རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དམར་ཆེན་གཏོར་ཟློག་གི་ལག་ལེན་ལས་ཐོ་གནད་ཀྱི་གསལ་སྒྲོན།

From Dudjom Wiki
DJYD-KABUM-22-ZA-011
Wylie title rdo rje phur pa yang gsang spu gri'i dmar chen gtor zlog gi lag len las tho gnad kyi gsal sgron DJYD-KABUM-22-ZA-011.pdf
Location bdud 'joms rin po che bka' 'bum
Volume 22, Text 11, Pages 241-263 (Folios 1a1 to 12a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa yang gsang spu gri'i dmar chen gtor zlog gi lag len las tho gnad kyi gsal sgron. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 241-263. Kalimpong: Dupjung Lama, 1979-1985.
Side notes Recto: lag len   Verso: chos dbang phur pa
More details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (gu ru chos kyi dbang phyug)
Genre Practical Instructions - lag len - len thabs
Cycle ཕུར་པ་ཡང་གསང་སྤུ་གྲི་ (phur pa yang gsang spu gri)
Colophon

།ཅེས་རྡོ་རྗེ་ཕུར་པ་ཤོག་དྲིལ་མགུལ་ཁུག་མའི་དམར་ཆེན་གཏོར་བཟློག་གི་ལས་ཐོ་འདི་ནི། ༧སྐྱབས་རྗེ་བཀའ་དྲིན་ཟླ་མེད་བདུད་འཇོམས་མཆོག་སྦྲུལ་རིན་པོ་ཆེས་འདི་ལྟར་གྱིས་ཤིག་པའི་བཀའི་གནང་བ་ནོད་པ་ལ་བརྟེན། བཀའི་སློབ་འབངས་བན་ཆུང་བདེ་ཆེན་ཆོས་འཛིན་ཞེས་བྱ་བས་འདྲེན་མཆོག་རྡོར་འཛིན་རྣམ་གཉིས་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཀྱི་ལག་ཁྲིད་ཇི་ལྟར་ནོས་པ་བཞིན་ཟིན་ཐོར་བཀོད་པ་དགེ་ལེགས་འཕེལ། །སླར་ཡང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་པར་བགྱིས་པའོ།།

/ces rdo rje phur pa shog dril mgul khug ma'i dmar chen gtor bzlog gi las tho 'di ni/___7skyabs rje bka' drin zla med bdud 'joms mchog sbrul rin po ches 'di ltar gyis shig pa'i bka'i gnang ba nod pa la brten/___bka'i slob 'bangs ban chung bde chen chos 'dzin zhes bya bas 'dren mchog rdor 'dzin rnam gnyis kyi zhal snga nas phyag bzhes kyi lag khrid ji ltar nos pa bzhin zin thor bkod pa dge legs 'phel/___/slar yang 'jigs bral ye shes rdo rjes zhus dag par bgyis pa'o//

[edit]
༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དམར་ཆེན་གཏོར་ཟློག་གི་ལག་ལེན་ལས་ཐོ་གནད་ཀྱི་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཕྱི་ནང་གསང་བའི་ལོག་པར་འདྲེན་པའི་བདུད། །འཇོམས་བྱེད་རྒྱལ་ཀུན་ཕྲིན་ལས་ཕྱག་རྒྱའི་གར། རྣམ་རོལ་རྡོ་རྗེ་གཞོན་ནུར་ཡོངས་བཏུད་ནས། །ལས་སྒྲུབ་ཆོ་གའི་ལག་ཁྲིགས་འདིར་གསལ་བྱ། །དེ་ཡང་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་གཏེར་ཁ་འོག་མའི་ཕུར་པ་ཡང་གསང་སྤུ་གྲིའི་དམར་ཆེན་གཏོར་བཟློག་གི་ལས་རིམ་ཇི་ལྟར་སྒྲུབ་པའི་ཚུལ་ཕྱག་ལེན་ཞལ་རྒྱུན་ལ་ལྟོས་དགོས་པ་རྣམས་རྩ་བའི་ས་བཅད་དང་ལྟོ་སྦྱར་ཏེ་བཤད་པ་ལ། སྔོན་འགྲོ་ཡོ་བྱད་བཅའ་ཚུལ་དང་། ཆོ་གའི་རིམ་པ་དངོས། རྗེས་ཀྱི་བྱ་བ་དང་གསུམ་དུ་བསྡུས་ཏེ་བསྟན་པ་ལས། དང་པོ་ལ། [2a] ལས་དཀྱིལ་གྱི་གཞི་དེར་མཆོད་