི་ཁྲིད་ལུང་གཉིས་ཀའི་བརྒྱུད་པ་ནི། སྟོན་པ་ཀུན་བཟང་། རྒྱལ་ཚབ་རིགས་ལྔ། རིགས་གསུམ་མགོན་པོ། དྲྭ་མ་ལྔ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། ཨིནྡྲ་བྷུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག། གཙུག་རུ་རིན་ཆེན་གཞོན་ནུ། གྱེ་རེ་མཆོག་སྐྱོང་། ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག །སོ་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཡང་ན་གནུབས་ཆེན་ནས། སྟོང་ཚབ་འཕགས་པ་རིན་ཆེན། དེས་ཟུར་ཆེན། དེ་ནས། ཟུར་ཆུང་ཤེས་རབ་གྲགས་པ། ཐུགས་སྲས་ཀ་ཆེན་བཞི། སྒྲོ་ཕུག་པ་ཤཱཀྱ་སེངྒེ་། རྩགས་ཚ་ཤཱཀྱ་རྡོ་རྗེ། ཤཱཀྱ་འབྱུང་གནས་དཔལ། གླན་སྟོན་རྡོ་རྗེ་འོད། བསོད་ནམས་རྒྱལ་མཚན། ཆོས་ཀྱི་སེངྒེ་། སངས་རྒྱས་དཔལ། བསོད་ནམས་མགོན་པོ། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ། སེང་གེ་དཔལ་བཟང་། ལྷུན་གྲུབ་གྲགས་པ། སངས་རྒྱས་རྡོ་རྗེ། ཚེ་དབང་མགོན་པོ། རྡོ་རྗེ་ཚེ་ [232a] དཔལ། ཤཱཀྱ་དཔལ་འབྱོར། སིདྡྷི་ཕ་ལ། འཕགས་པ་རིན་ཆེན། ཤཱཀྱ་རཏྣ། ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ། ཆོས་རྒྱལ་རྡོ་རྗེ། རྒྱ་སྟོན་འོད་གསལ་རང་གྲོལ། རིག་འཛིན་གཏེར་བདག་གླིང་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། རབ་འབྱམས་ཨོ་རྒྱན་ཆོས་གྲགས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། མཁན་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པོ་པདྨ་རྡོ་རྗེ། པདྨ་ཡོན་ཏན་རྒྱ་མཚོ། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་ན་ལོ་ཆེན་ནས། རྒྱ་སྲས་བསོད་ནམས་ལྡེའུ་བཙན། མཁས་གྲུབ་ནམ་མཁའ་རྒྱ་མཚོ། དྲི་མེད་ཞིང་སྐྱོང་མགོན་པོ། དགེ་པཎ་འགྱུར་མེད་ཚེ་དབང་མཆོག་གྲུབ་མན་སྔ་མ་ལྟར་རོ། །ཀཿཐོག་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ལེགས་བཤད་རྒྱུད་སྡེ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་གྱི་ལུང་བརྒྱུད་ནི། མཛད་པ་པོ་ནས། མཆོག་སྤྲུལ་ཡིད་བཞིན་དབང་རྒྱལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་ [232b] གྲགས། འཁོར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པ་ཆེན་པོས་བསྩལ་བའི་བཀའ་དྲིན་ནི་ནམ་ཡང་གཞལ་བྱའི་ཡུལ་དུ་མ་གྱུར་ཏོ།། །།