བླ་མ་གསང་བ་འདུས་པའི་ཚེས་བཅུའི་ཆོ་ག་གཏོང་ལུགས་ཀྱི་ཟིན་བྲིས།

From Dudjom Wiki
DJYD-KABUM-22-ZA-009
Wylie title bla ma gsang ba 'dus pa'i tshes bcu'i cho ga gtong lugs kyi zin bris DJYD-KABUM-22-ZA-009.pdf
Location bdud 'joms rin po che bka' 'bum
Volume 22, Text 9, Pages 189-208 (Folios 1a1 to 10b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma gsang ba 'dus pa'i tshes bcu'i cho ga gtong lugs kyi zin bris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 189-208. Kalimpong: Dupjung Lama, 1979-1985.
Side notes Recto: zin tho   Verso: chos dbang gsang 'dus
More details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (gu ru chos kyi dbang phyug)
Genre Notes - zin bris  ·  Records - tho
Cycle བླ་མ་གསང་བ་འདུས་པ་ (bla ma gsang ba 'dus pa)
Colophon

།ཞེས་པའང་སྔོན་གྱི་ཟིན་བྲིས་རྙིང་པ་ཞིག་ལས་ཞལ་བཤུ་བ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།

/zhes pa'ang sngon gyi zin bris rnying pa zhig las zhal bshu ba po 'jigs bral ye shes rdo rjes so/

[edit]
༄༅། །བླ་མ་གསང་བ་འདུས་པའི་ཚེས་བཅུའི་ཆོ་ག་གཏོང་ལུགས་ཀྱི་ཟིན་བྲིས་བཞུགས་སོ། །


༄༅། །ཨོཾ་སྭསྟི། བླ་མ་གསང་འདུས་ཆོ་གའི་ཕྱག་བཞེས་ཟིན་ཐོ་འགོད་པ་ལ། མཆོད་གཤོམ་གྱི་རིམ་པ་མཐོང་བརྒྱུད་བཞིན་འཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་དང་། རྣམ་ཐར་གསོལ་འདེབས་རྣམ་གཉིས་རྗེས་མང་ཇ། ༼སྡོམ་བརྩོན་དམ་པ་༽ དགེ་བསྐོས་ཀྱིས་ཇ་གནང་ཞུ། དེ་ནས། རང་ཉིད་སྐད་ཅིག་གིས་སོགས། ལས་རྡོར་གྱིས་གྲལ་གཤམ་དུ་བགེགས་གཏོར་བཤམ། རཾ་ཡཾ་ཁཾ་ལ་ཆབ་བྲན། སྟོང་པའི་ངང་ལས། འབྲུ་གསུམ་ལ་མཁའ་ལྡིང་རྒྱ་དང་ཧ་ཧོ་ཧྲཱིཿ སརྦ་བཱུ་ཏ་ཀརྴ་ཡ་ཛཿར་ལྕགས་ཀྱུའི་རྒྱ། ན་མཿསརྦ་སོགས་ལ་མཛོད་རྒྱ་སེ་གོལ་བཅས་ [2a] ལན་གསུམ་མཐར། དུང་རོལ་བརྒྱ་བརྡུང་ནི། ཐང་གསུམ་ཟིལ་འབེབས་མཐར། སྦྲམ་ སྦྲམ་ ཐང་ ༡ ཐང་ ༢ ཐང་ ༣ ཐང་ ཟད་མཇུག བེརཾ་ སྦྲཾམ་ ༠༡ བྱསཾ་ བེརཾ་ སྦྲཾམ་ ༠༢ བྱཾས་ བེཾར་ སྦྲཾམ་ ༠༣ བྱསཾ་ སྦྲཾམ་ སྦྲཾམ་ ཐང་༡ ༢ ༣ ༤ ༥ ༦ ༧ ༨ ༩ཐང་༡ ཐང་སོགས་གོང་བཞིན་གསུམ་མཐར་ཐང་ཟིལ་ སྦྲམ་ ཐང་ཟད་མཐར་ བེར་སོགས་གོང་བཞིན་དེ་འདྲ་བ་ལན་གསུམ་མཐར་ཐིང་གང་ཆེ་བ་གསུམ་ནས་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། བླ་མ་རྣམས་ལ་བཀའ་བརྒྱད་བདེ་གཤེགས་འདུས་གདངས་ལྡེམས་དབྱངས་ [2b] འབེབ་མེད། མཁའ་འགྲོ་རྣམས་ནས་ལྷུག །འདི་རུ་མ་འདུག་ལ་འཇགས་རོལ་གྱིས་ཟིལ་འབེབས་མཐར། སྦྲམ་ སྦྲམ་ བྱས་ ༡ ༢ ༣ བྱས་ ༡ ༢ བྱས་ སྦྲམ་ ཐང་ཟད་ ང་ནི་ཡེ་ནས་མཚམས་གཅོད་རང་གདངས་གཉིས་མཚམས་རོལ་ཚིག་གོང་ལྟར་མཐར་ཟིལ་འབེབས་བཞག་རོལ། བསྐུལ་མཚམས་ཀྱིས་ཕོ་བྲང་དབུས་རང་གདངས། བསྐུལ་མཚམས་ཀྱིས། ན་མོ་བླ་མ་སོགས་སྐྱབས་འགྲོ་ལན་གསུམ་མཐར་བསྐུལ་མཚམས་མེད་པའི་སེམས་བསྐྱེད་ལན་གསུམ། བསྐུལ་མཚམས་ཀྱིས། ཧཱུཾ༔ བླ་མ་ཡི་དམ་སྔགས་བཅས་གདངས་མ། མཎྜལ་སྔགས་མཇུག་བསྐུལ་མཚམས་མེད་པས། བདག་གི་ལུས་སོགས་གདངས་བཅས། བླ་མ་རྒྱལ་བ་སྲས་བཅས་ལྷུག བསྐུལ་མཚམས་ཀྱིས། ཀྱཻ་བླ་མ་གདངས་བཅས་ཐལ་སྦྱར། འདྲེན་པའི་བླ་མར་ལྷུག །བཛྲ་གུ་རུ་སུམ་བརྒྱ་ལྔ་བརྒྱ་ཅི་རིགས་བཟླས་མཐར། ཇའམ་ཐུག༽ བསྐུལ་མཚམས་ཀྱིས། བླ་མ་ཡབ་ཡུམ་སོགས་གདངས་ལ་ཐལ་སྦྱར། བྱིན་གྱིས་བརླབས་ནས་ལྷུག །དེ་ནས་ཐིང་གསུམ་ཟིལ་འབེབས་མཐར། སྦྲམ་ སྦྲམ་ ཐང་ ༡ ཐང་ ༢ ཐང་ ༣ ཐང་ བྱས་ ཐང་༡ ཐང་༢ ཐང་༣ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ཟད་ ལྡེམས་དབྱངས་རྩ་གདངས་ [3a] ཀྱིས་ཆོས་སྐུ་མི་འགྱུར། དང་པོ་ཆོས་སོགས་ལྷུག་འདོན་དལ་ཆགས་པ། སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཅེས་རྔ་བཅད་ནས་བཞག །བསྐུལ་མཚམས་ཀྱིས། ཧྲཱིཿ ཕོ་བྲང་ཕྱོགས་བཞི་སོགས་ལྷུག་འདོན་ནས། དུ་མར་སྣང་ཡང་ངང་དུ་གཅིག༔ ཅེས་སུམ་བརྡུང་མཚམས་ཅན་འཇོག་མེད་དལ་བ་ནས། སྔོན་གྱི་སོགས་རང་གདངས་ལྡེམས་དབྱངས་ལྷ་གཅིག་གཉིས་གང་རིགས། དེ་ནས་ལྷུག །བསྐུལ་མཚམས་ཀྱིས། ཧཱུཾ༔ ཡུལ་གྱི་མིང་སོགས་ནས། དངོས་གྲུབ་སྩོལ༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ཟད། ཧྲཱིཿ བདེ་ཆེན་འབར་བའི་སོགས་རྩ་གདངས་རྩེ་ཕྲན་ཅན་ཚིག་གཉིས་མཚམས་སུ་རོལ་ནས་ལྷུ་གཉིས་གཏོང་། དེ་ནས་ལྷུག །བརླབ་ཕྱིར་གཤེགས་སུ་གསོལ༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས ཐང་ཟད། གནས་མཆོག་འདི་རུ་སོགས་བདེ་ཆེན་འབར་བའི་གདངས་འགེབགཉིས་མཚམས་སུ་རོལ་ནས་དབྱངས་ཚིག་བཞི་རྫོགས་མཐར་ཟིལ་འབེབས་ཀྱིས་བཞག་རོལ་ཐོག་རྔ་སྦུག་བཞག་ནས། རིན་ཆེན་ཕོ་བྲང་སོགས་ལྷུག་འདོན་དལ་བ་ [3b] བཅད་འདོན། ཧྲཱིཿ དུས་གསུམ་སོགས་ཇ་མཆོད། ཇ༽ དེ་ནས་སྐྱེ་འགག་སོགས་ལ་རྫོགས་ཆེན་ཕྱག་འཚལ་གདངས་ཐལ་སྦྱར། སྭ་བྷཱ་ཝར་ལས་ཆུ་འཐོར། ཨོཾ་ཨཱཿཧཱུཾ་ལན་གསུམ། པཱུ་ཛ་ཧོཿ ཞེས་ཐིང་གསུམ་ཟིལ་འབེབས་མཐར་སུམ་བརྡུང་འཇོག་མེད་ནས། ཕྱི་མཆོད་བླ་མ་ཡི་དམ་ལ་ལྷ་ཆེན་ཚོགས་རྗེ་ཚོགས་བདག་འགེབས་པའི་ལྡེམས་དབྱངས། པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ནང་མཆོད་བླ་མ་ཡི་དམ་ལ་བཀའ་བརྒྱད་ཡང་དག་རྟོགས་པའི་གདངས་གཉིས་མཚམས་སུ་རོལ་བཅས་ལྷ་བཞི། ཚིག་བསྟུན་རྐང་གླིང་དང་ཐོད་རྔ། དུག་གསུམ་སྐུ་སོགས་ནས་ལྷུག །གུ་ཧྱ་པཱུ་ཛ་ཧོཿ ཞེས་སུམ་བརྡུང་མཚམས་ཅན་འཇོག་མེད་དལ་བ་ནས། ཨོཾ༔ བླ་མ་ཡི་དམ་སོགས་ལྡེམས་དབྱངས་ཀྱིས་རྩ་གདངས། ཁ་རཾ་ཁཱ་ཧི༔ ཞེས་རྔ་ཚག་གིས་བཞག །ཆོས་སྐུ་སྣང་བ་སོགས་སྨན་མཆོད་དབྱངས་རྟ་ལྡེམས་དབྱངས་ཆུང་བ། མཚུངས་མེད་དཔལ་འབྱོར་ལ་བསྐུལ་མཚམས་སམ་ཡང་ན་དེ་ནས་ལྷུག་འདོན་རྔ་མེད། ཨ། འདོད་ཆགས་སོགས་ནས་རྔ་བརྡུང་། རཀྟ་ཁཱ་ཧིཿ ཞེས་སུམ་བརྡུང་འཇོག་མེད་ནས། རྗེ་བཙུན་བླ་མ་སོགས་ལ་ལྷ་ཆེན་བསྟོད་དབྱངས་ཆེ་བ། གདངས་མི་ [4a] བཏང་ན་དེའི་བར་ལ་རོལ་མེད། སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཞེས་སུམ་བརྡུང་འཇོག་མེད་ནས། ཇ༽ སྣང་བ་སྣོད་སོགས་ལྷ་ཆེན་རང་བྱུང་གདོད་ནས་དབྱངས་འགེབས་ཀྱིས་ལྡེམས་དབྱངསའགེབས་ཀྱིས་ལྡེམས་དབྱངས། དཔལ་གྱི་གཏོར་ནས་ལྷུག །བདུད་རྩིར་བསྒྱུར་བའི་གཏོར་མ་ཆེན་པོ་འདིས༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་བྱས་ཐང་ཟད། རྡོ་རྗེ་སློབ་དཔོན་རྩ་གདངས་ལྡེམས་དབྱངས་ལྷུ་གཉིས་ནས་ལྷུག་མཐར། བ་ལིངྷ་ཁཱ་ཧིཿ ཞེས་སུམ་བརྡུང་ཟིལ་འབེབས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག །དེ་ནས་ལེའུ་བདུན་མ་དལ་འདོན། ཇ༽ དཀོན་མཆོག་གསུམ་དངོས་སོགས་ཀྱིས་ཞོག་ཚོགས་གྲོལ། ༼ཚ་རྟིང་མར་༽ བསྐང་གསོའི་མཆོད་བརླབ་ནས་ཕྱག་བཞིའི་དམ་བཞག ཇ༽ །རྣམ་སྲས་མཆོད་མཇུག ཐུག༽ །ལྷ་མོའི་མདུན་བསྐྱེད་ནས་མཆོད་མཇུག་སྔགས་འབུལ་བར་དང་། དེ་རྗེས་གུང་ཚོགས་སྦྲེལ་ནས་ལེགས་ལྡན་ནས་བཟུང་བསྟོད་པ་ཡོངས་རྫོགས། ལྷ་ཆེན་བསྟོད་མཇུག ཇ༽ རྗེས་འབྲང་གི་རྡོར་ལེགས་མཇུག་དགེ་བསྐོས་ཀྱིས་གུང་ཚིག་རྒྱལ་རྔ་བརྡུང་། བསམ་ལྷུན། འཛམ་གླིང་དག་པ། ཁྱོད་ལ་བསྟོད་ཅིང་མཇུག་བཞེས་ཐུག་མཆོད་ནས་ཡོན་སྦྱོང་ཆབ་བཀྱེས་ཏེ་གུང་ [4b] ཚོགས་གྲོལ། ༼གསོལ་རྒྱབ་བར་ཆ་སྔོན་མར་༽ ཁྲོ་གཏུམ་དྲེགས་པ་ནས་གཏེར་གཞིའི་མཇུག་བཟླས་པ་དང་། བསྐང་རྫས་བརླབ་ནས་བསྐང་བ་ཡོངས་རྫོགས། ཞྭ༽ ལྷ་ཆེན་མཇུག །བཤགས་པ་ཕྲིན་བཅོལ་བར་བཏང་ནས་གྲོལ། ༼ བར་ཆ་རྗེས་མར་༽ ལས་རྡོར་གྱིས་ཚོགས་ཞུས་བྱས་ནས། ཐིང་གསུམ་ཟིལ་མཐར་སུམ་བརྡུང་འཇོག་མེད་དལ་བ་ནས། རང་ཉིད་ལྷ་སོགས་སྔོན་བསྐལ་ལྡེམས་དབྱངས། རཾ་རཾ་ནས་ལྷུག །མཐོང་སྣང་ལྷ་ཚོགས་དགྱེས༔ ཞེས་འཇགས་རོལ་ཟིལ་འབེབས་ནས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག །མཁའ་འགྲོ་སྡེ་ལྔས་ཕྱག་གསུམ་སྔོན་འགྲོས། གཟིགས་ཤིག་སོགས་ཚོགས་གླུ་འབུལ། ལན་དུ་དབུ་མཛད་ཀྱིས། རིན་ཐང་མེད་སོགས་གར་གླུའི་དབྱངས་རྟ་དང་འབྲེལ་བར་ཀུན་གྱིས་པད་སྐོར་བླངས། མཁའ་འགྲོ་སྡེ་ལྔས་དེ་བསྟུན་བཞི་འགྲོས་ཀྱིས་གྲལ་གཞུང་ནས་ཡར་འོང་མཐར། ཐིང་གསུམ་ཟིལ་སུམ་བརྡུང་མཚམས་ཅན་འཇོག་བཅས་ཀྱིས། བདེ་བར་གཤེགས་སོགས་དྲག་དམར་ཚོགས་གདངས། དངོས་གྲུབ་སྩོལ༔ ཞེས་སུམ་བརྡུང་འཇོག་བཅས་ནས། སྔོན་བྱུང་སོགས་གདངས་གོང་བཞིན་སྐབས་ལས་རྡོར་གྱིས་གཞུང་གྲལ་མཇུག་ཏུ་བྲུབ་ཁུང་གདན་བཅས་འགོད། དེའི་ལོགས་ཤིག་ཏུ་ཤིང་ཁྲོལ་ཁེབས་ལྡན་ནང་ [5a] ཐུན་སྣོད། སྒྲོལ་གྲི། ཕུར་བུ། གནམ་ལྕགས་རྡོ་རྗེ་མཐིང་ཁྲ་ཅན་བཅས་བཤམ། གོང་གི་ཚིག་མཇུག་སུམ་བརྡུང་ཟིལ་ནས་བཞག་རོལ། ན་མོ། རིག་འཛིན་སོགས་འགུགས་གཞུག་ལན་གཅིག །སློབ་དཔོན་དང་ལས་རྡོར་གཉིས་ཀས་རྒྱ་བཅས་མཐར་དྲག་བརྡུང་མཇུག་ལས་རྡོར་གྱིས་འཆམས་སྟབས་དང་འབྲེལ་བའི་དགུ་བརྡུང་འཇོག་མེད་ཀྱིས། ཆེ་མཆོག་སོགས་རྩ་གདངས་འཆོལ་རྒྱག་འཆམས་བཅས་མཐར་དགུ་བརྡུང་འཇོག་མེད་གོང་བཞིན་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སོགས་འཆོལ་རྒྱག་འཆམས་བཅས་མཐར་ཟིལ་འབེབས་གློག་མ་འདྲ་བའི་དུས་སུ་ལས་རྡོར་གྱིས་ཐུན་བྲབ་པ་སོགས་ཚེ་ཁྲུས་ཀྱིས་དགོངས་པས་བསྒྲལ་ལ་བཞག་རོལ་གྱིས་རྔ་སྦུག་གནས་སུ་འཇོག །ལས་རྡོར་གྱིས་ལིང་རོ་ལ་བདུད་རྩི་སྦྲན། བསྒྲལ་ཆས་སོགས་བསྡུ། དབུ་མཛད་ཀྱིས་བསྐུལ་བས། གུ་རུ་དེ་ཝ་སོགས། དེ་ནས། སྣང་སྲིད་གཞལ་ཡས་སོགས་བཛྲ་གུ་རུའི་ཛཔྲ་དམིགས་བཅས་བཟླས་པ་ཅི་འགྲུབ་དང་། ཐོད་ཕྲེང་རྩལ་བརྒྱ་རྩ། ཧྲཱིཿམ་ཉེར་གཅིག་ཙམ། འདི་སྐབས་ལས་རྡོར་རོགས་བཅས་ཀྱིས་མར་མེ་དང་སྤོས་རྣམས་སྦར་ཏེ་གཞུང་གྲལ་གཡས་གཡོན་གཡས་ཀྱི་དབུ་མཛད་འོག་གསུང་ལེན་པ་ནས་མར་བརྩིས་པའི་ལྔ་པར་མེ་ཏོག་ནས་ [5b] བཟུང་སྟེ་ཡར་བདུག་སྤོས་སོགས་ཉེར་སྤྱོད་རྣམས་ཕུལ་བར་གསུང་ལེན་པར་ཞལ་ཟས་ཕུལ། དེ་བཞིན་དུ་གཡོན་གྲལ་དུའང་ཕུལ་རྗེས་དབུ་མཛད་ལ་ཏིང་ཤག་ཕུལ་ནས། ཧཱུྃ༔ དུར་ཁྲོད་གསང་བ་རྩ་གདངས། རྡོ་རྗེ་རྒྱལ་པོའི་ཕྱག་ན་ཌཱ་རུ་དང་བདུད་རྩིའི་བྷནྡྷ་བསྣམས། དགེ་བསྐོས་ཀྱིས་སྤོས་བསྐོར། གསང་བའི་དཀྱིལ་འཁོར་སོགས་ལ་དབུ་མཛད་ཀྱིས་ཏིང་ཤག་བརྡུང་། མཐར་རུ་ལུ་ལན་བདུན་ལ་ཌཱ་རུ་བཅད་མ་ལན་བདུན་དཀྲོལ། ཀུན་གཞི་སོགས་ལྷུག་འདོན། ཇ༽ དེ་ནས་རོལ་བླངས་ཏེ་ཐིང་གསུམ་ཟིལ་མཐར་སུམ་བརྡུང་འཇོག་མེད་ཀྱིས། ཧཱུཾ༔ དམ་རྫས་གཏོར་ཆེན་སོགས་དྲག་དམར་མཆོད་གདངས་གཉིས་མཚམས་རོལ་རེ། རྐང་གླིང་ཐོད་རྔ་སོ་སོའི་ཚིག་བསྟུན་གྱིས་མཆོད། ཞུན་ཆེན་སྣང་གསལ་ནས་ལྷུག །བསྐུལ་མཚམས་ཀྱིས་། ཧོཿ དམ་རྫས་མཆོད་པ་སོགས་ལྷུག་འདོན་དལ་ཆགས་པའི་མཐར་སུམ་བརྡུང་ཐིང་གང་མ་དང་ཉིས་བརྡུང་ཐིང་གང་མ་སྒང་རོལ་ཤིན་ཏུ་དལ་བ་འཇོག་མེད་ནས། མ་བཅོས་སྤྲོས་བྲལ་སོགས་རྩ་གདངས་ལྡེམས་དབྱངས། པད་སྡོང་ནས་ལྷུག །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོཾད༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ཟད་ནས། ཧྲཱིཿ [6a] མ་ཆགས་སོགས་ནས་ཤཱཀྱ་སེང་གེ་ཡན་གདངས་རོལ་འདྲ། ལྷུ་གཉིས་ལས་མི་བཏང་ན་ཤེས་བྱ་ཀུན་ནས་ལྷུག །ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ རྩེ་ཚག་གིས་བཞག །བསྐུལ་མཚམས་ཀྱིས་སེང་རྡོར་གཉིས་གདངས་རོལ་ཉིས་བརྡུང་མཚམས་ཅན་འཇོག་བཅས་མཐར། ༡༢བྱས་ ༡༢བྱས ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་ ༢ ཐང་ བྱས་ཐང་ཟད་ནས། ཇ༽ ཧྲཱིཿ སྣང་བ་མ་འགག་སོགས་གོང་བསྟོད་རྩ་གདངས། སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ནས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུཾ༔ མ་གཡེལ་མ་གཡེལ་སོགས་དྲག་དམར་ཟོར་བསྐུལ་གདངས། རྗེ་བཙུན་པདྨ་ནས་ལྷུག །དངོས་གྲུབ་སྩོལ༔ ཅེས་རྔ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧཱུཾ་ཧཱུཾ༔ ལྷོ་ནུབ་ཆབ་བཀྱེ་ རྔ་ཡབ་སོགས་ནས། རྣམ་རྟོག་ཞི་བར་མཛོདཿ ཅེས་སུམ་བརྡུང་ཟིལ་འབེབས་ཐོག་བཞག་རོལ་གྱིས་གྲོལ། ༼དགོང་ཚོགས་ལ་༽ ཆ་གསུམ་ཤར་ཙམ་བཏང་རྗེས་འོད་མཚན་སྟོང་འབར། ཇ༽ ཧེ་རུ་ཀ་དཔལ་སྤྱི་གདངས་ཚིག་མཇུག་ལྷུག་མཐར། རོལ་ཐིང་གཅིག་ཟིལ་འབེབས་ཉིས་བརྡུང་མཚམས་འཇོག་བཅས་ནས། དང་པོ་ཕུད་སོགས་གདངས་རལ་བཀའ་བརྒྱད་ལྟར། མཐར་འཇགས་རོལ་གྱིས་ཟིལ་འབེབས་ [6b] བཞག་རོལ། དེ་རྗེས་བསྐང་གསོའི་གཏོར་འབུལ་ནས་ཤིས་བརྗོད་བར་སྤྱི་འགྲེ། ཤིས་བརྗོད་རོལ་ཟིལ་འབེབས་མཐར་ཉིས་བརྡུང་འཇོག་བཅས་ནས། ཆད་ཐོ་ཧཱུཾ་སྔོན་ཚེ་སོགས་གདངས་རོལ་བཀའ་བརྒྱད་ལྟར་ལ། དེ་འོག་བར་ནས་ལྷུག་འདོན། མཐར་གསུམ་བརྡུང་མཚམས་ཅན་འཇོག་བཅས་ནས། བརྟན་མ་གདངས་རོལ་དྲག་དམར་ལྷག་གདངས་ལྟར་ལས། གསེར་ཐང་ནས་ལྷུག །མཐར་འཇག་རོལ་གྱིས་ཟིལ་འབེབས་བཞག་རོལ་ཐོག །ཐང་ཟད་ནས། ཧཱུཾ་ཧྲཱིཿ རྟ་ཡི་བརྟུལ་ཞུགས་སོགས་ལྡེམས་དབྱངས་ཀྱིས་དབྱངས་རྟ་ཆེ་བ། དབང་ཆེན་རྟ་སྐད་ནས་དབྱངས་རྟ་ཆུང་བ་བཏང་། དུག་ལྔའི་འདུས་པ་ནས་ལྷུག་མཐར། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཅེས་སུམ་བརྡུང་འཇོག་མེད་ཀྱིས། བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་སོགས་ཀྱིས་མཆོད་ནས། པཱུ་ཛ་ཧོཿ ཞེས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུཾ་ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀས་བསྟོད་མཐར་སུམ་བརྡུང་ཟིལ་འབེབས་ཀྱིས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག །དེ་རྗེས་ཡིག་བརྒྱ་དྲིལ་གསིལ་དང་། བླ་མ་རྡོ་རྗེ་སོགས་ལ་ཕོ་བྲང་དབུས་གདངས། དཀྱིལ་འཁོར་སོགས། ཨེ་མ་ཧོཿ བདག་གིས་སོགས་དང་། ཤེས་བྱའི་དོན་སོགས་ལ་གདངས་གོང་ [7a] བཞིན་དྲིལ་གསིལ་བཅས་བཀྲ་ཤིས་བརྗོད་མཐར་མཆོད་རོལ་ཌཱ་བཅས། དེ་རྗེས་དགོང་ཐུན་ལ་དགེ་བསྐོས་ཀྱིས་རྒྱལ་རྔ་བརྡུང་། ལྷོ་ནུབ་རྔ་ཡབ་མ། རབ་འབྱམས་རྒྱལ་ཀུན༴ སྣང་གྲགས༴ ས་ལ༴ དེ་ལྟར་སོགས་ཀྱིས་གྲོལ་ལོ། །ཉིན་གསུམ་ལྟ་བུ་ཡིན་ན། ཚེས་དགུ་ཉིན་དབྱངས་ལ་ཉིས་ཐེངས་ཡོད་མེད་དང་། ལེའུ་བདུན་མའི་དབྱངས་རེས་མོས། གསོལ་ཀའི་དབྱངས་ཇི་བཏང་སོགས་དབུ་མཛད་ཀྱི་གའུ་ལེར་གསལ་བ་བཞིན་གཏོང་ཁྱད་ཙམ་མ་གཏོགས་གོང་གི་ཚེས་བརྒྱད་ཀྱི་ཆོག་འགྲོས་ཇི་ལྟ་བ་བཞིན་ནོ། །ཚེས་བཅུ་ཐམ་ལ་ནམ་ཞོག་སྔ་བར་བཞེངས་ནས་ཞོག་ཚོགས་རྡོ་རྗེ་སློབ་དཔོན་ཐུགས་དམ་སགས་ཀྱི་མཇུག་བར་སྔར་བཞིན་བཏང་ནས་སྣང་གྲགས་སོགས་ཀྱིས་གྲོལ། ཚོགས་ཆུང་ཞར་ལ་ཚུགས་ཏེ་ལས་རྡོར་གྱིས་ཕྱག་སྔོན་འགྲོས་ཚོགས་ཞུས་ཐོག་ཚོགས་བྱིན་བརླབ་ནས་དཀྱུས་ལྟར་ལ། མཚན་བསྟོད་ཞི་བསྟོད་གཉིས་དང་། ཁྲོ་བསྟོད་གིང་བསྟོད་གཉིས་མ་གཏོགས་ལྷུག་པའི་ཁྱད་ཙམ་ལས་གཞན་སྔར་དཀྱུས་བཞིན་ནར་འདེད། སྡུག་ལྔའི་རྣམ་རྟོག་མཇུག་རོལ་སུམ་བརྡུང་ཟིལ་འབེབས་ནས་བཞག་རོལ་ཐོག་རྔ་སྦུག་གནས་སུ་འཇོག །དཀོན་མཆོག་གསུམ་ [7b] དངོས་སོགས་ནས་ཡོན་སྦྱོང་། མདོ་བསྐུལ་སོགས་སྔར་བཞིན་གྱིས་གྲོལ། ༼ཚ་རྟིང་མར་༽ ལེའུ་བདུན་མ། ཟངས་མདོག་དཔལ་རིའི་དབྱངས་རྟ་སྐབས་གསོལ་སྡེར་བཀྲམ། ཇ༽ དེ་རྗེས་སྤྲོས་བྲལ་བདེ་ཆེན་དབྱངས་རྟ། བསྐང་གསོའི་མཆོད་བརླབས་རྒྱས་པ། དམ་ཅན་སྤྱི་གཏོར། མ་ནིང་། གུང་ཚིག་ལ་ལྷ་མོའི་མཆོད་ཕྲིན། ཇ༽ བསྟོད་པ་གཉིས། རྗེས་འབྲངས་ཡོངས་རྫོགས། གཏེར་གཞི། བཟླས་དམིགས། ཇ༽ བསྐང་རྫས་བྱིན་བརླབ། བསྐང་བ་གཉིས། སྤྱི་བཤགས། ཕྲིན་བཅོལ་བར་བཏང་སྟེ་བཞག་རོལ། ནུབ་ཕྱོགས་བདེ་ཅན། འཛམ་གླིང་དག་པ་སོགས་ཀྱིས་གྲོལ། དེ་ནས་གསོལ་རྒྱབ། དུང་བརྡ་དང་གཉིས་ཕུལ། དུང་བརྡ་གསུམ་པའི་སྐབས་རྔ་གྲྭ་བ་རྣམས་འདུ་ཁང་དུ་ཕེབས་ནས། དང་པོ་རྐང་གླིང་པ་གཉིས་ཞྭ་ཟླ་གམ་ཅན་དང་། རྔ་པ་གཡོན་གཡས་བེར་ཞྭ་བཞེས་ཤིང་། དུང་པ་གཉིས་ཞྭ་ཟླ་གམ་བཅས་སེར་སྦྲེངས་ཀྱིས་འཆམས་རའི་རྔ་གྲལ་དུ་ཕེབས་ཏེ་བཞུགས་ནས། དབུ་མཛད་ཀྱིས་བསྐུལ་བས། ཚིག་བདུན་གསོལ་འདེབས། གདོད་ནས་རྣམ་དག །རྣམ་དག་སྨོན་ལམ། རྒྱལ་བ་ཀུན་འདུས། མཆོད་དཔོན་སྣམ་སྦྱར་བཅས་གྲལ་ [8a] གཤམ་དུ་བགེགས་གཏོར་བཤམས། རང་ཉིད་སྐད་ཅིག་སོགས། རཾ་ཡཾ་ཁཾ་ལ་ཆབ་བྲན། སྟོང་པའི་ངང་སོགས། སྔགས་བསྔོ་ལན་གསུམ་རྗེས་དུང་ཆེན་གྱིས་སྣ་དྲངས་པའི་རོལ་མོ་ཐིང་གསུམ་ཟིལ་འབེབས་བརྒྱ་བརྡུང་མཐར་ཟིལ་འབེབས་ནས་སུམ་བརྡུང་འཇོག་མེད་ཀྱིས། བླ་མ་རྣམས་སོགས་བཀའ་བསྒོ་ལྡེམས་དབྱངས་མཁའ་འགྲོ་ནས་ལྷུག་མཐར་འཇགས་རོལ་རིང་པའི་ཐོག་དུང་རྐང་། མཆོད་དཔོན་གྱིས་སྔོན་གཏོར་ཕྱི་རོལ་དུ་འཕང་། ཆས་འཇུག་ཁང་ནས་སྤོས་ཕོར་གྱིས་སྣ་དྲངས་ཏེ་མཛམས་གཅོད་པ་རིམ་གྱིས་དོན་ནས་ལམ་འགྲོས་སོགས་དང་། ང་ནི་ཡེ་ནས་ཚིག་འཆམས་སྐབས་མཆོད་དཔོན་རོགས་བཅས་ཀྱིས་ཐུན་གང་འགྱེད། ཚིག་འཆམས་རྫོགས་ནས་ཐུན་ཕྱིར་བརྡེག་པ་སོགས་ལྡོག་འདུས་རྐང་དུང་དང་བཅས་རིམ་བཞིན་ཆས་ཁང་དུ་ལྡོག་ཟིན་པ་དང་། དེ་རྗེས་སྤོས་ཕོར་དང་རྒྱ་གླིང་གིས་སྣ་དྲངས་པའི་བྱིན་འབེབས་གར་པ་རྣམས་འཆམས་རར་དོན་ཏེ་བཛྲ་གུ་རུའི་ལམ་འགྲོས་སོགས་ནས་ཚིག་འཆམས་བདེ་ཆེན་འབར་བ་དབྱངས་བཅས་ལྷུ་གཉིས། འཆམས་རྗེས་ལྷུག་འདོན་རྔ་བརྡུང་རང་བཞིན་དུ་བཞུགས་ནས། བྱིན་གྱིས་རློབ་ཕྱིར་གཤེགས་ [8b] སུ་གསོལ༔ ཐང་ ༡ ཐང་ ༢ ཐང་ བྱས་ ཐང་ ༡ ཐང་༢ ཐང་ བྱས་ ཐང་ཟད། གནས་མཆོག་འདི་རུ་དབྱངས་བཅས་ལྷུ་གཉིས་འཆམས་ནས། མཐར་ལྡོག་དུས་རྒྱ་གླིང་གིས་དྲངས་ཏེ་ཆས་ཁང་དུ་བཞུད་དེ་སུམ་བརྡུང་མཚམས་ཅན་འཇོག་མེད་ནས། དེ་སྐབས་ལིང་གདན་ལིངྒ་བསྒྲལ་ཆས་སོགས་འཆམས་རའི་དབུས་སུ་བཀོད། བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གཉིས་ཀའི་སྔགས་དབྱངས་ལན་གསུམ་རེའི་གསུམ་པར་རོལ་མོ་འཆོལ་རྒྱ་མཐར་ཟིལ་འབེབས་ཐོག་དགེ་བསྐོས་ཀྱིས་སྤོས་སྣ་དྲངས་པའི་གསེར་སྐྱེམས་འདེགས་མི་དང་བཅས་པའི་གསེར་སྐྱེམས་པ་དོན་ནས་ལམ་འགྲོས་རྫོགས་རྗེས། རཾ་ཡཾ་ཁཾ་སོགས་ནས་ཐང་གསུམ་ཟིལ་གྱིས་དབྱངས་རྟ་ཆེ་བའི་རོལ་ཚིག་ཐོག་བྱིན་རླབས་མཆོག་སྩོལ་གྱི་ཚིག་འཆམས་འབེབས་བཅས་མཐར་ཟིལ་འབེབས་བཞག་རོལ། ཕཊ་སྟོང་པའི་སོགས་ནས། དགུག་གཞུག་ལན་གཅིག་མཇུག་གསེར་སྐྱེམས་པ་ཡར་ཕེབས་པ་དེ་གའི་ཟིལ་འབེབས་ཐོག་སྤོས་ཕོར་གྱིས་དྲངས་པའི་ཆས་འཇུག་ཁང་གི་ཕྱི་ཁྱམས་སུ་གཏུམ་རྔམས་འཆམས་དཔོན་གྱིས་འདོན། བཅུ་དྲུག་མ་རྒྱབ་ཟིན་ནས་ཟིལ་འབེབས་ཐོག་རྐང་གླིང་དང་བཅས་རིམ་གྱིས་དོན་ཏེ་ཛམ་སོགས་རིམ་གྱིས་འཆམས་ནས། ཚིག་ [9a] འཆམས་ཆེ་མཆོག་པདྨར་སླེབས་བསྟུན་འཆམས་དཔོན་དོ་རའི་ནང་དུ་ཞུགས། རྒྱན་ཁང་པས་འཆམས་དཔོན་ལ་ལིང་རྩར་གོས་གདན་བཏིང་། དེ་ནས་བཛྲ་མ་ཧཱ་ཀྲོ་དྷ་འཆམས་རྫོགས་རྗེས་ཟིལ་འོག་མཆོད་དཔོན་གྱིས་ཐུན་རྫས་ཕུར་པ་རྣམས་རིམ་འབུལ་གྱིས་འཆམས་དཔོན་ནས་ཐུན་གྱིས་བྲབ། ཕུར་པས་གནས་སྤར་ཏེ་འཆམས་དཔོན་རིམ་གྱིས་རང་གྲལ་དུ་འཁོད་དེ་མ་མོ་རྣམས་འཆམས་ཟིན་རྗེས་དུང་རྐང་དང་བཅས་རིམ་གྱིས་ལྡོག་ཟིན་པ་ན་བཞག་རོལ་གྱིས་བར་གསེང་ཅུང་ཟད་བཞག །རྒྱན་ཁང་པས་གིང་ཆས་མྱུར་གྱོན་བསྐོར་ཡང་བྱས་ཏེ་གྱོན་ཟིན་མཛམས་དབུ་མཛད་ལ་བརྡ་སྦྱར་བསྟུན། ཐིང་གསུམ་ཟིལ་དུང་ཐོག་སྤོས་ཕོར་གྱིས་སྣ་དྲངས་ཏེ་ཚོགས་ལེན་འཆམས་རར་དོན་ཏེ་འདོན་རྒྱག་ཟིན་བསྟུན་རིམ་རྫར་གྱིས་དོན་ཏེ་འཆམས་ཤིང་། རྐང༽ ཚིག་འཆམས་ཆེ་མཆོག་པདྨ་སླེབས་བསྟུན་འཆམས་དཔོན་དབུས་སུ་ཕྱིན་ཏེ་ལིང་གར་ཐུན་བརྡེག་ཕུར་གདབ་རལ་གྲིས་བསྒྲལ་བ་རྣམས་སོང་རྗེས་རིམ་གྱིས་གྲལ་ལ་འཁོད་ནས་ལྡོག་དུས་དུང་རྐང་བཅས་ཡར་ལྡོག་ཟིན་པའི་ཟིལ་འབེབས་དེ་མ་ཐག་པར་ཚོགས་ལེན་འཆམས་དཔོན་སོགས་ཐམས་ཅད་རིམ་དོན་གྱིས་དོ་རའི་བསྐོར་བ་གཅིག་ལ་རོལ་པ་རྒྱག་ [9b] བཞིན་པར་དོན་དུས་ས་གིང་གནམ་གིང་སོགས་ཕྱོགས་སོ་སོ་ནས་གིང་པ་རྣམས་དོན་དེ་འཛིང་པ་ལྟར་བྱེད་དུས་ཟུར་ནས་རྒྱལ་རྔ་གཉིས་གསུམ་ཙམ་བརྡུང་ཞིང་། རུང་ཁང་ནས་དུང་དཀར་འབུད། གློ་དཀར་ནས་རག་དུང་། གྲལ་མཐའི་དུང་ཆེན་གྱིས་རྩེར་དུང་འབུད་པ་སོགས་བྱས་ཏེ་ཚོགས་ལེན་པ་ཡར་ལྡོག །གིང་པ་རྣམས་ཀྱིས་གནམ་གིང་བསུས་ཏེ་འབྱོར་བསྟུན་ཕྱོགས་གཉིས་སུ་ཕོ་གིང་བརྒྱད་པོ་རྔ་གྲྭའི་འོག་དང་། མོ་གིང་བརྒྱད་པོ་དེ་དང་ཁ་སྤྲོད་ཀྱིས་ཕྱོགས་སུ་བསྟུན་རོལ་ཟིལ་ནས་བཞག་རོལ་ཐོག་ཇ་བཞེས་ཆབ་བཀྱེས་ནས་གིང་པ་ཕོ་མོ་ཕྱོགས་སོ་སོ་ནས་རེ་རེ་དོན་ཏེ་ལམ་འགྲོས་འཆམས། ཞྭ་ཕུད༽ དེ་སྐབས་རྔ་གྲྭ་རྣམས་ཆབ་བསིལ་ལ་ཕེབས། གིང་འཆམས་སེང་གེ་སྦོ་ལྷུག་ལ་སླེབས་སྐབས་རྔ་གྲྭ་པ་རྣམས་རང་གྲལ་དུ་ཕེབས་ནས་འཁོད་དེ་གིང་བསྟོད་ལ་སླེབས་མཚམས་དབུ་ཞྭ་བཞེས་ཏེ་རྔ་རོལ་བླངས་ལ་ཐིང་ནས་གཅིག་སོགས་བར་དུ་ཐང་ཅན་ལྔ་བར་སོང་ནས། ཧྲཱིཿ ཡེ། སྣང་བ་མ་འགག་སོགས་ཚིག་གཉིས་རེའི་མཚམས་སུ་གིང་ཕོ་མོ་བརྗེ་བ་སོགས་ཀྱིས་བསྟོད་པ་ཡོངས་རྫོགས་གྲུབ་ནས། བསྟོད་ཅེས་ཐང་ནས། སྦྲམ་གྱིས་བཞག་རྔ་སྦུག་གནས་སུ་འཇོག་ཅིང་དབུ་ཞྭ་བསིལ། གིང་པ་ལྡོག་ཟིན་ནས་དགེ་བསྐོས་ [10a] ཀྱིས་སེར་སྦྲེངས་པ་རྣམས་དང་། རྒྱན་ཁང་པས་མཚན་བརྒྱད་སོགས་ཆས་ཞུགས་རྣམས་བསྒྲིགས་ཚར་བསྟུན་ཐོག་མར་གར་པ་བཀའ་དྲིན་ཅན་མ་རྣམས་དོན། དེ་ནས་རོལ་ཐིང་ནས་སེར་སྦྲེངས་སོགས་རིམ་རྫར་གྱིས་དོན་ཏེ་ཟིལ་ཕབ་དུས་བཀའ་དྲིན་ཅན་མ་རྣམས་མཚན་བརྒྱད་རྒྱབ་ཀྱི་གྲལ་དུ་ཞུགས། གུ་རུ་རིན་པོ་ཆེ་མཚན་བརྒྱད་མནྡ་ར་བ་མཚོ་རྒྱལ་སོགས་དང་སེར་སྦྲེངས་པ་ཆས་ཞུགས་དང་བཅས་པ་རྣམས་སོ་སོའི་གྲལ་དུ་འཁོད་ཟིན་པ་དང་། ཟིལ་འོག་བཀའ་དྲིན་ཅན་མ་རྣམས་མཚན་བརྒྱད་མདུན་དུ་ཕེབས་ནས། ཀྱེ་འདིར་འཚོགས་ཀྱི་སོགས་བསྟོད་གར་གྲུབ་པ་དང་སླར་རང་གྲལ་དུ་ཕེབས་མཚམས། ཐང་གསུམ་ཟིལ་འབེབས་ཐོག་མཁའ་འགྲོ་སྡེ་ལྔ་ཆས་ཁང་ནས་དོན་ཏེ་མཚན་བརྒྱད་མདུན་དུ་འཁོད་པའི་བསྟོད་དབྱངས་འཆམས་གར་བ ཅས་གྲུབ་ནས། ཐང་གསུམ་ཟིལ་འབེབས་ཐོག་ཚངས་པ་དང་བརྒྱ་བྱིན་གཉིས་དོན་ཏེ་མདུན་གྲལ་དུ་འཁོད་ཟིན་བསྟུན། མ་བཅོས་སྤྲོས་བྲལ་མའི་བསྟོད་དབྱངས་རོལ་མོའི་ཁྱད་པར་བཅས། དེ་རྗེས་མཚན་བརྒྱད་སོ་སོས་བསྟོད་གར་རྣམས་རིམ་བཞིན་གནང་གྲུབ་པ་དང་། སླར་ཡང་སེར་སྦྲེང་དང་བཅས་མཚན་བརྒྱད་སོགས་རིམ་ [10b] པར་ཆས་ཁང་དུ་ཡར་ལྡོག་རྗེས་བཀའ་དྲིན་ཅན་མའི་གར་པ་རྣམས་ཀྱིས་སྨོན་ལམ་དང་བཅས་ཡར་ལྡོག་པས་ལེགས་པར་གྲུབ་བོ། །ཞེས་པའང་སྔོན་གྱི་ཟིན་བྲིས་རྙིང་པ་ཞིག་ལས་ཞལ་བཤུ་བ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།