གཏོར་གསེར་སྐྱེམས་བཤམ། རྒྱུན་ཁྱེར་ལྟར་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་སྔོན་འགྲོས། ས་ཆོག་ས་བསླང་བ་སྤྱི་འགྲེ་དང་། ཀཱི་ལི་བརྒྱ་རྩས་བཟུང་། དུག་ཁྲག་གིས་ཆག་ཆག་གདབ་པ་སྤྱི་ལྟར་དང་། ལས་དཀྱིལ་འབྲི་བ་གཞུང་བཞིན་མཛད། སྟེགས་བུ་རིམ་པ་གཉིས་ཀྱི་མཐོ་བར་བདག་བསྐྱེད་དཔལ་གཏོར་འཁོར་བཅུ་པ་མཐེབ་རིལ་ཅན། གཡས་གཡོན་དུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱི་དང་། ཕུར་སྲུང་གཏོར་མ་བཅས་གཏོར་གདུགས་སོགས་ཀྱིས་མཛེས་པར་བརྒྱན་པ་དང་སྨན་རཀ །འོག་མར་བསྐང་གཏོར་ལྔ་བདུན་སོགས་གང་འོས། [2b] དེའི་མདུན་དུ་ཉིན་རེ་བཞིན་འབུལ་རྒྱུའི་གཏོར་སྤུངས། བརྟན་མ། གཡས་གཡོན་ནས་འགོ་བརྩམས་པའི་ཞི་དྲག་གི་མཆོད་པ་བཅས་བཤམ། ལས་དཀྱིལ་གྱི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་ཟློག་གཏོར་གཟུགས་འཁོར་བཅུ་མཐེབ་ཀྱུ་བརྒྱ་ཕྱག་གིས་བསྐོར་བ་རྒྱན་སྤྲོས་ཀྱིས་བརྒྱན་པའི་རྩེར་གཏོར་གདུགས་རྩེ་གསུམ། སྐུ་རྟེན། མེ་ལོང་། ཟློག་འཁར་བཅས་བཙུག །ཁྲམ་བྱང་། མཚེ་ཡུངས། རྩང་ཕུར། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་ཅན་གྱི་སྨད་ཆར་སྤུ་གྲིའི་ལིང་ག་བཙུག་པ་བཅས་འགོད། རྒྱས་པར་གཏོར་ཟོར་བཅུ་ལ་རྒྱན་ཆས་གཙོ་བོ་ལྟར་སོ་སོའི་མདོག་མཐུན་གྱི་མདའ་དར་བཅས་རྩིབས་ཀྱི་ཕྱོགས་སོ་སོར་འགོད། གང་ལྟར་ཆོས་འབྱུང་ཕྱི་མའི་ཟུར་གསུམ་ལ་ཤྭ་ན་མ་བཞི་སོགས་ཀྱི་གཏོར་མ་ཡང་གོང་མཚུངས་ལ་འཁོར་བཞི་རེས་བསྐོར་བ་ཆས་ཁྲོ་བཅུ་བཞིན་བྱས་པ་བཅས་ཀྱིས་ཀུན་ནས་ཟུར་གསུམ་དུ་བྱས་པའི་མཐར་ཁྲག་གི་ཨརྒྷཾ་སོགས་དྲག་མཆོད་ཀྱི་བསྐོར། དེའི་དབང་ལྡན་ཕྱོགས་སུ་བྲུབ་ཁུང་མཐའ་མ་རྩང་གིས་བསྐོར་བའི་ནང་དུ་ལིངྒ་བཅས་ཏེ་མགོ་སློབ་དཔོན་ལ་ཕྱོགས་པས་ཁེབས་ཀྱིས་གཡོགས་པ་སོགས་གཞུང་ལྟར་མཛད་པའི་ཐུན་ཐག་སློབ་དཔོན་མདུན་སེང་ལྡེང་ཐུན་ཕུར་སོར་བཞི་པར་བཏགས་ཏེ་ [3a] བཞག །སྨྱོ་རྫས་རཀྟ་དུག་སྣ་དང་རྡ་རྡུ་རའི་ཁུ་བ་སྦྱར་བ། གཙོ་ཕུར། ཁྲོ་བཅུ་ཡབ་ཡུམ་གྱི་ཕུར་བུ་རེ་རེ་སྟེ་གསུམ། ཐོད་ངན་དུ་ཡུངས་དཀར་ནག ཏིལ། ཚེ་གསུམ། ཕྱེ་གསུམ། བཙན་དུག །ར་དུག །སྤྱང་དུག །མི་རྟ་སྨྱོན་པ་སོགས་ཀྱི་ཁྲག་དང་སྦྱར་བའི་ཐུན་བཅས་བཤམ། སྒྲུབ་དཀྱིལ་གྱི་ཤར་ལྷོར་ཟོར་གདན་ཁར་སྲས་མཆོག་གཏོར་མ་འཁོར་ཉེར་གཅིག་གིས་བསྐོར་བར། གཏོར་གདུགས། ཁྲམ་བྱང་། མཚེ་ཡུངས། རྩང་། རྒྱུ་རློན་གྱིས་བརྒྱན་པ་བཙུགས། དེའི་མདུན་དུ་མཉྫིའི་ཁར་ཐོད་པ་མཚན་ལྡན་ནང་བམ་རོ་ཙོག་པུར་འདུག་པ། རྐང་ལག་གཉིས་བསྣོལ་བའི་ལག་གཉིས་ལ་སྨན་རཀ་གི་སྣོད་ཆུང་ངུ་། སྤྱི་བོར་གཏོར་མ་ཟུར་གསུམ་ཆས་ལྡན་མདུན་ཏིང་ལོ་བཅས་བཞག །དུག་ཤིང་སྐྱེར་མདའ་གྲི་ལྕགས་ཀྱི་མདེའུ་ཕུར་གཟུགས་ཅན་བཞི། རྩིབས་བརྒྱད་ཀྱི་ཕྱོགས་བཞིའི་ལྷོ་ལ། རྦད་ཐུཾ་རི་ལི་ལི། ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། སྤུ་གྲིའི་སྔགས་ཟློག་ཤམ་མཐར། རིལ་ཤག་སྲོག་ཁྱེར་བྷྱོཿ ཏྲི་མྱག་ཀ་པ་ཡེ། ཞེས་བྲིས་ཏེ་དུག་གིས་བྱུག །འུག་སྒྲོས་བརྒྱན་གཤིན་རྗེར་བསྐྱེད། ནུབ་ཏུ། ཤམ་སྡེབས་སོགས་གོང་བཞིན་ལས། ཨོཾ་བཛྲ་ཀྲོ་ [3b] དྷ་ཧྱ་གྲཱི་ཝ་ཧཱུཾ་ཞེས་བྲིས། ཁྲག་གིས་བྱུག །ཁྲ་སྒྲོས་བརྒྱན། རྟ་མགྲིན་དུ་བསྐྱེད། བྱང་དུ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ། གུ་གུལ་བྱུག །སྲིན་བྱའི་སྒྲོས་བརྒྱན། འཁྱིལ་པར་བསྐྱེད། ཤར་དུ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཚིལ་ཆེན་བྱུག །བྱ་རོག་སྒྲོས་བརྒྱན། རྣམ་རྒྱལ་དུ་བསྐྱེད་པ་དེ་རྣམས་འཇིམ་ལྕོག་ལ་བཙུག་སྟེ་བཀོད། ཤར་ལྷོར་ཁྲག་ཟོར། ལྷོ་ནུབ་ཏུ་རྡོ་ཟོར་བཞི། ནུབ་བྱང་དུ་ཡུངས་ཟོར་བཞི། བྱང་ཤར་དུ་ཀོང་བུའི་རྫས་རྣམས་སྦྱར་བའི་གཏོར་མ་ནག་པོ་ཅན་གྱི་དུག་ཟོར་བཞི། ཟུར་བཞིར་རུ་དར་བཞིར་གཏོར་མ་བཞི་བླུག །རྫས་གཞན་མེད་ཀྱང་མཚེ་ཡུངས་རྩང་བཅས་བཀོད་པ་དེ་རྣམས་ལ་སྒབ་དཀྲིས་བྱ། གང་བདེར་ཐོད་པའི་ནང་ཁྲག་མཆོད་དང་རྐང་གཟར་བཅས་བཤམ། སློབ་དཔོན་མདུན་གཡབ་རྡོར་སོགས་དང་། དཀྱིལ་འཁོར་མདུན་ཚོགས་དང་། གསེར་སྐྱེམས། བྲུབ་ཁུང་ནང་ཟན་ལིང་། བགེགས་གཏོར་དམར་པོ་སོགས་ཉེར་མཁོའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱ། དགྲ་སོགས་སྤུ་གྲིའ་བྲི་ཐབས་སོགས་ནི་ཡི་གེ་ཟུར་དུ་བཀོད་པ་ལས་ཤེས་པར་བྱའོ། །གཉིས་པ་ཆོ་ག་དངོས་ཀྱི་རིམ་པ་ནི། ༼ཐོག་མར་ཞོག་ཚོགས་ལ་༽ ཚིག་ [4a] བདུན་གསོལ་འདེབས་སོགས་དང་། བརྒྱུད་འདེབས་མཇུག་བརྒྱ་བརྡུང་ངམ་། མིན་ན་ཐིང་གསུམ་ཟིལ་འབེབས་རྐང་བཅས་ཀྱིས་བཞག །བདག་དང་འགྲོ་བ་སོགས་ནས། སེམས་བསྐྱེད་དོ་བར་ཆོས་སྤྱོད་བཞིན། རྡོ་རྗེ་སློབ་དཔོན་བཀའ་བརྒྱད་ལྟར། སེམས་ཅན་བདེ་དང་། ས་གཏོར་གྲལ་གཤམ་བཤམས་པར་ཆབ་བྲན། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས་འབྲུ་གསུམ་རང་རྒྱ། བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿར་རྡོ་དྲིལ་བཅས་བསྡུ་རྒྱ། སྠཱ་ན་སོགས་རང་རྒྱ། གང་དག་འདིར་གནས་སོགས་ཡོ་ག །བདག་ཞུ༴ དྲིལ་གསིལ། བྷཱུ་མི་པ་ཏ་ས་པཱ་རི་ཝ་ར་གཙྪར་སེ་གོལ་མཆོད་རོལ། རོལ་བང་གིས། རང་གི་སེམས་ཉིད་སོགས་ནས། ཐིང་གསུམ་ཟིལ་འབེབས་སུམ་རྡུང་འཇོག་མེད་ནས། ཧཱུཾ། ཉོན་ཅིག་བགེགས་དང་སོགས་རང་གདངས་ཆེ་ཆུང་། བརྒྱ་རུ་ཁོས་ནས་སུམ་རྡུང་འཇོག་མེད་ཀྱིས། སྟེང་ཡང་ཕུར་བུའི་སོགས་བཀའ་བརྒྱད་མཚམས་གཅོད་གདངས། མ་འདའ་ཞིག་སུམ་བརྡུང་ཟིལ་འབེབས་འོག་སྔགས་བཅས་བཞག་རོལ། བླ་མ་རིག་འཛིན་སོགས་བསྡུ་རྒྱ། ཧཱུཾ། [4b] བཅོམ་ལྡན་བདེ་གཤེགས་སོགས་བཀའ་བརྒྱད་བླ་མ་རིག་འཛིན་རྟ། གང་ལྟར་འགོ་རོལ་མེད། ཚངས་པར་གསོལ། ཅེས་རྔ་ཚག་གིས་བཞག །ཐལ་སྦྱར་བཅས། ཡེ་ཤེས་སྐུ་མཆོག་སོགས། རོལ་བླངས་རྔ་ཆིངས་ཀྱིས། ཧཱུཾ། བདེ་གཤེགས་རྒྱལ་བའི་སོགས་སྒོ་དབྱེ་གདངས་དྲག་དམར་བཞུགས་གསོལ། ཕྱག །དམ་བཅའ། བོ་དྷི་ཙིཏྟ་ས་མ་ཡ་སྟྭྃ་ཞེས་སུམ་བརྡུང་གཡབ་དར། སྲིད་པའི་ཕུར་བུ་སོགས་བྱིན་འབེབས་བཀའ་བརྒྱད་ལྟར་མཇུག་རྒྱུད་གསུམ་རོལ་མོ་ཌཱ་རྐང་བཅས་ཀྱིས་བཞག །རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་སོགས། སྨན་སྔགས་བདུན། རང་གི་སོགས་རཀྟ་དང་གཏོར་མ་གཉིས་ཀྱི་བྱིན་རླབས་སྔགས་གསུམ་རེ་བཅས། རྟོག་བྲལ་ཡེ་ཤེས་སོགས་ལྷུག་འདོན། འབྲུ་གསུམ། མཆོད་རོལ་ཌཱ། འདིར་ཉིན་དང་པོར་བསྙེན་ཕུར་བྱིན་རླབས་ནི། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། རཀྟས་བྱུགས་པ་སྟེ་སོ་སོའི་སྔགས་དང་བཅས་རིམ་བཞིན་མཐར། ཨ་མྲྀ་ཏ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་སོགས། ཀཱི་ལ་ཡ་བདུན་བཟླས་པའི་བར། དེ་ནས། ཆོས་ཐམས་ཅད་སོགས་ལྷུག་འདོན། བསྐུལ་མཚམས་ཀྱིས། [5a] དེ་ལྟར་མ་རྟོགས་སོགས། ཡང་བསྐུལ་མཚམས་ཀྱིས། སྟོང་པ་ཉིད་དང་སོགས། རྡོ་རྗེ་ཁྲོས་པས་སོགས་རྩ་གདངས་སམ་བསྐུལ་མཚམས་ཀྱིས་ལྷུག་འདོན། བསྐུལ་མཚམས་ཀྱིས་དྭངས་མའི་སྲོག༴ ཡང་བསྐུལ་མཚམས་ཀྱིས། སླར་ཡང་རྒྱུའི་ཧཱུཾ་ལས་སོགས། བསྐུལ་མཚམས་ཀྱིས་ལྷུག་འདོན། ཧཱུཾ། རབ་འཇིགས་དུར་ཁྲོད་སོགས་བཀའ་བརྒྱད་ཏིང་འཛིན་གསུམ་རྟ། བཛྲ་ཏཱ་ཏཾ་སོགས་དང་། རྡོ་རྗེ་བྲག་ཆེན་གོང་བཞིན། བསྐུལ་མཚམས་ཀྱིས་ནམ་མཁའི་ཧཱུཾ་དེ་སོགས། བསྐྱེད་སྔགས་ནས། གདངས་ཀྱི་ཚེ་ཐིང་གསུམ་ཟིལ་ལེན་གཉིས་ནས་ལྔ་བརྡུང་ཐིང་གང་མ། དྲུག་ལ་ཆུང་བརྡེག་ནས། ཨེ་ལས་ནམ་མཁའི་རྟ་མཇུག་སུམ་བརྡུང་ནས་ལྷུག །གདངས་མི་བཏང་ན་ཐིང་གསུམ་ཟིལ་སུམ་བརྡུང་གིས། བཅོམ་ལྡན་དཔལ་ཆེན་སོགས་ནས། བསྲུང་བར་གྱུར་ཅེས་རྔ་ཚག །བསྐུལ་མཚམས། ཧཱུཾ། སངས་རྒྱས་སོགས། བསྒོམ་པར་བྱ་བར་རྔ་ཆིངས། གཙོ་བོ་ཡབ་ཡུམ་སོགས་ལྷུག་འདོན་ནས། གརྫ་གརྫ་ཧཱུཾ་ཕཊ་བར། འགོ་རོལ་མེད་པས། སྟེང་ཕྱོགས་ཉི་ཟླ་སོགས་དྲག་དམར་བྱིན་འབེབས་གདངས། འཕྲུལ་གྱི་གཟུགས་རྔ་ཚག ། [5b] བསྐུལ་མཚམས་ཀྱིས། ཧཱུཾ། ཕྱོགས་བཅུ་དྲེགས་པ་སོགས། ཚོགས་བཅས་གསལ་ཅེས་རྔ་ཚག་གིས་བཞག སླར་ཡང་སོགས་ལྷུག་འདོན། རྔ་ཆིངས་ཀྱིས། ཀུན་ཀྱང་ཁྲོ་བོ་སོགས། ཀཱི་ལ་ཡ་ཞེས་རྔ་ཚག་གིས་བཞག །བསྐུལ་མཚམས་ཀྱིས། ཧཱུཾ། སྙིང་རྗེས་བསྒྲལ་བའི་སོགས་ནས། རྡོ་རྗེར་བསྒོམ་ཞེས་རྔ་ཚག་གིས་བཞག །སླར་ཡང་གཙོ་བོ་སོགས་ལྷུག་འདོན། འགོ་རོལ་མེད་པའི་རྔ་ཆིངས་ཀྱིས། ཚད་མེད་བཞི་དངོས་སོགས་རྩ་གདངས་རྐང་པ་གཉིས་ནས་སུམ་བརྡུང་། དམ་ཚིག་མ། རྔ་ཚག་གིས་བཞག །སྔགས་ལྷུག་འདོན་བཅས། རྔ་ཆིངས་ཀྱིས། དཀྱིལ་འཁོར་བར་ཁྱམས་སོགས། ཁོར་ཡུག་གང་བར་གྱུར་ཅེས་རྔ་ཚག་གིས་བཞག །རང་གི་ཐུགས་ཀའི་སོགས། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་ནས་གདངས་ཀྱི་ཚེ་ཟིལ་མཐར་ལེན་གཉིས་ནས་ཉིས་བརྡུང་ཐིང་གང་མཚམས་ཅན་འཇོག་མེད་ཀྱིས། ཧཱུཾ། རྡོ་རྗེ་གཞོན་ནུའི་སོགས་རྩ་གདངས་རྐང་པ་གཉིས་ནས་ལྷུག །ས་མཱ་ཛཿཞེས་སུམ་བརྡུང་གིས། སྲིད་པའི་ཕུར་བུ་སོགས་སྔོན་བསྐལ་མའི་གདངས། འདི་ལ་དགོངས། ཞེས་སུམ་བརྡུང་ཟིལ་འབེབས་འོག་སྔགས་བཅས་མཐར་བཞག་རོལ་ནས། ཡེ་ཤེས་ [6a] ཀྱི་འཁོར་ལོ་སོགས་ནས། རྔ་ཆིངས་ཀྱིས། ཧཱུཾ། སྲིད་གསུམ་གདུག་པ་སོགས་འདི་གསུམ་ལ་བར་གདངས། བདག་སྩོལ། །ཅེས་རྔ་ཚག་གིས་བཞག །རང་རྒྱ་གནས་གསུམ། ཨོཾ་ཨཱཿཧཱུཾ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་སོགས། ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་སོགས་ནས། དབུ་བརྒྱན་པར་གྱུར་བར། རྔ་ཆིངས་ཀྱིས། ཧཱུཾ། སངས་རྒྱས་ཀུན་གྱི་སོགས་ནས། ས་མ་ཡ་ཏིཥྛ་སྟྭྃ་རྔ་ཚག་གིས་བཞག །ལྷུག་འདོན་གྱིས་རང་བཞིན་ཡེ་ཤེས་ཀྱི་སོགས་ཀྱིས་གྲོལ། འགོ་རོལ་མེད་པའི་རྔ་ཆིངས་སམ། དྲག་མཆོད་རྟས། རང་བྱུང་གདོད་ནས་སོགས་ལྷུ་བཞི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྒྱལ་བ་དགོངས་བརྒྱུད་སོགས་བཀའ་བརྒྱད་སྨན་མཆོད་རྟ། མ་ལྟར་བྱམས་ཤིང་ནས་ལྷུག །རྔ་ཆིངས་ཀྱིས། ཨོཾ་ཨཱཿཧཱུཾ་ཁྲོ་བོ་ཆེན་པོ་སོགས་ནས། ཙིཏྟ་སིདྡྷིར་སུམ་བརྡུང་གིས། དམ་རྫས་རྨད་བྱུང་སོགས་གདངས་བཏང་ཚེ་བར་གདངས། ཉོན་མོངས་རྩ་བར་བར་གདངས། གཏི་མུག་ཤ་ཆེན་བར་གདངས་དང་བཀའ་བརྒྱད་སྒྲོན་མཆོད་གང་རུང་། ཧཱུཾ། ཁྲོ་མོ་སོགས་བར་གདངས། ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏཾ་སོགས་ཟིལ་འོག །སུམ་བརྡུང་གིས། ཧཱུཾ། [6b] དུས་གསུམ་རྒྱལ་བ་སོགས་བཀའ་བརྒྱད་བཞིན། ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་སུམ་བརྡུང་ཟིལ་བཞག་རོལ། ཨོཾ་བཛྲ་སོགས་ཀྱིས་བསྟོད་ནས། སྐུ་ཛཔྲ་ཀཱི་ལི་བཅུ་བདུན། ༡༠༠ བདག་རྩ་བའི་སོགས་གསུང་ཛནྲ་ཀཱི་ལི་༥༠༠ བསྐུལ་མཚམས་ཀྱིས་ཐུགས་ཛཔྲ་ཀཱི་ལི་ ༡༠༠ སྲུང་དམིགས་ཆེ་ཆར་ནས། བདག་དཔལ་ཆེན་པོ་སོགས་ནས། སྲོག་ཐོབ་པར་གྱུར་བར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ་མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་སྭཱ་ཧཱ། ༣༠ ཞས་བཟླ། བཟློག་དམིགས་ཕྲིན་ལས་དྲག་པོའི་བཟླས་པ་སྟེ། རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་སོགས་ནས། ཕྱེ་མར་བརླག་པར་གྱུར་བར། གཙོ་བོ་ ༣༠ ། ཁྲོ་བཅུ་༢༡རེ། སྲས་མཆོག་༢༡། སྲུང་མ ༢༡། སྤུ་གྲི་ཤམ་ཅན་ལས་རྡོར་གྱིས་ཐུན་ལ་སྔགས་བསྐོར་མ་ཟིན་བར། ཡེ་ཤེས་ལྷ་ཚོགས་སོགས་ཀྱི་སྟོང་ཚིག་རོལ་ཌཱ་བཅས་ཀྱིས་ཞོག་ཚོགས་གྲོལ་ལོ། །༼ ཚ་གུང་སྦྲེལ་མར་༽ བསྐང་གསོ་རྒྱས་བསྡུས་སྐབས་བསྟུན། ཁྱད་པར་ཕུར་སྲུང་ལ་ཉིན་བསྟར་གདངས་གནང་སྲོལ་ཡོད། ཕྲིན་བཅོལ་མཇུག་ཚོགས་གྲོལ། ༼བར་ཆ་ལ་༽ གསོལ་གདབ་སྔོན་འགྲོས། ཨོཾ་སརྦ་དྱ་བྱཾ༴ རཾ་ཡཾ་ཁཾ། ཐིང་གསུམ་ཟིལ་ [7a] སུམ་བརྡུང་གིས། རྡོ་རྗེ་ལྟ་བུའི་སོགས་ལ་ལས་རྡོར་གྱིས་མེ་རླུང་ཆུ་གསུམ་ཚིག་བསྟུན་བྲན། བཀྲུ་བར་བྱའོ་ཞེས་རྔ་ཚག་གིས་བཞག །ཧཱུཾ་མཱུཾ་ཨོཾ་ལཾ་སོགས་ལྷུག །ཐིང་གཅིག་སུམ་བརྡུང་གིས། ཧཱུཾ། སྲིད་པའི་ཕུར་བུ་སོགས་སྔོན་བསྐལ་གདངས་མཐར་འཇག་རོལ་ཟིལ་བཞག ཐལ་སྦྱར་གྱིས། ཨོཾ་འབྱུང་བ་ཆེན་པོ་སོགས་འཁྱོགས་འབེབས་སྔགས་ལ་རང་རྒྱ། གཟུགས་སྒྲ་ལ་རོལ་ཌཱ་དུང་། དྲི་སོགས་ཀྱི་མཇུག་མཐིང་ཅིག་སུམ་བརྡུང་ནས། བླ་མེད་མཆོག་སོགས་བཀའ་བརྒྱད་ལྟར། རྣམས་ལ་འབུལ་ཞེས་སུམ་བརྡུང་ནས་སྔགས་བཅས། བདུན་བརྡུང་གིས། ཧཱུཾ། དམ་ཚིག་ཆེན་པོའི་སོགས་གཤིན་རྗེའི་ཚོགས་མཆོད་གདངས། ཚོགས་ཕུད་མཆོད་པ་བཞེས་སུ་གསོལ། །ཞེས་སུམ་བརྡུང་ནས་གདངས་ཀྱི་ཚེ་བདུན་བརྡུང་འཕྲོས་ནས། ཡེ་ཤེས་ལྷ་སོགས། ཚོགས་ཀྱིས་མཆོད་དོ་ཚངས་དབང་དངོས་གྲུབ་སྩོལ། །ཞེས་རྔ་ཚག་གིས་བཞག །ས་མ་ཡ་ཧོ། ས་མ་ཡ་ཏིཥྛ་སྟྭཾ། ཐིང་གཅིག་སུམ་བརྡུང་སྔགས་སྲུང་བསྐང་དབྱངས་ཀྱིས། སྣང་སྲིད་ཕུར་བུས་སོགས་ལྷུ་བཞི་ནས་བཟློག་རོལ་གྱིས་འདུར་གདངས། འདི་སྐབས་བམ་གྱི་ཏིང་ལོ་དང་། ཚིལ་ཞུན་མར་ནག་སྦར། སློབ་དཔོན་མདུན་དུ་བྲུབ་ཁུང་དང་གདབ་ལས་ཡོ་བྱད་འབུལ། [7b] གཡར་དམ་ཉམས་ཆག་སོར་སྩོལ་ཅིག །རོལ་ནས། ཧཱུཾ། དེ་ལྟར་བསྐང་བས་སོགས། མར་མེ་བསད་ལ་སློབ་དཔོན་ནས་ཐལ་རྡེབ་མཛད། བགེགས་ལ་བྷྱོ་ལ་རྡུལ་དུ་རློག །ཅེས་རོལ་ཟིལ་བཞག །བླ་མ་རིག་འཛིན་སོགས་ལྷུག །རྐང་གླིང་གིས་དྲངས་པའི་ཐིང་གསུམ་ཟིལ་འབེབས་བདུན་བརྡུང་གིས། ཧཱུཾ། བྱང་ཆུབ་མཆོག་ཏུ་སོགས་དྲག་ཆད་གདངས་ཀྱིས་ལྷུ་གསུམ་སོང་རྗེས་དྲག་བརྡུང་གིས། བལ་པོ་ཤཱི་ལ་ནས་འདུར། བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ་ཅེས་རོལ། ཧཱུཾ། གྲུ་གསུམ་འབར་བའི་སོགས་ནས། དམ་ཚིག་ཚུལ་བཞིན་སྒྲུབ་པར་མཛོད། ཅེས་རོལ། ཧཱུཾ། སྔོན་ཚེ་སྒྲུབ་པའི་སོགས་ནས། འདིར་བྱོན་བཅོལ་བའི༴ དམ་རྫས༴ སྲིད་པའི༴ སྔོན་གྱི༴ བཅོལ་བའི༴ རོལ་འོག་མ་ཐ་མ་ཐ་སོགས། ཧཱུཾ་བྷྱོཿ བྱིང་བྱེད་སོགས་མཚམས་སོ་སོར་རོལ་འོག་སྔགས་བཅས་ཀྱི་མཐར་ཟིལ་འབེབས་ཀྱིས་གསེར་སྐྱེམས་ལྷུ་གསུམ་གདངས་རོལ་གཤིན་རྗེ་ལྟར་མཛད་མཐར། གོང་གི་ཟིལ་ནས་ལེན་བདུན་བརྡུང་གིས། བདག་གིས་མ་ཉེས་སོགས་དྲག་ཆད་གདངས་རྐང་པ་དྲུག་ནས་བཟློག་རོལ་འདུར་འདོན། འདི་སྐབས་ཚིག་བསྟུན་ཕུད་ཕོར་འཛིན་བཞིན་ཞལ་གསོ་དྲིལ་གསིལ། མཐར་ཟིལ་ནས་གདངས་རོལ་ [8a] གཤིན་རྗེ་ལྟར་གྱིས། དཀྱིལ་འཁོར་ཀུན་བདག་སོགས་མཇུག་འཇགས་རོལ་གྱིས་བཞག །བྲུབ་ཁུང་ཁ་དབྱེ། ཨོཾ་སྭ་བྷཱ་ཝ༴ སྟོང་པའི༴ ངོ་བོར་གྱུར། གཤིན་རྗེ་ལྟར་འགུགས་པ་གསུམ་ནས་རང་གདངས་སམ་བཟློག་རོལ་གྱིས། ཛཿ དཔལ་ཆེན་བཀའ་སྡོད་སོགས་ཕོ་ཉ་འགྱེད་པ་མཚམས་སོ་སོར་ཚིག་བསྟུན་རྒྱ་བཅས་ཀྱི་མཐར་ཟིལ་འབེབས་བཟློག་རོལ་ནས། ཧཱུཾ་ཛཿ དམ་ཚིག་ཆེན་པོ་སོགས། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས་ཞེས་བཟློག་རོལ་གྱིས་བཞག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ར་ཡ་སོགས་ལ། དབྱེ་རྫས་བདུག །སྒྲོ་གཉིས་ཀྱིས་དབྱེ། དཀྱིལ་འཁོར་གྱི་སོགས་ལ་ལག་གཉིས་དབྱེ་རྒྱ་ཁྲོ་རོལ་བཞིན། དགྲ་དང་སྐྱོབས་སོགས་བརྗོད་པ་སྟེ་འོག་མ་རྣམས་ལའང་འགྲེ། གཟུགས་དབབ་ལ། ཕོ་ཉ། འཕྱོང་། ཕོབ་ཅིག་སོགས། སྔགས་ལ་ཡུངས་དཀར་བྲབ། ཏིང་ངེ་འཛིན་ལ་ལག་པ་ཁ་སྦུབས་པའི་འབེབས་རྒྱ་བཅས། བྱད་གཞུག་ལ། ཕོ་ཉ། ཟུངས་ཤིག་སོགས། སྔགས་ལ་ཚོན་སྐུད་དང་ཡུག་སྐྲའི་བྱད་ཐག་གིས་བཅིང་། ཏིང་འཛིན་ལ་ལག་གཉིས་འཆིང་རྒྱ་དམོད་པ་བཅས། སྨྱོར་གཞུག་ལ། ཧོ་ཉ། རིངས་པར་ [8b] ཁུག་ལ་སོགས། སྔགས་ལ་རྫས་དུག་སྣའི་ཁུ་བ་ཁར་བླུག །ཏིང་འཛིན་ལ་ལག་གཉིས་མཁྲིག་མ་སྤྲད་ནས་བསྐོར་བ་དམོད་པ་བཅས། གདབ་ལས་དངོས། བདག་དཔལ་ཆེན་པོར་གསལ་སོགས་ནས། ཚྭ་ཚྭ་འཕྲོ་བར་གྱུར། མདུན་གྱི་བསྙེན་ཕུར་བཟུང་ལ། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཞེས་ཉེར་གཅིག་མཐར། བབ་བརྒྱད་དང་། ཧཱུཾ། བྱང་ཆུབ་མཆོག་ཏུ་སོགས་ནས། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཅེས་བཟློག་རོལ་གྱིས་བཞག །ཨོཾ་ལཾ་ཧཱུཾ་ལཾ་སོགས་བརྗོད་ཅིང་ཐིང་གསུམ་ཟིལ་འབེབས་དལ་བར་ཕུར་གདབ་དང་ཕུར་བསྐོར་ཕྱག་བཞེས་བཞིན་མཛད་རྗེས་བཟློག་རོལ་གྱིས། དངོས་གྲུབ་བར་ཆད་སོགས། བསྒོ་བའི་བཀའ་ལ་ཞེས་བཟློག་རོལ་གྱིས་བཞག །ཧཱུཾ་པ་ར་བིདྱ་སོགས་ལ་ཁྲོ་མོ་བརྒྱད་ཀྱི་ཕུར་བུ་གནས་སོ་སོར་གདབ། བྲན་དང་བཀའ་ཉན་སོགས་སྔར་བཞིན་ནས། ཧ་ན་ཧ་ན་སོགས་ལ་ཁྲོ་བཅུའི་ཕུར་བུ་གདབ། མ་རཀྨོ་སོགས་ཐིང་གཅིག་ཟིལ་རིང་བར་ཐུན་རྫས་བྲབ་ནས་བཟློག་རོལ་གྱིས། གདུག་ཅིང་སྡང་སེམས་སྔར་བཞིན་ལས། སརྦ་ཨཱ་ན་ཡ་སོགས་ལ་སྟེང་འོག་གི་ཁྲོ་མོ་གཉིས་ཀྱི་ཕུར་བུ་གདབ། རྡོ་རྗེ་གསང་བའི་སོགས་མཇུག་བཟློག་ [9a] རོལ་ཟིལ་དལ་བར་རྐང་གླིང་བཅས་སྒྲིལ་གྲིས་བསྒྲལ་ནས་བཟློག་རོལ་གྱིས། ཕོ་ཉ། འཕྱོང་། ལུས་ངག་རྡུལ་ཕྲན་སོགས་སྔགས་ལ་ཐོ་བས་གཏུན་དུ་བརྡུང་། ཏིང་འཛིན་ལག་གཉིས་སོར་མོ་ནང་དུ་བསྐུམ་པའི་བརྡུང་རྒྱ་དམོད་པ་བཅས། ཞལ་སྟོབ་ལ། བབ་བརྒྱད། བཛྲ་ཡཀྴ་སོགས། སྔགས་ཚེ་ལིང་རོའི་མགོ་རྐང་གཟར་གྱིས་སྲས་མཆོག་གཏོར་མར་འབུལ། ཏིང་འཛིན་ལ་ལག་གཉིས་གྱེན་བསྟན་གྱིས་འབུལ་རྒྱ་དམོད་པ་བཅས། སླར་ཡང་ཧོམ་གཟར་གྱིས་ལིང་རོ་གཏོར་ཆེན་ལ་ཕུལ་ཏེ། དུག་གསུམ་དགྲ་བགེགས་སོགས་གདངས་དྲེགས་འཇོམས་བཞིན་ནམ་འདུར་གདངས་མཐར་ཟིལ་འབེབས་བཞག་རོལ། ཧ་ཧ་སོགས་བརྗོད་ནས་ཚོགས་ལ་རོལ། ལྷག་མ་ལ་ལིང་རོ་ནས་བསྲེ། ཡོ་སྤྱིས་ཧེ་རུ་ཀ་དཔལ་སོགས་མཐར། ཨོཾ་ཨཱཿཧཱུཾ་ཞེས་པ་ཕྲུ་བཏབ། བམ་པོ་ཕུད་སོགས་གདངས་རོལ་བཀའ་བརྒྱད་བཞིན། བྲན་དང་སོགས་ནས། བསྲུང་དུ་གསོལ། སྔགས་ལ་སྨན་རཀ་སྦྲེང་། གོང་གི་ཟིལ་འབེབས་མཐར་དྲག་བརྡུང་གིས། ཧཱུཾ། བསྐལ་པའི་མེ་ལྟར་སོགས་ལ་ཁྲག་མཆོད་འབུལ། བསྐུལ་མཇུག་ཟིལ་འབེབས་ནས་བཟློག་རོལ་ཆེ་ [9b] བས། ཧཱུཾ། ཆོས་དབྱིངས་ངང་ལས་སོགས། ཚིག་མཚམས་རྣམས་ལ་བཟློག་རོལ་ཆུང་བ་དང་། གྲངས་གསོག་ན་ཡང་མགོ་ནས་གསོག །མཇུག་བཟློག་རོལ་ཆེ་བ་སོགས་ཀྱི་གྱེར་ལུགས་དལ་བྲེལ་གཞན་ལྟར་ཤེས་ཤིང་མཐར་ཟིལ་འབེབས་ཀྱིས་བཞག །ཀཱི་ལི་དྲག་སྔགས་འདུས་པ། བཟློག་སྔགས། ཡང་བཟློག །བདེན་བརྡར་ཐལ་རྡེབ་བཅས་མཐར། ཐུན་གཏོར་ལ་རཀྟ་བྲན། དགུག་གཞུག་དང་། སྨན་སྦྲན་ཨོཾ་ཨཱཿཧཱུཾ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་ནས། ལེན་གཅིག་དྲག་བརྡུང་གིས། དགྲ་བོའི་ཡུལ་དུ་སོགས་མཇུག་ཚིག་བརྡུང་དང་དྲག་བརྡུང་གིས། དམར་ཆེན་གཏོར་ཟོར་ཕུར་བུའི་སོགས་མཐར་ཟིལ་འབེབས་ནས་དགྲ་བགེགས་དཔུང་འཇོམས་བཅས་ཀྱིས་གྲོལ། དགོང་ཚོགས་ལ། བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་རོལ་མཐར་ལེན་གཉིས་དགུ་བརྡུང་འཇོག་ཉིས་བརྩེགས་ནས། བརྟན་མ་གཏེར་བདག་སྐོང་དབྱངས། སུམ་བརྡུང་འཇོག་བཅས་ནས་བྲོ་བརྡུང་རང་གདངས། རང་གི་ལྷ་དང་ནས་ལྷུག་མཐར་ཟིལ་བཞག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཐིང་གཅིག་ཟིལ་ཌཱ། དྷརྨ་དྷཱ་རུ་མཇུག་དྲིལ་གསིལ་བསྟོད། [10a] ཐལ་སྦྱར་གྱིས། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་མཐར་ཡིག་བརྒྱ་དྲིལ་གསིལ། ཧཱུཾ་ཧཱུཾ་སོགས་བསྡུ་ལྡང་། ཐལ་སྦྱར་གྱིས། ཧོཿ དགོངས་སུ་གསོལ་སོགས། དགེ་བའི་འདི་ཡིས་སོགས་སྨོན་ལམ། སྐྱེ་མེད་ཆོས་སྐུའི་སོགས་བཀྲ་ཤིས་རང་གདངས་དང་རོལ་སྤྱི་འགྲེ། དགོང་ཐུན་སོགས་ཀྱིས་གྲོལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། ཉིན་ཐ་མར། ཆད་ཐོའི་གཏོར་མ་བསྒྲིགས། ཕྲིན་ལས་དྲག་པོའི་བཟླས་མཇུག་ཐུན་ཐག་བསྡུ། བྲུབ་ཁུང་ཚབ་ཏུ་ཉ་བོའི་འོག་ཏུ་གཏོར་ལིང་བླུག་སྟེ་འབུལ། ཞལ་སྟོབ་མཇུག་གཏོར་ལིང་དང་འཁོར་ལོ་ཧོམ་བསྲེག་སྦིར་སྦྲམ་མཛད་པ་ཁྱད་པར་རོ། །བཟློག་པའི་མཇུག་མཆོད་བསྟོད་ལ་བཟློག་དཀྱིལ་མཆོད་པ་ཞལ་གསོ། མ་རྙེད་སོགས་ཡིག་བརྒྱ་ལན་གསུམ་དྲིལ་གསིལ་བཅས། སྤྲུལ་གཞི་སོགས། ནམ་མཁར་གཤེགས། སྤྲུལ་པ་དམ་ཚིག་སོགས། འོད་དུ་ཞུ་བར་གྱུར། གཏོར་ཆེན་སོགས། སྒྲོལ་བའི་ལས་ལ་རྔམས་པར་གྱུར། གཙོ་བོ་ ༣༠ ། ཁྲོ་བཅུ་༧ ། སྲས་མཆོག་ ༧། སྲུང་མ་༧། དྲག་སྔགས་འདུས་པ་༢༡སྤེལ་ཚིག་ཅན་བཟླས་པས་ཟོར་རྫས་ལ་སྔགས་བསྐོར་རྗེས། [10b] བདེན་བརྡར་དོར་བའི་ཐལ་རྡེབ་གསུམ། ཐུན་གཏོར་ལ་དགུག་གཞུག་བྱིན་རླབས་སོགས་སྔར་ལྟར་ལས། དྲག་བརྡུང་གིས། ཧཱུཾ། རྩ་བརྒྱུད་བླ་མ་སོགས་ཀྱིས་གཏོར་ཆེན་དུ་འབུལ། དེ་ལྟར་གསོལ་བས་ཞེས་པ་ནས་བསྐྱོད་པར་གྱུར་བར་བརྗོད་ནས་གྲོལ། དེ་ནས་ཟོར་ལམ་འཐེན། སྲས་མཆོག་གཏོར་མའི་འཁོར་ནས་ཀོང་ཟེར་ལ་རེ་རེ་བླུག །དཀར་གཏོར་སྲིད་ཧོའི་ཕྱག་རྒྱ་ཅན། ཟོར་རྫས། སྲས་མཆོག །ལིངྒའི་བསྲེགས་ཐལ་དང་མགོ་བཅས་ཁེབས་ལྡན། བརྟན་མ། ཕུར་སྲུང་གཏོང་མ་གཡོན་གཡས་མདུན་གསུམ་རིམ་བཞིན་བསྒྲིག །ཁྲོ་བཅུ་ཡོད་ན་འོག་ནས་བརྩམས་ཏེ་བྱང་ཤར། ནུབ་བྱང་། ལྷོ་ནུབ། ཤར་ལྷོ། །བྱང་། ནུབ། ལྷོ། ཤར། སྟེང་གི་བར་རིམ་བཞིན་བསྒྲིག །རྐང་གླིང་གིས་དྲངས་པའི་རོལ་དབྱངས་གཤིན་རྗེ་ལྟར་བདག་གིས་མ་ཉེས་སོགས་ཚིག་དྲུག་ནས་ལྷུག་སྟེ། ཚིག་ཟུར་བསྒྱུར་བ་ལ་གསེར་སྐྱེམས་ཞལ་གསོ་བཞིན། སྣང་སྲིད་ལྷ་འདྲེས་ཟོར་ལམ་ཕྱེ་མཐར་འཇགས་རོལ་སུམ་བརྡུང་གིས། བསྐལ་པ་མེ་ལྟར་སོགས་ཀྱིས་བསྐུལ་རྗེས་གཙོ་གཏོར་སྤགས། སྨན་རཀ་སྦྲན། མཐར་ཉིས་བརྡུང་ནས་ཆད་ཐོ་བཀའ་བརྒྱད་བཞིན་མཇུག་ཟིལ་སྦིར་སྦྲམ་ [11a] གྱིས་ཐོན། འཕང་སར་སླེབས་ནས་གསེར་སྐྱེམས་ལྷུ་གསུམ་མཇུག་ཟིལ་འབེབས་སྐབས་དཀར་གཏོར་རྒྱབ་ཡིག་སྒྲོག །བཟློག་རོལ་གྱིས་སླར་ཡང་ཕུད་འཐོར་བཞིན། ཧཱུཾ་བྷྱོཿ བླ་མ་ཡི་དམ་སོགས་ི་ཡུལ་དུ་སོགས་ཀྱི་མཐར་ཟིལ་འབེབས། འཆམས་མེད་ན་བཟློག་རོལ་གྱིས། བྷྱོ། དཔལ་ཆེན་སོགས། འབེན་ལ་ཡཱ། །བར་བཟློག་རོལ་ཟིལ་རྐང་གིས་འཕང་། བཟློག་རོལ་གྱིས་གོང་བཞིན་ཟོར་རྫས་དྲུག་འཕང་རྗེས། སྤྲོ་ན་བརྒྱ་ཟློག་མཇུག་དྲག་བརྡུང་གིས། དམར་ཆེན་གཏོར་ཟོར་སོགས་ཀྱིས་དམ་ཅན་གཏོར་མ་ནས་བཟུང་གཙོ་གཏོར་གྱི་བར་བརྡེག་པར་དགྲ་བགེགས་དཔུང་འཇོམས་ཟིལ་བཅས་དང་། སླར་ཡང་དྲག་བརྡུང་གིས། སྟེང་ཡང་ཕུར་བུའི་སོགས་མཇུག་ཟིལ་བཞག་རོལ། སྒོ་དྲུང་དུ་བརྟན་གཏོར་ལ་བཤལ་ཆུས་སྦྲན་ཏེ། འབྲུ་གསུམ། ཐིང་གཉིས་དགུ་བརྡུང་ནས་བརྟན་མ་སྔར་ལྟར་མཐར་ཟིལ་འབེབས་ཀྱིས་བཞག །དོང་གྲུ་གསུམ་དུ་བསྲེག་ཐལ་དང་ཉ་བོའི་མགོ་བཅས་བླུག །ཁ་བཅད་པའི་སྟེང་གཏོར་གཞོང་རྣམས་སྦུབས་པ་སོགས་སྤྱི་ལྟར་ལ། [11b] འགུགས་གཞུག་རོལ་མཇུག་སུམ་བརྡུང་ནས་བྲོ་བརྡུང་སྔར་ལྟར། མཇུག་བཀྲ་ཤིས་བཅས། ༈ ནང་དུ་ཕེབས་ནས། ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཚེ་འགུགས་རྗེས་སུམ་བརྡུང་ནས། དངོས་གྲུབ་བླང་བར་ལས་རྡོར་གྱིས་བམ་བཏེགས་ལ། སློབ་དཔོན་དབུ་ཞྭ་ཕུད། བམ་དཔྲལ་བར་གཏུགས། ཚེ་རྫས་མྱང་། ཞྭ་བཞེས། གཞན་ལ་འགྱེད་པས། ཨོཾ་ཨཱཿཧཱུཾ་ཁྲོ་བོ་སོགས་ཀྱི་མཇུག་ཟིལ་ཌཱ་བཞག དགོང་ཚོགས་ལ། བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་མཇུག་རོལ་བཞག །ལས་བྱང་གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་བར་སྔར་ལྟར་ལས། ཡིག་བརྒྱ་ལན་གསུམ། རྡུལ་ཚོན་ཡོད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ་བ་ཙམ་ཁྱད་པར་རོ། །རིག་པའི་ཕུར་བུས་གཟུང་འཛིན་གཡུལ་ངོ་བཅོམ། །བྱང་སེམས་ཕུར་བུས་བདེ་སྟོང་ཡེ་ཤེས་དྲངས། །མཚན་མའི་ཕུར་བུས་བསྒྲལ་བྱའི་དཔུང་བཅོམ་ནས། །བདུད་ལས་རྣམ་རྒྱལ་ཧེ་རུ་ཀར་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་ཤོག་དྲིལ་མགུལ་ཁུག་མའི་དམར་ཆེན་གཏོར་བཟློག་གི་ལས་ཐོ་འདི་ནི། ༧སྐྱབས་རྗེ་བཀའ་དྲིན་ཟླ་མེད་བདུད་འཇོམས་མཆོག་སྦྲུལ་རིན་པོ་ཆེས་འདི་ [12a] ལྟར་གྱིས་ཤིག་པའི་བཀའི་གནང་བ་ནོད་པ་ལ་བརྟེན། བཀའི་སློབ་འབངས་བན་ཆུང་བདེ་ཆེན་ཆོས་འཛིན་ཞེས་བྱ་བས་འདྲེན་མཆོག་རྡོར་འཛིན་རྣམ་གཉིས་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཀྱི་ལག་ཁྲིད་ཇི་ལྟར་ནོས་པ་བཞིན་ཟིན་ཐོར་བཀོད་པ་དགེ་ལེགས་འཕེལ། །སླར་ཡང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་པར་བགྱིས་པའོ།། །།