རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས།

From Dudjom Wiki
DJYD-KABUM-22-ZA-015
Wylie title rdor sems thugs kyi sgrub pa'i cho ga gtong lugs kyi brjed byang zin bris DJYD-KABUM-22-ZA-015.pdf
Location bdud 'joms rin po che bka' 'bum
Volume 22, Text 15, Pages 307-326 (Folios 1a1 to 10b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdor sems thugs kyi sgrub pa'i cho ga gtong lugs kyi brjed byang zin bris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 307-326. Kalimpong: Dupjung Lama, 1979-1985.
Side notes Recto: zin bris   Verso: smin gling rdor sems
More details More details
Tertön གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (gter bdag gling pa 'gyur med rdo rje)
Genre Notes - zin bris
Cycle དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ (dpal rdo rje sems dpa' thugs kyi sgrub pa)
Deity rdo rje sems dpa'
Colophon

།ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པར་སྨིན་གླིང་དུ་དགེ་རྒན་སྐལ་བཟང་ཆོས་འཕེལ་ལས་བསླབ་ཁྲིད་ཇི་ལྟར་ནོས་པ་ཉིད་སླར་ཡང་སྐྱབས་རྗེ་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྤྱན་སྔར་ཞུས་དག་གིས་གཏན་ལ་ཕབ་སྟེ་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།

/zhes pa'ang 'jigs bral ye shes rdo rjes rang lo bcu dgu par smin gling du dge rgan skal bzang chos 'phel las bslab khrid ji ltar nos pa nyid slar yang skyabs rje rdor 'dzin rnam grol rgya mtsho'i spyan sngar zhus dag gis gtan la phab ste brjed byang zin bris su btab pa shu b+haM//

[edit]
༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས་བཞུགས་སོ། །


༄༅། །ཨོཾ་སྭསྟི། རྡོར་སེམས་ཆོག་ཁྲིགས་ཟིན་བྲིས་ལ། གང་དུ་བྱ་བའི་གཞི་སྟེགས་ཁེབས་ལྡན་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་རྫོགས་བཀྲམ་པའི་ལྟེ་བར་མིཉྫིའི་སྟེང་དུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དང་ལྡན་པའི་ཁར་གསང་ཐོད་མེ་ལོང་ཤེལ་རྡོ་རྣམས་བརྩེགས་མར་འགོད། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ་རྒྱན་བཀོད་བཅས་མཛེས་པར་བཀྲམ། རྒྱབ་ཕྱོགས་སྟེགས་བུར་རྩ་བའི་མཆོད་གཏོར་དཀར་ཟླུམ་རྒྱན་ལྡན་དར་གདུགས་ཅན་དང་། གཡས་གཡོན་དུ་དམ་ཅན་སྤྱི་གཏོར་དང་སྔགས་སྲུང་མའི་གཏོར་མ་སྨན་རཀ་བཅས་བཤམ། [2a] གཞན་ཡང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང་སློབ་དཔོན་གྱི་མདུན་ཆས། རོལ་མོའི་བྱེ་བྲག་སོགས་མཁོ་བའི་ཡོ་བྱད་རྣམས་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། ཐོག་མར། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་མ་ལན་གསུམ། རྣམ་ཐར་གསོལ་འདེབས་དང་། དྲིན་ཆེན་གསོལ་འདེབས་མཐར། གཞུང་གི་བརྒྱུད་འདེབས་ཁྱབ་བདག་དང་པོའི་སོགས་འཕོ་གདངས། ཕྱིན་པར་ཤོག །བཛྲ་མ་ཧཱ་ཤྲཱི་སོགས། རྩེ་གཅིག་རྒྱ་དུང་ཆོས་ལ་གཏོད་ཚུལ་བཅས་མ་ཧཱ་ཀྲོ་དྷི་ལན་བདུན། ཁྲོ་མོ་དབྱིངས་ཕྱུག་མའི་སོགས། སློབ་དཔོན་ [2b] ནས་འཐོར་གཡབ་ཀྱིས་བསང་ཆུ་ཕྱོགས་ཀུན་ཏུ་འཐོར་ཞིང་། ཨོཾ་མ་ཧཱ་ཀྲོ་དྷི་སོགས། ལས་རྡོར་གྱིས་གྲལ་གཤམ་དུ་སྔོན་གཏོར་དཀར་བགེགས་བཤམ། སློབ་དཔོན་མདུན་ནས་བསང་ཆུའི་འཐོར་གཡབ་བླངས་ཏེ་འཐོར་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་སོགས། འབྲུ་གསུམ་མཁའ་ལྡིང་རྒྱ། རྡོ་དྲིལ་བླངས་ཏེ། བྷཱུ་མི་པ་ཏི་སོགས། ས་མཱ་ཛཿར་བསྡུ་རྒྱ། ཨ་ཀཱ་རོར་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ། གང་དག་འདིར་གནས་སོགས་ཡོ་སྤྱི་བཞི་དྲིལ། མཐར་རོལ་འོག་ལས་རྡོར་གྱིས་དཀར་གཏོར་ཕྱི་རོལ་དུ་འབུལ། ཨོཾ་སརྦ་བིགྷྣཱཾ་སོགས་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ་མཐར། ཧཱུྃ། རྣལ་འབྱོར་ཆེན་པོའི་སོགས་སྤྱི་གདངས་བཞི་དྲིལ་བཀས་ནས་ནི། བདུན་བརྒྱུད་ཅེས་ཚིགས་མཇུག་ལྷུག་ནས་རོལ་འོག་བགེགས་གཏོར་དོར། སློབ་དཔོན་གྱིས་ཡུངས་ཐུན་འཐོར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་རོལ་མཐར་རྡོ་དྲིལ་སར་བཞག བླ་མ་རིག་འཛིན་སོགས། ས་མཱ་ཛཿར་བསྡུ་རྒྱ། བླ་མ་དཔལ་ལྡན་སོགས་ནས་ཁྲུས་གདངས་ཀྱིས་ལན་གཅིག་དང་། ལྷུག་འདོན་ལན་གཉིས་མཐར་ལག་གཡས་སེ་གོལ་བཅས་བཛྲ་མུཾཿསོགས། འདི་སྐབས་ལས་རྡོར་གྱིས་སྨན་རཀ་དང་སློབ་དཔོན་བདུན་གྱི་ནང་མཆོད་ཁ་ཁེབས་ [3a] བསལ། ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་གནས་ཁང་སོགས། གང་བར་གྱུར་པད་སྐོར་སེ་གོལ་མེད་པའི་རང་རྒྱ་བཅས། ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྡར་རོལ། ཞ༽ སྨན་རཀ་གཏོར་མའི་སྔགས་ལན་གསུམ་རེ། ལག་གཉིས་སེ་གོལ་ཕྱིར་བསྟན་གྱིས། བཛྲ་སྥ་ར་ཎ་ཁཾ། ཞེས་རྡོ་དྲིལ་བླངས་ཏེ། ཞེས་རྡོ་དྲིལ་བླངས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏ༴ འཁོར་འདས་ཆོས་ཀུན་སོགས་སྤྱི་གདངས་བཞི་དྲིལ། དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བའོ༔ ཞེས་སོགས་མཇུག་ལྷུག་བཅད་དྲིལ་བཅས་པང་དུ་བཟུང་། དེ་ལྟར་ཡོངས་སུ་སོགས། ངོ་བོར་གྱུར་བསྐུལ་མཚམས། སྙིང་གའི་ས་བོན་སོགས། ས་མཱ་ཛཿར་བསྡུ་རྒྱ་ནས་རྡོར་གསོར་བཅས། ཨོཾ་ཕྱོགས་བཅུ་ཀུན་ན་སོགས་ལྷ་དབང་རྟ། ཚིག་རྗེས་མར་རོལ་མོ་འཆོལ་རྒྱག །རྡོ་དྲིལ་བཅས་ཛཿཧཱུྃ་བཾ་ཧོཿ ར་རང་རྒྱ། དྲིལ་པང་གིས། དམ་ཚིག་གི་འཁོར་ལོ་དང་སོགས། ཐུགས་ཀ་ནས༴ དབང་བསྐུར་བར་གྱུར། རིགས་ལྔའི་རྒྱ་མགོ་བོའི་གནས་ལྔར་འཇོག་བསྟུན། ཨོཾ་ཧཱུྃ་ཏྲཾ་སོགས། ཨོཾ་ཏྲུཾ་ལ་སྨིན་མཚམས་སུ་གོ་ཆའི་རྒྱ་དང་། བཛྲ་ཏུ་ཥྱ་ལ་རྡོ་རྗེའི་ཐལ་མོ་རྡེབ། ཞེས་དབང་བསྐུར་བས་སོགས། མངོན་དུ་གྱུར་བསྐུལ་མཚམས། ཐུགས་ཀ་ནས་ [3b] སོགས། རྡོ་དྲིལ་བཅས། ཨོཾ་དཔག་མེད་ནམ་མཁའི་སོགས་སྤྱི་གདངས་བཞི་དྲིལ། པ་ན་པེ་ནུར་པད་སྐོར་གཉིས་དང་མཛོད་རྒྱ་སེ་གོལ། ཨོཾ་བཛྲ་པུཥྤེ་སོགས་ལ་པད་སྐོར་རེ་དང་རང་རྒྱ་སེ་གོལ། ཤཔྡར་དྲིལ་གསིལ་དང་། དབུ་མཛད་ཀྱིས་རོལ་མོ། མ་ཧཱ་པཱུ་ཛར་ཀུན་གྱིས་པད་སྐོར་མཛོད་རྒྱ་ནས་སློབ་དཔོན་གྱིས་ཌཱ། མཚན་ལྡན་བདེ་བའི་སོགས་སྤྱི་གདངས་བཞི་དྲིལ། བ་ལིངྟ་ཁ་ཁ་ཁཱ་ཧི་ཞེས་བསྐུལ་མཚམས་ཀྱིས་བཞག་ནས། རྡོར་གསོར་དྲིལ་སྟབས་ འདི་ལ་རིགས་ལྔའི་ཕྱག་རྒྱ་མེད། མཆན་སྔོན་དུ་འགྲོ་བས། ཨོཾ་བླ་མ་དཔལ་ལྡན་སོགས་སྤྱི་གདངས། རྡོར་སེམས་ཕྱག་རྒྱ་བཅས་མཐར་རྡོ་དྲིལ་སར་འཇོག །བདག་གི་སྙིང་གར་སོགས་ལྷུག་ནས། ཡིག་དྲུག་བརྒྱ། ཡིག་བརྒྱ་བཅུ་བདུན་ཙམ་བཟླས་མཐར། ཐལ་སྦྱར་བཅས། ཨོཾ་དཔལ་ལྡན་རྡོ་རྗེ་སོགས་ཁྲུས་གདངས། ས་མ་ཡ་སིདྡྷི་ལ་རོལ། རང་གི་སྙིང་གའི་སོགས། ངང་དུ་གྱུར་བསྐུལ་མཚམས། ཨོཾ་བཛྲ་སཏྭ་ཨཱཿ ཞེས་འོས་གྱུར་གསོལ་འདེབས་ཀྱིས་ཞོག་ཚོགས་གྲོལ། ༈ ༼ཚ་གུང་སྤྲེལ་མར་༽ དེ་ནས་མདུན་བསྐྱེད། ཨོཾ་མ་ཧཱ་ཤཱུ་ནྱ་ཏ༴ འཁོར་འདས་ཆོས་ཀུན་སོགས་ཁྲུས་གདངས། ངོ་བོར་ཤར། དྭངས་མའི་ཧཱུྃ་ལས་སོགས་སྨན་གདངས། [4a] ཅན་དུ་གསལ་བར་གྱུར་ཅེས་བསྐུལ་མཚམས། དེ་ལྟར་ཡོངས་སུ་སོགས་ལྷུག སྙིང་གའི་ས་བོན་སོགས་རྡོ་དྲིལ་བླངས་ཏེ། ས་མཱ་ཛཿར་བསྡུ་རྒྱ། རྡོར་གསོར་བཅས། ཨོཾ་ཕྱོགས་བཅུ་ཀུན་ན་སོགས་སྤྱན་འདྲེན་ནས་དབང་བསྐུར་གྱི་ཡེ་ཤེས་ལྔ་མངོན་གྱུར་བར་སྔར་བཞིན་མཐར་རྡོ་དྲིལ་སར་བཞག ཚོགས་རྟེན་གྱི་ཐུགས་ཀ་ནས་སོགས། ཐལ་སྦྱར་བཅས། གང་གི་དྲིན་གྱིས་སོགས་མགོན་པོ་ཐུགས་རྗེའི་གདངས། ཐལ་སྦྱར་སྦྲེལ་ཏེ་བསྐུལ་མཚམས་ཀྱིས། བདེ་བར་གཤེགས་སོ་སོགས་སྤྱི་གདངས། པ་ན་པེ་ནུར་པད་སྐོར་གཉིས་དང་མཛོད་རྒྱ་སེ་གོལ། མ་ཧཱ་པཱུ་ཛར་པད་གཅིག་མཛོད་རྒྱ་ནས་རོལ། ཐལ་སྦྱར་བཅས། ཨོཾ་དཔག་མེད་ནམ་མཁའི་སོགས་སྤྱི་གདངས། སྔགས་རྣམས་པད་སྐོར་རེ་དང་སོ་སོའི་རང་རྒྱ་སེ་གོལ་དང་། ཤཔྡར་རོལ། ཐལ་སྦྱར་བཅས། མི་དབང་རིན་ཆེན་སོགས་སྤྱི་གདངས། རིན་ཆེན་བདུན། འདོད་ཡོན་ལྔ། རྫས་བརྒྱད་རྣམས་ལ་པད་སྐོར་མཛོད་རྒྱ་སེ་གོལ་དང་། སྣ་ཚོགས་དབང་པོར་གོས་ཟུང་རྒྱ། རཏྣ་ཨ་ལངྐ་རར་པད་སྐོར་ཕྲེང་རྒྱ་སེ་གོལ་ནས་རྡོ་དྲིལ་བླངས་ཏེ། ཨོཾ་མཆོད་པའི་ཕྱག་རྒྱ་སོགས་སྤྱི་གདངས་བཞི་དྲིལ། གཙང་དམེའི་དྲི་རྟོག་སོགས། [4b] སློབ་དཔོན་གྱིས་ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་འཐོར་ཞིང་། ལས་རྡོར་གྱིས་སྨན་ཐོད་ནས་སྦྲོན་ཐུར་གྱིས་སྦྲེང་བཞིན། ཨོཾ་མཆོད་དེ་སོགས། བཛྲ་ཨ་མྲྀ་ཏར་བདུད་རྩི་མྱང་། ཤ་ལྔ་བདུད་རྩིའི་སོགས་སྤྱི་གདངས་བཞི་དྲིལ་ནས། བདེ་ཆེན་ཉིད་ཅེས་བསྐུལ་མཚམས། དྲིལ་སྟབས་སྔོན་དུ་འགྲོ་བས། ཨོཾ་བླ་མ་དཔལ་ལྡན་སོགས་སྤྱི་གདངས་ཀྱིས་ལྷུ་གསུམ་པོར་ཕྱག་རྒྱ་བཅས་དང་། འདི་དེ་སངས་རྒྱས་སོགས་ནས་ཐལ་སྦྱར་བརྗོད་པས་ཀྱང་ནས་ལྷུག །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར༔ ཅེས་རྡོ་དྲིལ་སར་བཞག །བདག་ཉིད་དཀྱིལ་འཁོར་སོགས། རོ་གཅིག་ཏུ་གྱུར། ཅེས་ཡིག་དྲུག་དྲུག་བརྒྱ། ཡིག་བརྒྱ་བརྒྱ་རྩ་བཟླས་རྗེས། ཐལ་སྦྱར་བཅས། ཨོཾ་དཔལ་ལྡན་སོགས་ཁྲུས་གདངས། ས་མ་ཡ་སིདྡྷི་རོལ། གཙོ་བོར་རྡོ་རྗེ་སོགས་གཟུངས་ཐག་ཕུལ་ལ། རང་གི་ཐུགས་ཀ་ནས་སོགས། ཡང་སྙིང་ཡིག་བརྒྱ་བཅུ་བདུན་ཙམ་བཟླས་ལ། མཆོད་ཡོན་རྒྱས། ཨོཾ་ཨཱཿཧཱུྃ་སོགས་ལ་ལས་རྡོར་གྱིས་དུང་ཞལ་འབུལ། ཐལ་སྦྱར་བཅས། ཧཱུྃ། ཡེ་ཤེས་སྐུ་མཆོག་སོགས་ཡོ་ག་བཅད་མ། དགོངས་སུ་གསོལ་ཞེས་བསྐུལ་མཚམས། ཧཱུྃ། ཐུགས་རྗེའི་གདུང་འཚོབ་ [5a] སོགས་ནས་ལྷུག །གང་ཞིག་ཐོག་མེད་སོགས། ཕྱིར་བསྔོའི་ཞེས་བསྐུལ་མཚམས། སྙིང་གར་རྩེ་གཅིག་ཕྱག་རྒྱ་བཅས། རྣལ་འབྱོར་དབང་པོ་སོགས་ཡོ་ག་བཅད་མ། སྐྱེ་བ་བླངས་བར་བགྱིས་ཞེས་བསྐུལ་མཚམས། བདག་ནི་ཡོངས་སུ་སོགས་ནས་ལྷུག་མཐར། རྡོ་དྲིལ་བླངས་ཏེ། ཨོཾ་བདེ་བར་གཤེགས་པ་སོགས་སྤྱི་གདངས་བཞི་དྲིལ། མཐར་སྦྲེལ་ཏེ། ཧཱུྃ། བསྐང་ངོ་བསྐལ་པས་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཧཱུྃ། བསྐང་ངོ་བདུད་རྩིས་སོགས་ལྷུག་བཞི་དྲིལ་མཐར་དྲིལ། ཧཱུྃ། བསྐང་ངོ་གཏོར་མས་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཧཱུྃ། བསྐང་ངོ་སྒྲོན་མེས་སོགས་སྤྱི་གདངས་བཞི་དྲིལ། དཱི་པ་སོགས་དྲིལ་གསིལ་ནས་རྡོ་དྲིལ་པང་དུ་བཞག །ཨ་ཧོ་སོགས་མཐར་རོལ། ཨོཾ་ཡིད་ཀྱི་རྣམ་ཤེས་སོགས་ལྷུག་བཞི་དྲིལ། ཡང་གོང་གི་རྟོག་སྐོང་ནས་དག་གྱུར་བར་གདངས་ལྷུག་བརྗེ་ལེན་གྱིས་ཚར་གཅིག་བཏང་མཐར་ཚོགས་གྲོལ། ༼བར་ཆར་༽ ལས་རྡོར་གྱིས་འབྲུ་བཀྱེ། ཇི་ལྟར་བལྟམས་པ་སོགས་ཁྲུས་གདངས། ཥེ་ཀ་ཏར་ལས་ཆུ་འཐོར། ས་གཞི་སྤོས་ཆུས་སོགས་ལྷུག་ [5b] ཐལ་སྦྱར་བཅས། ཨོཾ་དཔལ་ལྡན་རྡོ་རྗེ་སོགས་ཁྲུས་གདངས། ཐལ་སྦྱར་མེད་པས། བླ་མ་དཔལ་ལྡན་སོགས་ལྷུག །ཐལ་སྦྱར་གྱིས། བདེ་གཤེགས་སྲས་བཅས་སོགས་ཁྲུས་གདངས་བཅས་ལན་གསུམ། རང་ཉིད་དཔལ་རྡོ་རྗེ་སོགས། ཐིམ་པར་གྱུར། རྡོ་དྲིལ་ལེན། སྔགས་བཅས་རོལ། ཌཱ༽ ཏིཥྛ་བཛྲ་ལ་མགོ་བོར་རྡོ་རྗེ་རྒྱ་གྲམ་འཇོམ། །ས་གཞི་སྤོས་ཆུས་སོགས་ལྷུག །ཐལ་སྦྱར་བཅས། བྱང་ཆུབ་རྡོ་རྗེ་སོགས་ཁྲུས་གདངས་ཀྱིས་ལན་གསུམ། སློབ་དཔོན་གྱི་སོགས། ས་མཱ་ཛཿར་རྡོ་དྲིལ་བཅས་བསྡུ་རྒྱ། ཨརྒྷཾ་སོགས་ལ་རང་རྒྱ་དང་ཤཔྡར་རོལ། ནམ་མཁའ་གང་བའི་སོགས་རྡོ་དྲིལ་བཅས་སློབ་དཔོན་གྱིས་བུམ་པ་འདེགས། བྱིངས་ཀྱིས་རྡོ་རྗེ་གསོར་བཞིན། ཨོཾ་སྟོང་གསལ་ཆོས་དབྱིངས་སོགས་ལྷ་དབང་རྟ། ཀ་ལ་ཤར་དྲིལ་གསིལ་བཅས་བུམ་ཆུ་མྱང་བཀྱེ། དེ་ལྟར་བུམ་པ་སོགས། བྱས་པའོ་བསྐུལ་མཚམས། བླ་མ་དཔལ་ལྡན་སོགས། སློབ་དཔོན་གྱིས་གཡས་རྡོ་རྗེ་བཅས་ཐོད་པ་འདེགས་ཤིང་། ཨཱཿམཚན་ལྡན་སོགས་ལྷ་དབང་རྟ། བོ་དྷི་ཙིཏྟར་བདུད་རྩི་མྱང་བཀྱེ། ཞེས་བདུད་རྩི་སོགས། བྱས་པའོ་བསྐུལ་མཚམས། གཟུགས་དང་ལང་ཚོ་སོགས། འཁོད་པར་གྱུར། ཀུན་ [6a] གྱིས་གཡས་རྡོར་པང་གིས་གཡོན་པད་དྲིལ་བུ་འདེགས། སློབ་དཔོན་གྱིས་དྲིལ་བུ་དང་ལྷན་དུ་མེ་ལོང་བཟུང་ལ། ཧཱུྃ། འདི་ནི་སངས་རྒྱས་ལྷ་དབང་རྟ། ཀརྨ་མུ་དྲར་དྲིལ་བུ་དཀུར་བརྟེན་ཚུལ་དང་། སློབ་དཔོན་གྱིས་གཡོན་པའི་སྲིན་མཛུབ་ཀྱིས་སིནྡྷུ་རའི་ཐིག་ལེ་སྙིང་གར་བྱུག ཞེས་འདུ་ཤེས་སོགས། ཨོཾ་སརྦ་ཏ་ཐཱ་ག་སོགས་ལ་རྡོ་དྲིལ་བཅས་པད་སྐོར་སྔོན་འགྲོས་འཁྱུད་རྒྱ། དེ་ལྟར་ཤེས་རབ་སོགས། བྱས་པའོ་བསྐུལ་མཚམས། སློབ་དཔོན་གྱིས་རྡོ་རྗེ་བཅས་ཤེལ་རྡོ་འདེགས། བྱིངས་རྣམས་དྲིལ་པང་། ཧོཿ ཐོག་མཐའ་སོགས་ལྷ་དབང་རྟ། དབང་བཞིའི་དང་པོ་ལས་ཕྱི་མ་ལ་དྲིལ་གསིལ་མེད། དེ་ལྟར་སོགས། བྱས་པའོ་བསྐུལ་མཚམས། སློབ་དཔོན་གྱི་སོགས། ཡང་སྙིང་བདུན། ཡིག་བརྒྱ་གསུམ་བཟླས་རྗེས། གཙོ་བོས་ཇི་ལྟར་སོགས་ཁྲུས་གདངས། ས་གཞི་སྤོས་སོགས་ལྷུག ལས་རྡོར་གྱིས་ཕྱག་བཅས་གསོལ་གདབ་སྔོན་འགྲོས་ཚོགས་ལ་ཆུ་ཆང་ནང་གསུམ་འཐོར་ཞིང་། ཨོཾ་སརྦ་དྲ༴ སྟོང་པའི་སོགས། ཨོཾ་བསོད་ནམས་སོགས་སྤྱི་གདངས་བཞི་དྲིལ་མཐའ་རོལ། ཌཱ པད་སྐོར་དང་སེ་གོལ་རེ་བཅས། ཨོཾ་གུ་རུ་བཛྲ་སོགས། ཤཔྡར་རོལ། [6b] རང་རྒྱ་སེ་གོལ་བཅས། རཱུ་པ་སོགས། ཤཔྡར་རོལ་བཞི་རྡེག །གཟུགས་སྒྲ་དྲི་རོ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཐོག་མེད་དུས་ནས་སྤྱི་གདངས། དྲིལ་གསིལ་བཅས་ཡིག་བརྒྱ། དྲིལ་པང་གིས་བཛྲ་མ་ཧཱ༴ ན་མོ། དཀོན་མཆོག་སོགས་ཧཱུྃ་མཛད་རྒྱ། ནྲྀ་ཡཾ་སོགས་ལ་འགུགས་རྒྱ། ཛཿཧཱུྃ་བཾ་ཧོཿ ར་རང་རྒྱ། ཧཱུྃ༔ ང་ནི་ཟ་བྱེད་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ་འོག་བསྒྲལ། འདིར་སློབ་དཔོན་གྱིས་རྡོ་རྗེས་བསྒྲལ་འདྲེན་གནང་བ་ལས་ཕུར་བུ་ཐོགས་སྲོལ་མེད། དུག་ལྔས་གཟིར་སོགས་སྤྱི་གདངས་བཞི་དྲིལ་ནས་རོལ། ལྷ་ཚོགས་ཐམས་ཅད་སོགས། སཏྭ་ཨཱཿཞེས་བསྐུལ་མཚམས། བར་འདིར་དམ་ཅན་སྤྱི་གཏོར་སྔགས་སྲུང་མའི་གཏོར་འབུལ་སོགས་གཏོང་སྐབས་ཚོགས་འབུལ་ཞིང་ལྷག་མ་བསྡུ། གཏེར་གཞིའི་མཇུག་ཆ་གསུམ་མཐར་གྲོལ། ༼ དགོང་ཚོགས་ལ་༽ གདོད་ནས་ལྷུན་གྲུབ་སོགས་ལྷུག ལས་རྡོར་གྱིས་གསོལ་གདབ་སྔོན་འགྲོས་ལྷག་གཏོར་ལ་བདུད་རྩིའི་ཞལ་ཆབ་ཞུ་ཞིང་། ཨོཾ་ཨཱཿཧཱུྃ་སོགས། པུཥྤེ་སོགས་ལ་རོལ། ཌཱ༽ ཧཱུྃ། སྔོན་ཚེ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། བསྐང་གསོའི་མཇུག་ཆོག་མཐར། ཨོཾ་ཨཱཿཧཱུྃ། སྔོན་ཚེ་བསྐལ་པའི་སོགས་སྤྱི་ [7a] གདངས་བཞི་དྲིལ་ནས་རོལ། ཨོཾ་ཨཱཿཧཱུྃ༔ བྷྱོཿ སློབ་དཔོན་པདྨ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ལས་རྡོར་གྱིས་མཆོད་ཁ་གསོ། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས། བཛྲ་ཨརྒྷཾ་སོགས་ལ་པད་སྐོར་དང་སེ་གོལ་མེད་པའི་རང་རྒྱ། ཤཔྡར་རོལ། ཌཱ ཨོཾ་གུ་རུ་སོགས་ལ་པད་སྐོར་སོ་སོའི་རང་རྒྱ་སེ་གིལ་རེ་བཅས་དང་། ཤཔྡར་རོལ། མི་རྟོག་རྡོ་རྗེ་སོགས་སྤྱི་གདངས་སྦྲེལ་ཏེ། མ་རྙེད་ཡོངས་སུ་སོགས། དྲིལ་གསིལ་བཅས་ཡིག་བརྒྱ་ལན་གསུམ། འདིར་ནི་གཟུགས་དང་སོགས་སྤྱི་གདངས་བཞི་དྲིལ། སུ་པྲ་ཏིཥྛར་མེ་ཏོག་འཐོར། དྲིལ་པང་གིས། རང་གི་སྙིང་གའི་སོགས། ངང་དུ་གྱུར་བསྐུལ་མཚམས། ཨོཾ་བཛྲ་སཏྭ་སོགས། སྤྱི་བོར་ཨོཾ་སོགས་ལ་རྡོ་རྗེ་གནས་གསུམ་དུ་བཞག །བཛྲ་ཀཱ་ཝ་སོགས་ལ་སྨིན་མཚམས་སུ་གོ་ཆའི་རྒྱ་རང་ལུས་ལ་བགོ་ཚུལ། ཐམས་ཅད་མ་ལུས་སོགས་ལྷུག །བླ་མ་ཡི་དམ་སོགས་སྤྱི་གདངས། ཡེ་དྷརྨ། ཨོཾ་བྱིན་རླབས་མཆོག་སྩོལ་སོགས་སྤྱི་གདངས་ཕྱེད་དྲིལ་བཅས་མེ་ཏོག་འཐོར་མཐར་རོལ། ཌཱ༽ དེ་ནས་བརྟན་བཞུགས་གསོལ་འདེབས་སྨོན་ལམ་སོགས་ཀྱིས་གྲོལ་ལོ། ༼གནས་ལུང་སྐབས་༽ དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ་ཤར་ཕྱོགས་སུ་བྱང་གདན་ [7b] བཏིང་བའི་ཁར་མིང་བྱང་དྲི་རྟེན་དང་བཅས་པ་བཀོད། དེ་མདུན་ཟས་བསྔོའི་ཆས། ཉེ་ལོགས་སུ་ཁྲུས་གཞོང་ཁྲུས་དར་མེ་ལོང་། འབྱུང་བཞིའི་ཡོ་བྱད། སྦྱོང་ཆས་སོགས་འོག་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་ཚང་བར་བསྡོགས་ལ། བཛྲ་མ་ཧཱ་ཀྲོ་དྷི་སོགས་ལ་ལས་རྡོར་གྱིས་བྱང་བུར་བསང་ཆུ་འཐོར། སྟོང་པའི་ངང་ལས་སོགས། ཇི་ལྟ་བར་གྱུར། ཧཱུྃ་མཛད་རྒྱ་བཅས། ན་མོ། རྩ་བརྒྱུད་ཀྱི་བླ་མ༴ མཆིས་པར་གྱུར་ཅིག །ཨཱ་ཀརྵ་ཡར་ལྕགས་ཀྱུའི་རྒྱ། ཨ་ན་ཡ་ཧཱུྃ་གི་བར་འགུགས་འདྲེན་ལན་གསུམ་གྱི་མཐར། ཛཿཧཱུྃ་བཾ་ཧོཿ ར་རང་རྒྱ། རྣམ་ཤེས་སོགས། རྟེན་ལ་ཐིམ་པར་གྱུར། ལས་རྡོར་གྱིས་གཏོར་མ་པད་སྦུབ་གཡས་སུ་བསྐོར་ཞིང་། སརྦ་བིགྷྣཱཾ་སོགས་ལ་བྱིངས་ཀྱིས་པད་སྐོར་མཛོད་རྒྱ་སེ་གོལ། ལས་རྡོར་གྱིས་ཏིང་ལོ་ཆང་བུ་གཡོན་དུ་བསྐོར་ཞིང་། ཧཱུྃ་བཞི་པར་བྱིངས་ཀྱིས་རྡོར་གསོར་བསྐོར་ཞིང་དྲིལ་གསིལ། བདེན་སྟོབས་སྔོན་འགྲོས། ཚེ་ལས་འདས་པ་སོགས་བདེན་སྟོབས་ཚར་གསུམ་ལ་རིམ་བཞིན་གཏོར་མ་ཕྱིར་དཔག་རྗེས་དོར། རོལ། བདུག །འཐོར། ཚེ་ལས་འདས་པའི་སོགས། ལས་རྡོར་གྱིས་མེ་ལོང་སྟེང་གི་ཏིལ་སྡིག་གཟུགས་ནས་མཐེབ་སྲིན་གྱིས་བླངས་ཏེ་གཡས་གཡོན་གྱི་མེ་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ [8a] སོགས་ལན་གསུམ། སྡིག་པ་ཐམས་ཅད་སོགས། ཡིག་བརྒྱ་དང་ཨོཾ་ད་ཧ་སོགས་སྔགས་རོལ་འོག་ལ་བྱེ་ཡུངས་བྲབ། སྡིག་སྒྲིབ་ཐམས་ཅད་སོགས། ལས་རྡོར་གྱིས་རྟེན་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཡོ་སྤྱི་བཞི་དྲིལ་མཐར་རོལ། རྒྱལ་བའི་སྐུ་གསུང་སོགས་ཡོ་སྤྱི་བཞི་དྲིལ་རོལ། ཁྲུས་ཆུ་བུམ་པར་བླུགས། དེ་དག་སྐུ་ལ་སོགས་ཡོ་ག་འཁྱོགས་འབེབས། མེ་ལོང་དར་གྱིས་ཕྱི་ཚུལ་དང་། ཨོཾ་ཧཱུྃ་ཏྲཱྃ་སོགས་ལ་སྒྲོ་འཛིན་གྱིས་ཐིག་ལེ་འགོད། དེ་ནས་ལས་རྡོར་གྱིས་གཡོན་མེ་ལོང་དང་གཡས་བུམ་པས་དམིགས་རྟེན་བྱང་བུར་ཁྲུས་བྱ་ཞིང་། རྣམ་དག་གཙང་དྭངས་སོགས་ཡོ་