དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་སྒྲུབ་ཆེན་འདྲ་འབག་གི་ལས་ཐོ་བཀླག་པས་དོན་རྟོགས།

From Dudjom Wiki
DJYD-KABUM-22-ZA-010
Wylie title dpal rdo rje phur bu yang gsang spu gri'i sgrub chen 'dra 'bag gi las tho bklag pas don rtogs DJYD-KABUM-22-ZA-010.pdf
Location bdud 'joms rin po che bka' 'bum
Volume 22, Text 10, Pages 209-240 (Folios 1a1 to 16b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu yang gsang spu gri'i sgrub chen 'dra 'bag gi las tho bklag pas don rtogs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 209-240. Kalimpong: Dupjung Lama, 1979-1985.
Side notes Recto: 'dra 'bag   Verso: chos dbang phur pa
More details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (gu ru chos kyi dbang phyug)
Genre Notes - zin bris
Cycle ཕུར་པ་ཡང་གསང་སྤུ་གྲི་ (phur pa yang gsang spu gri)
Colophon

སླར་ཡང་རྡོར་འཛིན་བདེ་ཆེན་ཆོས་འཛིན་གྱི་ཞལ་སྔ་ནས་བསླབ་ཁྲིད་ཞིབ་ཏུ་ནོས་པའི་སྐབས་ཤིན་ཏུ་གསལ་བདེར་སྤེལ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།།

slar yang rdor 'dzin bde chen chos 'dzin gyi zhal snga nas bslab khrid zhib tu nos pa'i skabs shin tu gsal bder spel ba po ni 'jigs bral ye shes rdo rje'o//

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་སྒྲུབ་ཆེན་འདྲ་འབག་གི་ལས་ཐོ་བཀླག་པས་དོན་རྟོགས་བཞུགས། །


༄༅། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། རྣམ༵་འགྱུར་འཁོར་འདས་ཆོས་ཀུན་རིག་པའི་ཀློང་། །ཡོངས་གྲོལ༵་ཕྲིན་ལས་རྒྱ༵་མཚོ༵འི་མཐར་སོན་པས། གྲུབ་གཉིས་འདོད་འཇོ་རྡོ་རྗེ་གཞོན་ནུ་དང་། །དབྱེར་མེད་བླ་མར་གུས་པས་ཕྱག་བགྱིའོ། །འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་གཏེར་ཁ་འོག་མའི་ཕུར་པ་ཡང་གསང་སྤུ་གྲི་ལས། རང་དོན་བྱང་ཆུབ་ནར་མའི་བསྙེན་སྒྲུབ་སྔོན་དུ་སོང་བའི་སྒྲུབ་པ་པོས་བདག་གཞན་ཐུན་མོང་དུ་བྱང་ཆུབ་སྒྲུབ་ཅིང་བར་ཆད་འདུལ་བའི་ཕྱིར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བའི་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་མོས་སློབ་ཚོགས་སྒྲུབ་འདྲ་འབག་ཚུལ་གྱི་ཆོ་གའི་ [2a] བསྐྱུད་བྱང་ལས་ཐོ་ཟིན་བྲིས་སུ་འགོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ། ས་ཆོག །སྟ་གོན། རྒྱན་འགོད་གསུམ་གྱི། དང་པོ་ས་ཆོག་ནི། སྟེགས་མཐོ་བར་དཔལ་གཏོར་འཁོར་བཅུ་པ། གཡས་གཡོན་སྨན་རཀ་དང་མདུན་དུ་ཉེར་སྤྱོད་བཅས། དཀྱིལ་འཁོར་གྱི་གཞིའི་དབུས་འབྲུ་ཚོམ་མདུན་ས་ལྷའི་དཀར་གཏོར་དང་། གཞི་བདག་གི་གཏོར་མ། གསེར་སྐྱེམས། མཐའ་སྐོར་ཉེར་སྤྱོད་བཅས་བཀོད། སློབ་དཔོན་མདུན་ལས་བུམ་སོགས་ཀྱང་འདུ་བྱའོ། །༼ ཆོ་ག་དངོས་ལ་༽བརྒྱུད་འདེབས། རྡོ་རྗེ་སློབ་དཔོན། ཨོཾ་བཛྲ་ཀཱི་ལི་སོགས་ [2b] རྒྱུན་ཁྱེར་ནས། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཀྱི་བར་སོང་ནས། ལས་བུམ་བསང་སྦྱང་། ལས་བུམ་དབུས་སུ་པད་ཉི་རྒྱ་གྲམ་སྟེང་། །བདུད་རྩི་ལྗང་ནག་གཡས་སེར་གཡོན་དུད་ཁ། །ནས། དུང་དམར་སྟོབས། །ཟ་བྱེད་གསོད་བྱེད་གཏུམ་རྔམས་ཚོགས་བཅས་གསལ། །ཞེས་དྲིལ་མེད་ལྷུག་འདོན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་བཟླ། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་འགྱུར། དེ་ནས་ཨོཾ་བཛྲ་ཀྲོ་དྷ༴ ཨོཾ་སྭ་བྷཱ་ཝ༴ ཐམས་ཅད་སྟོང་ཉིད་སོགས། ཨོཾ་བཛྲ་ཨརྒྷཾ་སོགས་རོལ། གཏོར་གཞོང་རཏྣའི༴ ཨོཾ་ཨཱཿཧཱུཾ་ལྃ་ལས་སའི་ལྷ་མོ་སོགས། བཛྲ་ས་མཱ་ཛཿར་བསྡུ་བྱ། ཛཿཧཱུཾ་བཾ་ཧོཿ ར་རང་རྒྱ་དང་། ཨོཾ་པྲི་ཐི་དེ་བཱི་སོགས་རོལ། ཨ་ཀཱ་རོ་ལན་གསུམ། སྐྱོབ་པ་སངས་རྒྱས་སོགས་ས་གནོན་གྱིས་ཡོ་སྤྱི་ལན་གཅིག །གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། རོལ། བྷུ་མི་པ་ཏི༴ སྠ་ན་པ་ཏི་སོགས། གང་དག་འདིར་གནས༴ གཤེགས་པར་གྱུར་རོལ། སློབ་དཔོན་ནས་དཀྱིལ་འཁོར་གྱི་གཞིར་ཡུངས་ཐུན་འཐོར། ལས་ཆུ་དང་བ་བྱུང་གསུམ་བྱང་ཤར་ནས་གཡོན་བསྐོར་གསུམ་གྱིས་ལས་སྔགས་བཟླ་བཞིན་རོལ་བཅས་བྱུག །སླར་ཡང་དྲིའི་ཆུས་ [3a] བསང་གཏོར་བྱས་ནས། ཨོཾ་བྷུ་ཁཾ་སོགས་སྔགས་ཚན་གསུམ། ས་ལ་སོགས་པའི༴ སློབ་དཔོན་དབུས་དང་། ཚོགས་པ་བྱིངས་ཀྱིས་མཐའ་བསྐོར་ཏེ་བཞུགས་ནས། གཙོ་བོ། ཁྲོ་བཅུ། སྲས་མཆོག། སྒོ་བཞི། སྲུང་མ་དང་བཅས་པའི་བསྐྱེད་སྔགས་ལན་རེ་བརྗོད། བཛྲ་ས་མཱ་ཛཿ ཨེ་ཧྱ་ཧེ། ཨ་ཏི་པཱུ་ཧོཿ པྲ་ཏཱི་པཱུ་ཧོཿ འབྲུ་གསུམ་རིགས་ལྔའི་སྔགས་བཅས་ཀྱིས་རྒྱས་གདབ། ས་མ་ཡ་ཏིཥྛ་ལྷན། ཨོཾ་བཛྲ་ཀུ་མཱ་ར་ས་རི་སོགས་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྨན་གཏོར་རཀྟ་བཅས་ཀྱི་སྔགས་ལན་རེ། སྤོས་བཅས་པུས་བཙུག་གིས་སྙན་གསན་དབབ་པ་ལན་གསུམ་མཐར་རོལ། མཆེད་རྣམས་བཞེངས་ནས། མཆོད་པ་གོང་བཞིན་དང་། ཕྱོགས་བཞིའི་གསོལ་གདབ་ཡོ་སྤྱི། དེ་ནས་སློབ་དཔོན་གྱིས། ཧཱུཾ་བཛྲ་ཏིཥྛ་ཞེས་རྒྱ་བཅས་མཛད་རྗེས་བཞེངས། སེམས་ཅན་མ་རིག་པའི་མུན་པར་སོགས་གསུངས་ཤིང་། ཨོཾ་ཀྲོ་དྷ་ཞེས་པར་བསྐོར་བ་གཅིག་མཛད། ཧཱུཾ། སངས་རྒྱས་ཀུན་སོགས། རྐང་མཐིལ་ཧཱུཾ་ལས་སོགས་བརྗོད་རྗེས་ཀུན་གྱིས་གཙོ་སྔགས་དབྱངས་ལན་གསུམ་འཐེན་རིང་། སློབ་དཔོན་གྱིས་རྡོ་རྗེའི་སྟབས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་བསྐོར། [3b] ཧཱུཾ། ས་ཕྱོགས་འདི་ན་སོགས་ཡོ་སྤྱི་ལན་གསུམ་རྗེས་རོལ་འོག་ཐུན་བྲབ། གུལ་སྲེག། ཀཱི་ལ་ཡ་བརྗོད། དཀྱིལ་འཁོར་གྱི་གཞི་སོགས་རྗེས་མཆེད་རྣམས་གྲལ་དུ་བཞུགས། སློབ་དཔོན་དཀྱིལ་འཁོར་གྱི་མདུན་ནས་ནུབ་ཏུ་ཞལ་ཕྱོགས་པའི་མདུན་ཕུར་བུ་གདན་བཅས་བཀོད། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་བཅུ་སོགས། མེ་ལྟ་བུར་གྱུར། ཀཱི་ལི་བདུན་བརྗོད་མཐར་བཞེངས་ནས་ཕུར་གདབ་སྤྱི་ལྟར་མཛད། བགེགས་རྣམས་ཀྱི་སོགས་ནས་རོ་གཅིག་ཏུ་གྱུར་བར། རང་གི་སེམས་ཉིད་སོགས་ནས། གཏམས་པར་གྱུར། ཧཱུཾ། སྟེང་ཡང་ཕུར་བུའི་སོགས་ཡོ་ག །མཱ་ར་ཡ་ཧཱུཾ་ཕཊ་བར་བརྗོད་རོལ། རྡོ་རྗེ་ཕུར་བུའི་རྭ་གུར་ནས། ཁྱབ་པར་གྱུར་བར། བར་འདིར་ཕྱི་བཤགས་རྣམས་སྒྲུབ་ཆེན་གཞན་ལྟར་མཛད། གཉིས་པ་སྟ་གོན་ནི། དཀྱིལ་འཁོར་གྱི་གཞིར་ལྷ་སོ་སོའི་སྔགས་བརྗོད་བཞིན་དྲི་བཟང་དང་བདུད་རྩི་ལྔའི་ཐིག་ལེ་གཙོ་བོའི་གནས་སུ་གྲུ་བཞི། འཁོར་གྱི་གནས་སུ་ཟླུམ་པོ་རེ་བྱས་པ་ལ་མེ་ཏོག་གི་ཚོམ་བུ་བཀོད། བུམ་པར་བདུག་བྲབ་སྔོན་འགྲོས་རྫས་སོ་ལྔ་བླུགས་པ་ཁ་རྒྱན་གཟུངས་རྡོར་བཅས་དཀྱིལ་འཁོར་གྱི་དབུས་སུ་འགོད། མདུན་དུ་གསུང་རྟེན་ཐོད་ཆང་ཨ་མྲྀ་ཏའི་ཕབ་ལྡན་ [4a] དར་དམར་དང་མེ་ལོང་ལ་ཀཱི་ལི་བཅུ་བཞི་བྲིས་པས་བཀབ། བདུད་རྩི་ལྔའི་རྫས་ལྡན་དུང་ཞལ་ཡང་འདུ་བྱ། མཐའ་མཆོད་པས་བསྐོར། ཐུགས་རྟེན་གཙོ་འཁོར་གྱི་ཕུར་བུ་རྣམས་གཙང་མའི་སྣོད་དུ་དར་ནག་གི་ཁེབས་དང་བཅས་ཉེ་ལོགས་སུ་བཀོད། ཆོ་ག་ནི། ཐམས་ཅད་སྟོང་ཉིད་སོགས་རོལ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་སོགས་སྙན་གསན། སྤྱན་འདྲེན་ནས། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། ཅེས་བསྒྱུར་བའི་བར་དང་། སྨན་མཆོད་ནས་བསྟོད་པའི་བར་སོང་ནས། སྤོས་བཀྱེ། པུས་བཙུག་གིས། རྡོ་རྗེ་གཞོན་ནུ་སོགས་ཡོ་ག་ལན་གསུམ་རྗེས་རོལ། སྤོས་བསྡུ། ཧཱུཾ་ཏིཥྛ་ཞེས་འདེགས་རྒྱ། བུམ་པ་སྟ་གོན་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་སོགས། དབབ། དྲངས། ཕྱག། ཨོཾ་ཨཱཿཧཱུཾ་གིས་བརླབ། བསྐུར། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཨརྒྷཾ་སོགས་རོལ། སྨན་རཀ་སྔགས་ལན་གཅིག །དྷརྨ་དྷཱ་ཏུས་བསྟོད། རང་སྲོག་སྔགས་སོགས་གཙོ་བོ་བརྒྱ། ཁྲོ་བཅུ་ཉེར་གཅིག་རེ་བཟླས། ལྷ་ཐམས་ཅད་སོགས་ནས། འབྲུ་ལྔས་མཚན་པར་གྱུར་བར། [4b] གཙོ་བོའི་སྙིང་པོས་དུང་ཞལ་འབུལ། དཀྱིལ་འཁོར་གྱི་ལྷ་རྣམས་རང་རང་གི་སོགས་ནས་བདུད་རྩིར་གྱུར་བར། རྩ་སྔགས་ལ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་ཉེར་གཅིག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ་ཞེས་དགུ་པའི་སྔགས་ཚར་བཅུ་བཅས་ཀྱིས་བྱིན་གྱིས་བརླབ། དེ་ནས་ཕྱི་མཚམས་གཅོད་པར། རྒྱལ་ཐོར་སྐུ་རྟེན་རྒྱལ་མཚན་བཙུག །མཆོད་པར་བཤམ། བཛྲ་ཀྲོ་དྷ༴ སྭ་བྷཱ༴ ཐམས་ཅད་སྟོང་ཉིད་ནས་ཨོཾ་ཨཱཿཧཱུཾ་གི་བར། རང་གི་ཐུགས་ཀའི་སོགས། ཐིང་གསུམ་སུམ་བརྡུང་ནས། གསང་བདག་སྤྱན་སྔར་སོགས། བརྟན་པར་བཞུགས་ཞེས་སྦུག་ཚག་གིས་བཞག །བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ ར་སོ་སོའི་རྒྱས་དྲངས་བསྟིམ། མ་ཧཱ་རཱ་ཛ་སོགས་ཐིང་གཅིག་ཟིལ་བཞག །གཏོར་འབུལ་ལན་གསུམ་རྒྱ་བཅས་རྗེས་གདངས་རོལ་བཀའ་བརྒྱད་ལྟར། ཧཱུཾ། དྲི་ཟའི་མངའ་བདག་སོགས། རྩ་སྔགས་དང་། བརྟན་བཞུགས་བཅས་ཕྱོགས་བཞི་ཀར་འདྲ། ནང་མཚམས་ལ་དམ་སྲིའི་ལིངྒ་མི་གཟུགས་སྤྱི་ལྟར་སྙིང་གར་ཏྲི་ཛ་ཁ་སྤྲོད་མཐར་ཡ་མ་དམ་སྲི་མཱ་ར་ཡ་ན་ག་ཛ་ཛ་ནན༔ ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་རྦད་རྦད་ནན༔ གནས་ཡིག་དང་ཛ་ཁྲམ་སོགས་སྤྱི་མཚུངས་བྲིས་ནས་ར་སོག་ལ་སྦྱར་བ་ [5a] དོང་ནང་བཏིང་། རཾ་ཡཾ་ཁཾ་སོགས་གསེར་སྐྱེམས་བཀའ་བརྒྱད་ལྟར་ལྷུ་གསུམ་རྗེས་ཟིལ་བཞག །ཨོཾ་བཛྲ་ཀཱི་ལི། རང་ཉིད་དཔལ་ཆེན་པོར་སོགས་ནས། ཨ་ན་ཡ་ཧཱུཾ་ཕཊ་བར། འགུག་གཞུག་ཚར་གསུམ་ནས་ཟློག་རོལ་གྱིས་བབ་བརྒྱད་བསྐུལ། ཧཱུཾ་བྱང་ཆུབ་མཆོག་ཏུ་སོགས། ཡུད་ཙམ་གྱིས་ནི་འདིར་བཀུག་ནས། གཏོར་ཤིག༴ ཕོབ་ཅིག༴ ཟུངས་ཤིག༴ རིངས་པར༴ ལུས་ངག༴ མངོན་སྤྱོད༴ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་ཟིལ་བཞག །མ་རཀྨོས་ཐུན་བྲབ། རོ་གཡམ་བཀབ་རྗེས་རོལ་བླངས། རྒྱལ་ཐོའི་གདངས་ཀྱིས་རྒྱ་བཅུ་བརྗོད་བསྟུན་སློབ་དཔོན་གྱིས་རྒྱ་གྲམ་དང་། ལས་རྡོར་གྱིས་མེ་ཆུ་ས་རླུང་བཞིའི་རྒྱ་རིམ་པ་བཅུ་བཏབ་རྗེས་དོང་ཁ་བཅད་ཟིལ་བཞག །བྲོ་ར་བསྐོར། མཐེའུ་ཆུང་སྦྲེལ་ནས་སྟོང་གསུམ་སོགས་བྲོ་བརྡུང་། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་དང་། འཁྱིལ་པའི་སྐུ། རྒྱབ་ངོས་ལ་སོ་སོའི་སྙིང་པོ་འདོད་གསོལ་ཅན་ཕུར་བུ་རེ་དང་བཅས། གཤིན་རྗེའི་སྐུ་ཕྱི་དང་། འཁྱིལ་བ་ནང་གི་སྟེང་ལོགས་སུ་གདགས། མདུན་དུ་མཆོད་པ་བཤམ། བྱིན་རླབས་སྔར་ལྟར་དང་། བསང་སྦྱང་། སྟོང་པའི་ [5b] ངང་ལས་སོགས་བསྐྱེད། དྲངས། བསྟིང་རྗེས། བཛྲ་ཨརྒྷཾ་སོགས་མཆོད་པ་རོལ། སྔགས་སོ་སོར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། རོལ་བླངས། ཧཱུཾ། བཅོམ་ལྡན་ཁྲོ་བོའི་སོགས་རོལ་བཞག །སྔགས་བདུན་རེ་བརྗོད་རྗེས་སོ་སོའི་ཕྲིན་ལས་བཅོལ། གྲལ་དུ་འཁོད་ལ། སྔར་གྱི་ཕུར་བུ་བཅུའི་མདུན་ཉེར་སྤྱོད་བསྒྲིགས། ཧཱུཾ། ཕྱོགས་བཅུའི་དགྲ་དང་བགེགས་འདུལ་བ། སོགས་ཡོ་སྤྱི། བཛྲ་པུཥྤེ་སོགས་རོལ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་རུ་ཧཱུཾ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུཾ་ཕཊ་སྦྱར་ཏེ་ཁྲོ་བཅུའི་སྔགས་ཚར་རེའི་མཐའ་མའི་མཇུག་རོལ། ཕུར་བུ་སོགས་བསྡུས། དཀྱིལ་འཁོར་དབུས་སུ་མ་ཊཾ་གཟུགས་བཀོད། སློབ་དཔོན་བཞེངས་ནས་དཀྱིལ་འཁོར་མདུན་དུ་བཞུགས། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྗང་ནག་སོགས་དགྲ་བགེགས་ཞེས་པའི་མལ་དུ་མ་ཊཾ་རུ་ཏྲ་ཞེས་བཅུག་སྟེ་ཨཱ་ན་ཡ་ཧཱུཾ་ཕཊ་བར་གྱི་དགུག་གཞུག་ལན་གཅིག་ནས། བཀའ་བསྒོའི་གདངས་ཀྱིས། ཧཱུཾ། མ་ཊཾ་བྱ་བའི་སོགས། ཨོཾ་བཛྲ་ཙིཏྟ་པྲ་བེ་ཤ་ཡ་ཕཊ་ཏི་ཧཱུཾ་ཨ་སྥ་ར་ཎ་ཕཊ་ཅེས་རོལ་འོག་ཏུ་རལ་གྲིས་བསྒྲལ་ནས་བཞག །བྷྲུཾ་མཎྜ་ལ་ཞེས་ཚར་བརྒྱད་ལ་ [6a] གཟུགས་རྣམས་ཕྱོགས་སོ་སོར་བཀོད་དེ་བསྡུ། དེ་ནས། ཧཱུཾ། དུར་ཁྲོད་གསང་བ་སོགས་ཡོ་སྤྱི་རོལ། བདུད་རྩི་ལྔས་ཆག་ཆག་གདབ་བོ། །བར་འདིར་རས་དཀྱིལ་བཀྲམ། གསུམ་པ་རྒྱན་འགོད་ནི། ཉེ་ལོགས་སུ་གཙོ་བོ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག །སྒོ་མ་བཞི། ཕུར་སྲུང་བཅུ་གཉིས། གིང་བཞི། ལས་བཞིའི་ཕུར་པ་བཅས་ཕྱོགས་མ་ནོར་བ་དང་། ཕྱིའི་མུ་ཁྱུད་ལ་འགོད་རྒྱུའི་རྩང་ཕུང་སོར་བརྒྱད་པ་བདུན་ཅུ་དོན་བདུན་སོ་སོའི་གདན་བཅས། བུམ་པ། ཐོད་སྐུ། རྡོ་དྲིལ། གསུང་རྟེན། ཚེ་འབྲང་། ཚེ་རིལ། ཚེ་ཆང་། ཚེ་མདའ་བཅས། དཔལ་གཏོར། ཆོས་སྲུང་སྤྱི་སྒེར་གཏོར་མ། ཞི་དྲག་མཆོད་པ་སོགས་དང་། མདའ་བཞི། རལ་གྲི་བཞི། རྒྱལ་མཚན་བཞི། འཕན་བཞི་སོགས་རྒྱན་བཀོད་ཡོ་བྱད་རྣམས་དང་། སྒྲུབ་པ་པོའི་གྲངས་ཀྱི་བསྙེན་ཕུར་བཅས་སྟ་གོན་བྱས་ནས། སློབ་དཔོན་མདུན་དུ་བཞུགས། ཕུར་བུ་རྣམས་ལ། ཨོཾ་བཛྲ་ཀཱི་ལི་སོགས་གུ་གུལ་བདུག །བཛྲ་ཀཱི་ལི་ཀཱི་ལ་ཡ་མགུ་སོགས་ཡུངས་དཀར་བྲབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་སོགས་ཞལ་དང་དཔལ་ལ་རཀྟས་བྱུགས་པ་སྟེ་སྔགས་ཚན་སོ་སོ་བདུན་རེ་ཙམ། [6b] སྒྲུབ་ཕུར་རྣམས་སྭ་བྷཱ་ཝས་སྦྱངས། ཕུར་བུའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་རེ་རེ་གྱུར། གཙོ་བོ། ཁྲོ་བཅུ། སྒོ་མ། དམ་ཅན་དང་བཅས་པའི་སྔགས་ཚར་རེ་བརྗོད། གཙོ་ཕུར་རྡོ་རྗེ་གཞོན་ནུ་སོགས་ནས། རྣམ་པ་ཅན་དུ་གྱུར། ཞེས་པའི་བར་དང་། བསྙེན་ཕུར་རྣམས་ལ་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་སོགས་སྙིང་པོ། དེ་ཞུ་བ་ལས་སོགས། འབྲུ་དགུ་ཅུང་ཟད་བཟླས་རྗེས། རང་གི་ཐུགས་ཀའི་ཧཱུཾ་ཡིག་སོགས་སྤྱན་འདྲེན་ནས། དབུ་བརྒྱན་པར་གྱུར་ཅེས་པའི་ལས་བྱང་བཞིན། དེ་ནས་བཞེངས་ཏེ་སློབ་དཔོན་གྱིས་སྤོས་དྲིལ་ཐོགས། རྒྱལ་ཐེབས་སོགས་ཀྱིས་རྟེན་མཆོད་རྣམས་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་མཛད་རྗེས། ཧཱུཾ། དབུས་ནས་རང་བྱུང་སོགས་ལྷ་དབང་རྟས། ཕུར་བུ་གདན་བཅས་ལྷུ་སོ་སོར་འགོད་ཚིག་རོལ་མོ་དང་བསྟུན་གནས་མ་འཆོལ་བར་བཀོད། ཧཱུཾ་ཡེ་ཤེས་ལྔ་ལྡན་སོགས་ཡོ་སྤྱི། དཀྱིལ་འཁོར་སྟེང་གི་རིམ་པར་བུམ་པ། གསུང་རྟེན། ཐོད་སྐུ། འབྲང་རྒྱས། རྡོ་དྲིལ། ཚེ་རྫས་བཅས་བཀོད། ཧཱུཾ། དུར་ཁྲོད་གསང་བ་སོགས་ས་ [7a] སྤོས་དབྱངས་ཀྱིས་ཡོ་བྱད་གཞན་རྣམས་འགོད། དེ་རྒྱབ་སྟེགས་མཐོ་བར་དཔལ་གཏོར་འཁོར་བཅུ་པ་དང་། གཡས་སུ་ཆོས་སྐྱོང་གཏོར་སྤུངས། གཡོན་དུ་ཕུར་སྲུང་བཅུ་དྲུག་གི་གཏོར་མ་གྲུ་གསུམ་གཙོ་འཁོར་གྲངས་ཚང་། སྨན་རཀ་བཅས་དཀྱིལ་འཁོར་སྟེང་འོག་གི་སྒྲུབ་རྫས་ཟུར་བཞིན་མདའ་དར། ཕྱོགས་བཞིར་རལ་གྲི། རྒྱལ་མཚན། འཕན་བཞི་རྣམས་ཚོན་སྐུད་ཀྱིས་སྦྲེལ་བ་སོགས་མཐོང་བརྒྱུད་ལྟར་ལ། ཤར་དུ་ཞི་དྲག་གི་མཆོད་པ། ཉིན་རེའི་འབུལ་གཏོར། བརྟན་མ། ཉིན་ཐ་མའི་ཆད་ཐོ། ལྷོར་འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཀྱི་ཙཀླི། ལྷོ་ནུབ་ཏུ་བྲུབ་ཁུང་ཆུང་བའི་ནང་ཉུ་ལེའི་ལིངྒ་བཅས་བྱས་གཞུག་པ། ཐུན་རྫས་སོགས་འདིར་དགོས་ཀྱི་ཡོ་བྱད་རྣམས་འདུ་བྱའོ། །དེ་ཡན་རྡུལ་ཚོན་ཡིན་ན་ཉིན་གཉིས་དང་། རས་བྲིས་ལ་ཉིན་གཅིག་མཛད་པ་ནི་སྔོན་འགྲོའོ། ། ༈ གཉིས་པ་དངོས་གཞི་ལ་བཞི། བསྙེན་པ། སྒྲུབ་པ། ལས་སྦྱོར། དངོས་གྲུབ་བླང་བའོ། །དང་པོ་ནི། ཞོག་བསྟར་གཅིག་གིས་ཐོ་གསོ་བ་མཛད། རྡོར་སེམས་སྒོམ་བཟླས་བཀའ་བརྒྱད་ལྟར་ཡིག་བརྒྱ་སུམ་ཅུ། བརྒྱུད་འདེབས་ནས་བཟུང་བསྟོད་པའི་ [7b] བར་དཀྲུས་བཞིན་ལས། ཏིང་འཛིན་རྣམ་གསུམ་གོང་། ཧཱུཾ། དུར་ཁྲོད་གསང་བ་སོགས་རྟགས་གདབ་ཡོ་སྤྱི་རོལ། སྨན་མཆོད་དབུར་རྣམ་བཀྲའི་མེ་ཏོག་ཅེས་བཀའ་བརྒྱད་ལྟར་སྦྱོར་བ་ཁྱད་པར་རོ། །༼ ཚ་གུང་ལ་༽ ཧཱུཾ་ཆོས་དབྱིངས་འཁོར་ལོའི་སོགས་ཛཔྲ་བསྐུལ་རྟས་སྐུ་ཛཔྲ་སྟོང་མཐར་སྟོང་ཚིག་མཆོད་པ། བདག་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་སོགས་གསུང་ཛཔྲ་སྟོང་མཐར་སྟོང་ཚིག །ཐུགས་ཛཔྲ་སྟོང་མཐར་སྟོང་ཚིག །ཁྲོ་བཅུ་བརྒྱ་རེ་དང་སྤྱིར་སྟོང་ཚིག །སྲས་མཆོག་ལྔ་བཅུའི་མཐར་སྟོང་ཚིག །སྒོ་སྐྱོང་ཕུར་སྲུང་ལ་ཡང་ལྔ་བཅུ་རེ་སྟོང་ཚིག་སྦྱར་བ་བཅས་ཀྱིས་གྲོལ། སྔགས་རྒྱུན་གྱིས་ཀྱང་འབྲུ་བཅུ་བཞི་ཁོ་ན་བཟླའོ། །༼བར་ཆར་༽ ཏིང་འཛིན་གསུམ་ནས་བསྟོད་པའི་བར། རྣམ་བཀྲའི་མེ་ཏོག་དང་། ཛཔྲ་བསྐུལ་དོར། ཛཔྲ་དམིགས་གསུམ་མཇུག་སྟོང་ཚིག་བཅས། ཁྲོ་བཅུ་སྲས་མཆོག་སོགས་སྔར་ལྟར། གཏོར་བསྔོ། ཕུར་སྲུང་གཏེར་གཞིའི་བར་བཀའ་བརྒྱད་བཞིན། ཚོགས་དཀྱུས་བཞིན་ལས། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་སོགས་མཇུག་དགུག་གཞུག །བབ་བརྒྱད་བསྐུལ། བྱང་ཆུབ་མཆོག་སོགས་རྗེས་ཚོགས་བསྒྲལ། ཞལ་སྟོབ་ཡན། དེ་ནས་སླར་ཡང་ [8a] བཅོལ་བསྐུལ། བབ་བརྒྱད། བྱང་ཆུབ༴ དངོས་གྲུབ༴ རྡོ་རྗེ༴ བྲན་དང་༴ གདུག་ཅིང་༴ རྡུངས་ཤིག༴ བཅས་ཀྱི་སྔགས་རྣམས་དོར་ནས་སྦྲེལ་ཏེ་བསྐུལ་མཐར་ཆ་གསུམ་བཅས་གྲོལ། ༼ དགོང་ཚོགས་ལ་༽ ལྷག་མ། བསྟན་སྐྱོང་། བྲོ་བརྡུང་མཇུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དྷརྨ་དྷཱ་ཏུས་བསྟོད། ཧོ་དཔལ་ཆེན་པོ༴ ཡིག་བརྒྱ༴ ཕྱོགས་བཅུ་ན། བསྡུ་ལྡང་། ཧོ་དགོངས་སུ་གསོལ་སོགས་སྨོན་ལམ། དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ། སོགས་ནས་བཀྲ་ཤིས་སོགས་ཀྱི་བར་རོ། །དེ་ནས་བྲུབ་ཁུང་སློབ་དཔོན་མདུན་དུ་བཀོད་དེ། ཨེ་ཡཾ་སོགས་ནས་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་དམ་སྲི་ཉུ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དེ་རིང་སོགས་དམིགས་བྱ་བསྐྱེད། དགུག་གཞུག་ནས། ཆོས་ཀྱི་དབྱིངས་སོགས་བཀའ་བརྒྱད་ལྟར། ང་ནི་རྡོ་རྗེ་གཞོན་ནུ་སོགས་མཐར་སྤུ་གྲི་ཕུར་བསྐོར། ཕུར་གདབ། ཐུན་བྲབ། དེ་ནས་དྲག་བརྡུང་གིས་བབ་བརྒྱད་བསྐུལ་ལ་རྡོ་རྗེ་གསང་བའི་ཞེས་རྐང་པ་བཞི་བཏགས་པའི་མཇུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན་པུ་ན་རཀྴ་རྦུད་ལིང་ཏྲིའུ་ཏྲིའུ་ [8b] མཱ་ར་ཡ་ན་མ་ཤོ་ཛ་མཱ་ར་ཡ་རྦད་རྦད། ཅེས་དང་། ཧཱུཾ་བཞི་པའི་སྔགས་ཀྱིས་བགེགས་བསྐྲད། ཚིལ་ཆེན་དང་གུ་གུལ་བསྲེག་པ་སོགས་བྱས་རྗེས་སྲིད་པའི་ཕུར་བུ་སོགས་བྱིན་འབེབས་བཟླས་པ་བཅས་སོ། །བསྙེན་སྒྲུབ་ལས་གསུམ་ལ་སྔགས་རྒྱུན་ཚུལ་མཐུན་འགྲུབ་ན་དགོས་གལ་ཆེ་བས་འདི་ཡན་ཀཱི་ལི་བཅུ་བཞི་པ་ཁོ་ན་བཟླའོ། །སྲོད་ཐུན་ལ། རྡོ་རྗེ་སློབ་དཔོན། རྟོག་བྲལ་ཡེ་ཤེས་ནས་ཐུན་གོང་བཞིན་མཐར། ཧཱུཾ་ཧཱུཾ་ཧཱུཾ། སྣང་སྲིད་འོད་དུ་ཞུ་བ་སོགས་བསྡུ་ལྡང་སྨོན་ལམ་བཅས། ཐོར་ཐུན་ལ་ཡང་དེ་བཞིན་ནོ། །དེ་ལྟ་བུའི་བསྙེན་པ་ཉིན་ལྔ་མཛད་ནས། གཉིས་པ་སྒྲུབ་པ་ནི། ཉིན་ལྔ་པའི་ཆ་གསུམ་མཇུག་ལྷག་མ་ནས་བཀྲ་ཤིས་བར་སོར་བཞག་སྦྲེལ་ནས་གྲོལ། དེའི་བར་དཀྱིལ་འཁོར་གྱི་དབུས་གྲུ་ཆད་ནང་མ་ལ་རེག་ནས་ཟླུམ་པོར་བསྐོར་བའི་མེ་རི་ཆ་ཕྲན་གཅིག །དེའི་ནང་ཨེ་ཁྲམ་ཉེར་གཅིག་གི་དཀྱིལ་འཁོར་གྲུ་ཆད་དམར་སྨུག །ཁྲམ་རྣམས་སྔོན་པོ། གྲུ་གསུམ་ཐམས་ཅད་དམར་པོར་བྱས་པས་ལྟེ་བ་བསྒྱུར། དཀྱིལ་འཁོར་ཕྱོགས་མཚམས་རྣམས་སུ་ཁྲོ་བཅུའི་མདོག་དང་མཐུན་པའི་མདའ་དར་བཅུ་བཙུགས་པའི་ལྟོང་ནས་ཚོན་སྐུད་སྣ་ལྔས་སྦྲེལ། རྟེན་རྫས་གཞན་རྣམས་ལ་བསྒུལ་བསྐྱོད་མི་མཛད། དཀྱིལ་འཁོར་གྱི་ཤར་ [9a] ལྷོར་དངོས་གྲུབ་རྫས་རིན་ཆེན་ཟུར་བརྒྱད་སེར་པོ་དང་། ལས་བཞིའི་འབྲང་རྒྱས། བམ་ཆས་ཞུགས་བཅས། ལྷོ་ནུབ་ཏུ་སྨད་ལས་ཡོ་བྱས་ཐོ་ཧོམ། རལ་གྲི། ལྕགས་ཞགས། ལྕགས་སྒྲོག ཐང་ཕྲོམ་གང་བུ། ཞིང་རྒྱུས། ཡུངས་དཀར། ཁྲག་ཐུན་སྣོད། ལྷ་དབྱེའི་རྫས། གདབ་ཕུར་གཉིས་བཅས་དང་བྲུབ་ཁུང་ནང་དུར་ཁྲོད་འཇག་སྐྱར་འཇིམ་སྦྱར་གྱི་ལིངྒ་སྤུ་གྲིའི་འཁོར་ལིང་ཅན། མནན་པའི་ལིང་ག་བཅས་ཀྱི་ཐུན་ཐག་སུམ་རྒྱལ་ཕུར་པར་གཏོད། ནུབ་བྱང་དུ་ཕུར་སྲུང་གཏོར་མ་སྔོན་ཡོད་དང་། བྱང་ཤར་དུ་གྲ་མའི་ཧོམ་ཆག་གང་པ། ཤིང་དེ་དང་སྐྱེར་པའི་བུད་ཤིང་། སྐྱེར་རྩང་སུམ་ཅུ། མར་ནག་ཚིལ་ཞུན་སྦྱར་བ། གཏོར་ཟོར་འཁོར་བཅུ་པ་རྒྱན་དང་གདུགས་སོགས་ལྡན་པའི་འོག་མནན་ཐོད་ཁྱི་མགོ །སྐྱེར་པའི་ཕུར་ཆུང་། སྭཙྪ་ནག་པོ། རོ་གཡམ་ལ་རྡོ་གླིང་ཅན། ཕུང་རེ་བཅས་ཁེབས་ལྡན་བཀོད་ནས། ཆོ་ག་དངོས་ལ། ༼དགོང་ཆར་དགོང་ཐུན་དང་༽ ཡེ་ཤེས་ཀྱི་འཁོར་ལོ། ཨོཾ་བཛྲ་ས་མ་ཡ་ཧོཿ སོགས། ཐིང་ནས། རིག་འཛིན་བསྐུལ་གདངས་བཅས་མཇུག་རོལ་སུམ་བརྡུང་ནས། དབུས་ཀྱིཕོ་བྲང་སྲིད་ཕུར་ཆུང་བའི་གདངས། རྒྱུད་གསུམ་རོལ་མོ་ནམ་མཁའ་ [9b] གང་བའི་སོགས་བསྡུས་ཏེ་ཀཱི་ལིའི་སྔགས་འགའ་ཤས་བཅས་ཀྱིས་གྲོལ། འདི་ནུབ་ཐོར་ཐུན་མི་དགོས། སང་ཞོག་རྡོར་སེམས་བསྒོམ་བཟླས་ནས་བསྟོད་པའི་བར་རོལ་ཆེན་གྱིས་སྔར་ལྟར་མཛད། ༼ཚ་གུང་ལ་༽ ཛཔྲ་བསྐུལ་སྔོན་འགྲོས་ཛཔྲ་དགོངས་གསུམ་གྱིས་གཙོ་བོ་ནས་སྒོ་སྲུང་བར་སོ་སོའི་སྟོང་ཚིག་བཅས་སྔར་ལྟར་ལས་སྔགས་ཐམས་ཅད་ལ་ཛཿཧཱུཾ་ཨཱཿསྦྲེལ། སྟོང་ཚིག་ཐམས་ཅད་ལ་ཐུགས་རྗེས་བརྩེར་དགོངས་སྦྲེལ། སྔགས་རྒྱུན་ཡང་འབྲུ་བཅུ་བདུན་པ་ཁོ་ན་བཟླ། ཕཊ་ཛཿ སོགས་ཡོན་ཏན་གྱི་ཛཔྲ་དགོངས་དོ་ལིའི་དམིགས་པ་ཅན་མང་ཙམ་དང་། བདག་རྫས་ལ་འཕྲོ་འདུ་ཅན་ཅུང་ཟད་བཟླས་རྗེས་སྤུ་གྲི་བཟླས་པས་ཐུན་དང་གདབ་ཕུར་སོགས་ལ་བསྔགས་ནས་སྟོང་ཚིག་མཆོད་པ། ཡེ་ཤེས་སྐུ་མཆོག །ཧོཿ བསྐལ་པ་དཔག་ཏུ་མེད་པ་སོགས་ཡེ་སྤྱིས་བཤགས། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་། གགུང་ཐུན་བཅས་ཀྱིས་གྲོལ། ༼བར་ཆར་༽ ཏིང་འཛིན་གསུམ་ནས་ཛཔྲ་དགོངས་གསུམ་དང་། ཕཊཿ ཛ་སོགས་ཡོན་ཏན་ཛཔྲ་དགོངས་ནས་བརྗོད་མེད་བཤགས་པ་དོར་བའི་བསྐལ་པ་སོགས་ཀྱིས་བཤགས་པ་ནས་རྟེན་སྙིང་བར་གོང་བཞིན། དེ་ནས་གཏོར་བསྔོ། ཕུར་སྲུང་། གཏེར་གཞི་ [10a] བཅས་སྔར་བཞིན་ཚོགས་བྱིན་རླབས་ནས་བར་པའི་མཇུག །ས་མ་ཡ་ཧོཿ ས་མ་ཡ་ཏིཥྛ་སྟྭཾ་ཞེས་ལན་གཅིག་གི་སུམ་བརྡུང་གིས་བསྐང་བཟློག་ལྷ་བཞི་ནས་འདུར་གདངས་ཀྱིས་གཏོང་སྐབས་ལས་རྡོར་རོགས་བཅས་ཞྭ་གྱོན་ནས་བམ་དང་། ཚོགས་བཟའ་བཏུང་ཐོགས། གཡས་གཡོན་ལན་གསུམ་བསྐོར་ནས་ཤར་ལྷོ་དང་། བྱང་ཤར་ནས་ཕྱིར་ཕྱོགས་ཏེ་སློབ་དཔོན་དང་ལྷན་ཅིག་ཐལ་རྡེབ་བྱ། དེ་ནས་བདག་གིས་མ་ཉེས་མཇུག་ཟིལ་བཞག ཨོཾ་བཛྲ་ཀཱི་ལི་སོགས་དང་། དགུག་གཞུག་ནས་བཅོལ་བསྐུལ་མཇུག་བར་སྔར་ལྟར། ཆ་གསུམ་བཅས་གྲོལ། ༼དགོང་ཚོགས་ལ༽ ལྷག་མ་ནས་བཀྲ་ཤིས་བར་དགོང་ཐུན་སོགས་ཀྱིས་གྲོལ་ནས། ཨེ་ཡྃ་ནས་བྱིན་འབེབས་ཛཔྲ་ཀྱི་བར་སྔར་ལྟར། སྲོད་ཐུན་ལ། རྡོ་རྗེ་སློབ་དཔོན། རྟོག་བྲལ་ཡེ་ཤེས། ཏིང་འཛིན་གསུམ་ནས་བར་ཆ་བཞིན་ལས། རྟེན་སྙིང་མཇུག་བསྡུ་ལྡང་སྨོན་ལམ་བཅས་ཀྱིས་གྲོལ། ཐོར་ཐུན་ལ་ཡང་དེ་བཞིན་བྱས་པ་ཉིན་གྲངས་གང་འགྲུབ་བཅས་ཀྱིས་སྒྲུབ་པ་གྲུབ་བོ། ། ༈ གསུམ་པ་ལས་སྦྱོར་ནི། རྡོར་སེམས་སྒོམ་བཟླས་དོར་བའི་བརྒྱུད་འདེབསནས་བསྟོད་པའི་བར་སོར་བཞག །སྐུ་གསུང་ཐུགས་ཛཔྲ། ཡོན་ཏན་ [10b] ཛཔྲ་དགོངས་བཅས་ཀྱི་མཐར་སྟོང་ཚིག །བདུད་འཇོམས་རྣམ་རོལ་ནས། རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བས་སོགས་ཕྲིན་ལས་དྲག་པོའི་དམིགས་པ་དང་། གཙོ་འཁོར་སྔགས་ལ་མཱ་ར་ཡའི་ཤམ་ཅན་དཀྱུས་བཞིན་མཐར། ཀཱི་ལི་བཅུ་བདུན་པར་དྲག་སྔགས་འདུས་པའི་ཤམ་ཅན་བཅུ་ཙམ་བཟླ་སྐབས་ལས་རྡོར་གྱིས་ཐུན་དང་གདབ་ཕུར་ལ་སྔགས་བསྐོར། སྔགས་རྒྱུན་ཡང་བཅུ་བདུན་སྤུ་གྲིའི་ཤམ་ཅན་བཟླ། གཏོར་བསྔོ། གཏེར་གཞི་ཡན་དྲིལ་ཆོག །ཕུར་སྲུང་རྐང་གླིང་གིས་དྲངས་པའི་རྔ་རོལ་གྱིས་མཛད་པའི་བསྟོད་མཇུག་སུམ་བརྡུང་གིས། སྔོན་ཚེ་སྒྲུབ་པའི་སོགས་སྔགས་བཞག་ནས་རྫོགས་མཚམས། འགྲུབ་ན་གཞུང་པོད་ནང་གི་གིང་བཞིའི་བསྟོད་བསྐུལ་སྦྱར་ནས་ཟིལ་བཞག །མེ་ཆར་ནས། བདག་དཔལ་ཆེན་སོགས་སྔགས་བཅུ་བདུན་པ་བདུན་ཙམ། གཙོ་བོའི་འཁོར་ལོ་སོ་གས་སྲོག་ཐོབ་པར་གྱུར་བར། སྔགས་བདུན། འཁོར་ལོ་དེ་སོགས། ལས་བྱེད་པར་བསམ་བར་སྔགས་བདུན་ཙམ་དང་། ཕུར་སྲུང་སྔགས་ཚན་གསུམ་ཚར་ཉེར་གཅིག་རེ་ཙམ་བཟླས་མཐར། དཀོན་མཆོག་གསུམ་དངོས་སོགས་ཀྱིས་གྲོལ། ༼ཚ་རྟིང་ལ་༽ཚོགས་བྱིན་རླབས་ནས་བསྐང་བཟློག་ [11a] བར་སྔ་ཉིན་ལྟར། བླ་མ་རིག་འཛིན་སོགས་རྐང་གླིང་གིས་དྲངས་པའི་རིག་འཛིན་བསྐུལ་ལྷུ་གཉིས་ནས་དྲག་བརྡུང་གིས་བཏང་མཇུག་རོལ། གྲུ་གསུམ་མཐིང་ནག་སོགས་རྩ་ལྷ་མཇུག་རོལ། སྔོན་ཚེ་སྒྲུབ་པའི་སོགས་དམ་ཅན་བསྐུལ་བདུད་འཇོམས་རྣམ་རོལ་ལྟར་སྔགས་ཡོད་ལྷུ་མཚམས་དང་མཇུལ་རོལ་ནས། རིག་འཛིན་རྩ་བརྒྱུད་སོགས་གསེར་སྐྱེམས་ལྷུ་གསུམ་རྗེས་ཟིལ་ནས་བདུན་བརྡུང་གིས། བདག་གིས་མ་ཉེས་ལྷུ་གཉིས་ནས་བཟློག་རོལ་འདུར་གདངས་མཇུག་ཟིལ་བཞག །སྭ་བྷཱ༴ བྲུབ་ཁུང་བསྐྱེད་ཆོག །དགུག་གཞུག་ཉེར་གཅིག་མཇུག་བཟློག་རོལ་གྱིས། དཔལ་ཆེན་བཀའ་སྡོད་ལྷུ་བཞི་པོར་ཚིག་བསྟུན་སློབ་དཔོན་ནས་རྒྱ་མཛད་ཅིང་། ལས་རྡོར་གྱིས་བྲུབ་ཁུང་ཁར་ལྕགས་ཞགས་ལྕགས་དྲིལ་རྣམས་ཀྱིས་འགུགས་ཚུལ་སོགས་བྱ། མཇུག་བཟློག་རོལ་ཟིལ་བཟློག་རོལ་ནས། བབ་བརྒྱད་འཕྱོངས། གཏོགས་ཤིག་གྲོགས་དང་སོགས་ཟིལ་བཞག །སྔགས་བརྒྱ་ཙམ་བཟླ་སྐབས་སློབ་དཔོན་གྱིས་དབྱེ་རྒྱ་དང་། ལས་རྡོར་གྱིས་གུ་གུལ་དང་བཅས་སྒྲོ་གཉིས་ཀྱིས་ཕྱེ་མཇུག །སྤུ་གྲི་དགྲ་བགེགས་གནོད་བྱེད་སོགས་ཀྱི་ཤམ་ཅན་ལན་གསུམ་ལ་དཔོན་སློབ་ཀྱི་བསྙེན་ཕུར་ [11b] འདྲིལ་ཞིང་ལས་རྡོར་གྱིས་ཐུན་བརྡེག་དམོད་མོ། ཨོཾ་བཛྲ་ཀཱི་ལི་སོགས་ནས་དགུག་གཞུག །བབ་བརྒྱད་སོགས། བཅོལ་བསྐུལ་བཅས་སྔ་ཉིན་ལྟར་ཚོགས་བསྒྲལ་མཇུག་གྲོལ། ༼གུང་ཆར་༽ ཏིང་འཛིན་གསུམ་ནས་དྲིལ་ཆོག་གིས་ཛཔྲ་དགོངས་གསུམ་མཐར་སྟོང་ཚིག །ཕྲིན་ལས་མངོན་སྤྱོད་བཟླས་པ་གཙོ་རྐྱང་དང་སྤུ་གྲི་ཤམ་ཅན། མེ་ཆར་བཟླས་པ་བཅས། ཕུར་སྲུང་སྤྱན་འདྲེན་སོགས་སྔར་ལྟར་ལས་བསྟོད་མཇུག་ཟིལ་དྲག་བརྡུང་གིས་མེ་ཆར་ནས་རིག་འཛིན་བསྐུལ་རོལ་ནས། བབ་བརྒྱད། བྱང་ཆུབ༴ དངོས་གྲུབ༴ བྲན་དང་༴ རྡོ་རྗེ༴ ཀླད་པ་ཚལ་པ་ཞེས་པའི་བར་ཟིལ་བཟློག་རོལ་གྱིས། བདག་གིས་མ་ཉེས་སོགས་ཟིལ་བཞག །དགུག་གཞུག་ཚར་དགུ །ཕོ་འགྱེད་སོགས་སྔར་ལྟར་ལས་བཟློག་རོལ་གྱིས་བཞག་ནས། དབྱེ་སྔས་ལན་གཅིག །དམོད་མོ་བཅས་དང་། ཡང་བབ་བརྒྱད། ཕོབ་ཅིག་སོགས་ཟིལ་བཞག་ནས། འབེབས་སྔགས་བརྒྱ་ཙམ་སྐབས་སློབ་དཔོན་ནས་འབེབས་རྒྱ་དང་། ལས་རྡོར་གྱིས་ཡུངས་དཀར་ནག་བརྡེག །དམོད་མོ། སྤུ་གྲིའི་ཐུན་བརྡེག་བཅས་གྲོལ། ༼བར་ཆར་༽ དགུང་ཆ་ཇི་བཞིན་ལས་བཟློག་རོལ་ཟིལ་བཞག་ནས། དབྱེ་འབེབས་ [12a] སྔགས་ལན་རེ། དམོད་མོ། བབ་བརྒྱད། ཟུངས་ཤིག་སོགས་ཟིལ་བཞག །འཆིང་སྔགས་བརྒྱ་ཙམ་སྐབས་འཆིང་རྒྱ་དང་། ལས་རྡོར་གྱིས་ཞིང་རྒྱུས་ཀྱིས་འཆིང་། དམོད་མོ། སྤུ་གྲིའི་ཐུན་རྡེག་བཅས་གྲོལ། དགོང་ཆར་ཡང་དེ་བཞིན་ལས་བབ་བརྒྱད། རིངས་པར་ཁུག་སོགས་ཟིལ་བཞག །སྔགས་བརྒྱ་ཙམ་སྐབས་སློབ་དཔོན་གྱིས་རྒྱ་དང་། ལས་རྡོར་གྱིས་སྨྱོ་དུག་ཁྲག་སྦྱར་ལིངྒའི་ཁར་བླུག །དམོད་མོ། སྤུ་གྲིའི་ཐུན་རྡེག །དེ་ནས་ཆ་གསུམ། ཚོགས་འབུལ་ལེན། ལྷག་མ་ནས་བཀྲ་ཤིས་བར་སོར་བཞག་གིས་གྲོལ་བ་བཅས་ཉིན་གཅིག་མཛད། ཕྱིར་ཉིན་བརྒྱུད་འདེབས་ནས་སྔ་ཉིན་སོར་བཞག་གིས་ཕུར་སྲུང་བསྐུལ་མཇུག་གྲོལ། སྔགས་རྒྱུན་སྤུ་གྲི་ཁོ་ན་བཟླ། ༼ཚ་གུང་ལ་༽ ཚོགས་བྱིན་རླབས་ནས་བར་པའི་མཇུག་བསྐང་བཟློག །སློབ་དཔོན་ཆས་ཞུགས་ཀྱིས་སྒྲུབ་དཀྱིལ་ལྷོ་ནུབ་ཏུ་བཞུགས། བླ་མ་རིག་འཛིན་སོགས་རྐང་གླིང་གིས་དྲངས་ཏེ་རང་གདངས། དྲག་བརྡུང་གིས་གཏོར་བཟློག་རིག་འཛིན་བསྐུལ། གྲུ་གསུམ་མཐིང་ནག །དམ་ཅན་བསྐུལ་སྔགས་རོལ་འོག །གསེར་སྐྱེམས་ལྷུ་གསུམ་ཟིལ་བཟློག་རོལ་གྱིས། བདག་གིས་མ་ཉེས་ [12b] མཐར་ཟིལ་དགུ་བརྡུང་གིས། དཀྱིལ་འཁོར་ཀུན་བདག་ལྷུ་གཉིས་ཚིག་བསྒྱུར་མེ་ཆར་བཞིན་ཟིལ་བཞག །བྲུབ་ཁུང་བསྐྱེད། འགུགས་པ་ལན་གསུམ་དྲག་བརྡུང་གིས་ཕོ་འགྱེད། བཟློག་རོལ་ནས་ལྷ་དབྱེ། གཟུགས་དབབ། བྱད་གཞུག །སྨྱོར་གཞུག་བཅས་གཏོར་བཟློག་བཞིན་སྔགས་ལན་རེ་དམོད་མོ་བཅས། དེ་ནས་མེ་ཆར་གྱི་བདག་དཔལ་ཆེན་པོ་སོགས་ཕུར་པ་བྱིན་རླབས། ཀཱི་ལི་ཉེར་གཅིག །བབ་བརྒྱད་བསྐུལ་རོལ་ནས། བྱང་ཆུབ་སོགས་བཟློག་རོལ་གྱིས་བཞག་ནས། ཨོཾ་ལཾ་སོགས་དང་། བཛྲ་ཀཱི་ལི་སོགས་འབྲུ་དགུ་ཐིང་གསུམ་ཟིལ་བཅས་བཞག་པར་སློབ་དཔོན་ཚེ་ཁྲུས་ཀྱི་དགོངས་པ་དང་བསྟུན་ཕུར་བསྐོར་གྱིས་སྲས་མཆོག་ཕུར་བུ་གདབ། དེ་ནས། ཧོཿ ཆོས་ཉིད་ཀྱི་སོགས། གསོ་བ་གསུམ་མཇུག་ཐིང་གཅིག་ཟིལ་ནས་བཟློག་རིལ་གྱིས། རྡུངས་ཤིག༴ བཀའ་ལས༴ རྡོ་རྗེ༴ ལུས་ངག༴ ཅེས་རོལ། ཁ་ཏཾ་སོགས་སྐབས་ཕུར་ཁུང་དུ་ཕུར་བུ་ཐོ་བ་བསྣུན། རྡོ་རྗེ་གསང་བར་གྲིས་བསྒྲལ། གྲི་ཤུལ་དུ་མ་རཀྨོས་སྐམ་རློན་ཐུན་བྲབ། ཐིང་གཅིག་ཟིལ་ནས། དངོས་གྲུབ་བར་ཆད༴ བཟློག་རོལ་གྱིས་བཞག །པ་ར་བཱིདྱ་སོགས་ཡུམ་ཕུར་ [13a] གནས་བརྒྱད་པོར་གདབ། ཡང་གོང་བཞིན་རྡུངས་ཤིག་རྡོ་རྗེ་ནས་ཐུན་བྲབ་བར། བྲན་དང་བཀའ་ཉན། ཧ་ན་ཧ་ན་སོགས་ཁྲི་བཅུའི་ཕུར་པ་གནས་སོ་སོར་གདབ། ཁོང་ཁྲའི་ལས་གསུམ་ཐུན་བྲབ་བར། གདུག་ཅིང་སྡང་སེམས༴ སརྦ་ཨ་ན་ཡ་སོགས་ཡུམ་ཕུར་གདབ། རྡུངས་ཤིག་སོགས་ལས་གསུམ་ཐུན་བྲབ་མཇུག །སླར་ཡང་། རྡོ་རྗེ་གསང་བ་རྐང་པ་དྲུག་མཇུག་ཟིལ་རྐང་བཅས་རལ་གྲིས་ཡན་ལག་རྣམས་གཏུབ། ཁྲོ་མོ་འབར་བའི་ཞེས་རྐང་པ་བཞིར་བཟློག་རོལ་སྐབས་ཐོ་བས་བརྡུང་། བབ་བརྒྱད། འཕྱོང་། ལུས་ངག་སོགས་བཟློག་རོལ་གྱིས་བཞག །སྔགས་བརྒྱ་ཐམ་པ། རྫས་ཐོ་གཏུན། དམོད་མོ་བཅས། བབ་བརྒྱད་ལ་འཕྱོང་། བཛྲ་ཡཀྴ་སོགས། སྔགས་བརྒྱ་ཙམ། འདི་སྐབས་ལིང་རོ་ནས་གཏོར་ཟོར་དུ་ཕུལ། མནན་ལིང་ལྟེབས་ལ་བྱད་ཐག་གིས་བཅིངས་ནས་ཁྱི་ཐོད་དུ་གཞུག །ཐུན་བྲབ། སླར་ཡང་ཧོམ་གཟར་ཁྲག་གིས་བཤལ་བའི་ཆུ་དང་ལིང་རོ་ལྷན་ཅིག །ཞལ་སྟོབས་རོལ་ནས་དུག་གསུམ་དགྲ་བགེགས་སོགས་གདངས་བཅས། སློབ་དཔོན་བཞེངས་ནས་གཏོར་ཟོར་ལ་ཕུལ་མཇུག་ཟིལ་ནས་བཞག །སློབ་དཔོན་ཤར་ལྟོར་ [13b] བཞུགས་ནས་དྲག་པོའི་ཧོམ་སྲེགས་ལྷན་ཐབས་བཞིན་མཛད་པ་ལ། བཛྲ་ཛྭ་ལ་ཞེས་རྔམས་རོལ་མེ་སྦར། མེ་ཉིད་སོགས་རྔམས་རོལ་ནས། བབ་བརྒྱད་འཕྱོང་བཅས་བཟློག་རོལ་གྱིས་བཞག །བཛྲ་ཀཱི་ལི་སོགས། མར་ནག། ཡམ་ཤིང་། ལིང་རོ་བྱིངས་དང་འཁོར་ལོ་སྒྲུབ་གཏོར་གྱི་ཆ་ཤས་བསྲེས་པ་བཅས་རྫས་ཁག་གསུམ་བཅུ་ཚན་གསུམ་སོ་སོར་རྔམས་རོལ། བཛྲ་མུཿཞེས་ཐིང་གཅིག་ཟིལ་ནས་བཞག་མཇུག་བསམ་ལྷུན་གྱིས་གྲོལ། ལིངྒའི་མགོ་དང་ཐལ་བ་མནན་ཆས་མཉམ་དུ་བཞག །༼བར་ཆར་༽ རྒྱས་པའི་སྦྱིན་སྲེག་བཀའ་བརྒྱད་ལ་ཞལ་བསྒྱུར་བས་མཛད་རྗེས། གསེར་རམ་སེར་པོའི་སོགས་ལྷན་ཐབས་ནས་རྒྱས་པའི་བྲོ་བརྡུང་མཛད་རྗེས། ཆ་གསུམ། ལྷག་མ་སོགས་བཀྲ་ཤིས་མཐུན་གྱུར་བར་གྱིས་གྲོལ་བས་ལས་སྦྱོར་གྲུབ་བོ། །བཞི་པ་དངོས་གྲུབ་བླང་བ་ནི། འདིའི་བར་མཆོད་གཏོར་རྙིང་པ་ཆད་ཐོ་དང་བཅས་པ་ཞལ་གསོ། ཕུར་པའི་འབུལ་གཏོར་འཁོར་བཅུ་པ་ཡང་བཤམས། སང་ཉིན་དངོས་གྲུབ་ལ་གཙོ་ཕུར་སོགས་ཀྱང་ལེན་བདེ་བར་བྱས་ནས། རང་གི་སེམས་ཉིད་སོགས་བགེགས་བསྐྲད། སྲུང་འཁོར། བྱིན་འབེབས། རྟོག་བྲལ་ཡེ་ཤེས། ཏིང་འཛིན་གསུམ་ནས་བསྟོད་པའི་བར་ནར་འདེད། [14a] དེ་ནས་ཛཔྲ་དགོངས་གཞན་མེད་ཀྱི་ཡོན་ཏན་དངོས་གྲུབ་བླང་བའི་ཛཔྲ་དམིགས་དང་། བཟླས་པ། ཚེ་བུམ་བསྐྱེད་བཟླས། སློབ་དཔོན་ནས་མདའ་དར་གཡབ་ཅིང་ཚེ་འགུགས་ཡོ་སྤྱི་བཅས་ཀྱིས་གྲོལ། འདི་ནས་སྔགས་རྒྱུན་པ་ཡང་དངོས་གྲུབ་བསྡུ་བའི་བཟླས་པ་བྱ། ཕྱིར་ཉིན་ཞོག་ཚོགས་ལ། སློབ་དཔོན་མདུན་དུང་ཆོས་ཁྲག་ཆང་ཅན་ཐོད་པ་བཅས་བཤམ། སིལ་སྙན་གྱིས། བརྒྱུད་འདེབས་ནས་བསྟོད་པའི་བར་སྔར་བཞིན་ལ་སྐུ་གསུང་ཐུགས་ཛཔྲ་ཀཱི་ལི་བཅུ་བདུན་མཐར་སྟོང་ཚིག །སྔགས་རྒྱུན་གྲོལ། ༼ཚ་རྟིང་ལ་༽ དྲིལ་ཆོག་གིས་བཅོམ་ལྡན་བདེ་གཤེགས་ཡོ་ག །ཡེ་ཤེས་སྐུ་མཆོག་མཇུག་སྒྲུབ་ཁོག་གི། བདག་དཔལ་ཆེན་པོ་སོགས་ནས། ཡེ་ཤེས་འབར་བར་གྱུར། ཀཱི་ལི་བཅུ་བཞིའི་མཐར། ཨོཾ་ཨཱཿཧཱུཾ་སརྦ་སིདྡྷི་ཛ་ཧཱུཾ་ཨཱཿཞེས་བཏགས་པ་མཐར་སྟོང་ཚིག དེ་བཞིན་ཁྲོ་བཅུ་མཐར་སྟོང་ཚིག །སྲས་མཆོག་སྟོང་ཚིག སྒོ་སྲུང་སྟོང་ཚིག་བཅས་པར་གཙོ་འཁོར་འགྲོས་སྦྱར་ནས་བཟླ། ཧཱུཾ། སྲིད་པའི་ཕུར་བུ་སོགས་ཡོ་སྤྱི་རོལ། དུང་ཞལ་ནས་རཀྟ་བླུགས། རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་ཞེས་པ་ནས། རང་བཞིན་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ་སརྦ་སོགས་ལན་ [14b] གསུམ། འདི་སྐབས་སློབ་དཔོན་ནས་སྒྲོན་ཐུར་གྱིས་དཀྲུག་ཅིང་འཕྱར་ཙམ། དེ་ནས་དཀྱིལ་འཁོར་སྨན་ཐོད་དང་ནང་མཆོད་ལ་བླུག་སྟེ། ཧཱུཾ། འཆི་མེད་བདུད་རྩི་སོགས་ཡོ་སྤྱི་དྲིལ། རྒྱལ་བ་དགོངས་བརྒྱུད་རང་གདངས་ཀྱིས་སྨན་རཀ་གཉིས་ཀའི་སྔགས་སྦྱར་བ། རིགས་དྲུག་གི་སེམས་ཅན་མཚནདོན་སྦྱར། ཀཱི་ལིའི་ཛཔྲ་དབྱངས་ལན་གསུམ་དང་བསྟུན། གཙོ་ཕུར། བུམ་པ། ཐོད་སྐུ། གཏོར་མ། བམ། ཐོད་ཆང་། དངོས་གྲུབ་རྫས་བཅས་ཐོགས་ལ། ཧཱུཾ། དཔལ་ཆེན་ཕུར་བུའི་སོགས་ཁྲུས་གདངས་མཐར་རོལ། སློབ་དཔོན་གྱིས་དངོས་གྲུབ་བཞེས་ཤིང་བཀྱེ། ལྷ་དང་དངོས་གྲུབ་སོགས་ཀྱིས་ཚོགས་གྲོལ་ལོ། ། ༈ གསུམ་པ་རྗེས་བསྡུ་བ་ནི། ༼གུང་ཆར་༽ ཞི་བའི་སྦྱིན་སྲེག་ཁ་བསྒྱུར་ཅན་མཛད་མཐར་ཞི་བའི་བྲོ་བརྡུང་བཅས་གྲོལ། ༼བར་ཆར་༽ རོལ་ཆེན་གྱིས། གཏོར་བསྔོ། ཕུར་སྲུང་། གཏེར་གཞིའི་མཇུག ཚོགས་བྱིན་རླབས་ནས་དགུག་གཞུག་མཇུག་དྲག་བརྡུང་གིས་བབ་བརྒྱད། བྱང་ཆུབ་སོགས་ཚོགས་ཐ་མ་དང་། ཉུ་ལེའི་ལིངྒ་བསྒྲལ། དྲག་བརྡུང་གིས་ཞལ་སྟོབ་མཇུག་ཉུལ་ལེའི་ལིང་ག་བསྲེག སྦིར་སྦྲམ་བཞག་རོལ་ནས། ཧ་ཧ་ཧ་སོགས། སླར་ཡང་བཅོལ་བསྐུལ་སྔར་བཞིན་ [15a] མཇུག་དྲག་བརྡུང་གིས་བདུད་འཇོམས་རྣམ་རོལ་ནས་བསྐལ་པ་མེ་ལྟར་སོགས་སྐབས་ལས་རྡོར་གྱིས་ཁྲག་མཆོད་འབུལ། མཇུག་བཟློག་རོལ་གྱིས། ཆོས་དབྱིངས་ངང་ལས་སོགས་བཟློག་པ་རྒྱས་བསྡུས་སྐབས་ཚོགས་འབུལ་ལེན་མཇུག་བཞག་རོལ་ནས། ལྷག་གཏོར་མཇུག་གྲོལ། ༼དགོང་ཚོགས་ལ་༽ གཏོར་མ་འཕང་བར། སོ་སོའི་བསྙེན་ཕུར་དང་། ལས་རྡོར་གྱིས་ལས་བཞིའི་ཕུར་པ་ཡང་ཐོགས། དགུག་གཞུག རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་སོགས། ཨོཾ་ཨཱཿཧཱུཾ། ལན་གཅིག་ནས་ཆད་ཐོ་རང་ནུབ་ཟོར་གྱི་ལས་མཛོད་ཅིག །ཅེས་འཇགས་རོལ་བཟློག་རོལ་གྱིས་བབས་བརྒྱད་འཕྱོང་བཅས་དྲག་བརྡུང་གིས་ལས་བྱང་ཟོར་བསྐུལ་ལ་སྤུ་གྲིར་ཧཱུཾ་པ་ར་བི་ཏན་ཚིནྡྷ་སོགས་བཏགས་པས་འཕང་མཇུག་སྦིར་སྦྲམ། སླར་ཡང་དྲག་བརྡུང་གིས། སྟེང་ཡང་ཕུར་བུ་སོགས་ནས་བཞག་རོལ། མནན་ཁུང་ཁར་ཕེབས་ནས། དགུག་གཞུག །ཨོཾ་བཛྲ་ཀཱི་ལི་དགྲ་བགེགས་ཏི་རི་སོགས་ [15b] བཟླ་སྐབས་ལས་རྡོར་གྱིས་མནན་རྫས་ཐོགས་ལ། སློབ་དཔོན་གྱིས་སྐྱེར་པའི་ཕུར་ཆུང་གཟིར། ཟློག་རོལ་གྱིས། བདག་གིས་མ་ཉེས་སོགས་རོལ་ནས་ཁྱི་ཐོད་དང་། ལིང་མགོ་སློབ་དཔོན་ཕྱག་ཏུ་བཞེས་ཏེ། བབ་བརྒྱད་འཕྱོང་བཅས། མནན་ནོན་ཅིག་ཅེས་པའི་སྐབས་དོང་དུ་བསྐྱུར་རོལ་རིང་། རོ་གཡམ། མཁའ་རླུང་མེ་ཆུ་སཙྪ་ནག་པོ་བཅས་ཀྱིས་མནན། ཁ་བཅད་ལ་ཚགས་དམར་པར་བྱས་ནས། གཡོན་བསྐོར་གྱིས་ཕྱོགས་སྤོ། ལས་བཞིའི་བྲོ་བརྡུང་། །ཞི་མཛད་སོགས་ཀྱི་སྐབས་ཐམས་ཅད་ཀྱིས་ཕུར་བུ་འདྲིལ། ནང་དུ་ཕེབས་ནས། ཚེ་བུམ་ལྷར་བསྐྱེད། ཚེ་འགུགས་ཡོ་དྲིལ་མཇུག་རོལ་རིང་བར། ཚེ་འབྲང་། ཐབས་ཤིག་རྫས། ཚེ་མདའ་བཅས་ཀྱིས་དབང་ལ་རོལ། བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་མཇུག་བརྟན་མ། བྲོ་བརྡུང་ནས་གཞན་འདྲ་བ་ལས། རྡུལ་ཚོན་ཡིན་ན། ཁྱེད་ཀྱིས་སེམས་ཅན༴ གང་ལྟར་ཡིག་བརྒྱ་ལན་གསུམ། ལྷར་ལྡངས་ནས་ཀཱི་ལིའི་སྔགས་བསྐུལ་ཏེ་རྒྱལ་ཐོ་གྲོལ་བར་ཕེབས། བསང་སྦྱང་། ཐམས་ཅད༴ གཏོར་གཞོང་༴ ཨོ་ཨཱཿཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་ [16a] དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རྒྱ་བཞི། བཛྲ་པུཥྤེ་པྲ་ཏཱིཙྩ་སོགས་རོལ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ། དམ་རྫས་གཏོར་མཆོད་རྒྱ་ཆེན་པོ། །སྔར་མཛད་ལེགས་པའི་གཏང་རག་དང་། །ཕྱིན་ཆད་གཉེར་དུ་བཅོལ་ཕྱིར་འབུལ། །ཕྲིན་ལས་མ་ལུས་གྲུབ་པར་མཛོད། །རོལ། བཛྲ་མུཿ དེ་བཞིན་འགྲེ། སྒོ་བྱང་ལ། སྔར་བཞིན་ལས། བཛྲ་ས་མཱ་ཛཿ ཛ་ཧཱུཾ་སོགས། བཛྲ་པུཥྤེ༴ གཤིན་རྗེ༴ འཁྱིལ་སྔགས་གཉིས་སོ་སོར་གཏོར་སྔགས་བཏགས་པ་གསུམ། དམ་རྫས་སོགས་སྔར་བཞིན་ནོ། །མཆེད་རྣམས་གྲལ་དུ་འཁོད། ཧཱུཾ་བཞིར་སློབ་དཔོན་ཧཱུཾ་མཛད་ཀྱི་རྒྱ་དང་བཅས་པས་ཕུར་བུ་རྣམས་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས། སྤྱན་སྔགས་དང་འོ་མས་ཕུར་རྩེ་བཀྲུ། རྡུལ་ཚོན་ཡིན་ན་ཨ་ཀ་རོའི་སྔགས་ཀྱིས་ཤར་གྱི་ཚངས་ཐིག་ནས་དབྱེ། སློབ་དཔོན་གྲལ་མཇུག་ནས་བཞེངས་ཏེ་གཏོང་ཐུན་སྔོན་འགྲོས་མར་མེ་སྨོན་ལམ་གནང་། ཧོ། དགོངས་སུ་གསོལ་སོགས་ནས། བཀྲ་ཤིས་བར། དེ་ནས་ཆོས་སྤྱོད་བཀྲ་ཤིས་རྒྱས་པར་མཛད་དེ་དགོང་ཐུན་སོགས་ཀྱིས་གྲོལ་བ་ལགས་སོ། །ཁྱབ་བདག་རྡོ་རྗེ་དབང་བི་མུཀྟིའི། །བཀའ་ [16b] གསང་སྤྱི་བོར་མཆོད་སླད་འདོན་བསྐུལ་བས། །ཟིན་ཐོར་བཀོད་དགེས་སྲིད་པའི་སྣང་ཞེན་ཀུན། །རྡོ་རྗེ་གཞོན་ནུར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་རབ་ཚེས་མེ་སྟག་ལོར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་༧སྐྱབས་རྗེ་རྡོར་འཛིན་ལྷན་རྒྱས་པའི་ཞལ་སྔ་ནས་འདི་བཞིན་སྒྲུབ་ཆེན་མཛད་སྐབས་མཐོང་བརྒྱུད་ཀྱི་ཕྱག་ལེན་གཙང་དག་མཛད་པ་རྣམས་ཟིན་ཐོར་བཀོད་དེ། སླར་རབ་རྒྱལ་འབྲུ་མང་ལོར་གུས་ཆུང་རྩེ་སློབ་དགེ་ཟུར་བདེ་ཆེན་ཆོས་འཛིན་གྱིས་དགེ་བའི་བཤེས་གཉེན་པྲ་ཛྙཱ་ཤ་ས་དེ་ཉིད་ཀྱི་དྲུང་དུ་དོགས་གཅོད་ཡང་དག་པར་ཞུས་པའི་སྒོ་ནས་གཏན་ལ་ཕབ་པ་དགེ་ལེགས་འཕེལ། སླར་ཡང་རྡོར་འཛིན་བདེ་ཆེན་ཆོས་འཛིན་གྱི་ཞལ་སྔ་ནས་བསླབ་ཁྲིད་ཞིབ་ཏུ་ནོས་པའི་སྐབས་ཤིན་ཏུ་གསལ་བདེར་སྤེལ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།