སྤྱི་བཞི་དྲིལ་ཕྱེད་རོལ། འདི་ནི་སྦྱིན་པའི་སོགས་སོ་སོར་ཡོ་སྤྱི་ཕྱེད་རོལ། བུམ་སྒྲོས་བྱང་བུར་བྱབ་ཚུལ་བཅས། འདོད་ཆགས་ཞེ་སྡང་སོགས་ཡོ་སྤྱི་བཞི་དྲིལ། འབྱུང་བ་སོ་སོས་སྐོར་ཞིང་། ས་འདི་དུག་གི་སོགས། དམ་ཚིག་སྒྲོལ་མའི་མཇུག་རོལ། འདིར་སློབ་དཔོན་གྱིས་ཆོས་བཤད་གནང་། བར་འདིར་སྨིན་གླིང་དུ་དཀར་ཐུག་དྲང་སྲོལ་ཡོད། གང་དྲིན་མ་སོགས་ཕྱག་འཚལ་དང་། ཕྱོགས་བཅུར་བཞུགས་པའི་སོགས་ལྷུག །དབང་བསྐུར་ཁྲུས་ནས་གཏང་རག་བར་བདག་འཇུག་བཞིན། རྃ་ཡྃ་ཁྃ་ལ་ཟས་བསྔོར་ [8b] བསང་ཆུ་འཐོར། ན་མཿསརྦ་མཛོད་རྒྱ། ཁ་དོག་དབྱིབས་ལེགས་སོགས་ལྷུག །སྔགས་ལ་པད་སྐོར་རང་རྒྱ་སེ་གོལ། ཉོན་ཅིག་ཚེ་འདས་སོགས་སྤྱི་གདངས་སྦྲེལ་ཏེ། སྐྱེ་བར་ཤོག །རྣམ་ཤེས་ཨ་ཐུང་སོགས། ཐིམ་པར་གྱུར་བསྐུལ་མཚམས། དཀྱིལ་འཁོར་ལྷ་ཚོགས་སོགས། དཔལ་འབར་གྱིས་བྱང་བུར་མེ་སྦར་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱིཟ དེར་སྣང་ངོ་། །རོལ་ཞབས་ཡིག་བརྒྱ། དེ་ནས་འདིར་སྦྱིན་བདག་གིས་བསྔོ་བ་ཞུ་ན་མཐུན་འགྱུར་བཅས་བསྔོ་བ་དང་སྨོན་ལམ་ཅི་རིགས་གདང་སྟེ་གྲོལ། ༼སྦྱིན་སྲེག་སྐབས་༽ ཐབ་སྟེགས་གང་དུ་བྱ་བའི་ས་དེར་དཀར་གཏོར་གསེར་སྐྱེམས་བཤམས་ལ་སྔོན་གཏོར་བཞིན་བསྔོས་ཏེ་གནང་བ་ཞུ། སློབ་དཔོན་གྱིས་ལག་གཡས་རྡོ་རྗེ་བཅས་ས་ལ་གཟིར་ནས་ཡིག་དྲུག་ཉེར་གཅིག་མཐར་སྭ་བྷཱ་ཝ་ལན་གསུམ་བརྗོད་པས་ས་སྦྱང་ཞིང་བཟུང་། དེར་ཞི་བའི་ཐབ་དཀྱིལ་གཞུང་བཞིན་བྲིས་ལ་ཁ་ཁྱེར་ལ་ཤིང་བཟང་པོས་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡས་གཡོན་སྟེགས་བུ་གཉིས་ཁེབས་དཀར་པོས་གཡོགས་པར། གཡོན་དུ་ཡེ་ཤེས་པ་དང་འཇིག་རྟེན་པའི་སྲེག་གཏོར་ཟླུམ་པོ་པད་སྦུབ་རིལ་བུ་ལྔ་རྒྱན་ཅན་གཉིས་དང་། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་ [9a] གཉིས། གཡས་ཀྱི་སྟེགས་བུར་འབྲུ་དཀར་གྱི་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་ཡམ་ཤིང་རྣམས་སྦམ་སྟེ་པདྨ་གྱེན་བསྟན་གྱིས་བཀོད། དེའི་མདུན་གྱི་པད་འདབ་ནས་གཡས་བསྐོར་དུ། ཏིལ་དཀར་པོ། ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ། དུརྦ་རྣམས་དང་། ཉེ་ལོགས་གང་བདེར་ཀུ་ཤའི་ཕོན་པོ་བཅས་འདས་མ་འདས་ཉིས་རིམ་དང་། འཁྲིས་སུ་མར་ཁུའི་སྣོད་བཅས་འགོད། སློབ་དཔོན་མདུན་དུ་མེ་ཡོལ་གངས་རི་བྃ་གྱིས་མཚན་པ་བྲིས་པའི་ནང་གི་ཆར་རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་དང་། བསང་ཆུ་སོགས་མདུན་ཆས། གཞན་ཡང་འདིར་དགོས་རྣམས་འདུ་བྱས་ནས། ཆོ་ག་དངོས་ལ། ཨོཾ་མ་ཧཱ་བཛྲ་་རྡོ་རྗེ་གསོར། བཛྲ་གཎྜེར་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏར་པད་སྐོར་འཁྱུད་རྒྱ། མཆོད་རྫས་བྱིན་བརླབས་རོལ། བསྲེག་རྫས་ལ་སློབ་དཔོན་ནས་རྩེ་གཅིག་རྒྱས་རེག་ལ། ཨོཾ་སྭཱ་ཧཱ༴ ཛྭ་ལ་རྃ་ལ་མེ་སྦར་ཞིང་རོལ། ཧཱུྃ་ཧཱུྃ་ཧཱུྃ་ལ་རླུང་གཡབ་ཅིང་རོལ། ཨོཾ་ཨགྣེ་ལན་གསུམ་ལ་མར་ཁུ། ཨོཾ་ཀུ་ཤའི་དེ་ནི་སོགས་ཡོ་སྤྱི། སྭཱ་ཧཱའི་མཐར་རོལ་འོག་ཀུ་ཤ་གཡས་བསྐོར་དུ་བཀྲམ། ཐབ་མ་ཧཱ་ཀྲོ་དྷིས་བསང་ཆུ་བྲན། སྭ་བྷཱ་ཝ༴ [9b] སྟོང་པའི་ངང་ལས་སོགས། སྤྱན་དྲངས་པར་གྱུར། ཨོཾ་ཚུར་གཤེགས་སོགས་ཡོ་སྤྱི་བཞི་དྲིལ་མཐར་རོལ། མ་ཧཱ་ཀྲོ་དྷིར་བསང་ཆུ་འཐོར། ཨརྒྷཾ་པཱ་དྱཾ་པད་སྐོར་བཅས་དུང་ཆོས་ཀྱི་ཆུ་གཉིས་བྲིམས། ཛཿཧཱུཾ་བྃ་ཧོཿ ར་རང་རྒྱ། མཚན་པར་གྱུར་བསྐུལ་མཚམས། ཨགྣེ་ལན་བདུན་གྱིས་མར་ཁུ་ཕུལ་མཐར་རྡོ་རྗེ་བཅས་གཟར་བུ་ཁ་ཁྱེར་གཡས་སུ་བསྐོར་ཞིང་དྲིལ་གསིལ་བཅས། ཨགྣེ་ཡེ་དཱི་བྱ་སོགས། བདག་ཅག༴ མཛད་དུ་གསོལ་རོལ། ཡང་གོང་བཞིན་ལན་གཉིས། ཨགྣ་ཡེ་ཨརྒྷཾ་སོགས་རོལ། ཨོཾ་གཟི་བརྗིད་ཆེན་པོ་སོགས་ཡོ་སྤྱི་དཞི་དྲིལ། ཉིད་ལ་བསྟོད། །དྲིལ་པང་། ཨོཾ་བྷོ་ངྷི་བྲིཀྵ་སོགས་ལན་བདུན། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟི་བརྗིད་སོགས་རོལ། དེ་འདྲ་བས་རྫས་རྣམས་རྫོགས་པ་དང་། ཡུངས་དཀར་ཐབ་ཏུ་འཐོར་ཞིང་། དྲང་སྲོང་ཆེན་པོ༴ རྣམ་པར་གྱུར་བསྐུལ་མཚམས། ཐབ་མ་ཧཱ་ཀྲོ་དྷིས་བསང་། ཤཱུ་ནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་ཨེ་སོགས་མདུན་བསྐྱེད་བཞིན་ནར་འདེད། བསྟོད་པ་ཟིན་ནས། དཀྱིལ་འཁོར་གྱི་ལྷ་སོགས་མར་ཁུ་ཡིག་དྲུག་གིས་འགེངས་ཤིང་ཡིག་བརྒྱས་ཕུལ་ལ་གོང་གི་མེ་ལྷའི་སྐབས་བཞིན་འདོད་གསོལ་བྱ། དེ་ [10a] ནས་ཡམ་ཤིང་ལ་རྩ་སྔགས་རྫས་སྔགས་སྦྲེལ་བ་ལན་བཅུ་རེའི་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟི་བརྗིད་ཕུན་སུམ་ཚོགས་སོགས་རོལ། དེ་འདྲ་བས་རྫས་རྣམས་རྫོགས་ནས། ཡུངས་དཀར་བཅས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་སོགས་ཀྱིས་ཕྲིན་བཅོལ། དགང་བླུགས་སྔར་བཞིན་ལས་འདོད་གསོལ་མི་དགོས། ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་སོགས་རོལ་མོ། གང་གི་དྲིན་གྱིས་སོགས་ཡོ་སྤྱི་སྦྲེལ་ཏེ། མ་རྙེད་ཡོངས་སུ༴ ཡིག་བརྒྱ་དྲིལ་གསིལ། ཁྱེད་ཀྱིས་སེམས་ཅན༴ བཛྲ་མུཿལག་གཡས་སེ་གོལ། ཛྭ་ལར་བླུགས་གཟར་གྱི་མར་ཁུ། མེ་ལྷའི་དགང་བླུགས་སྔར་བཞིན་ལ་འདོད་གསོལ་མི་དགོས། བསྲེག་རྫས་ཀྱང་ལན་གསུམ་རེའམ་ལན་རེ་དང་འདོད་གསོལ་མི་མཛད། མེ་སྟེ་བསྲེག་བྱ་སོགས་ཡོ་སྤྱི་བཞི་དྲིལ། མཆོད་སྦྱིན་གཏོར་མར་དྲིལ་བཅད་དང་མཐར་རོལ། ཡིག་བརྒྱ་ལན་གསུམ། མ་རྙེད་ཡོངས་སུ་སོགས་དང་། བདག་གི་དོན་དང་སྦྲེལ་ཏེ་ཡོ་སྤྱི། གཙྪར་སེ་གོལ། བླ་མ་ཡི་དམ་སོགས་བསྔོ་སྨོན་དང་ཤིས་བརྗོད་གཞུང་ལྟར་རོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པར་སྨིན་གླིང་ [10b] དུ་དགེ་རྒན་སྐལ་བཟང་ཆོས་འཕེལ་ལས་བསླབ་ཁྲིད་ཇི་ལྟར་ནོས་པ་ཉིད་སླར་ཡང་སྐྱབས་རྗེ་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྤྱན་སྔར་ཞུས་དག་གིས་གཏན་ལ་ཕབ་སྟེ་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།། །།